[1B] །རྒྱ་གར་སྐད་དུ། ཨཱརྱ་བྷ་དྲ་ ཀལྤི་ཀ་ནཱ་མ་མཧཱ་ཡཱ་ན་སཱུ་ཏྲ། །བོད་སྐད་དུ་ འཕགས་པ་བསྐལ་པ་བཟང་པོ་པ་ཞེས་བྱ་བ་ ཐེག་པ་ཆེན་པོའི་མདོ་བམ་པོ་དང་པོ། སངས་ [2A]༄༅། །རྒྱས་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ ལོ༑ ༑འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ ན་བཞུགས་ཏེ། དབྱར་གནས་པར་བཞུགས་ནས་དབྱར་ཟླ་གསུམ་ འདས་པ་དང་ཆོས་གོས་མཛད་དོ། །ཆོས་གོས་མཛད་ནས་ཆོས་གོས་མན་པས་ཏེ་ ལྷུང་བཟེད་ཐོགས་ནས་ཡངས་པ་ཅན་གྱི་གྲོང་ཁྱེར་ག་ལ་བདེར་དགེ་སློང་འབུམ་ [2B]བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བརྒྱད་ཅུ་སྙེད་དང་ཡང་ཐབས་ཅིག་ཏུ་གཤེགས་ ཏེ་བྱོན་ནས་ཚལ་ཆེན་པོར་གཤེགས་པ་དན་ནང་དུ་ཡང་དག་འཇོག་ལས་བཞེངས་སོ། །བྱང་ཆུབ་སེམས་ དཔའ་མཆོག་ཏུ་དགའ་བའི་རྒྱལ་པོ་དེའང་ནང་དུ་ཡང་དག་འཇོག་ལ་ཞུགས་པ་ལས། ནང་དུ་ཡང་དག་ འཇོག་ལས་ལངས་ཏེ་དགེ་སློང་གི་འཁོར་དང། དགེ་སློང་མའི་འཁོར་དང། དགེ་བསྙེན་གྱི་འཁོར་དང་ དགེ་བསྙེན་མའི་འཁོར་དང། ལྷ་དང། ཀླུ་དང། གནོད་སྦྱིན་དང་དྲི་ཟ་དང། ལྷ་མ་ཡིན་དང། ནམ་ མཁའ་ལྡིང་དང། མིའམ་ཅི་དང། ལྟོ་འཕྱེ་ཆེན་པོའི་འཁོར་དག་དང་ལྷན་ཅིག་ཏུ་སྟན་བཏིང་བ་ལ་འདུག་ [3A]༄༅། །གོ་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་སྣང་བ་ཐོབ་པ་གཟུངས་ཐོབ་པ། ཏིང་ངེ་འཛིན་ ཐོབ་པ༑ མངོན་པར་ཤེས་པ་ལྔ་དང་ལྡན་པ། ཚིག་གཟུང་པར་འོས་པ། ཚུལ་འཆོས་པ་མེད་པ། ཤེས་ ཀྱི་ཁེ་དང་ཆགས་སེམས་དང་བྲལ་བ། ཟང་ཟིང་མེད་པར་ཆོས་སྟོན་པ། ཆོས་ཟབ་མོ་ལ་བཟོད་པའི་ཕ་རོལ་ ཏུ་སོན་པ། མི་འཇིགས་པ་ཐོབ་པ། བདུད་ཀྱི་ལས་ལས་ཡང་དག་པར་འདས་པ། ལས་ཀྱི་སྒྲིབ་པ་སྤངས་ པ༑ ཆོས་ཀྱི་རང་བཞིན་ལ་ཐེ་ཚོམ་མེད་པ་ཐོབ་པ། བསྐལ་པ་གྲངས་མེད་པར་སྨོན་ལམ་ཤིན་ཏུ་བརྩམས་པ་ བཞིན་འཛུམ་པ། གསོང་པོར་སྨྲ་བ། ཁྲོ་གཉེར་མེད་པ། ཚིགས་སུ་བཅད་པའི་དབྱངས་ཀྱིས་སྨྲ་བ། སེམས་ [3B] སྤོབས་པ་རྒྱུན་མི་ཆད་པ། མཉམ་པ་ཉིད་ལ་བཟོད་པ་ཐོབ་པ། འཁོར་མཐའ་ཡས་པ་ཟིལ་གྱིས་གནོན་ཅིང་མི་འཇིགས་པ་ཐོབ་པ། ཚིག་གཅིག་ གིས་བསྐལ་པ་བྱེ་བ་ཚར་ཕྱིན་པར་སྟོན་པ་ལ་མཁས་པ། ཆོས་ཐམས་ཅད་ལ་སྒྱུ་མ་དང། སྨིག་རྒྱུ་དང། ཆུ་ཟླ་དང། རྨི་ལམ་དང། བྲག་ཅ་དང་མཚུངས་པར་མོས་པ། ཤེས་ པ་མི་འཇིགས་པ་ཚད་མེད་པ། སེམས་ཅན་གྱི་སེམས་ཀྱི་རྒྱུ་བ་ཕྲ་མོའི་ཚུལ་དང་སྤྱོད་པ་སྣ་ཚོགས་ཤེས་པ་ལ་མོས་པ། དགེ་བ་རྒྱ་ཆེ་བ། སེམས་ཐོགས་པ་མེད་པ། ལྷག་པའི་ང་ རྒྱལ་མེད་ཅིང་བཟོད་པ་དང་ལྡན་པ། དགེ་བ་ཇི་ལྟ་བ་བཞིན་དུ་རླབས་ཆེ་བ། སངས་རྒྱས་ཀྱི་ཞིང་གི་བཀོད་པ་མཐའ་ཡས་པར་སྨོན་ལམ་རབ་ཏུ་བཟུང་བ། འཇིག་རྟེན་གྱི་ཁམས་ གྲངས་མེད་པའི་སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་རྟག་པར་རྒྱུན་དུ་གྱུར་པ། སངས་རྒྱས་དཔག་ཏུ་མེད་པ་ལ་གསོལ་བ་འདེབས་པ་ལ་མཁས་པ། ལྟ་བ་ཐ་ དད་པ་དང། བག་ལ་ཉལ་བ་དང། ཀུན་ནས་དཀྲིས་པའི་ཉོན་མོངས་པ་རབ་ཏུ་ཞི་བར་བྱེད་པ་ལ་མཁས་པ། ཏིང་ངེ་འཛིན་གྱིས་རྣམ་པར་རོལ་པ་བརྒྱ་སྟོང་སྒྲུབ་པ་ལ་མཁས་ པ་ཤ་སྟག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་བྱམས་པ་ལ་སོགས་པ་དང། འཇམ་དཔལ་གཞོན་ནུར་གྱུར་པ་དང། སྤྱན་རས་གཟིགས་དབང་ཕྱུག་དང། འབྲུག་སྒྲ་ [4A]༄༅། །དང། དགེ་བ་བརྒྱ་སྟོང་གི་མེ་ཏོག་ཀུན་ཏུ་རྒྱས་པའི་བློ་དང། སྒྲུབ་པ་མཐའ་ཡས་པའི་བློ་ཅན་གློག་གིས་རབ་ཏུ་བརྒྱན་པའི་སྒྲ་དབྱངས་དང་ ཆགས་པ་མེད་པའི་མཐའ་དང་ལྡན་པའི་བློ་ཅན་དང། རྣམ་པར་བསྒྲགས་པའི་རྒྱལ་པོ་དང། མཐུན་པ་དང་མི་མཐུན་པ་མཐོང་བར་གྱུར་པ་དང། གསེར་སྟུག་པོ་ བསགས་པའི་འོད་གཟི་བརྗིད་ཀྱི་རྒྱལ་པོ་དང། དཔག་ཚད་བརྒྱར་རྣམ་པར་བལྟ་ཞིང་འགྲོ་བ་དང། སྤོབས་པ་བརྩེགས་པ་དང། ཡེ་ཤེས་ཕུང་པོ་དང། མཐོང་བ་དོན་ ཡོད་དང། བཟང་སྐྱོང་ལ་སོགས་པ་དང། སྐྱེས་བུ་དམ་པ་བརྒྱད་པོ་གང་སྤོས་ཀྱི་གླང་པོ་དང། རིན་ཆེན་མཐའ་ཡས་མཛོད་དང། ཤེས་རབ་བརྩེགས་པ་དང། མཆོད་ པ་བཀོད་པ་དང། སེངྒེ་རྣམ་པར་སྒྲོག་པའི་སྒྲ་དབྱངས་ཀྱི་རྒྱལ་པོ་དང། བླའི་བཀོད་པས་ལེགས་པར་བརྒྱན་པ་ལ་གནས་པ་དང་སེངྒེའི་སྟབས་ཀྱིས་འགྲོ་བ་དང། སྤོབས་པ་ མཐའ་ཡས་པར་སྒྲུབ་པ་ལ་འཇིགས་པ་མེད་པ་དང། བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བའི་རྒྱལ་པོ་ལ་སོགས་པ་དང། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ གྱི་ཁམས་ན་གང་དག་རྒྱལ་པོ་ཆེན་པོ་བཞི་རྣམས་དང། བརྒྱ་བྱིན་དང། ཚངས་པ་དང། དབང་བསྒྱུར་དང། ཚངས་པ་ཆེན་པོ་དང། ཀླུའི་རྒྱལ་པོ་དང། གནོད་སྦྱིན་གྱི་ [4B] ལྷ་མ་ཡིན་གྱི་བདག་པོ་དང། ནམ་མཁའ་ལྡིང་གི་བདག་པོ་དང། མི་འམ་ཅིའི་བདག་པོ་དང། ལྟོ་འཕྱེ་ཆེན་པོའི་བདག་པོ་དང། དྲི་ཟའི་བདག་པོ་དང། དེ་དག་ ཐམས་ཅད་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་བཅོམ་ལྡན་འདས་ལ་མེ་ཏོག་སིལ་མས་གཏོར་ནས་འཁོད་པར་གྱུར་ཏོ། དེ་ནས་བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བའི་ རྒྱལ་པོ་ཉིན་ཞག་བདུན་ཟས་ཅད་དེ་འཆག་ཅིང་འགྲེང་ལ་འདུག་བཞིན་དུ་གློས་མ་ཕབ་པར་རྨུགས་པ་དང། གཉིད་མེད་པར་མངོན་པར་བརྩོན་པར་གྱུར་ཏོ། །དེ་ནས་བཅོམ་ ལྡན་འདས་ལ་བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བའི་རྒྱལ་པོས་འདི་སྐད་ཅེས་གསོལ་ཏོ། །བྱང་ཆུབ་སེམས་དཔའ་ཆོས་གང་རྫོགས་པར་བགྱིས་ན། སེམས་ཅན་ཐམས་ ཅད་ཀྱི་བསམ་པ་དང་སྤྱོད་པ་འཚལ་བར་འགྱུར་བ་དང། སངས་རྒྱས་རྣམས་ཀྱི་དགོངས་པའི་བཀའ་ལ་འཇུག་པར་འགྱུར་བ་དང། ཕྱིན་ཅི་ལོག་ཏུ་སྟོན་པ་ལས་མི་སྟོན་པར་འགྱུར་ བ་དང། སྒྲ་ཇི་ལྟ་བ་བཞིན་དུ་བདེན་པ་ཤེས་པ་ལ་རྗེས་སུ་འཇུག་པར་འགྱུར་བ་དང། ད་ལྟར་གྱི་སངས་རྒྱས་ཐམས་ཅད་ལ་སྒྲིབ་པ་མེད་པར་འགྱུར་བ་དང། འདི་ལྟ་སྟེ། སངས་རྒྱས་ དང་འགྲོགས་པ་འཐོབ་ཅིང་མཐོང་བ་དང། ཆོས་ཀྱིས་ངེས་པ་འཐོབ་པར་འགྱུར་བ་དང། འཇིག་རྟེན་གྱི་ཆོས་ལའང་སྤྱོད་ལ་འཇིག་རྟེན་པས་ཀྱང་མི་གོས་པར་འགྱུར་བ་དང། སྙོམས་ [5A]༄༅། །པར་འཇུག་པ་ལ་གནས་ཀྱང་དེ་དེས་སྐྱེ་བར་མི་འགྱུར་བ་དང། མྱ་ངན་ལས་འདས་པའི་ཆོས་ལ་སྤྱོད་ཀྱང་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་ བ་དང། སངས་རྒྱས་ཀྱི་སྨོན་ལམ་ཡོངས་སུ་རྫོགས་པར་མ་བགྱིས་པར་ཉན་ཐོས་དང། རང་སངས་རྒྱས་ཀྱི་ཆོས་ལ་སྤྱོད་ཀྱང་ཐེག་པ་དེ་དག་གིས་ངེས་པར་མི་འབྱུང་བར་ འགྱུར་བ་དང། སངས་རྒྱས་རྗེས་སུ་དྲན་པ་ལ་སེམས་ནག་ནོག་མ་མཆིས་པར་འགྱུར་བ་དང། ཁམས་སྣ་ཚོགས་ལའང་འཇུག་ལ་ཐམས་ཅད་ཀྱི་རྗེས་སུའང་འཇུག་པར་ འགྱུར་བ་དང། ཞུ་བ་དང། སྤོབས་པའི་བསམ་པ་ལ་ཟིལ་གྱིས་ནོན་པར་མི་འགྱུར་བ་དང། སངས་རྒྱས་ཀྱི་ཞིང་གི་བཀོད་པ་མཐའ་ཡས་པ་རབ་ཏུ་འཛིན་ཅིང་ཤེས་རབ་མ་ ལུས་པར་འཐོབ་པར་འགྱུར་བ་དང། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་ལ་སེམས་ཅན་གྱི་འདུ་ཤེས་ལའང་མི་གནས་པར་འགྱུར་བ་དང་ཆོས་ཀྱང་སྟོང་ལ་ དམིགས་པ་ལའང་མི་གནས་པ་དང། མྱ་ངན་ལས་འདས་པའང་སྨྲ་ལ་ཉེ་བར་ཞི་བ་གང་ཡང་མི་དམིགས་པར་འགྱུར་བ་དང། བྱང་ཆུབ་ཀྱི་ཕྱིར་ཡང་སྤྱོད་ལ་མི་གནས་པར་ ཡང་འགྱུར་བ་དང། མཆིས་པ་དང་མ་མཆིས་པ་ཡོངས་སུ་སྤངས་ཀྱང་རྒྱ་ཆེན་པོ་ལ་མོས་པར་འགྱུར་བར་བགྱིད་པ་དག་བཅོམ་ལྡན་འདས། བདག་མ་འཚལ་བཞིན་དུ་ [5B] འོན་ཀྱང་བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ། དེ་ནས་བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བའི་རྒྱལ་པོས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསོལ་ ཏོ༑ ༑ལྷ་མི་གནོད་སྦྱིན་དྲི་ཟ་འཁོར་མང་པོ། །མཐའ་ཡས་ཇི་ལྟར་མོས་བཞིན་ཚོགས་ལགས་པས། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་དག། །འཇིག་རྟེན་དག་གི་མགོན་ པོ་འོད་མཛད་པ། སྨྲ་བའི་ཟླ་བ་ལ་ནི་ཞུ་ལགས་ན། །གོ་རིམས་བཞིན་དུ་བདག་ལ་ལུང་བསྟན་གསོལ། །བྱང་ཆུབ་སྤྱོད་མཆོག་ཡོན་ཏན་ཐོས་ནས་ནི། །སྐྱེ་བོ་ཕལ་ཆེན་འདུན་གྱུར་བྱང་ ཆུབ་བརྩོན། །བྱང་ཆུབ་ཡོན་ཏན་མཆོག་ལ་དད་པ་བསྐྱེད་ནས། །ཡོན་ཏན་ཀུན་མཐར་ཕྱིན་ལ་ཞུ་ལགས་ན། །གྲགས་པ་མཐའ་ཡས་དག་གི་སེམས་མཁྱེན་ཏ་མ། །རྒྱལ་བ་མ་ གཏོགས་དཔང་གཞན་བདག་ལ་མེད། །རྒྱལ་བའི་ཡོན་ཏན་ལྷ་མི་ཤིན་ཏུ་སྐོམ། །སྟོབས་བཅུའི་སྤྱོད་པ་རྣམ་པར་ཕྱེ་སྟེ་གསུངས། །ཡོན་ཏན་མཆོག་སྤྱོད་བྱང་ཆུབ་ཡོན་ཏན་ བྱུང། །གྲགས་མཛེས་ཚུལ་ཆེན་ཁྱོད་ཀྱི་མཁྱེན་སྤྱོད་གསུངས། །ཅི་ནས་ཡེ་ཤེས་འོད་ཟེར་འཕྲོ་བགྱིད་ཅིང། །ནག་པོའི་རྩ་ལག་དཔུང་བཅས་འཇོམས་བགྱིད་ལ། །ཅི་ནས་སྟོང་ གསུམ་མྱུར་དུ་གཡོ་བགྱིད་པ། །དེ་འདྲའི་བྱང་ཆུབ་སྤྱོད་པ་བདེ་གཤེགས་གསུངས། །ཅི་ནས་མཚན་གྱི་མེ་ཏོག་རྒྱས་འགྱུར་ཞིང། ཅི་ནས་མཐའ་ཡས་དབྱངས་ལྡན་འགྱུར་བ་དང། །ཅི་ [6A]༄༅། །ནས་རི་རབ་འདྲ་བའི་ཏིང་འཛིན་འགྱུར། །དེ་འདྲའི་བྱང་ཆུབ་སེམས་སྤྱོད་བཤད་དུ་གསོལ། །མཉམ་མེད་མཚུངས་མེད་གཡོ་མེད་ཚུལ་འཆོས་ མེད༑ ༑ང་རྒྱལ་དགྲ་བཅོམ་དྲི་གསུམ་དྲི་བྲལ་བ། །དགེ་སྦྱོང་མཆོག་སྟེ་མཁས་པའི་ཚོགས་ཀྱིས་བསྟོད། །ཁྱོད་ལ་མི་མཆོག་དག་གི་སྤྱོད་པ་ཞུ། །རྟོགས་བློ་བརྟན་པོ་དྲན་ལྡན་མེ་ ཏོག་གསུངས། །འཁྲུལ་མེད་ལེགས་སྤྱད་སྤྱོད་མངའ་སྨྲ་བའི་མཆོག་།དྲི་བསལ་སྐྱེས་བཟང་ཁྱུ་མཆོག་ཕན་མཛད་པ། །ཅི་ནས་རྒྱལ་འགྱུར་དེ་ལྟར་བདག་ལ་གསུངས། །ཁྱོད་ ལས་ཉིན་མཚན་དག་ཏུ་འདི་དག་གིས། །མཉན་ནས་བྱང་ཆུབ་སྤྱོད་པ་ཡང་དག་ལ། །ཡིད་ལ་བྱེད་པ་གཞན་མེད་བདེ་བ་ཡིས། །སྤྱོད་པ་འདི་ལ་མཆོག་ཏུ་སྤྱོད་པར་འགྱུར། ། ཅི་ནས་ཏིང་འཛིན་ལྡན་ཞིང་གཟུངས་ལྡན་དང། །ཅི་ནས་བློ་དང་ཤེས་རབ་སྤོབས་ལྡན་དང། །ཕྱོགས་མཐའ་ཡས་པར་སངས་རྒྱས་མཐོང་བ་དང། །ཚུལ་དང་ཚུལ་མིན་དྲི་བ་ འདྲི་བ་དང། ཇི་ལྟར་ཡེ་ཤེས་མཚུངས་མེད་འགྱུར་བ་དང། །དགེ་བ་སྒོ་བརྒྱ་དག་ནི་སྒྲུབ་པ་དང། །འཆད་པ་ལ་ནི་འཁྲུལ་པ་མེད་འགྱུར་བ། །སྟོབས་བཅུའི་སྤྱོད་པ་ཁྱོད་ ལ་ཞུ་ལགས་སོ། །སྲིད་པའི་བདེ་ལ་ཆགས་ཏེའང་མི་ཞུའོ། །ཡུལ་གྱིས་བསྒྱུར་སླད་དུ་ཡང་མི་ཞུ་འོ། །རྒྱལ་བའི་བདུད་རྩི་ལ་ནི་བདག་ལེགས་འདུན། །སྟོབས་བཅུའི་སྤྱོད་པ་ [6B] །དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བའི་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། མཆོག་ཏུ་དགའ་བའི་རྒྱལ་པོ། ལེགས་སོ། ལེགས་སོ། །ཆོས་ཐམས་ཅད་ཀྱི་ཚུལ་ལ་ངེས་པར་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ་བྱང་ཆུབ་སེམས་དཔའ་ཏིང་ངེ་ འཛིན་དེ་དང་ལྡན་ན། ཡོན་ཏན་དེ་དག་ཐོབ་པར་འགྱུར་རོ། །གཞན་ཡང་ཕ་རོལ་ཏུ་ཕྱིན་པ་བརྒྱ་ཉི་ཤུ་རྩ་གཅིག་ཡོངས་སུ་རྫོགས་པར་འགྱུར་རོ། །ཏིང་ངེ་འཛིན་སྟོང་ཕྲག་བརྒྱད་ ཅུ་རྩ་བཞི་འཐོབ་པར་འགྱུར་རོ། །གཟུངས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་འཐོབ་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ལ་འཇུག་པ་མཁས་པའང་རྟོགས་པར་འགྱུར་རོ། ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་འགྱུར་རོ། །མཆོག་ཏུ་དགའ་བའི་རྒྱལ་པོ། ཆོས་ཐམས་ཅད་ཀྱི་ཚུལ་ལ་ ངེས་པར་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དེ་གང་ཞེ་ན། འདི་ལྟ་སྟེ། ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པ་ཉིད་དོ། །ཇི་ལྟར་བྱས་པ་དེ་བཞིན་དུ་སྨྲ་བ་ཉིད་དོ། །ལུས་དག་པར་བྱེད་ དོ། །ངག་དག་པར་བྱེད་དོ། །སེམས་དག་པར་བྱེད་དོ། །ཕན་པར་འདོད་པ་ཉིད་དོ། །བྱམས་པའི་སེམས་དང་ལྡན་པ་ཉིད་དོ། །སྙིང་རྗེ་ཉིད་མི་སྤོང་བའོ། །འདོད་པ་དག་ལ་དོན་དུ་ [7A]༄༅། །མི་གཉེར་བ་ཉིད་དོ། །ཆོས་དོན་དུ་གཉེར་བ་ཉིད་དོ། །དད་པ་ཆུད་ཟ་བར་མི་བྱེད་པའོ། །རང་གིས་དམ་བཅས་པ་ཀུན་ཏུ་སྤྱོད་པ་ཉིད་དོ། །ངེས་ པའི་ཚིག་ལ་མཁས་པའོ། །སེམས་ཅན་སྒྲོལ་བའོ། །ཅང་ཤེས་ཀྱི་ལས་ཅན་ནོ། །ལུས་ལ་མི་བརྐམ་པ་ཉིད་དོ། །སེམས་རྒྱུ་བ་མེད་པ་ཉིད་དོ། །སྡུག་བསྔལ་དང་ལྡན་པ་རྣམས་ ལ་ཚིམ་པར་བྱེད་པ་ཉིད་དོ། །བདེ་བ་དང་ལྡན་པ་རྣམས་ལ་གཟེངས་བསྟོད་པའོ། །བག་མེད་པ་རྣམས་ལ་འདོམས་པའོ། །བརྩོན་པ་རྣམས་ལ་འཆོས་པའོ། །ཆོས་ལ་འགྱོད་ པ་དག་སེལ་བ་ཉིད་དོ། །སེམས་ཅན་གྱི་འདུ་ཤེས་ལ་མི་གནས་པའོ་།དངོས་པོའི་འདུ་ཤེས་ཀྱིས་རྟོག་པ་མེད་པའོ། །འཛིན་པ་ཡོངས་སུ་གཅོད་པའོ། །མཚན་མ་རྣམ་པར་ འཇིག་པ་ཉིད་དོ། །མཉམ་པར་གཞག་པ་ལ་གཡོ་བ་མེད་པའོ། །རྟག་ཏུ་ཡེ་ཤེས་འཚོལ་བའོ། །འཇིག་རྟེན་པའི་གཏམ་རྣམ་པར་སྤོང་བ་ཉིད་དོ། །འཇིག་རྟེན་ལས་འདས་ པའི་གཏམ་འཚོལ་བ་ཉིད་དོ། །དྲན་པ་ཉམས་པ་མེད་པ་ཉིད་དོ་།ཆོས་རྣམས་ལ་བརྗོད་པ་མེད་པ་ཉིད་དོ། །ཇི་ལྟར་བྱ་བ་བཞིན་དུ་འཇུག་པའོ། །སྤྱོད་པ་སྒྲུབ་པའོ། །འཇིག་ རྟེན་ཤེས་པ་ཉིད་དོ། །ལས་ལ་མངོན་པར་ཡིད་ཆེས་པ་ཉིད་དོ། །མ་དད་པ་ཡོངས་སུ་སྤོང་བ་ཉིད་དོ། །མོས་པ་མང་པ་ཉིད་དོ། །སངས་རྒྱས་ཡིད་ལ་བྱེད་པའོ། །འཕེལ་བ་སྟོན་པའོ། ། [7B] །སངས་རྒྱས་ལ་གསོལ་བ་འདེབས་པ་ཉིད་དོ། །སྦྱིན་གནས་ལ་ཕྱག་འཚལ་པ་ཉིད་དོ་།བསྔགས་པ་བརྗོད་པ་ཉིད་དོ། །ང་རྒྱལ་མེད་ པ་ཉིད་དོ། །དགེ་བའི་རྩ་བས་ངོམས་པ་མེད་པ་ཉིད་དོ། །སྦྱོར་བས་རྟག་ཏུ་མངོན་པར་བརྩོན་པའོ། །སྒྲུབ་པ་མི་སྤོང་ཞིང་རྫོགས་པར་བྱེད་པ་ཉིད་དོ། །རྒྱུ་རྐྱེན་གྱི་ལས་བྱ་བ་ལ་ འཇིག་རྟེན་ན་རྒྱ་ཆེ་བའོ། །དམ་བཅས་པ་མི་འདྲལ་བའོ། །གཞི་གཅིག་ཏུ་མི་འཇོག་པ་ཉིད་དོ། །འདི་ཁོ་ན་བདེན་ནོ་ཞེས་མངོན་པར་ཞེན་པ་མེད་པའོ། །འདོད་པའི་ཁམས་ ལ་ཁྱིམ་མོ་ཞེས་བརྗོད་པས་མི་འཇུག་པའོ། །གཟུགས་ཀྱི་ཁམས་ལ་མངོན་པར་ཞེན་པ་མེད་པའོ། །གཟུགས་མེད་པའི་ཁམས་ཀྱི་རང་བཞིན་མ་ཡིན་པའོ། །ཇི་ལྟར་མངོན་ པར་འདུ་བྱེད་པའི་འབྲས་བུ་ལ་མངོན་པར་ཡིད་ཆེས་པ་ཉིད་དོ། །ཡོ་བྱད་ལ་བགོ་བཤའ་བྱེད་ཅིང་སེམས་མཉམ་པ་ཉིད་དོ། །སེམས་ཅན་ཐམས་ཅད་ལ་གཡོས་མི་སྟོན་པ་ཉིད་དོ། ། སངས་རྒྱས་རྣམས་ལ་མི་སླུ་བ་ཉིད་དོ། །བྱང་ཆུབ་སེམས་དཔའ་རྣམས་ལ་རྣམ་པར་མཐོ་མི་འཚམ་པའོ། །བསྟན་པ་ལ་ངན་དུ་མི་བརྗོད་པ་ཉིད་དོ། །རིགས་པ་དང་ལྡན་པ་ དང༑ རིགས་པ་དང་ལྡན་པ་མ་ཡིན་པ་ལ་ཞེ་སྡང་མེད་པའོ། །ཕ་རོལ་གྱི་སྡེ་རྙེད་པ་ལ་མི་གནས་པའོ། །བསམ་པ་རྫོགས་པར་བྱ་བ་མི་སྤོང་བའོ། །ང་རྒྱལ་སྤོང་བའོ། །ཁོང་ཁྲོ་བ་སྤོང་ [8A]༄༅། །བའོ༑ ༑གཏི་མུག་ཡང་དག་པར་འཇོམས་པའོ། །རྙེད་པ་ལ་ཀུན་ཏུ་མི་སྤྱོད་པའོ། །ངན་ངོན་ཙམ་གྱིས་ཆོག་ཤེས་པའོ། །ཤེས་ཀྱི་ཁེ་སྤོང་བའོ། མ་རྙེད་ པ་ལ་མི་དགའ་བ་མེད་པའོ། །རྙེད་པས་ཁེངས་པ་མེད་པའོ། །ཅི་རྙེད་པ་ལ་བགོ་བཤའི་ངང་ཚུལ་ཅན་ཉིད་དོ། །གསོག་པར་མི་བྱེད་པ་ཉིད་དོ། །མི་སྙན་པར་ཟེར་བ་དང་དུ་ལེན་ པ་ཉིད་དོ། །ཚིག་སྲུང་བའོ། །བློ་གསལ་པར་བྱེད་པའོ། །རིགས་པ་དང་ལྡན་པ་ལ་བསྐུལ་མ་འདེབས་པའོ། །རིགས་པ་དང་ལྡན་པ་མ་ཡིན་པ་ལ་མི་བརྟེན་པའོ། །ཕྱིར་ཞིང་འདྲི་ བའོ༑ ༑ནང་དུ་ཡང་དག་འཇོག་མི་སྤོང་བའོ། །དགོན་པ་ཡོངས་སུ་མི་གཏོང་བའོ། །རྟག་ཏུ་སྦྱངས་པའི་ཡོན་ཏན་ལ་གནས་པའོ། །སྟོང་པ་ཉིད་ལ་མོས་པའོ། །དངོས་པོས་ ཡོངས་སུ་ཚིམ་པ་མ་ཡིན་པའོ། །ཕུང་པོ་ལ་མི་གནས་པའོ། །ཁམས་རྣམས་འདུལ་བའོ། །སྐྱེ་མཆེད་ལ་མི་དམིགས་པ་ཉིད་དོ། །ཡུལ་ལ་མི་བསྟོད་པའོ། །ཕྱིན་ཅི་ ལོག་སྤོང་བའོ། །སེམས་བརྟན་པོར་སྒྲུབ་པའོ། །འཕགས་པའི་གནས་པའོ། །སེམས་ལ་བརྐམ་ཆགས་མེད་པ་ཉིད་དོ། །སྦྱིན་གནས་ཀྱི་ས་ཐོབ་པ་ཉིད་དོ། །མངོན་པར་འདུ་ བྱེད་པ་ཤིན་ཏུ་སྦྱངས་པའོ། །སྦྱིན་པས་རྣམ་པར་སྨིན་པ་མི་ལེན་པའོ། །ཚུལ་ཁྲིམས་ཀྱིས་མི་སྙེམས་པ་ཉིད་དོ། །བཟོད་པས་རྟོགས་པ་མེད་པའོ། །བརྩོན་འགྲུས་ཀྱིས་ཆུད་ཟ་བ་མེད་ [8B] །བསམ་གཏན་གྱིས་སྐྱེ་བ་མེད་པའོ། །ཤེས་རབ་ཀྱིས་ཆུད་ཟ་བ་མེད་པའོ། ས་ལ་འཇུག་པའི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དོ། །རང་གི་ཡོན་ཏན་གྱིས་སྙེམས་པ་མེད་ པ་ཉིད་དོ། །གཞན་གྱི་ཡོན་ཏན་ལ་སུན་མི་འབྱིན་པའོ། །འཁོར་བ་ལ་མི་གནས་པའོ། །མྱ་ངན་ལས་འདས་པ་ལ་མི་དམིགས་པ་ཉིད་དོ། །ཐར་པ་ལ་དབང་དུ་གྱུར་པའོ། །མྱ་ ངན་ལས་འདས་པ་ལ་མ་ཆགས་པའོ། །དེས་པ་ལ་གནས་པའོ། །བཞིན་འཛུམ་པའོ། །ཁྲོ་གཉེར་དང་བྲལ་བ་ཉིད་དོ། །གསོང་པོར་སྨྲ་བ་ཉིད་དོ། །འོས་པའི་ཤེས་རབ་དང་ ལྡན་པས་གསར་བུ་དང། བར་མ་དང། རྒན་རབས་ལ་བཀུར་སྟི་བྱེད་པའོ། །རྣམ་པར་འཚེ་བ་མེད་པ་ཉིད་དོ། །རྩོད་པ་ཞི་བར་བྱེད་པའོ། །ཞི་བ་ལ་བསྔགས་པ་བརྗོད་པའོ། །ཚོགས་ པ་ལ་མངོན་པར་བརྩོན་པའོ། །མཛའ་བ་དང་མི་མཛའ་བ་ལ་སེམས་མཉམ་པ་ཉིད་དོ། །གཟུངས་འཚོལ་པའོ། །སེམས་ཅན་རྣམས་ལ་ནི་མ་ལ་སྲི་ཞུ་ཆེ་བ་ལྟ་བུའོ། །མཛངས་ པ་ལ་ནི་པ་ལ་སྲི་ཞུ་ཆེ་བ་ལྟ་བུའོ། །བླ་མ་རྣམས་ལ་ནི་མཁན་པོ་ལ་སྲི་ཞུ་ཆེ་བ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་རྣམས་ལ་ནི་སངས་རྒྱས་ལ་གུས་པ་ལྟ་བུའོ། །སྒྲུབ་པ་ རྫོགས་པར་བྱེད་པ་ཉིད་དོ། །དེ་བཞིན་གཤེགས་པ་ལ་བཀུར་སྟི་བྱེད་པའོ། །དགེ་བ་ལ་མོས་པ་ཉིད་དོ། །དཀོན་མཆོག་གསུམ་ལ་ཞུམ་པ་མེད་པས་བཀུར་སྟི་བྱེད་པའོ། །ཐ་སྙད་ལ་མི་ [9A]༄༅། །གནས་པར་དང་དུ་ལེན་པ་ཉིད་དོ། །ལུས་ལ་མི་ལྟ་བ་ཉིད་དོ། །སྲོག་ལ་ལྷག་པར་ཆགས་པ་མེད་པ་ཉིད་དོ། །འཚོ་བ་དག་པར་བྱེད་པའོ། །བསོད་ སྙོམས་ལ་རྒྱུ་བ་དག་བརྩོན་པ་མི་སྤོང་པའོ། །ཚོགས་པའི་གནས་ཡོངས་སུ་སྤོང་པའོ། །ཁྱིམ་པ་རྣམས་ལ་མི་བསྟོད་པའོ། །རབ་ཏུ་བྱུང་བ་རྣམས་ཀྱི་ནང་ན་འདུ་འཛི་ལ་མི་ གནས་པའོ། །ཚུལ་འཆོས་པ་མེད་པ་ཉིད་དོ། །ཁ་གསག་མེད་པ་ཉིད་དོ། །སྙན་པར་སྨྲ་པ་ཉིད་དོ། །བྱང་ཆུབ་ཡང་དག་པར་ལེན་དུ་འཇུག་པ་ཉིད་དོ། །རང་བཞིན་གྱིས་ཞུམ་ པ་མེད་པ་ཉིད་དོ། །ཚུལ་བཞིན་ལ་འཇུག་པའོ། །ཕྱིར་ཞིང་སངས་རྒྱས་ལ་བསྟོད་པ་ཉིད་དོ། །ཆོས་ལ་རབ་ཏུ་སེམས་པ་ཉིད་དོ། །དགེ་འདུན་ལ་རྟག་ཏུ་རྗེས་བྱེད་པའོ། ། ཤེས་པ་དང་ལྡན་པ་རྣམས་ལ་རྟག་ཏུ་མཆོད་པ་བྱེད་པའོ་།མཛངས་པ་རྣམས་ལ་རྟག་ཏུ་བརྟེན་པའོ། །བསམ་གཏན་པ་རྣམས་ལ་རྟག་ཏུ་སྲུང་པའོ། །རིགས་པ་དང་ལྡན་པ་ རྣམས་ལ་རྟག་ཏུ་བསྐུལ་མ་འདེབས་པའོ། །སངས་རྒྱས་ཀྱི་ཆོས་རྣམས་ལ་རྟག་ཏུ་རྟོན་པའོ། །ཆོས་རྣམས་ལ་རྟག་ཏུ་སྒོམ་པའོ། །བསོད་ནམས་ལ་རྟག་ཏུ་ཡིད་ཆེས་པ་ཉིད་ དོ༑ ༑སེམས་ཅན་རྣམས་ལ་རྟག་ཏུ་ཡངས་པའོ། །དད་པ་དང་ལྡན་པ་རྣམས་ལ་རྟག་ཏུ་བྱམས་པའོ། །སྡུག་བསྔལ་དང་ལྡན་པ་རྣམས་སེལ་བའོ། །སྤྱོད་ལམ་དག་པར་བྱེད་པའོ། ། [9B] །ངོ་ཚ་བ་དང་འཇིགས་པ་སྟོན་པའི་ཚུལ་ཅན་ནོ། །སྤྱོད་པ་ངན་པ་སྤོང་པ་ཉིད་དོ་།ཆོ་ག་ལ་བརྟེན་པའོ། །སྤོང་པ་ལ་མངོན་དུ་ཕྱོགས་པའོ། ། འཕགས་པའི་གནས་པ་འཚོལ་པའོ། །དྲན་པ་ཉེ་བར་གཞག་པ་སྒོམ་པའོ། །ཡང་དག་པར་སྤོང་བ་བསྟེན་པའོ། །དབང་པོ་རྣམས་འཛིན་པའོ། །སྟོབས་རྣམས་ཟིལ་གྱིས་མི་ནོན་ པའོ༑ ༑བྱང་ཆུབ་ཀྱི་ཡན་ལག་རྣམས་ལྷག་པར་མཐོང་བའོ། །ལམ་ལ་ཕྱིན་ཅི་མ་ལོག་པ་ཉིད་དོ། །ཞི་གནས་རྒྱ་ཆེ་བའོ། །ལྷག་མཐོང་ལ་བསྐུལ་མ་འདེབས་པའོ། །སེམས་ བརྗེད་ངས་པ་མེད་པ་ཉིད་དོ། །ཆོས་ལ་མངོན་པར་དགའ་བའོ་།དམིགས་པ་ལས་ཡང་དག་པར་འདས་པའོ། །མི་གནས་པ་ལ་མི་སྐྲག་པའོ། །དམིགས་པ་མེད་པ་ལ་བག་མེད་ པའི་འདུ་ཤེས་དང་བྲལ་བའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཀུན་ཏུ་སྲུང་བ་ཉིད་དོ། །སངས་རྒྱས་ཀྱི་སྤྱོད་པ་ཚད་མེད་པར་བྱེད་པའོ། །མི་མཐུན་པའི་སྤྱོད་པ་ལ་སྨོད་པ་ཉིད་དོ། ། སྔོན་གྱི་མངོན་པར་འདུ་བྱེད་པ་ལ་ཡིད་བྱུང་བའོ། །རང་གི་ལས་ཡོངས་སུ་སྦྱོང་ཞིང་འདུལ་བ་མ་ཡིན་པ་སྤོད་པའོ། །བསྟན་པ་སུན་མི་འབྱིན་པའོ། །ཐེ་ཚོམ་མི་འཛིན་པའོ། ། དུས་སུ་སྤྱོད་པ་ཉིད་དོ། །དུས་མ་ཡིན་པ་རྣམ་པར་སྤོང་པ་ཉིད་དོ། །འགྲོ་བ་དང་ལྡོག་པ་ལ་མཁས་པའོ། །ཚོད་ཤེས་པ་ཉིད་དོ་།ཡོ་བྱད་ཀྱིས་ཆོག་ཤེས་པའོ། །མངོན་པར་ཤེས་པ་ [10A]༄༅། །རྒྱ་ཆེ་བའོ། །ཏིང་ངེ་འཛིན་ཁོང་དུ་ཆུད་པའོ་།སྤྱོད་པའི་བྱེ་བྲག་ཅན་ནོ། །སྙིང་སྟོབས་རྒྱ་ཆེ་བའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་བསྟན་པའོ། །མི་ དམིགས་པས་ཡོངས་སུ་བཟུང་བའོ། །བརྩོན་པ་དང་ལྡན་པ་རྣམས་ཚིམ་པར་བྱེད་པའོ། །སངས་རྒྱས་ཀྱི་སྲས་རྣམས་ཀྱིས་བསྒོམ་པའོ་།བྱང་ཆུབ་སེམས་དཔའ་རྣམས་ཀྱི་ ནོར་ཡིན་ནོ། །སངས་རྒྱས་རྣམས་ཀྱི་གནས་པའོ། །མཁས་པ་རྣམས་ཀྱི་སྤྱོད་པའོ། །ཅང་ཤེས་ཀྱི་འགྲོས་ཀྱི་སྤྱོད་ཡུལ་བའོ། །ཆོས་སྨྲ་བ་རྣམས་ཀྱི་སྤྱོད་ཡུལ་ལོ། །མོས་པ་མང་ བ་རྣམས་ལ་བསྐུལ་མ་འདེབས་པའོ། །འཇིག་རྟེན་གསུམ་གྱི་མགོན་པོ་མཐོང་བའི་ཚུལ་ཅན་ནོ། །ནོར་དོན་དུ་གཉེར་བ་རྣམས་ཀྱི་མཛོད་དོ་།རྣམ་པར་སྨིན་པ་དང་ལྡན་པ་རྣམས་ཀྱི་ཞིང་ངོ། གདུངས་པ་རྣམས་ ཀྱི་ཀུན་དགའ་ར་བའོ། །གཟུངས་ཐོབ་པ་རྣམས་ཀྱི་སྐྱེད་མོས་ཚལ་ལོ། །ཏིང་ངེ་འཛིན་ཐོབ་པ་རྣམས་ཀྱི་རྫིང་ངོ། །ཆོས་དཀར་པོ་དང་ལྡན་པ་རྣམས་ཀྱིས་མའོ། །གཏམ་ལ་མོས་པ་རྣམས་ ཀྱི་གནས་སོ། །མཚན་རྣམས་ཀྱི་རྒྱུའོ། །དཔེ་བྱད་རྣམས་རྣམ་པར་འབྱེད་པའོ། །སངས་རྒྱས་ཀྱི་ཞིང་ཡང་དག་པའི་གནས་སོ། །གཟུངས་རབ་ཏུ་ཐོབ་པའོ། །སྒྲུབ་པ་ཁོང་དུ་ཆུད་ པའོ། །ཤིན་ཏུ་རིགས་པར་སྨྲ་བ་ཉིད་དོ། །བདུད་ཀྱི་ཡུལ་ལས་འདས་པའོ། །དཔའ་བོ་རྣམས་ཀྱི་ཡུལ་ལོ། །ཉོན་མོངས་པ་འཇོམས་པའོ། །མི་དགེ་བ་འཇིལ་པའོ། །སྨོན་ [10B] །བདུད་ཀྱིས་མི་ཕྱེད་པའོ་།བསྟན་པ་ཟད་མི་ཤེས་པའོ། །མུ་སྟེགས་ཅན་རྣམས་ཀྱིས་ཤེས་པར་དཀའ་བའོ། །འཇིག་རྟེན་དང་མི་མཚུངས་ པའོ༑ ༑ཉན་ཐོས་ཀྱི་ཆོས་ལས་འདས་པའོ། །རང་བྱང་ཆུབ་ཀྱིས་ངེས་པར་མ་འབྱུང་བའོ། །ཐམས་ཅད་མཁྱེན་པ་ཉིད་ལ་ཡང་དག་པར་ཞུགས་པའོ། །སེམས་ཅན་གྱི་འགྲོ་བ་ལ་ འཇུག་པའོ། །ཡང་དག་པར་ཇི་ལྟ་བ་བཞིན་དུ་བསྐུལ་མ་འདེབས་པའོ་བཟའ་བ་འདོད་པ་རྣམས་དགའ་བར་བྱེད་པའོ། །བཏུང་བ་འདོད་པ་རྣམས་ཀྱི་རོ་བྲོ་བའོ། །མྱ་ངན་ལས་ འདས་པར་འགྲོ་བ་རྣམས་ཀྱི་སྙིང་པོའོ། །མྱ་ངན་ལས་འདས་པར་འགྲོ་བ་རྣམས་ཀྱི་ཤིང་རྟའོ། །ཕ་རོལ་ཏུ་འགྲོ་བ་རྣམས་ཀྱི་གྲུའོ། །རྒལ་འདོད་པ་རྣམས་ཀྱི་གཟིངས་སོ། ། སྙིང་རྗེ་ཅན་རྣམས་ཀྱི་མར་མིའོ། །ཆོས་སྟོན་པ་རྣམས་ཀྱི་སྐར་མདའོ། །མི་སླུ་བར་འདོད་པ་རྣམས་ཀྱི་གནས་སོ། །སྦྱིན་པར་འདོང་པ་རྣམས་ཀྱི་ནོར་ཡིན་ནོ། །གྲོལ་བར་འདོད་ པ་རྣམས་ཀྱི་རིགས་པའོ། །རྩེད་མོ་དོན་དུ་གཉེར་བ་རྣམས་དང་བར་བྱེད་པའོ། །ཉན་པར་བསམ་པ་ཅན་རྣམས་ཀྱི་རྒྱ་མཚོའོ། །ཏིང་ངེ་འཛིན་ཐོབ་པ་རྣམས་ཀྱི་རི་རབ་པོ། །མིག་ ལ་དགའ་བ་རྣམས་ཀྱི་དབང་པོའོ། །བལྟ་འདོད་པ་རྣམས་ཀྱི་བཀོད་པའོ། །སེམས་དང་ལྡན་པ་རྣམས་དགའ་བའོ། །ཕྱིར་མི་ལྡོག་པ་རྣམས་ཀྱི་གནས་སོ། །མི་སྐྱེ་བའི་བཟོད་པ་ [11A]༄༅། །ཐོབ་པ་རྣམས་ཀྱི་བསམ་པའོ། །ལས་དང་པོ་པ་རྣམས་ཀྱི་སྒོམ་པའོ། །སྐྱེས་བུ་ཤེས་པ་དང་ལྡན་པ་རྣམས་ཀྱི་རྒྱལ་མཚན་ནོ། །ཞི་གནས་ལ་བསྐུར་སྟི་བྱེད་ པ་རྣམས་ཀྱི་བྱང་ཆུབ་བོ། །བདག་མེད་པར་སྨྲ་བ་རྣམས་ཀྱི་སྲེད་མེད་ཀྱི་བུའོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་མོ། །ཡེ་ཤེས་དང་རྣམ་པར་གྲོལ་བ་རྣམས་ཀྱི་སྐྱེ་བ་མཉམ་པ་ ཉིད་དོ༑ ༑ལྷ་རྣམས་ཀྱིས་བསྔགས་པའོ། །ཀླུ་རྣམས་ཀྱིས་རྗེད་པའོ་།མི་རྣམས་ཀྱིས་མཆོད་པའོ། །སློབ་པ་རྣམས་ཀྱིས་ངོ་མཚར་དུ་བྱས་པའོ། །མི་སློབ་པ་རྣམས་ཀྱིས་ ཕྱག་བྱས་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྟོད་པའོ་།ཆོས་ཀྱི་རྗེ་རྣམས་ཀྱིས་བསྒོམས་པའོ། །དབང་པོ་སྦས་པ་རྣམས་ཀྱི་གྲོང་ཁྱེར་རོ། །ཐབས་མཁས་པ་ རྣམས་ཀྱི་ཚུལ་ལོ། །བརྩོན་པ་རྣམས་ཀྱི་རྙིད་པའོ། །ཐེ་ཚོམ་རྣམས་སེལ་བའོ། །ཡིད་གཉིས་གཅོད་པའོ། །ཉོན་མོངས་པ་རྣམས་སེལ་བའོ། །བྱང་ཆུབ་སེམས་དཔའ་རྣམས་ ཀྱི་གཟུངས་སོ། །ནད་པ་རྣམས་ཀྱི་སྨན་པའོ། །ཕྱིན་ཅི་ལོག་པ་རྣམས་གསོ་པའོ། །ཟུག་རྡུ་རྣམས་འབྱིན་པའོ། །བརྩོན་པར་འདོད་པ་རྣམས་ཡིད་ལ་བྱེད་པའོ། །སྒྲོག་པར་འདོད་ པ་རྣམས་ཀྱི་མི་འཇིགས་པའོ། །སྨྲ་བར་འདོད་པ་རྣམས་ཀྱི་སོ་སོ་ཡང་དག་པར་རིག་པ་རྒྱ་ཆེ་བའོ། །རྣམ་པར་འཕྲུལ་བར་འདོད་པ་རྣམས་ཀྱི་རྫུ་འཕྲུལ་ལོ། །ཉན་འདོད་པ་རྣམས་ [11B] །བལྟ་འདོད་པ་རྣམས་ཀྱི་མིག་གོ་མྱ་ངན་ལས་འདས་པའི་ལམ་མོ། །ངན་སོང་རྣམས་སྤོང་བའོ། །འདོད་པ་དང་གཟུགས་དང། གཟུགས་མེད་པ་དག་ལས་འདས་ པའོ༑ ༑སངས་རྒྱས་ཀྱི་ཞིང་དག་རྣམ་པར་སྒྲུབ་པའོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལེན་པའོ། །སྲིད་པ་ཐ་མ་པ་དག་སེངྒེའི་གདན་ལ་འདུག་པའོ། །ཆུད་ཟ་བ་མེད་པར་དོན་དུ་གཉེར་ བ་རྣམས་ཀྱི་དགེ་བའི་རྩ་བ་ཐམས་ཅད་དོ། །སྐྱེ་བ་རྣམས་དགའ་བར་བྱེད་པའོ། །ལྷུང་བ་རྣམས་འདེགས་པའོ། །རྩོམ་པ་རྣམས་བརྟན་པོར་བྱེད་པའོ། །སྤྱོད་པའི་ཁམས་རྣམ་ པར་སྒྲུབ་པའོ། །སྙོམས་ལས་བྱེད་པ་དག་ཡིད་བྱེད་པའོ། །ཐེག་པ་གསུམ་མཉམ་པ་ཉིད་ཀྱི་བཀའ་ཡིན་ནོ། །འཛིན་པ་ཐམས་ཅད་སྤངས་པའོ། །ཐམས་ཅད་མཁྱེན་པ་ཉིད་ ཡོངས་སུ་རྫོགས་པའོ། །དོན་དམ་པ་སྨྲ་བ་རྣམས་ཀྱི་སྒོ་མཐའ་ཡས་པ་སྒྲུབ་པ་རབ་ཏུ་ཐོབ་པའོ། །སྟོང་པ་ཉིད་སྨྲ་བ་རྣམས་ཀྱི་ཆོས་ཆུད་མི་ཟ་བའོ། །སྨོན་ལམ་གྱི་སྒོའི་ཤུགས་ མཐར་ཕྱིན་པའོ། །མཚན་མ་མེད་པ་ལ་མོས་པ་རྣམས་ལ་བརྡ་སྤྲོད་པའོ། །མཐོང་བ་དང། བཏང་སྙོམས་ལ་མོས་པ་རྣམས་ཀྱི་དུས་གསུམ་མཉམ་པ་ཉིད་དོ། །ཐམས་ཅད་ ཀྱི་རྗེས་སུ་སོང་བ་ལ་ཐབས་མཁས་པའོ། །བྱང་ཆུབ་ཡོངས་སུ་སྟོན་པའོ། །ཕ་རོལ་པོས་དཔའ་དགོང་དུ་མེད་པའོ། །ཆོས་སྨྲ་བ་ལ་མ་འཁྲུལ་བར་འཚོལ་བ་ཉིད་དོ། །ཟང་ཟིང་ [12A]༄༅། །མེད་པར་ཆོས་སྨྲ་བ་ལ་ཡང་དག་པར་བརྟེན་པའོ། །ཆོས་མཉན་པ་ལ་གཡེང་བ་མེད་པའོ། །འཁོར་ལ་བརྙས་པ་མེད་པའོ་།ཆོས་ཀྱི་སྦྱིན་པ་ ལ་བར་ཆད་མེད་པའོ། །ངེས་པ་རྣམས་ཀྱི་དྲི་བ་ལ་ངོ་མཚར་དུ་བྱེད་པའོ། །འགྱོད་པ་རྣམ་པར་སེལ་བའོ། །སྦྱོར་བ་ལ་རྒྱུན་ཆད་པ་མེད་པའོ། །ཡེ་ཤེས་ཀྱི་ཚོགས་ཡོངས་ སུ་མི་གཏོང་པའོ། །འཛིན་པ་ལ་གནས་པ་རྣམས་ཀྱི་རྣམ་པར་གྲོལ་བའོ། །མ་རུངས་པ་རྣམས་དུལ་བར་བྱེད་པའོ། །ཉོན་མོངས་པ་རྣམས་འདོར་བའོ། །མི་གནས་པ་ལ་ སྤྱོད་པའོ། །རྗེས་སུ་དྲན་པ་འདོད་པ་རྣམས་ཀྱི་དྲན་པའོ། །བྱང་ཆུབ་སེམས་དཔའ་རྣམས་སློང་བར་བྱེད་པའོ། །འཁོར་བཞི་ལ་སྟོན་པའོ། །རོ་བྲོ་བ་རྣམས་ཀྱི་ནང་ན་མངར་བའོ། ། རྣམ་པར་འཕྲུལ་པར་འདོད་པ་རྣམས་ཀྱི་སྒྲ་སྒྲོག་པའོ། །སྲིད་པ་ལས་ལྡོག་པར་འདོད་པ་རྣམས་ཀྱི་སྒོ་འབྱེད་པའོ། །མྱ་ངན་ལས་འདས་པར་ཐར་པའོ། །ལུས་བདེ་བའོ། །སེམས་ བདེ་བའོ། །མཁས་པ་རྣམས་དགའ་བའོ། །ཡི་དམ་ལ་བརྟན་པ་རྣམས་མི་གཏོང་བའོ། །དེ་བཞིན་གཤེགས་པའི་ཡོན་ཏན་ལས་མི་ལྡོག་པའོ། །དགེ་བའི་རྩ་བ་རྣམས་ ཀྱི་གནས་སོ། །མི་དགེ་བ་རྣམས་ངེས་པར་འཇོམས་པའོ། །འཆལ་བའི་ཤེས་རབ་ཅན་རྣམས་ཀྱི་བསླབ་པའོ། །རིགས་པ་ལ་གནས་པ་རྣམས་ཀྱི་གནས་སོ། །བསླུ་བ་མེད་པར་ [12B] །སངས་རྒྱས་ཀྱི་སྣང་བ་སྒྲུབ་པའོ། །ཡེ་ཤེས་ཀྱི་ཕུང་པོའི་སྣང་བའོ། །སངས་རྒྱས་ཀྱི་ཤིང་སྟོན་པའོ། །དྲི་བ་བྱེ་བ་སྙེད་འདྲི་བའོ། །ཆོས་དཀར་པོ་དག་ལ་རྟོག་པའོ། ། སྐྱོ་བའི་བློ་ཅན་རྣམས་ཀྱི་དམིགས་པའོ། །ཤེས་རབ་ཆུང་བ་རྣམས་ཆུད་མི་ཟ་བའོ། །རིག་པ་ཅན་རྣམས་དགའ་བར་འགྱུར་བའོ། །སྨྲ་འདོད་པ་རྣམས་ཀྱི་སྤྱོད་པའི་རྒྱུའོ། །ཆོས་སྟོན་ པ་རྣམས་སྲུང་བའོ། རྒྱུ་ཐམས་ཅད་ཡོངས་སུ་ཤེས་པའོ། །ཆོས་ཐམས་ཅད་ལ་ཐབས་མཁས་པའོ། །རྟོག་པའི་ཐབས་གྲུབ་པའོ། །དེ་ཁོ་ན་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་ བའོ༑ ༑བདག་ལ་བརྡ་སྤྲོད་པའོ། །གཞན་དག་ཡང་དག་པར་ཚིམ་པར་བྱེད་པའོ། །དྲ་བ་གཅོད་པའོ། །མ་རིག་པ་སེལ་བའོ། །ཕུང་པོ་རྣམས་ཡོངས་སུ་ཤེས་པའོ། །རྣམ་པར་ ཤེས་པ་ཡོངས་སུ་ཤེས་པའོ། །མིང་དང་གཟུགས་སྡུད་པའོ། །སྐྱེ་མཆེད་དྲུག་མཐོང་བའོ། །རེག་པ་ཡོངས་སུ་ཤེས་པའོ། །ཚོར་བ་ཤེས་པའོ། །སྲེད་པ་རབ་ཏུ་ཞི་བར་བྱེད་པའོ། ། ཉེ་བར་ལེན་པ་པོར་བའོ། །སྲིད་པ་ཆད་པའོ། །སྐྱེ་བ་ཆོམས་པའོ་།རྒ་ཤི་ལས་འདས་པའོ། །སྡུག་བསྔལ་ཤིན་ཏུ་སྦྱངས་པའོ། །བདེ་བ་ལ་ཀུན་ཏུ་རངས་པའོ། །སྡུག་བསྔལ་ དང་ཡིད་མི་བདེ་བ་རྣམ་པར་སེལ་བའོ། །གྲུབ་པ་རྣམས་གནས་པར་སྦྱོར་པའོ། །དཔྱོད་པ་རྣམས་ཚིམ་པར་བྱེད་པའོ། །སྣང་བ་སྐྱོན་མེད་པའོ། །ཆོས་ཀྱིས་རྗེས་སུ་བསྒྲགས་པའོ། ། [13A]༄༅། །སྐྱེས་བུ་གྲགས་པ་ཅན་རྣམས་ཀྱི་མཐུ་རྩལ་ལོ། །འབྱུང་པོ་དྲི་མ་ཅན་རྣམས་འཁྲུ་པའོ། །འཇིགས་ཚོགས་ལ་ལྟ་བ་རྣམས་ངེས་པར་འཇོམས་པའོ། ། ཐོས་པ་ཀུན་ཏུ་འཛིན་པའོ། །ཆོས་རྣམས་ཀུན་ཏུ་འཛིན་པའོ། །བྱང་ཆུབ་འཁྲུལ་པ་མེད་པ་ཉིད་དོ། །དགེ་བ་ཐམས་ཅད་འཇུག་པ་མི་ལྡོག་པའོ། །དགེ་བ་ཕལ་ཆེར་བསགས་ པའོ༑ ༑བློ་བསྒྲུབ་པའི་གཞིའོ། །བརྩོན་པ་དང་ལྡན་པ་རྣམས་ཀྱི་ཆོས་ཀྱི་ཚུལ་ལོ། །འཕགས་པའི་དགེ་འདུན་འཕེལ་བར་བྱེད་པའོ་།ཕས་ཀྱི་རྒོལ་བ་རྣམས་ཚར་གཅོད་པའོ། ། ཆོས་སྨྲ་བ་རྣམས་ལ་ལེགས་སོ། །ཞེས་བརྗོད་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པའོ། །རྩེད་མོ་འདོད་པ་རྣམས་ཀྱི་ཟླ་བའོ་།ལས་ཀྱི་མཐའ་དོན་དུ་གཉེར་བ་ རྣམས་ཀྱི་ཉི་མའོ། །སློབ་པར་འདོད་པ་རྣམས་ཀྱི་བསྟན་བཅོས་སོ་།ཕུ་དུད་དང་བཅས་པ་རྣམས་ཀྱི་རྒྱལ་པོའོ། །མཁས་པ་རྣམས་ཀྱི་འདྲེན་པའོ། །ཆོས་དཀར་པོ་རྣམས་ཀྱི་ ས་བོན་ནོ། །རྣམ་པར་སྨིན་པའི་འབྲས་བུའི་བདུད་རྩིའོ། །སྐྱེ་བ་དྲན་པའི་བཞིའོ། །སྐྱེ་བ་རབ་ཏུ་ཐོབ་པའོ། །བྱིས་པའི་ཆོས་རྣམས་ལ་སྨོད་པའོ། །དེ་བཞིན་གཤེགས་ པའི་ཆོས་ཀྱི་ཡོན་ཏན་ཡང་དག་པའོ། །སྟོན་པ་དང་འཛིན་པ་རྣམ་པར་སྨིན་པ་མཐའ་ཡས་པའོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་གནས་སོ། །སྟོན་པ་ན་བདེ་འགྲོ་ཐོབ་ [13B] །ཡི་གེར་འབྲི་བ་ན་འཇིགས་པ་ཐམས་ཅད་སྤོང་པའོ། །རྒལ་ནས་ཕྱིར་ལྡོག་པ་མེད་པའོ། །རྟོགས་པ་བརྗོད་པའི་གནས་སོ། །འཇིག་རྟེན་ཐམས་ཅད་ཀྱི་བསྟན་ པ་མ་ནོས་པའོ། །འདས་པའི་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པའོ། །ད་ལྟར་གྱི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཀྱི་གཏེར་རོ། །མ་འོངས་པའི་སངས་རྒྱས་རྣམས་ཀྱི་དགོངས་ པ་ཡོངས་སུ་རྫོགས་པར་བྱེད་པའོ། །ཡང་དག་པའི་ཡེ་ཤེས་འཁྲུག་པ་མེད་པ་མྱུར་དུ་འཐོབ་པར་འགྱུར་བའི་སངས་རྒྱས་ཀྱི་ཕྱག་ལས་བྱུང་བའི་ཕྱག་རྒྱའོ། །སངས་རྒྱས་ ཀྱི་ཡོན་ཏན་ཡོངས་སུ་དྲི་བར་འདུན་པ་ལ་ངོམས་པ་མེད་པའོ། །ཁོང་ཁྲོ་བའི་རྣམ་པར་རིག་པ་རབ་ཏུ་ཞི་བའོ། །ཐབས་མཁས་པ་རབ་ཏུ་ཐོབ་པའོ། །སའི་ཁམས་བསྒོམས་ པའོ༑ ༑ཆུའི་ཁམས་ལ་འཇུག་པའོ། །མེའི་ཁམས་ལ་སྙོམས་པར་འཇུག་པའོ། །རླུང་གི་ཁམས་གནས་པར་བྱེད་པའོ། །ནམ་མཁའི་ཁམས་རྣམ་པར་ཐར་པ་སྒྲུབ་པའོ། །རྣམ་པར་ཤེས་ པའི་ཁམས་སྟོན་པར་བྱེད་པའོ། །འདུས་བྱས་ལ་ཡིད་བྱུང་བའོ། །བག་ལ་ཉལ་ཟློག་པའོ། །ཁོང་ཁྲོ་བ་སེལ་བའོ། །བཏང་སྙོམས་སུ་འདོར་བའོ། །རང་གི་གནས་པ་ལ་མཁས་ པའོ༑ ༑གཞན་གྱི་གནས་པ་ལ་མཁས་པའོ། །བརྗོད་པ་འདོད་པ་རྣམས་ཀྱི་ཡི་གེའོ། །སྒྲུབ་པ་རྣམས་ལ་མངོན་པར་ཞེན་པ་མེད་པའོ། །ངར་འཛིན་པ་སྤོང་བའོ། །ང་ཡིར་འཛིན་པ་ [14A]༄༅། །འདོར་བའོ། །མོས་པ་བཟློག་པའི་གནས་སོ། །སེམས་འཇིགས་པ་དང་བཅས་པའོ། །སེམས་ཁྱི་དང་མཚུངས་པས་བསྟེན་པའོ། །རྒྱ་ཆེ་བ་ལ་ འཇུག་པའོ། །ཕྲ་བ་རྟོགས་པར་བྱེད་པའོ། །ངལ་བ་རྣམས་ཀྱི་གྲིབ་མའོ། །ཆུ་བོ་ལས་སྒྲོལ་བའོ། །ཕས་ཀྱི་རྒོལ་བ་རྣམས་ཀྱིས་མི་ཕྱེད་པའོ། །དེས་པ་རྣམས་ཀྱི་འཁར་བའོ། ། དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱེད་པའོ། །རྨུགས་པ་དང་གཉིད་རྣམས་སྤོང་བའོ། །རྒོད་པ་ལས་འདས་པའོ། །ཐེ་ཚོམ་སྤོང་བའོ། །འདོད་པ་ལ་འདུན་པ་སེལ་ བའོ༑ ༑ལེ་ལོ་ཡོངས་སུ་སྤོང་བའོ། །བདག་ཏུ་མི་དམིགས་པའོ། །སེམས་ཅན་དུ་མི་སྟོན་པའོ། །སྲོག་ཏུ་མི་གནས་པའོ། །ཆོས་ལ་བརྗིད་ངས་པ་མེད་པའོ། །ཕྱིན་ཅི་ལོག་ མེད་པའི་གཏམ་སྨྲ་བའོ། །རིགས་པར་སྨྲ་བའོ། །མངོན་པར་འདུ་བྱེད་པ་ལ་ལེགས་པར་བསམས་པའོ། །ཅང་ཤེས་ཀྱི་ངོ་བོའོ། །ཞུམ་པ་མེད་པའི་ངོ་བོའོ། །སྦྱིན་པ་དང་ཡེ་ ཤེས་ལ་མོས་པ་ཉིད་དོ། །འཁོར་གྱི་ནང་དུ་ཞུམ་པ་མེད་པར་འགྲོ་བ་ཉིད་དོ། །གཞན་ལ་མི་སྨོད་པ་ཉིད་དོ། །རང་གི་ཡོན་ཏན་མི་བརྗོད་པའོ། །བྱང་ཆུབ་ཀྱི་ཕྱིར་རྟག་ཏུ་ གནས་པའོ། །སྦྱོར་བར་བརྩམས་པའོ། །ཕྱོགས་འགའ་ལ་ཡུན་རིང་དུ་མི་གནས་པའོ། །ཡོངས་སུ་འཛིན་པ་སྤོང་བའོ། །བཀྲ་ཤིས་པར་ཡང་དག་པར་སྤྱོད་པའོ། །ལུས་ཀྱི་ངོ་བོ་ [14B] །སེམས་ཞུམ་པ་མེད་པ་ཉིད་དོ། །གནས་པ་ལ་མཁས་པའོ། །རྗེས་སུ་དྲན་པ་སྒོམ་པའོ། །མི་གཡོ་ཞིང་ང་རྒྱལ་མེད་པའོ། །རྣམ་པར་གྲོལ་བ་འཚོལ་བའོ། །ཐེ་ ཚོམ་ངེས་པར་བྱེད་པའོ། །ཚངས་པའི་གནས་པ་བསྐྱེད་པའོ། །བྱམས་པའི་སེམས་མཉམ་པ་ཉིད་དོ། །སྙིང་རྗེས་རྗེས་སུ་འཛིན་པ་ཉིད་དོ། །དགའ་བས་རང་ལ་དགའ་བར་ཉམས་ སུ་མྱོང་བ་ཉིད་དོ། །བཏང་སྙོམས་པ་ན་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་སེལ་བའོ། །ཚུལ་ཁྲིམས་ཀྱིས་གཞན་རྗེས་སུ་འཛིན་པའོ། །ཏིང་ངེ་འཛིན་སྒྲུབ་པ་ལ་འཇུག་པའོ། ། ཆོས་ཐམས་ཅད་ལ་ཤེས་རབ་ཀྱིས་རྣམ་པར་གྲོལ་བར་འཇུག་པའོ། །ཡི་གེ་སྒྲུབ་པ་ཁོང་དུ་ཆུད་པའོ། །ངེས་པའི་ཚིག་ལ་མཁས་པའོ་།བརྗོད་པ་རྟོགས་པའོ། །སྒྲ་ལ་འཇུག་ པའོ༑ ༑མཁས་པའི་ངོ་བོ་དོན་དུ་གཉེར་བ་ཉིད་དོ། །འདོད་པ་མེད་པར་ཆོས་ཀྱི་སྦྱིན་པ་རབ་ཏུ་སྒྲོག་པ་ཉིད་དོ། །བློ་གཅིག་ཏུ་ངེས་པ་ལ་མངོན་པར་དགའ་བ་མེད་པའོ། །ཚུལ་གཅིག་ པ་ལ་ཡོངས་སུ་སྐྱོ་བ་མེད་པའོ། །བྱང་ཆུབ་ལ་བླང་དོར་མེད་པའོ། །ཆོས་ཐམས་ཅད་ཆུད་ཟ་བ་མེད་པའོ། །ཇི་ལྟ་བ་བཞིན་ཡོངས་སུ་སྟོན་པའོ། །སེམས་ཅན་ཐམས་ཅད་ལ་ སླུ་བ་མེད་པ་ཉིད་དོ། །སྨོན་ལམ་བརྟན་པོ་ཡོངས་སུ་རྫོགས་པར་བྱེད་པའོ། །ཉིན་མཚན་དུ་སྦྱོར་བ་ལ་རྒྱུན་ཆད་པ་མེད་པའོ་།བྱང་ཆུབ་སེམས་དཔའི་སྤྱོད་པའོ། །སེམས་ཅན་ [15A]༄༅། །གྱི་ཁམས་ལ་འཇུག་པའོ། །ཐམས་ཅད་མཁྱེན་པ་ཉིད་སྒྲུབ་པ་སྟེ། མཆོག་ཏུ་དགའ་བའི་རྒྱལ་པོ། འདི་ནི་ཆོས་ཐམས་ཅད་ཀྱི་ཚུལ་ལ་ངེས་ པར་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ་།སྤྱོད་པ་དག་བྱེད་འཕགས་པ་རྣམས་ཀྱི་ ལམ༑ ༑རྗེས་སུ་མཐུན་པའི་ཚུལ་ཡིན་སེམས་སྦྱངས་པ། །སྤོབས་པའི་སྙིང་པོ་བྱང་ཆུབ་ཡན་ལག་ཚུལ། །ཏིང་འཛིན་འདི་ནི་བདེ་བར་གཤེགས་པའི་ནོར། །བདུད་ འདུལ་དྲི་བྲལ་ཁོང་ནས་ཁྲོ་བ་སྤོངས། །སྲིད་པའི་སྲེད་པ་གཅོད་བྱེད་ཤེས་རབ་དང། །སྙན་དང་གྲགས་པའི་ཡོན་ཏན་ལེགས་འབྱོར་ཅིང། །ཁམས་གསུམ་དག་ལས་ ངེས་འབྱུང་མཐར་ཡང་ཕྱིན། །ཡེ་ཤེས་ས་ཡིན་དགེ་བའི་ལམ་ཡང་ཡིན། །འཕགས་པའི་རིགས་ཡིན་བདུད་རྣམས་ཕུང་བྱེད་པ། །སྲིད་ལས་ཐར་བྱེད་བདེ་བར་ གཤེགས་པས་བསྟོད། །ཏིང་འཛིན་འདི་ནི་བདེ་བར་གཤེགས་པའི་ནོར་།ཤིན་ཏུ་མཉམ་འཇུག་ཚུལ་ནི་བྱེ་བའི་སྒོ། །རྗེས་སུ་རྟོགས་བྱེད་ཚིམ་བྱེད་གཅོད་བྱེད་ཅིང། ། སྡུག་བསྔལ་བཅོམ་པ་བདེ་བའི་རྗེས་འཇུག་པ། །ཏིང་འཛིན་འདི་ནི་བདེ་གཤེགས་སྤྱོད་པ་ཡིན། །བྱང་ཆུབ་ཡན་ལག་མེ་ཏོག་དྲན་རྟོགས་བྱེད་།ངོ་ཚ་ཤེས་པར་ལེགས་ [15B] བྱང་ཆུབ་ཡན་ལག་ཕྲེང་བ་བདེ་གཤེགས་དགྱེས། །ཏིང་འཛིན་མཆོག་དེ་འདི་ནི་གསུངས་པ་ཡིན། བྱང་ཆུབ་ཡན་ལག་ཕྲེང་བ་རྣམ་ཐར་པ། །རབ་ཏུ་སྐྱེ་ བྱེད་ཞིང་གི་ཕ་མཐར་ཕྱིན། །ཟླ་བའི་འོད་བྱེད་སྣང་བྱེད་སྲིད་གསུམ་འདས། །ཆོས་མཆོག་འདི་ཀུན་ཟླ་བས་བསྟོད་པ་ཡིན། །སེམས་གཡེངས་ཚུལ་འཆོས་ཤེས་ཁེ་རྙེད་པ་དག་ སྤངས་ནས་དགོན་པར་བརྟེན་པར་འགྱུར་བྱ་ཞིང། །སྦྱོར་བ་རྣམ་གསུམ་དག་པར་འགྱུར་བྱ་ན། །ཏིང་ངེ་འཛིན་འདི་ཡང་དག་སྒྲུབ་པར་གྱིས། །ཕ་རོལ་འཆིང་དང་གཡོ་དང་ཤེས་ ཁེའི་རྒྱུ༑ ༑སྤངས་ནས་རང་གི་ཡོན་ཏན་མི་བརྗོད་པར། །ཆོས་གོས་གསུམ་དང་བསོད་སྙོམས་སྤྱོད་པར་ཤོག་འདི་ལ་སྦྱོར་གྱུར་གསོག་འཇོག་བྱེད་མ་གྱུར། །འཕགས་པ་བགོད་ པའི་ངང་ཚུལ་ལྡན་བྱ་ཞིང། །གལ་ཏེ་ཏིང་འཛིན་མྱུར་ཐོབ་འདོད་ན་ནི། །མཁས་པས་རྟག་ཏུ་དྲི་བ་བརྩམ་པར་གྱིས། །དྲིས་ནས་ཡང་དག་སྒྲུབ་ལའང་གནས་པར་གྱིས། །ཚོགས་ ལས་ཐག་རིང་ཞི་ནས་དགར་འགྱུར་དང། །འགྲོ་ཀུན་ལ་ནི་མཛའ་བས་མཉེན་བྱ་ཞིང། །ཚུལ་འཆོས་གཞི་ཡི་གྲགས་པ་གཞར་བཏང་ན་།ཏིང་འཛིན་ཞི་བ་འདི་ནི་བཙལ་ བར་གྱིས། །ངོ་ཚ་ཤེས་གོས་དབེན་པའི་རོ་ཡི་ཟས། །བསམ་གཏན་མལ་ཆ་སྟན་དང་དབེན་པའི་ཁྱིམ། །བདག་མེད་རྟོགས་ལ་རྟག་ཏུ་དགའ་བྱེད་ན། །མཁས་པ་གཞན་གྱི་ [16A]༄༅། །བདེ་ལ་འདོད་མི་འགྱུར། །གལ་ཏེ་ཏིང་འཛིན་འདི་མྱུར་ཐོབ་འདོད་ན། །ཁྲོས་པས་སྨྲས་ན་གཞན་ལ་བཟོད་པ་དང། །ང་རྒྱལ་བསྐྱེད་མི་བྱ་ཞིང་ ང་བྲལ་བྱ། །ལས་ཀྱི་རྣམ་པར་སྨིན་ལའང་མངོན་དད་གྱིས། །ངན་སོང་ལམ་དང་དམིགས་ལ་མི་བརྟེན་ཅིང། །འཕགས་པའི་འགྲོ་བ་སྟོང་ལའང་མི་བརྟེན་པར། །ཉིན་ མཚན་བརྩོན་འགྲུས་སྟོབས་ལ་བརྩམ་བྱ་ན། །ཚུལ་གཞན་མིན་པའི་ཏིང་འཛིན་འདི་ཐོབ་བྱ། །མཐའ་གཉིས་ཡིད་འོང་མ་ཡིན་ལམ་སྤངས་པ། །ཡང་དག་ཚུལ་ འདི་ལམ་ནི་མཉམ་པ་སྟེ། །མ་བྱས་སྐྱེ་མེད་ཆོས་ནི་སུས་མཐོང་བ་།སྒྲུབ་པ་འདི་ལ་སངས་རྒྱས་དགྱེས་པར་འགྱུར། །མཆོག་ཏུ་དགའ་བའི་རྒྱལ་པོ། འདི་ནི་ཆོས་ ཐམས་ཅད་ཀྱི་ཚུལ་ངེས་པར་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱ་སྟེ། དེ་ཐོབ་པའི་བྱང་ཆུབ་སེམས་དཔས་ནི་ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པ་ཉིད་དུ་རྟོགས་ སོ༑ ༑ཆོས་ཐམས་ཅད་མི་གནས་པར་རྟོགས་སོ། །ཆོས་ཐམས་ཅད་སྐྱེ་བ་མེད་པར་རྟོགས་སོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་བྱས་པ་མེད་པར་རྟོགས་སོ། །ཆོས་ ཐམས་ཅད་གསོག་ཏུ་རྟོགས་སོ། །ཆོས་ཐམས་ཅད་གསོབ་ཏུ་རྟོགས་སོ་།ཆོས་ཐམས་ཅད་སྙིང་པོ་མེད་པར་རྟོགས་སོ། །གཞན་གྱིས་ཟིལ་གྱིས་མི་ནོན་ཏོ། །འགྲོ་བ་ལྔ་ལས་ [16B] །བདུད་རླག་པར་བྱེད་དོ། །སེམས་ཅན་ཐམས་ཅད་དགའ་བར་འགྱུར་རོ། །མཁས་པ་རྣམས་ཀྱིས་མཆོད་པར་བྱ་བ་ཡིན་ནོ། །ཆོས་ཉིད་ཐམས་ཅད་མཐོང་ངོ། །ཟླ་བ་ལྟར་ ལྷང་ངེར་སྣང་ངོ། །སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུ་བ་རབ་ཏུ་ཤེས་སོ། །བསམ་པ་དག་པ་རྣམས་ལ་བསྐུལ་མ་འདེབས་པ་ཡིན་ནོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་ རྟེན་གྱི་ཁམས་ཐམས་ཅད་ཤེས་པ་ཡིན་ནོ། །སྤྱོད་པའི་ས་རྗེས་སུ་ཐོབ་བོ། །བདག་མེད་པ་ཉིད་ལ་འཇུག་གོ། ངེས་པར་འབྱུང་བར་བྱ་བའི་ཁམས་རབ་ཏུ་ཤེས་སོ། །སེམས་ཅན་ ཐམས་ཅད་ཀྱི་མངོན་པའི་ང་རྒྱལ་མེད་པའི་ས་རྗེས་སུ་ཐོབ་པོ་།སྒྲིབ་པ་ལས་འདས་སོ། །མིང་དང་གཟུགས་ཀྱི་རང་བཞིན་རབ་ཏུ་ཤེས་སོ། །ངེས་པའི་ཚིག་གི་སྒོ་ནས་སངས་རྒྱས་ རྣམས་ཀྱིས་བསྟན་པ་རྗེས་སུ་རྟོགས་སོ། །མཚན་སུམ་ཅུ་རྩ་གཉིས་རབ་ཏུ་ཐོབ་བོ། །རྙེད་པ་དང་མ་རྙེད་པས་གཏུགས་པ་ལས་འདས་སོ་།འཇིག་རྟེན་ན་གོས་པ་མེད་པ་ཉིད་ཐོབ་ བོ༑ ༑སེམས་ཅན་རྣམས་ཀྱི་གནས་ཡིན་ནོ། །མྱ་ངན་ལས་འདས་པའི་སྒོ་འབྱེད་དོ། །སྦྱིན་པ་པོ་ཡིན་ནོ། །འཆི་བ་མེད་པར་སྟོན་པ་ཡིན་ནོ་།མྱ་ངན་ལས་འདས་པ་ཁོང་དུ་ཆུད་ པ་ཡིན་ནོ། །སེམས་ཅན་རྣམས་ཀྱི་གདུང་བ་སིལ་ཏོ། །སེམས་ཅན་རྣམས་ཀྱི་ཐེ་ཚོམ་གཅོད་པ་ཡིན་ནོ། །དབང་པོ་དྲུག་པོ་དག་གིས་མི་གོས་པ་ཡིན་ནོ། །ཡི་གེའི་སྒོ་བཅུ་དྲུག་ལ་ [17A]༄༅། །འཇུག་པའི་གཟུངས་ཐོབ་པོ། །ཡི་གེ་བཅུ་དྲུག་འདོད་པ་གང་ཞེ་ན། ཨ་ཞེས་བྱ་བ་དང། ར་ཞེས་བྱ་བ་དང། པ་ཞེས་བྱ་བ་དང། ཙ་ཞེས་བྱ་བ་ དང། ན་ཞེས་བྱ་བ་དང། ད་ཞེས་བྱ་བ་དང། ས་ཞེས་བྱ་བ་དང། ག་ཞེས་བྱ་བ་དང། ཐ་ཞེས་བྱ་བ་དང། པ་ཞེས་བྱ་བ་དང། བ་ཞེས་བྱ་བ་དང། ཀྵ་ཞེས་བྱ་བ་དང་ ཆ་ཞེས་བྱ་བ་དང། པ་ཞེས་བྱ་བ་དང། ཋ་ཞེས་བྱ་བ་དང་ཌྷ་ཞེས་བྱ་བ་སྟེ། འདི་དག་ནི་བཅུ་དྲུག་གོ་རྣམ་པ་བཅུ་དྲུག་ལ་འཇུག་པའི་གཟུངས་ལས་ནི་མཐའ་ ཡས་པས་བསྒྲུབ་པའི་སའང་ཐོབ་བོ། །ཆོས་ཐམས་ཅད་ཡ་མ་བརླར་རབ་ཏུ་ཤེས་སོ། །ངེས་པར་བྱེད་དོ། །སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཤེས་པ་དག་སྐྱེད་པར་ བྱེད་དོ༑ ༑དེ་ལ་ཉོན་མོངས་པ་ཐམས་ཅད་ཡོད་པ་མ་ཡིན་ནོ། །བྱིས་པ་ཐམས་ཅད་ཀྱིས་གཟུང་བའི་ཆོས་དེ་ཁོ་ན་རབ་ཏུ་ཤེས་སོ། །འཇུག་པར་བྱེད་དོ། །སེམས་ཅན་ རྣམས་ཚིམ་པར་བྱེད་དོ། །ལེགས་པར་སྨྲས་པས་མཆོད་སྦྱིན་བྱེད་དོ་།འཆི་བ་མེད་པའི་མཆོད་སྦྱིན་ཉེ་བར་འཇོག་གོ་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་མཁྱེན་པ་ ཉིད་དུ་བྱེད་དོ། །ཡོངས་སུ་ཤེས་པ་རྗེས་སུ་འཐོབ་པོ། །བདག་དང་གཞན་གྱི་སོམ་ཉི་གཅོད་དོ། །སེམས་ཅན་རྣམས་ཀྱི་འགྱོད་པ་བསལ་བར་ཡིད་མ་བླངས་པའོ། །བྱ་ [17B] །མཉམ་པ་ཉིད་ཀྱིས་རྗེས་སུ་འཐོབ་བོ། །སེངྒེའི་སྒྲ་སྒྲོག་པ་ཡིན་ནོ། །དེས་པ་ཡིན་ནོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཞུགས་ནས་སྙིང་ རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་དོ། །བདུད་ཀྱི་ཡུལ་ལས་འདས་སོ། །དབྱངས་སྙན་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །ང་རྒྱལ་སྤང་བའི་ཕྱིར་བཟོད་པ་ཐོབ་པོ། །བསམ་ གཏན་ཟབ་མོའི་བསམ་གཏན་པ་ཡིན་ནོ། །འགྲོ་བ་ལས་རྒྱལ་བའི་ཆོས་སྟོན་ཏོ། །གཏིང་ཐོབ་པ་ཡིན་ནོ། །ཆོས་ཐམས་ཅད་ལ་སྟོབས་དང་མཐུ་ཆེ་བ་རྗེས་སུ་འཐོབ་པོ། །ཆོས་ ཐམས་ཅད་ཀྱི་སྒོ་ནས་ཤེས་པའི་ཕྱིར་ཤེས་པ་པོ་ཡིན་ནོ། །སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་དྲན་ནོ། །བསྐལ་པ་གྲངས་མེད་པ་ནས་ཆོས་རྣམས་ཀྱི་ཆོས་དེ་བཞིན་ཉིད་མངོན་ པར་རྟོགས་སོ། །རྒོལ་བ་ཐམས་ཅད་ཤེས་སོ། །སྐྱོ་བའི་བསམ་པ་ཐམས་ཅད་སྤོང་བ་འཐོབ་བོ། །བྱང་ཆུབ་མྱུར་དུ་རྟོགས་སོ། །ལྷ་རྣམས་ཀྱིས་བསྟོད་དོ། །ཤེས་པས་ཆོས་ཐམས་ ཅད་ཀྱི་རྗེས་སུ་འཇུག་གོ་དོན་ཐོབ་པར་བྱ་བ་ལ་མཁས་པ་ཡིན་ནོ་།དེ་ལ་ཆོས་ཐམས་ཅད་ཡང་དག་པར་སྣང་ངོ། །ཟས་སུ་བདུད་རྩི་ཟའོ། །ཐེ་ཙོམ་ཐམས་ཅད་གཅོད་དོ་ བག་ཆགས་ཀྱི་མཚམས་སྦྱོར་བ་འདོར་རོ། །སྙིང་རྗེ་ཆེན་པོས་འགེབས་སོ། །དགོངས་པ་དྲན་ནོ། །སྔོན་གྱི་གནས་རྗེས་སུ་དྲན་པ་བསྒོམ་མོ་མྱ་ངན་ལས་འདས་པའི་ཡོན་ [18A]༄༅། །ཏན་སྤྱོད་པ་མྱུར་བར་རྟོགས་སོ། །ཚོགས་ཀྱི་མཆོད་པ་བྱས་པ་འཐོབ་བོ། །ང་རྒྱལ་ཐམས་ཅད་གཅོག་གོ་མཐུའི་ས་ངེས་པར་རྗེས་སུ་འཐོབ་བོ། ། སྣ་ཚོགས་པ་ཉིད་ལ་འཇུག་གོ་སྒྲུབ་པ་ཤེས་སོ། །སྨིན་པ་ཐམས་ཅད་ཤེས་སོ། །སངས་རྒྱས་ཀྱི་ཞིང་རྒྱས་པར་བྱེད་དོ། །ཕུང་པོའི་བདུད་འཇོམས་སོ། །དགོངས་པའི་ བཀའ་མྱུར་དུ་རྟོགས་སོ། །དེ་ལས་བདུད་མྱུར་དུ་རླག་པར་བྱེད་དོ་།ཕས་ཀྱི་རྒོལ་པ་མྱུར་དུ་འདུལ་ལོ། །འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་དག་ན་སངས་རྒྱས་ མཐོང་ངོ། །ཆོས་ཀྱང་ཉན་ཏོ། །དམ་པའི་ཆོས་བརྗེད་པ་མེད་དོ་།ཇི་ལྟར་བསམ་པ་བཞིན་ཏིང་ངེ་འཛིན་གྱི་རྣམ་པར་རོལ་པ་སྒྲུབ་པའང་རྗེས་སུ་འཐོབ་སྟེ། །ཏིང་ངེ་འཛིན་ འདི་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་བག་ཡོད་པས་ཐམས་ཅད་མཁྱེན་པ་ཉིད་དུ་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གལ་ཏེ་དེ་འདོད་ན་སྐྱེ་བ་གཅིག་ ཁོ་ནས་སམ། འདོད་ན་སྐྱེ་བ་གཉིས་སམ། །གསུམ་མམ། བཞི་ནས་བསྐལ་བའི་བར་གྱིས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ ན༑ འདི་ལྟར་ཏིང་ངེ་འཛིན་འདི་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །སྟོབས་ [18B] མ་འཁྲུལ་མ་འཁྲུགས་འདྲ་བ་ཡོད་མིན་ལ། །འཆི་མེད་བདུད་རྩི་འཐོབ་ཅིང་ལྷ་ཡུལ་དང་།མི་ཡུལ་དཔལ་བྱེད་མཚུངས་མེད་ རྩོམ་པར་འགྱུར། །སྟོབས་བཅུས་བསྟོད་པ་ཚུལ་འདི་འཛིན་པ་ནི། །དགའ་བྱེད་ཉོན་མོངས་རྡུལ་དང་ཐབ་འཇོམས། །གསོལ་བའི་ཚིག་གིས་ལྷ་མི་དགའ་བར་བྱེད། །རྒྱལ་ བའི་ཡོན་ཏན་འོས་མིན་སྲིད་མུན་སེལ། །སྟོབས་བཅུ་ཐོབ་བྱ་ཕྱིར་ནི་འདི་སྤྱོད་ན། །འགྲོ་ངན་འཇོམས་ཤིང་འགྲོ་བ་ངན་ལ་མཁས། །ལྷ་མི་གཞན་བློ་ངན་སེལ་དགའ་ བར་གྱུར། །བློ་ལྡན་ལམ་མཁས་གཞན་སྤྱོད་རྣམ་པར་འབྱེད། །ཚུལ་འདི་སྤྱོད་པ་སྲིད་འགྲོ་ཡངས་པ་སྤོང། །སྲིད་སོང་ལོག་པ་རྣམས་ལ་བསྐུལ་འདེབས་ཤིང། །ལྷ་མི་ ཇི་ལྟར་འདོད་བཞིན་སྤྱོད་བྱེད་ལ། །མཐུ་ལྡན་དྲི་མེད་ཟླ་འདྲའི་མིག་ཏུ་འགྱུར། །བྱ་བ་འདི་སྤྱོད་མཚུངས་པ་མེད་པ་ཡིན། །དེ་ལ་ལྷ་མི་རྟག་ཏུ་དགའ་བར་འགྱུར། །བློ་ལྡན་ སྲིད་འགྲོ་མི་དགའ་ཡུལ་འཁྲུལ་མེད། །འཁོར་ལ་སྒྲ་སྒྲོག་ཚུལ་བརྒྱ་རྣམ་པར་འབྱེད། །རྒྱལ་བ་ཡོན་ཏན་གྲོང་ལྡན་བདུད་རྩིའི་ཚུལ་།འདི་འཛིན་རང་གིས་ལེན་བཅུག་ རྣམ་འབྱེད་པ། །སྦྱིན་བདག་མཚན་རབ་མཛེས་པ་སུམ་ཅུ་གཉིས། །ཐོབ་པས་ལྷ་དང་མི་རྣམས་དགའ་བར་བྱེད། །འདི་ལ་སྤྱོད་པ་མཐའ་འཁོབ་ཚོགས་སེལ་ཅིང། །སྐྱེ་དགུ་མང་ [19A]༄༅། །འདུལ་ཡོན་ཏན་ཕལ་ཆེན་འབྱེད། །གཡོན་ཅན་ཡུལ་དང་འགྲོ་མཁས་མྱུར་བར་ནི། །དགེ་སྦྱོང་མཆོག་འགྱུར་ལྷ་མིས་ཡོན་ཏན་བསྟོད་།འཆི་ མེད་ནོར་མཆོག་དག་ནི་ཐོབ་འདོད་ན། །སྤྱད་པ་འདི་སྤྱོད་མྱུར་དུ་རྒྱལ་བར་འགྱུར། །གྲགས་ལྡན་ཡོན་ཏན་མཆོག་ཐོབ་དྲི་བསུང་གཏོད་།ལྷ་མི་འཇིགས་མེད་གྲོང་ཁྱེར་ཞི་བར་ སྒྲོལ༑ ༑ཚུལ་འདི་སྤྱོད་པ་འཆི་བ་མེད་ལ་དགའ། །གནས་ན་གནས་ཚེ་ཕྱོགས་བཅུའི་བདེ་གཤེགས་བསྟོད། །དེ་ནི་གཏམ་བརྗོད་ལྷ་མི་རྣམས་དགའ་ལ། །ཕན་འདུལ་མཉམ་ བཞག་སྙན་པ་སྤྱོད་མཆོག་སྨྲ། །ལྷ་དང་ལྷ་མིན་ས་སྟེང་སྡུག་བསྔལ་ལས། །འདའ་བར་བྱེད་ཅིང་བདུད་དཔུང་ལ་རླག་པར་བྱེད་།རྒྱལ་བའི་ཐད་སོང་མཆོད་བྱེད་འགྲོ་གནས་ མཁས༑ ༑སྲིད་འགྲོ་སྤོང་དྲན་རྟོགས་མཁས་ཡོན་ཏན་འཛིན། །ཏིང་འཛིན་ཞི་བ་མཆོག་འདི་འཛིན་པ་ན། །དབང་པོ་ཞི་ཞིང་ཡེ་ཤེས་མཆོག་འཛིན་ལ། །བསེ་རུ་ལྟ་བུར་ སྤྱོད་ཅིང་ངར་མི་འཛིན། །ཆོས་ཀྱི་སྐར་མདའ་རྟག་ཏུ་འབར་བའང་ཡིན། །ཡེ་ཤེས་རྒྱ་མཚོ་འདི་ནི་སྟོན་པ་དག། །དངོས་པོའི་ཚུལ་ལ་སྐད་ཅིག་པར་ཡང་རྟོགས། །སྲིད་གསུམ་དག་ ན་འདི་ནི་གདུགས་བཞིན་ཏེ། །ལྷ་མང་རྒྱལ་པོ་དེ་ལ་བསྟོད་པར་བྱེད། །ཞི་བ་བལྟ་དཀའ་འདི་ལ་འབད་པ་དག་ཉོན་མོངས་ཉམས་ཐག་དག་ནི་སེལ་བྱེད་ཅིང། །བདེ་བར་གཤེགས་ [19B] །ཉོན་མོངས་རྒྱུན་ཆད་སྲིད་གསུམ་འདུལ་བར་བྱེད། །ཏིང་འཛིན་མཆོག་རབ་འདི་དག་ཐོབ་པ་ནི། །གཞན་གྱི་སྤྱོད་པ་དྲན་ལས་བདག་གིས་བསྟེན། ། གང་གིས་བདེ་གཤེགས་མཁྱེན་པ་མང་ཤེས་ཤིང། །ཚུལ་རྣམས་ཐམས་ཅད་ལ་ནི་གནས་པ་ཡིན། །འདི་སྒྲུབ་པ་ནི་སངས་རྒྱས་རིགས་ཡིན་ཞིང། །སྒྲུབ་པ་བྱེ་བ་མང་པོ་ཆུབ་ པར་བྱེད། །སྡུག་བསྔལ་ཅན་གྱི་རེག་པ་རྟག་སེལ་ཅིང། །མི་དེ་འཆི་པ་མེད་པ་སྟོན་པ་ཡིན། །མཐོང་དགའ་ཚིག་སྙན་ཡོན་ཏན་གྲགས་པས་འཕགས། །ཡོན་ཏན་དག་ གིས་ཀུན་དུ་མངོན་མཛེས་ལ། །འཁོར་གྱི་ནང་དུ་ཕྱིན་ན་ནམ་མཁའ་ལ། །སྟོན་ཟླ་ཐ་ཆུངས་ཟླ་བ་ཉ་བ་བཞིན། །ཏིང་ངེ་འཛིན་ཏེ་འདི་དག་བསྟེན་པ་ནི། །འཁོར་བ་ནའང་འཁོར་ དང་ལོངས་སྤྱོད་དང། །རུས་རིགས་གྲགས་པ་བདེ་བར་གཤེགས་ཀྱིས་མཁྱེན། །དེ་ཡི་སྤོབས་པ་རྒྱ་མཚོ་ཇི་བཞིན་ནོ། །རྨད་དུ་བྱུང་བའི་མདོ་འདི་སྤྱོད་པ་ནི། །ཆོས་ཀྱི་ངོ་བོ་ བདག་མེད་ཚུལ་དག་ལ། །རིང་པོར་མི་ཐོགས་རྟོགས་ཤིང་སྟོན་པར་བྱེད། །སྟོང་གསུམ་དག་གི་སྨན་པར་མྱུར་དུ་འགྱུར། །འཆི་བ་མེད་པར་ཐོབ་པར་སྦྱོར་བ་ན། །སྟོང་ གསུམ་འཇིག་རྟེན་མི་རྣམས་ཇི་སྙེད་དང། །གངྒཱའི་ཀླུང་གི་བྱེ་སྙེད་སེམས་ཅན་ཁམས། །དེ་ལས་བརྒལ་ཏེ་ཡེ་ཤེས་སྒོ་ཡང་འཐོབ་།གང་ཞིག་ལྷག་པའི་བསམ་པས་འདི་ [20A]༄༅། །སྦྱོར་བ༑ ༑དུག་དང་མཚོན་དང་མེས་ཀྱང་མི་ཚུགས་ཤིང། །རྒྱལ་པོས་བཀྲབས་ལྷུང་ཁུ་སྒོའི་འཇིགས་པའང་མེད། །རྒྱལ་པོ་སྲིན་པོའི་འཇིགས་ པའང་འབྱུང་མི་འགྱུར། །ཚིག་བཞི་པོ་ནི་འཛིན་པར་བྱེད་པ་ན་།ཁྱིམ་ནས་འཆི་མེད་ནོར་ཆུད་ཟོས་མི་འགྱུར། །མི་དང་སྐེམ་དང་གདོན་གྱིས་མེ་ཚུགས་ཤིང། །ལོང་དང་ཞར་ དང་རྨོངས་པར་མི་འགྱུར་རོ། །ཏིང་འཛིན་ཞི་བ་འདི་ལ་སྦྱོར་བྱེད་པ། །དེ་ལ་གང་དག་གཟུངས་ཀྱི་གཏེར་ཡང་སྩོལ། །གང་ཞིང་འདི་སྦྱོར་དེ་ཚེ་བདེ་བར་གཤེགས། །བྱེ་བ་དྲུག་ཅུ་ གཉིས་པོའང་དགོངས་པར་འགྱུར། །གལ་ཏེ་བྱང་ཆུབ་མྱུར་དུ་རེག་འདོད་ཅིང། །གལ་ཏེ་ཡོན་ཏན་ཞིང་མཆོག་འདོད་བྱེད་པས། །མདོ་མཆོག་ཚུལ་འདི་ལ་ནི་སྦྱོར་བ་ནི། ། ཐམས་ཅད་མཁྱེན་པ་དེ་ཡི་ལག་ཏུ་འཐོབ། །དེ་བས་མཉན་ཏེ་འདིར་ནི་སེམས་ཅན་གང། །བྱང་ཆུབ་དོན་དུ་དགེ་ལ་དགའ་བྱ་ན། །ཞག་བཞིའི་བར་དུ་ལེགས་པར་ བརྩོན་བྱས་པས། །སྟོབས་བཅུ་དག་གི་ནོར་ནི་འཐོབ་པར་འགྱུར། །ཏིང་འཛིན་མཆོག་མ་ལ་ནི་འཇུག་བྱེད་པ། །རྐང་གཉིས་མཆོག་མ་བྱེ་བ་བརྒྱད་ཅུ་དང། །གཞན་ཡང་ རྒྱལ་བ་ཁྲག་ཁྲིག་དྲུག་ཅུ་རྣམས། །གང་དག་དེ་ལ་རྟག་ཏུ་དགོངས་པར་འགྱུར། །གང་གིས་མཉན་པ་རྙེད་པ་ལེགས་རྙེད་ལ། །འདི་ཉན་ནས་ཀྱང་འདི་ལ་མོས་བྱེད་པ། །དེ་ [20B] །དེ་དག་ཐེ་ཚོམ་འཁོར་བར་ཕྱིར་མི་མཐོང། །དེ་བས་ཉན་ཏེ་ཡང་དག་སྤྱོད་འདི་ལ་།བརྩོན་དང་ཡོན་ཏན་དག་ལ་དགའ་བྱ་ན། །མདོ་ འདི་བྲིས་ནས་ཀྱང་ནི་འཆང་བྱེད་པ། །ཐམས་ཅད་མཁྱེན་ཉིད་ངེས་པར་ལག་ཏུ་འཐོབ། །ངས་མངོན་ཤེས་ཏེ་བསྐལ་པ་བརྒྱ་འདས་ན་།སྤོབས་པའི་ཏོག་ཅེས་བྱ་བའི་རྒྱལ་པོ་ བྱུང། །དེ་ནི་ཏིང་འཛིན་མཆོག་འདི་བསྟན་པ་དག། །རྒྱལ་པོའི་བུ་སྟེ་ཟླ་བ་དཔལ་གྱིས་ཉན། །རྒྱལ་སྲིད་སྤངས་ནས་མྱུར་བར་རབ་བྱུང་སྟེ། །དེས་ནི་ཉིན་མཚན་གཅིག་ཏུ་ཉན་ ནས་ཀྱང། །དེ་ཐུན་ཐ་མ་དག་ལ་དུས་ལས་འདས། །ཞིང་གཞན་དག་ཏུ་དེ་ནི་བརྫུས་ཏེ་སྐྱེས། །ཇི་ལྟར་གངྒཱའི་བྱེ་མ་དེ་བས་ཀྱང་།མང་བོའི་ཞག་ཏུ་མཚུངས་པ་མེད་ལ་མཆོད། ། བྱང་ཆུབ་རྗེས་སུ་དེ་རྟོགས་བྱ་བའི་ཕྱིར། །ཀུན་ལས་ཏིང་ངེ་འཛིན་འདི་བསྐལ་པར་ཉན། །རྒྱལ་བ་མར་མེ་མཛད་ལུང་སྟོན་པ་གང། །རིན་ཆེན་གཙུག་ཏོར་ཞེས་བྱའི་རྒྱལ་དེ་ བྱུང། །དེ་ལྟར་འདི་ཐོས་འབྲས་བུ་ཆེ་བས་ན། །དེ་ཕྱིར་ཐོས་ནས་ལེ་ལོར་མི་བྱའོ། །ལྷ་མི་རྣམས་ལ་སྙན་པའི་དབྱངས་དག་གིས་།རབ་ཏུ་རྟོགས་པར་བྱ་ཞིང་མཆོད་བྱ་ལ། ། ངས་ནི་རིན་ཆེན་གཏེར་དག་ཕྱེ་ཟིན་གྱི། །སྟོབས་བཅུ་པོ་ཡི་ནོར་འདི་གཟུང་བར་གྱིས། །མཆོག་ཏུ་དགའ་བའི་རྒྱལ་པོ། སྔོན་འབྱུང་བ་འདས་པའི་དུས་བསྐལ་པ་གྲངས་མེད་པའི་ [21A]༄༅། །ཡང་ཆེས་གྲངས་མེད་པ་བྱུང་བ་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤོབས་པའི་རྒྱན་ བཀོད་པའི་དབྱངས་ཀྱི་ང་རོ་སྙན་པར་འབྲུག་སྒྲ་སྒྲོགས་པ་བཞེས་བྱ་བ་བྱུང་སྟེ། །དེའི་གསུང་རབ་ལ་ཆོས་སྨྲ་བ་སྤོབས་པ་མཐའ་ཡས་པའི་ཡོན་ཏན་ཏོག་གི་རྒྱལ་མཚན་རྣམ་པར་ འཕྲུལ་པ་ཞེས་བྱ་བ་ཞིག་བྱུང་ནས་དེ་ཏིང་ངེ་འཛིན་འདེ་སྟོན་པའི་ཚེ་རྒྱལ་པོའི་བུ་སྐྱེ་བོ་མང་པོ་ལ་བསོད་ནམས་ཀྱི་རྣམ་པར་སྨིན་པ་དག་པར་སྒྲ་སྒྲོགས་པས་འབུམ་རི་བོའི་ གོས་གྱོན་གྱོན་པ་བསྐོན་ཏེ་འདི་སྙམ་དུ་སེམས་ཅན་ཐམས་ཅད་ཀྱིས་ཏིང་ངེ་འཛིན་འདི་ཐོབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །དེ་དགེ་བའི་རྩ་བ་དེས་ན། གངྒཱའི་ཀླུང་ བརྒྱད་ཅུའི་བྱེ་མ་དང་མཉམ་པའི་དེ་བཞིན་གཤེགས་པ་རྣམས་དགྱེས་པར་བྱས་ནས་ཐམས་ཅད་ལས་ཏིང་ངེ་འཛིན་འདི་ཉན་ཏེ་མ་བསྟན་པའི་ཆོས་ཐམས་ཅད་ཀྱང་སྣང་ ངོ། །རྟག་ཏུ་བརྫུས་ཏེ་བྱུང་བར་གྱུར་བའི་སྐྱེ་བའང་དྲན་ནོ་།རྒྱལ་པོའི་བུ་སྐྱེ་བོ་མང་པོ་ལ་བསོད་ནམས་ཀྱི་རྣམ་པར་སྨིན་པ་དག་པར་སྒྲ་སྒྲོག་པ་དེ་སངས་རྒྱས་ཀྱི་ཞིང་ཡོན་ ཏན་དཔག་ཏུ་མེད་པ་བཀོད་པར་ཚེ་དཔག་མེད་ཅེས་བྱ་བར་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཏོ། །དགེ་སློང་ཆོས་སྨྲ་བ་སྤོབས་པ་མཐའ་ཡས་པའི་ཡོན་ [21B]བ་དེ་ནི་དེ་བཞིན་གཤེགས་པ་སྤྱན་ཆེན་པོ་ཞེས་བྱ་བར་གྱུར་ཏོ་།རྒྱལ་པོའི་བུ་དེས་ཏིང་ངེ་འཛིན་འདི་ཐོས་པས་ བསྐལ་པ་འབུམ་ཕྲག་བདུན་ཅུར་མངོན་པར་འདུས་བྱས་པའི་ལས་ཀྱི་སྒྲིབ་པ་རྣམས་སྤངས་སོ། །རྣམ་པར་འབྱེད་པའི་ལེའུ་དང། །སྒོ་མཐའ་ཡས་པས་བསྒྲུབ་པའི་གཟུངས་ དང་ཡང་སྐྱེ་བ་ཐམས་ཅད་དུ་མ་བྲེལ་ཏེ། །ཆུང་དུ་ན་སེ་གོལ་གཏོགས་པ་ཙམ་ཡང་མ་བྲལ་བར་གྱུར་ཏོ། །གཞན་ཡང་དེ་བཞིན་གཤེགས་པ་ཞལ་གསལ་ཟླ་བ་དྲི་མ་མེད་ པ་དཔལ་གྱི་སྙིང་པོ་གཟི་བརྗིད་ཅེས་བྱ་བ་བྱུང་སྟེ། དེས་དེ་ལ་ཏིང་ངེ་འཛིན་འདི་བསྟན་ཅིང་བཤད་པ་ན་ཚོང་དཔོན་གྱི་བུ་རྒྱ་ཆེར་མཛེས་ཤིང་བཀོད་པ་ལེགས་སེམས་ཀྱིས་དེ་ལ་ཉན་ ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། །ཆུང་མ་བདུན་ཅུ་དང། དཔག་ཚད་གཅིག་ཁོར་ཡུག་ཙམ་གྱི་གཏེར་བཞི་དང། སྐྱེད་མོས་ཚལ་བརྒྱ་ཕྲག་བཅོ་བརྒྱད་དག་སྤངས་ནས་ དེ་གོས་བཀྲམ་པའི་ས་གཞི་ལ་རྐང་པ་ནམ་ཡང་འཇོག་པར་མ་གྱུར་ཏོ། །དེ་རབ་བྱུང་ནས་ལོ་ཁྲིའི་བར་དུ་བཤང་གཅི་དང་གྲ་ལ་མ་གཏོགས་པར་ནམ་ཡང་འདུག་པ་དང་ མཆིལ་ལྷམ་བགོས་མ་མྱོང་སྟེ། །རྨུགས་པ་དང་གཉིད་དང་བྲལ་ནས་འཆག་པ་ལ་མངོན་དུ་བརྩོན་པར་གྱུར་ཏོ། །དེ་ལོ་ཁྲི་པོ་དེ་དག་འདས་ནས་དེས་སངས་རྒྱས་ཐམས་ཅད་ [22A]༄༅། །ཅད་ཀྱི་བཀའ་དང། ངེས་བའི་ཚིག་དང། དབྱངས་སྡུད་པ་བཞེས་བྱ་བའི་གཟུངས་དང། སྒྲ་ཐམས་ཅད་ལ་འཇུག་པར་ཁོང་དུ་ཆུད་པ་ཞེས་བྱ་བའི་ ཏིང་ངེ་འཛིན་ཐོབ་སྟེ། དེ་ལ་ལྷ་དྲུག་འབུམ་སྙེད་པོ་དེ་དག་ཀྱང་བསྙེན་བཀུར་བྱེད་པ་ལ་བརྩོན་པར་གྱུར་ཏོ། །ལུས་དང་སེམས་མཆོག་ཏུ་དག་པར་སྒྲུབ་པའི་ཚེ་ལྷོ་ཕྱོགས་ན་ འཇིག་རྟེན་གྱི་ཁམས་ཡོན་ཏན་ཐམས་ཅད་ཀྱིས་རབ་ཏུ་བརྒྱན་པར་དེ་བཞིན་གཤེགས་པ་ཡིད་འཐད་ཅེས་བྱ་བར་ད་ལྟར་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ སོ༑ ༑འཕགས་པ་བསྐལ་པ་བཟང་པོ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། །བམ་པོ་གཉིས་པ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་ བཅད་པ་འདི་དག་བཀའ་སྩལ་ཏོ། །དཔེར་ན་གངྒཱའི་བྱེ་མ་སྙེད་།བསྐལ་པ་མཐའ་ཡས་དྲན་གྱུར་ཏེ། །གང་ཚེ་སྤོབས་པའི་དབྱངས་ཞེས་བྱ། །འཇིག་རྟེན་མགོན་པོ་བྱུང་བར་ གྱུར༑ ༑དེ་ཡི་གསུང་རབ་དག་ལ་ནི། །དགེ་སློང་ཆོས་འཛིན་མཁས་པ་བྱུང། །དེ་ཡིས་ཏིང་འཛིན་འདི་བཤད་པ། །རྒྱལ་པོའི་བུ་དེས་ཉན་ནས་ནི། །དེ་ཡི་གོས་ཀྱང་བསྐོན་ བྱས་ཏེ༑ ༑ཡོངས་སུ་བསྔོ་བ་བྱས་ནས་ཀྱང། །མགོན་པོ་སངས་རྒྱས་དེས་མཐོང་ནས། །ཚེ་དཔག་མེད་པ་བྱང་ཆུབ་འཐོབ། །སྔོན་གང་ལས་རྣམས་བྱས་གྱུར་པའི། །དེ་ཡི་རྣམ་ [22B]ཡེ་ཤེས་ཕུང་པོ་འདི་ཐོས་པས། །མ་ལུས་པར་ནི་ཐམས་ཅད་ཟད། །གཞན་ཡང་སངས་རྒྱས་དྲི་མེད་ཟླས། །ཏིང་ངེ་འཛིན་ནི་བཤད་པ་ན། །ཚོང་དཔོན་བུ་ ཡིས་ཉན་ནས་ནི། །ཁྱིམ་དག་སྤངས་ནས་ངེས་བྱུང་སྟེ། །གཉིད་དང་འདོད་པ་མེད་གྱུར་ཅིང། །མཆིལ་ལྷམ་བགོས་པར་མ་གྱུར་པར། །དེ་ཡིས་ལོ་ནི་སྟོང་ཕྲག་བཅུར། ། ཏིང་ངེ་འཛིན་ནི་བསྒོམས་པ་བྱས། །འདི་ཐོས་ཙམ་གྱི་མོད་ལ་ནི་།བྱང་ཆུབ་མཆོག་ནི་ཐོབ་གྱུར་ཏེ། །ཕྱིར་ཞིང་ཁྱིམ་ནོར་འདོད་པ་དང། །ལོངས་སྤྱོད་དག་ལ་དགའ་མ་གྱུར། ། སངས་རྒྱས་མཐའ་ཡས་དེས་མཐོང་ནས། །ཐམས་ཅད་དག་ལ་ཡོངས་ཞུས་ཏེ། །དེ་ཡིས་ཚུལ་ཀུན་འཇུག་པ་ནི། །མྱུར་བར་རྗེས་སུ་རྟོགས་པར་གྱུར། །ཏིང་འཛིན་འདི་ལ་སྦྱོར་ བྱེད་དེས། །ཡིད་དུ་འཐད་ཅེས་བྱ་བ་ཡིན། །བསམ་པ་ཡོངས་སུ་རྫོགས་མཛད་པ། །བྱང་ཆུབ་དེ་ནི་མྱུར་དུ་འཐོབ། །ཕྱི་མའི་དུས་ན་འབྱུང་བ་ནི། །ཡེ་ཤེས་ཕྱག་རྒྱ་འདི་ཉན་ ཀྱང། །ལོངས་སྤྱོད་མེད་ཅིང་བདེ་བ་མེད། །རབ་ཏུ་བྱུང་བར་འདུན་པའང་མེད། །གཅིག་ལ་གཅིག་ནི་སྤྱོ་བ་དང། །གཤེ་བ་དང་ནི་བསྡིགས་པ་དང། །སྨོད་པ་དང་ནི་སྒྲོག་བྱེད་ ཀྱང། །སངས་རྒྱས་འགྱུར་བར་བྱ་ཞེས་ཟེར། །ཁྱིམ་ན་སྡུག་བསྔལ་སྟོང་ཡོད་པ། །བཟོད་འགྱུར་འདོད་པའི་རྒྱུ་དག་ལ། །ལྟོས་ནས་ཉོན་མོངས་བྲན་གྱུར་ཀྱང། །སངས་རྒྱས་ [23A]༄༅། །འགྱུར་བར་བྱ་ཞེས་ཟེར། །དེ་དག་གི་ནི་རྨི་ལམ་དུ་།སངས་རྒྱས་མཐོང་ནས་དབུགས་འབྱིན་ཅིང། །མངོན་པའི་ང་རྒྱལ་འབྱུང་གཞན་ཡང། ། ང་ལ་བྱང་ཆུབ་ཐེ་ཚོམ་མེད། །དོན་ཕྱིར་མ་ཡིན་དེ་དག་གིས་།མདོ་འདི་སྒྲ་ཙམ་ཉན་ནས་ཀྱང། །དབུགས་དག་འབྱིན་བྱེད་བདག་གིས་ནི། །རིང་པོ་མི་ཐོགས་བྱང་ཆུབ་ འཐོབ༑ ༑དེ་ཡི་ཡང་དག་ཚུལ་འདི་ནི། །ཇི་བཞིན་ཐོས་ཤིང་ཉན་བྱས་ཀྱང། །འཛིན་མེད་ཕྱིར་ཞིང་ཆགས་མེད་པ། །བར་སྣང་གི་ནི་རླུང་བཞིན་ནོ། །འདི་ལ་མང་པོ་ཁ་ ཅིག་དག་བྱང་ཆུབ་དོན་ཕྱིར་རོ་བྱུང་ཡང། །ཕན་ཚུན་ཤེས་ཁེའི་གཞི་དག་ལས། །ཉེས་པ་དག་ནི་བསྐྱེད་པར་འགྱུར། །ཤིན་ཏུ་དབུལ་ཞིང་ཤེས་རབ་དམན། །ཐོས་ པ་ཙམ་གྱིས་ང་རྒྱལ་ཅན། །གཞན་ལ་སྙེམས་པར་བྱེད་པ་དེས་།བདག་གིས་བྱང་ཆུབ་མཐར་ཕྱིན་སྙམ། །སྐུ་གདུང་རྙེད་དང་འོད་མཐོང་དང། །རྒྱལ་བ་མཆོད་པས་སྤུ་ ཟིང་བྱེད། །བྱང་ཆུབ་ཐོབ་པར་ཤེས་འགྱུར་བས། །ཅུང་ཟད་ཙམ་གྱིས་ངོ་མཚར་བྱེད། །བྱང་ཆུབ་ཤིན་ཏུ་རིང་གྱུར་པའི། །གང་དེའི་གཡོ་འདི་དག་གིས་ཀྱང། །ཉམས་ པར་བྱས་ནས་ཕྱིར་ཞིང་ནི། །དེ་ཡི་རྒྱལ་བ་ཤིན་ཏུ་རིང། །མདོ་འདི་དག་ནི་ཉན་ནས་ཀྱང། །བྱང་ཆུབ་ཐོབ་པར་འགྱུར་ཤེས་ཤིང་།ཚེ་དཔག་མེད་གྱུར་བལྟ་བྱ་སྙམ། ། [23B] །དམིགས་པ་དག་ལ་གནས་པ་ཡི། །བྱང་ཆུབ་ཤིན་ཏུ་རིང་བ་སྟེ། །ཡང་དག་མཐའ་ལ་གང་མི་བརྩོན། །དེ་དག་ལ་ནི་ལུང་མི་བསྟན། །ཚོང་ དཔོན་གྱི་ནི་བུ་འདི་ཡིས། །ནོར་མཛོད་གང་ཡིན་བཏང་མཐོང་ནས། །དེ་དག་རབ་ཏུ་བྱུང་ནས་ཕྱིས། །སློང་མོ་སྟེར་བའི་ཁྱིམ་ལ་ཆགས་།འདི་འདྲའི་ཏིང་ངེ་འཛིན་ནི་གང། །མར་མེ་ མཛད་ལས་ངས་སྔོན་ཐོས། །ཡང་དག་པ་ནི་མི་ཤེས་པ། །དེ་ནི་གང་ཡང་འབྱུང་མི་འགྱུར། །རིན་ཆེན་རིན་ཐང་མེད་འདོད་ཕྱིར་།རྒྱ་མཚོར་ཤ་ནའི་ཁུར་ཁྱེར་ལྟར། །བློན་པོ་དེ་དག་ རབ་བྱུང་ནས། །ཤེས་ཁེའི་མཆོད་ལ་རག་ལས་སོ། །འདི་ལ་ཐོས་དང་ཚུལ་ཁྲིམས་དང། །རབ་ཏུ་བྱུང་བས་དག་མི་འགྱུར། །བྱང་ཆུབ་ལམ་ནི་བསྒྲུབས་འདི་ལ། །བག་ཡོད་ པར་ནི་གནས་པར་གྱིས། །ཕྱི་མའི་དུས་ན་གང་ཞིང་གིས། །བཤད་པའི་ཚེ་ན་ཉན་ནས་ཀྱང། །དེ་ཉིད་ལ་ནི་རྙེད་བའི་རྒྱུས་།ཕྱིར་ཞིང་མི་སྙན་པ་དག་ཟེར། །མདུན་ནས་ཀྱང་ནི་ ཕྱག་འཚལ་ལ། །ལེགས་སོ་ཞེས་ནི་སྦྱིན་བྱེད་ཅིང། །དེ་ལ་ཆོས་གོས་དབུལ་བྱེད་ཀྱང། །མི་སྙན་པ་དག་ཟེར་བར་འགྱུར། །མཆི་མ་དག་ཀྱང་བླགས་བྱས་ཤིང། །བདག་ཉིད་ དབུལ་བ་བྱས་ནས་ཀྱང། །དགེ་འདུན་ནང་དུ་དེ་ལ་ནི། །སྡིག་པ་བྱེད་ཅེས་ཕྱིར་ཞིང་སྨྲ། །སློབ་དཔོན་ལ་ནི་མཆོད་མི་བྱེད། །བླ་མ་དག་ལ་རི་མོ་མེད། །ཅུང་ཟད་ཙམ་གྱིས་ཁྲོ་བྱེད་ [24A]༄༅། །ཅིང། །ཁྱིམ་སུན་འབྱིན་དང་ལྡན་པ་ཡིན། །ཕ་རོལ་བསོད་ནམས་མ་དད་ཅིང། །རང་གི་སྐྱོན་ལ་མི་སེམས་པར། །གཞན་གྱི་མཆོད་པ་ཤེས་ནས་ ནི། །ཕྲག་དོག་མི་བཟད་སྐྱེད་པར་བྱེད། །བདག་གིས་གདུགས་དང་རྒྱལ་མཚན་དང། །ཆོས་གོས་དང་ནི་མེ་ཏོག་གིས། །སྐུ་གདུང་དག་ནི་མཆོད་བྱས་ནས། །བྱང་ཆུབ་ཐོབ་ པར་འགྱུར་ཞེས་ཟེར། །མདོ་འདི་དག་ནི་ཉན་ནས་ཀྱང། བདེ་བ་ཐམས་ཅད་སྤངས་བྱས་ཏེ། །སྒྲུབ་པ་དག་ལ་གནས་པ་ནི། །ང་ཡི་ཡང་དག་མཆོད་འདི་ཡིན། །དཔེར་ན་ རབ་འབྱོར་མཆོད་བྱེད་ལྟར། །བདག་གི་ཕུང་པོ་སྤངས་ནས་ཀྱང་།ཆོས་ཉིད་དེ་ལ་མཆོད་བྱེད་ཀྱི། །སྐུ་གདུང་གཟུགས་ལ་ཅི་ཞིག་མཆོད། །མདོ་འདི་སྒོམ་པར་བྱེད་པ་ན། ། སྲོག་ལ་དགའ་བ་སྤང་བྱ་སྟེ། །དགོན་པར་རྟག་ཏུ་གནས་བྱ་ཞིང་།འཚོ་བའི་འཇིག་རྟེན་ཟད་པར་བྱ། །མཆོག་དགའ་རྒྱལ་པོ་ང་ལས་ནི། །སྒྲུབ་པ་དག་ནི་ཉན་ནས་ཀྱང། །མི་ དང་ལྷན་ཅིག་རྒྱ་བ་ན། །ནམ་ཡང་ཡིད་བརྟན་མི་བྱ་སྨྲ། །འདི་བདེན་འདི་ནི་མི་བདེན་ཞེས། །བདག་སྨྲ་བ་ན་དེ་དག་ནི། །དགའ་བས་མི་སྙན་བརྗོད་བྱེད་པ། །དེ་ཚེ་བདག་ ནི་ཉམས་པར་འགྱུར། །བྱང་ཆུབ་མཆོག་ལ་ཕྱིར་ཞིང་ནི། །ཤེས་ཁེའི་སྤྱོད་ཡུལ་འདུན་པ་མེད། །དེ་དག་བྱང་ཆུབ་བཀུར་སྟི་ཅན། །དེ་དག་རྣམ་གྲོལ་ཤིན་ཏུ་རིང། །སྡོམ་པས་ [24B] །ང་ཡི་བདག་ཉིད་ཆེན་པོ་དང་།རྫུ་འཕྲུལ་གང་ཡང་རུང་བདག་འདི་དག་ཐམས་ཅད་འདིར་མཐོང་ངམ། །ཤེས་ཀྱི་ཁེ་དང་རྙེད་སྤངས་ནས། །རི་དགས་ བཞིན་དུ་དགོན་པ་ན། །དབེན་པ་དག་ཏུ་བསྟེན་བགྱིས་ཏེ། །ས་དང་ཚུལ་ཁྲིམས་གཟུངས་རྣམས་སྤྱོད། །བདེན་མིན་ངས་ནི་མ་སྨྲས་པ་།ཁྱོད་ལ་བྱིན་གྱིས་བརླབ་བྱ་སྟེ། །ཕྱེ་དུས་མི་ཟད་ པ་ཡི་ཚེ། ༑མདོ་སྡེ་འདི་ཡང་ཁྱོད་ལ་ནི། །ཚེ་དཔག་མེད་དང་འཇིག་རྟེན་མགོན། །མི་འཁྲུགས་དེ་བཞིན་འོད་ཟེར་གཏོང། །དེ་ལ་བྱེ་བ་དྲུག་ཅུ་པོ། །སངས་རྒྱས་འཁོར་བཅས་ཀུན་ མཐོང་ངམ། །སྟོན་པ་འཁོར་བཅས་དེ་དག་ནི། །ཕྱི་མའི་དུས་ན་ཆོས་ཀྱང་སྐྱོང། །མདོ་འདི་ཆོས་ཀྱི་ཕྱག་རྒྱ་སྟེ། །ཕྱི་མའི་ཚེ་ན་སྒྲུབ་པར་འགྱུར། །ཡོངས་སུ་གཏད་པ་འདི་ཉན་ཚེ། ། སྟོང་གསུམ་དག་ཀྱང་གཡོས་གྱུར་ཏེ། །ལྷ་ཡིས་ལེགས་སོ་ཞེས་བྱིན་ཞིང། །མེ་ཏོག་མང་པོའི་ཆར་བ་བབ། །དེ་ནས་བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བའི་རྒྱལ་པོ་བྱང་ ཆུབ་སེམས་དཔའ་སུམ་ཁྲི་དང་ལྷན་ཅིག་ཏུ་ལུས་འདར་ལ་མཆི་མ་ཟག་ཅིང་སྐྱེ་བུང་ཞེས་བྱེད་ལ། མཆན་ཁུང་ནས་རྡུལ་བྱུང་བཞིན་དུ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ག་ ལ་བདེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་ཚིག་མཐུན་པར་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སླད་མའི་དུས་ན་བརྡེག་བཙོག་ལ་ཉེ་བར་གནས་ [25A]༄༅། །པ་དང། །ཆོས་སྨྲ་བ་ལ་བརྙས་པ་དང། ཐམས་ཅད་མཁྱེན་པའི་ཡེ་ཤེས་མ་མཆིས་པ་དང། བསྟན་པ་འཇིག་པ་དང། ཡེ་ཤེས་མཐོང་བ་ཆུང་ བ་དང། ཆོས་དཀར་པོ་རྣམ་པར་གཞིག་པ་དང། འཚོ་བའི་མཐར་གྱུར་པ་དེའི་ཚེ་ན་ལུས་དང་སྲོག་ཡོངས་སུ་བཏང་སྟེ། བདེ་བར་གྲགས་པ་ཐམས་ཅད་བདག་གིས་རལ་ གྲི་ལྟ་བུས་གཅད་པར་བགྱི་ཞིང་དེ་བཞིན་གཤེགས་པའི་ལམ། གཏེར་སྣ་ཚོགས་པ། སྤོབས་པ་ཕྱིན་ཅི་མ་ལོག་པ། ཕྱག་རྒྱ། དགེ་བའི་རྩ་བ་ལེགས་པར་སྡུད་པའི་རྒྱ་ མཚོ༑ གཟུངས་ཀྱི་རིགས་བདུད་ཟིལ་གྱིས་གནོན་པ། ཐམས་ཅད་མཁྱེན་པ་ཉིད་དུ་བསྒྲུབ་པ་ལ་རྗེས་སུ་རྟོགས་པའི་མདོ་སྡེ་འདི་དང་འདི་ལྟ་བུ་དག་བྲིས་ནས་འཆང་པ་དང་ སྟོན་པར་བགྱིད་ལགས་སོ། །བཅོམ་ལྡན་འདས། བདག་ཅག་སེམས་ཅན་དམྱལ་བ་ན་མཆིས་སུ་ལགས་ཀྱང་ཏིང་ངེ་འཛིན་རིན་པོ་ཆེ་འདིའི་སླད་དུ་ནི་སྤྲོ་བར་བགྱིད་ ལགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བའི་རྒྱལ་པོས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །འཇིག་རྟེན་མགོན་པོ་མ་གཏོགས་པར། ། དབང་གཞན་སུ་ཡང་མ་མཆིས་ན། །ཅི་ནས་བྱང་ཆུབ་བདག་འདུན་དང། །བདག་གི་བསམ་པ་མཁྱེན་ལགས་སམ། །རྒྱལ་བ་སླད་དུས་འཇིགས་ཆེན་ཚེ། །བདག་གི་ [25B] །མ་ལུས་པར་ནི་སྤངས་གྱུར་ཀྱང་།ཏིང་ངེ་འཛིན་འདི་གཟུངས་པར་བགྱི། །གལ་ཏེ་བསྐལ་པ་ཚད་མེད་པར། །སེམས་ཅན་དམྱལ་གནས་མཆིས་གྱུར་ཀྱང་ །ཏིང་ངེ་འཛིན་འདི་འཆང་བ་དང། །རྟག་ཏུ་དེ་ལ་སྤྲོ་བར་བགྱི་།སེམས་ཅན་ཐམས་ཅད་གཉེར་ནས་ནི། །ཟང་ཟིང་མ་མཆིས་ཆོས་བསྟན་བགྱི། །འདུ་བྱེད་ཐམས་ཅད་སྤངས་ནས་ ཀྱང། །སྲོག་ཆགས་རྣམས་ཀྱི་དོན་དག་བགྱི། །སླད་དུས་ཉེ་བར་གནས་པ་ན། །བདག་གི་ལུས་སྲོག་རུས་པ་དང། །ཤ་དང་ཆུ་རྒྱུས་ཞིག་ཀྱང་རུང། །བདག་གིས་ལེ་ལོ་མི་བགྱིའོ། ། བཤེས་འཕྲིན་ཐམས་ཅད་སྤངས་ནས་ནི། །དགོན་གནས་དག་ཏུ་མཆིས་བགྱི་ཞིང། །བྱམས་པས་སེམས་ཅན་ཁྱབ་བགྱི་སྟེ། །ནད་མེད་འགྱུར་བའི་སྨན་སྩལ་བགྱི། །སྤྱོད་ ཡུལ་ལོག་པ་གང་དེ་དག་དེ་དག་གིས་ནི་མི་བསླབ་ཅིང། །ཅི་ནས་མདོ་འདི་སྤྱད་པ་ཡང། །ཡང་དག་ཇི་བཞིན་སྤྱད་པར་བགྱི། །ཇི་ལྟར་སངས་རྒྱས་མཁྱེན་པ་ལྟར། །རྟག་ཏུ་ བག་མཆིས་པར་ཡང་བགྱི། །འདི་ལ་ཐོག་མར་མཆི་བ་བདག་སེམས་ཅན་རྣམས་ལའང་སྤྲོ་བར་བགྱི། །ཞུགས་ཀྱི་ཕུང་པོར་མཆོངས་ཀྱང་རུང། །འཇིགས་ཆེན་སྨོན་ཆོས་འཚལ་ ཀྱང་རུང། གྲགས་པ་དང་ནི་མཆོད་སླད་དུ། བྱང་ཆུབ་མཆོག་ནི་སྟོན་མི་བགྱིད། །ཆོས་ཀྱི་རྣམ་གྲགས་འདི་བཤད་པ་ན་གངྒཱའི་ཀླུང་བདུན་ཅུའི་བྱེ་མ་དང་མཉམ་པའི་སེམས་ [26A]༄༅། །ཅན་གང་དག་འཇིག་རྟེན་གྱི་ཁམས་གྲངས་མེད་པ་ནས་ལྷགས་ཏེ་དེ་དག་གིས་འདི་ཐོས་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སྟོང་པོ་དེ་དག་ཐམས་ཅད་ཀྱིས་ཀྱང་ཏིང་ངེ་འཛིན་འདི་ཐོབ་བོ། །ཕྱི་མའི་ཚེ་ན་གང་དག་ཆོས་སྨྲ་བ་ལྷ་འབུམ་ ཕྲག་བཅུ་པོ་དེ་དག་ཀྱང་སྤྲོ་བར་མཛད་ནས་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །ལྷ་དུང་ཕྱུར་ཕྲག་བདུན་པོ་བདག་ཀྱང་གང་དག་ཆོས་རྣམས་ལ་ཆོས་ཀྱི་མིག་རྣམ་པར་ དག་གོ་འཁོར་བཞི་པོ་མིའི་སྐྱེ་རྒུ་བྱེ་བ་ཕྲག་བཅོ་བརྒྱད་དག་གིས་ཀྱང་གང་དག་ཆོས་རྣམས་ལ་ཆོས་ཀྱི་མིག་སྐྱེས་སོ། །ངན་སོང་གསུམ་པོ་ཐམས་ཅད་ཀྱང་རབ་ཏུ་ཞི་བར་ གྱུར་ཏོ༑ ༑བཅོམ་ལྡན་འདས་ཀྱི་འོད་ཀྱིས་ཀྱང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་དང་མཉམ་པ་དག་ཏུ་སྣང་བར་གྱུར་ཏོ། །དེའི་མདོ་ལ་སྲིད་པའི་རྩེ་ མོ་ནས་མནར་མེད་པའི་བར་གྱི་སེམས་ཅན་ཐམས་ཅད་བདེ་བར་གྱུར་ཏོ་།བཅོམ་ལྡན་འདས་ཀྱི་འོད་དེ་ལས་རིན་པོ་ཆེ་བཀོད་པ་མཐའ་ཡས་པའི་པདྨ་འདབ་མ་འབུམ་ ཡོད་པ་བྱེ་བ་ཁྲག་ཁྲིག་བྱུང་བར་གྱུར་ནས་པདྨ་ཐམས་ཅད་ལའང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟ་བ་བཞིན་དུ། དེ་བཞིན་གཤེགས་པ་རྣམས་འཁོར་དེ་ལྟ་བུ་དག་དང་ [26B] མཆོག་ཏུ་དགའ་བའི་རྒྱལ་པོའང་ཐམས་ཅད་ལ་གསོལ་བ་འདེབས་ལ། །སངས་རྒྱས་དེ་དག་ཐམས་ཅད་ཀྱིས་ཀྱང་ཏིང་ངེ་འཛིན་འདི་བཀའ་སྩལ་ནས་སེམས་ཅན་ གྲངས་མེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་མཛད་དོ། །འདི་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་སྟོན་པ་སྤྱོད་པ་ ཡོངས་སུ་དག་པར་བྱེད་པ་ཞེས་བྱ་བའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བའི་རྒྱལ་པོ་ལ་ བཀའ་སྩལ་པ། མཆོག་ཏུ་དགའ་བའི་རྒྱལ་པོ། དེ་ལྟ་བས་ན། སྦྱིན་པ་ལྷུར་མ་བྱེད་པར་ཆོས་ལ་མཆོད་པ་བྱ་བའི་ཕྱིར་ནི་མཆོད་པ་གྱིས་ཤིག་མཆོག་ཏུ་དགའ་བའི་ རྒྱལ་པོ༑ སྔོན་བྱུང་བ་འདས་པའི་དུས་བསྐལ་པ་གྲངས་མེད་པ་མང་པོ་དག་བྱུང་བ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་ སྡུག་མཛེས་པ་རྣམ་པར་ངེས་པའི་འོད་ཀྱི་གཟི་བརྗིད་ཀྱི་རྒྱལ་པོ་ཞེས་བྱ་བ་ཞིག་བྱུང་སྟེ། སྐུ་ཚེའི་ཚད་ནི་དཔག་ཏུ་མེད་དོ་།སངས་རྒྱས་ཀྱི་ཞིང་གི་བཀོད་པ་ནི་མཐའ་ ཡས་སོ༑ ༑འཁོར་ནི་གྲངས་མེད་དོ། །ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མའི་ཚེ་དེའི་ཆོས་སྨྲ་པ་རིན་པོ་ཆེའི་ལུས་མཐའ་ཡས་པར་གྲགས་པ་སྤྱོད་པའི་མཛོད་ཅེས་བྱ་བ་ཞིག་བྱུང་ [27A]༄༅། །བར་གྱུར་ཏེ། དེ་ཏིང་ངེ་འཛིན་འདི་སྟོན་པ་ན་དགེ་སློང་གཞན་དག་གིས་བསྟན་པ་ཐམས་ཅད་ལས་བསྙིལ་བར་གྱུར་ཏོ། །དེ་ནས་ཆོས་སྨྲ་བའི་ཞུམ་པ་ མེད་པའི་སེམས་ཀྱིས་ལུས་དང་སྲོག་ལ་མི་བལྟ་བར་འདི་ལྟར་དུར་ཁྲོད་དུ་གནས་བཅས་ནས་རྩ་བ་དང་འབྲས་བུ་ཟ་ཞིང་ཏིང་ངེ་འཛིན་འདི་བསྟན་པའི་ཚེ་དེ་ལས་ཆོས་མཉན་པའི་ ཕྱིར་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དག་ནས་བཟུང་སྟེ་འོག་མིན་གྱི་བར་གྱི་ལྷ་རྣམས་ལྷགས་སོ། །དེའི་ཚེ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྐྱེ་བོ་མང་པོ་མངོན་པར་དགའ་ཞིང་ མྱ་ངན་མེད་པའི་ང་རོ་ཞེས་བྱ་བ་ཞིག་བྱུང་སྟེ། དེས་ཆོས་སྨྲ་བ་དེ་ལས་ཏིང་ངེ་འཛིན་འདི་ཉན་ཏོ། །ཉན་ནས་ཀྱང་ཆོས་སྨྲ་བ་དེ་ལ་མི་འཇིགས་པ་བྱིན་ཏེ། དགེ་སློང། སངས་ རྒྱས་ཀྱིས་ཡང་དག་པར་བཀའ་སྩལ་པའི་ཏིང་ངེ་འཛིན་འདི་སྟོན་ཅིག། བདག་ནི་ཁྱོད་ལ་སྲུང་ཞིང་སྐྱོབ་པ་ལགས་སོ། །དེས་བུ་སྟོང་ཡང་དེའི་སྲུང་མར་བཀོད་ ལ༑ ཐོགས་པ་མེད་པའི་སེམས་ཀྱིས་སྲོག་ཆགས་སུམ་ཁྲི་ཞིག་ཀྱང་བདེ་བའི་ཡོ་བྱད་ཐམས་ཅད་སྦྱོར་དུ་བཅུག་གོ། །ཆོས་སྨྲ་བ་བདེ་བར་གནས་པར་བྱས་པ་དེས་ཀྱང་ བསྐལ་པ་ཕྱེད་ཀྱི་བར་དུ་ཏིང་ངེ་འཛིན་འདི་བསྟན་ཏེ། དགེ་བའི་རྩ་བ་དེ་བྱས་པས་ཆོས་སྨྲ་བ་དང། རྒྱལ་པོ་བུ་དང་བཅས་ཤིང་སྐྱེ་བོའི་འཁོར་དང་བཅས་པ་དང། ཚོགས་པ་ [27B]བ་སུམ་ཁྲི་མཉེས་པར་བྱས་ཏེ་ཐམས་ཅད་ལས་ཏིང་ངེ་འཛིན་འདི་ཐོབ་བོ། བསམ་པ་ཇི་ལྟ་བ་བཞིན་དུ་ སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་འཛིན་པར་འགྱུར་ཏོ། །མཆོག་ཏུ་དགའ་བའི་རྒྱལ་པོ། དེའི་ཚེ་ན་ཆོས་སྨྲ་བ་དེ་གལ་ཏེ་ཁྱོད་གཞན་ཞིག་ཡིན་པ་སྙམ་དུ་སེམས་ན། དེ་དེ་ ལྟར་མི་བལྟ་སྟེ། དེ་བཞིན་གཤེགས་པ་ཚེ་དཔག་མེད་ནི་ཆོས་སྨྲ་བ་དེར་གྱུར་ཏོ། །དེ་བཞིན་གཤེགས་པ་མི་འཁྲུགས་པ་ནི་འཁོར་ལོས་བསྒྱུར་བའི་རྒྱལ་པོར་གྱུར་ཏོ། ། བསྐལ་པ་བཟང་པོ་པའི་སངས་རྒྱས་སྟོང་ནི་རྒྱལ་པོའི་བུ་རྣམས་སུ་གྱུར་ཏོ། །མཆོག་ཏུ་དགའ་བའི་རྒྱལ་པོ་ལ་སོགས་ཏེ་བྱང་ཆུབ་སེམས་དཔའ་སུམ་ཁྲི་པོ་འདི་དག་ནི་ འདི་ལྟར་ཆོས་སྨྲ་བ་དེའི་བསམ་པ་ཇི་ལྟ་བ་བཞིན་བདེ་བར་སྦྱོར་བ་དང། སྲུང་ཞིང་སྐྱོང་བར་གྱུར་ཏོ། །མཆོག་ཏུ་དགའ་བའི་རྒྱལ་པོ། འདི་ནི་བྱང་ཆུབ་སེམས་དཔའ་ རྣམས་ཀྱི་ཏིང་ངེ་འཛིན་ཡིན་ཏེ། དེ་ལྟ་བས་ན། ཡང་དག་པར་སྒྲུབ་པར་གནས་པས་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འདི་ནི་གུས་པ་དང་བཅས་པར་ཟུངས་ཤིག་ ཆོངས་ཤིག། ལྷོགས་ཤིག། བྲི་བར་གྱིས་ཤིག། སྟོན་ཅིག་དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚོགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ་།གང་གིས་བསྐལ་པ་ [28A]༄༅། །བྱེ་བ་སྟོང་ཚང་བར། །སེམས་ཅན་ཀུན་ལ་བདེ་བ་བྱིན་པ་བས། །ལ་ལས་བྱང་ཆུབ་མཆོག་སེམས་གཅིག་བསྐྱེད་པ། །དེ་ཡི་བསོད་ནམས་དཔེར་ ཡང་བཟོད་མི་འགྱུར། །ཕྱོགས་བཅུ་དག་ན་སེམས་ཅན་ཇི་སྙེད་པ། །དེ་དག་ཐམས་ཅད་རང་རྒྱལ་གྱུར་དེ་ལ། །འདེ་བ་ཀུན་གྱིས་བསྐལ་པར་བཀུར་བྱས་ཀྱང། །འདི་ལྟར་ བྱང་ཆུབ་མཆོག་ཙམ་བསོད་ནམས་མེད། །འཇིག་རྟེན་སེམས་ཅན་ཀུན་སངས་རྒྱས་གྱུར་ཏེ། །དེ་དག་བསམ་པ་ཇི་བཞིན་བསྐལ་མཆོད་པས་།ལ་ལས་བྱང་ཆུབ་མཆོག་ སེམས་གཅིག་བསྐྱེད་པ། །དེ་ཡི་བསོད་ནམས་དཔེར་ཡང་བཟོད་མི་འགྱུར་།གང་གིས་སངས་རྒྱས་ཆོས་རྣམས་བསྲུང་བའི་ཕྱིར། །ཚིག་བཞིའི་ཚིགས་བཅད་མི་ཡིས་གུས་ བྱེད་པས། །ལ་ལས་བྱང་ཆུབ་ཡོངས་སུ་བསྲུང་བའི་ཕྱིར། །བྱང་ཆུབ་སེམས་ཀྱི་བསོད་ནམས་དེ་འདྲ་མེད། །འཇིག་རྟེན་ཁམས་འདིའི་སེམས་ཅན་གང་སུ་དག། དེ་ དག་ཐམས་ཅད་བྱང་ཆུབ་བཀོད་པ་བས། །ལ་ལས་ཕུང་པོ་མེད་པའི་ཚིག་ཉན་ན། །སྐྲག་མེད་དེ་ཡི་བསོད་ནམས་ཁྱད་པར་འཕགས་།གངྒཱའི་ཀླུང་ཕྲག་བྱེ་བ་བྱེ་སྙེད་ ཀྱི༑ ༑བསྐལ་པར་བྱང་ཆུབ་སེམས་དཔས་རིན་པོ་ཆེ། །འབྱོར་བ་ཀུན་གྱིས་ཞིང་བཀང་སྤྱིན་བྱིན་པས། །ལ་ལས་བྱང་ཆུབ་བསྲུངས་འདི་ཁྱད་པར་འཕགས། །རྒྱལ་བས་གནང་ [28B] །བསམ་གྱིས་མི་ཁྱབ་པ་ཡི་ཏིང་འཛིན་འདི། །གང་ཞིག་ཚིག་བཞིའི་ཚིགས་བཅད་བསྲུང་དེའི་།ཚིག་ཀུན་གྱིས་ནི་བརྗོད་པར་མི་ནུས་སོ། །གང་ ཞིག་ཏིང་འཛིན་འདི་བྲིས་འཆང་བྱེད་པ། །དུས་བྱེད་ཚེ་ན་སངས་རྒྱས་ཕལ་ཆེན་མཐོང། །དེ་ནི་དྲན་ལྡན་གཞར་ཡང་རྨོངས་པ་མེད། །གང་དུ་འདོད་པ་དེར་ནི་སྐྱེ་བ་ལེན། །ཏིང་ འཛིན་རྒྱལ་པོ་ལ་ནི་དགའ་བྱེད་པ། །བྱང་ཆུབ་མ་ཐོབ་བར་དུ་ལུས་བདེ་ཞིང། །དེ་བཞིན་སེམས་བདེ་མཐོ་རིས་སུ་ཡང་འགྲོ་འཕགས་དང་ཕྲད་ཅིང་སྡུག་བསྔལ་གཞར་མི་ མྱོང། །རྒྱལ་བ་རྣམས་ཀྱི་མཛོད་ཡིན་འོད་མཐའ་ཡས། །སྒོ་མོ་སྟོང་ཕྲག་ཁྲི་ལ་འདུག་པ་དག་སྟོབས་མཆོག་གནས་ཏེ་ང་ཡིས་བསྟན་པར་བྱས། །ཏིང་འཛིན་བྱང་ཆུབ་ འདི་ལ་སྦྱོར་བར་གྱིས། །ངས་ནི་ཚིག་གིས་བརྗོད་ནུས་དེ་སྙེད་དོ་།ཁྱོད་ཀྱིས་བྱ་བ་དག་ནི་འདི་ཡིན་ཏི། །ཛི་སྲིད་བར་དུ་དེར་འདུག་སྦྱོར་གྱིས་དང། །ཕྱི་མའི་དུས་ན་གདུངས་པར་ མི་འགྱུར་རོ། །ཇི་ལྟར་ལག་ཏུ་འོངས་བཞིན་ངས་བཤད་དེ། །ལྷག་པའི་བསམ་པས་སྤྱོད་པ་སྦྱོར་གྱིས་ཤིག་བྱམས་པས་བྱ་བ་མང་པོ་ངས་བྱས་པས། །ཕ་ཡིས་བུ་ལ་ གདམས་པ་བཞིན་དུ་བྱ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཏིང་ངེ་འཛིན་འདི་བསྟན་ནས་ཏིང་ངེ་འཛིན་འདི་ལ་སྙོམས་པར་ཞུགས་སོ། །བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་ [29A]༄༅། །བའི་རྒྱལ་པོའང་སྙོམས་པར་ཞུགས་ཏེ་ཏིང་ངེ་འཛིན་འདི་ཞག་བདུན་དུ་ཆོས་རབ་ཏུ་རྣམ་པར་འབྱེད་པས་རབ་ཏུ་རྣམ་པར་འབྱེད་དོ། །དེ་ནས་ཡངས་ པ་ཅན་གྱི་ནང་རོལ་ན་ལི་ཙ་བའི་བརྒྱད་ཁྲི་བཞི་སྟོང་དང་ཡངས་པ་ཅན་གྱི་ཕྱི་རོལ་ན་ལི་ཙ་བའི་བརྒྱད་ཁྲི་བཞི་སྟོང་འཁོད་པ་དག་འདི་སྙམ་དུ་སེམས་པར་གྱུར་ཏེ། སྐྱེ་བོ་མང་པོ་ ལ་ཕན་པའི་ཕྱིར་དང། སྐྱེ་བོ་མང་པོ་ལ་བདེ་བའི་ཕྱིར་དང་འཇིག་རྟེན་ལ་ཐུགས་བརྩེ་བའི་ཕྱིར་དང། ལྷ་དང་མི་རྣམས་ལ་ཕན་པ་དང། བདེ་བའི་དོན་དུ་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱུང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ དེ་ནང་དུ་ཡང་དག་འཇོག་ལ་ཞུགས་པ། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ལས་བཞེངས་པར་བདག་ཅག་གི་ནང་ནས་སུས་གསོལ་བ་གདབ་སྙམ་མོ། །དེ་ནས་ནང་ རོལ་ན་འཁོད་པའི་ལི་ཙ་བའི་རྣམས་ཚེ་དང་ལྡན་པ་ཤཱ་རིའི་བུ་ག་ལ་བ་དེར་དོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། བཙུན་པ་ཤཱ་རིའི་བུ། ཚེ་ ཐུང་བའི་དུས་ན་སངས་རྒྱས་འབྱུང་བའང་དཀོན་ལ། དད་པའང་དཀོན་པས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཉམ་པར་བཞག་པ་ [29B]དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ཏིང་ངེ་འཛིན་དེ་ལས་ལེགས་པར་བཞེངས་སུ་གསོལ་ཅིག་ དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ལི་ཙ་བའི་དེ་དག་ལས་ཚེག་དེ་ཐོས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་བཅོམ་ལྡན་འདས་བསམ་གཏན་གྱིས་བསམ་གཏན་དུ་ཞུགས་ ཤིང། ཏིང་ངེ་འཛིན་གྱིས་ཏིང་ངེ་འཛིན་དུ་ཞུགས་པ་དག་བཙལ་ཡོངས་སུ་བཙལ་ཀྱང་དེ་བཞིན་གཤེགས་པའི་གནས་པ་མངོན་པར་མ་རྟོགས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་ རིའི་བུ་གནས་བརྟན་མཽངྒལ་གྱི་བུ་ཆེན་པོ་ག་ལ་བ་དེར་སོང་སྟེ་ལི་ཙ་བའི་རྣམས་ཀྱི་བསམ་པ་དང། རང་བཞིན་དེ་ཉིད་སྨྲས་སོ་།དེ་ནས་མཽངྒལ་གྱི་བུ་ཆེན་པོས་རྫུ་འཕྲུལ་གྱི་མཐུས་སྟོང་ གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམས་གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས་ནས་དེ་བཞིན་གཤེགས་པ་ཏིང་ངེ་འཛིན་ལས་བཞེངས་པར་གསོལ་ བའི་ཕྱིར་ཚངས་པའི་འཇིག་རྟེན་མན་ཆད་དབྱངས་ཀྱིས་གོ་བར་བྱས་ཀྱང་མ་བཞེངས་སོ། །དེ་བཞིན་དུ་ཚེ་དང་ལྡན་པ་ཤཱ་རིའི་བུ་དང། ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོ་དང་ ཀུན་ཤེས་ཀཽཎྜི་ནྱ་དང། ཚེ་དང་ལྡན་པ་བཟང་པོ་དང། ལག་བཟང་དང། མིང་ཆེན་དང། བ་ལང་བདག་དང། སྒྲ་གཅན་འཛིན་དང། གང་པོ་དང། རབ་འབྱོར་དང། ཀཱ་ཏྱཱའི་ [30A]༄༅། །བུ་དང། འོད་སྲུང་དང། ཀུན་དགའ་བོ་དང། གང་པོ་ངན་དང། ཀ་པི་ན་ཆེན་པོ་དང། ཉེ་བར་འཁོར་དང། བྱང་ཆུབ་སེམས་དཔའ་བྱམས་ པའང་བྱང་ཆུབ་སེམས་དཔའ་ལྔ་སྟོང་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་ཏེ། བཅོམ་ལྡན་འདས་ལ་འཁོར་བར་བསྐོར་ནས་རང་རང་གི་སྟན་ལ་འཁོད་ དོ༑ ༑རྒྱལ་པོ་ཆེན་པོ་བཞི་རྣམས་དང། ལྷའི་དབང་པོ་བརྒྱ་བྱིན་དང། ཤིན་དུ་འཐབ་བྲལ་དང། དགའ་ལྡན་དང། འཕྲུལ་དགའ་དང་གཞན་འཕྲུལ་དབང་བྱེད་ཀྱི་ ལྷའི་བུ་རྣམས་ཀྱང་འདོད་པ་ན་སྤྱོད་པའི་ལྷའི་བུ་དཔག་ཏུ་མེད་པ་དག་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཉིད་ལ་འདུད་ཅིང་ཕྱོགས་གཅིག་ཏུ་འཁོད་པར་གྱུར་ཏོ། །ཚངས་པ་དང། འོད་གསལ་དང། དགེ་རྒྱས་དང། འབྲས་བུ་ཆེ་ བ་ནས་གནས་གཙང་མའི་རིས་ཀྱི་ལྷའི་བར་དུ་དེ་བཞིན་དུ་སྦྱར་ཏེ། །ལྷའི་བུ་དཔག་ཏུ་མེད་པ་དག་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ཉིད་ལ་འདུད་ཅིང་ཕྱོགས་གཅིག་ཏུ་འཁོད་ པར་གྱུར་ཏོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བའི་རྒྱལ་པོ་དེ་ཞག་བདུན་དུ་ཡིད་ལ་གཞན་མི་བྱེད་པར་ནང་དུ་ཡང་དག་འཇོག་ལ་ཞུགས་པར་གྱུར་ཏོ། །དེས་ [30B]ལས་ལངས་ནས་བྱང་ཆུབ་སེམས་དཔའ་ཡོན་ཏན་ལ་དབང་དུ་གྱུར་པ་དག་དང། འཁོར་གྱི་ཁྱམས་ག་ལ་བ་དེར་དོང་ སྡེ་ལྷགས་ནས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཐལ་མོ་སྦྱར་ནས་སྟན་ལ་འཁོད་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་མཁྱེན་བཞིན་དུ་ བཞེངས་ཏེ་ཐམས་ཅད་དང་ལྡན་པའི་འཁོར་གླང་པོ་ཆེའི་ལྟ་སྟངས་ཀྱིས་གཟིགས་ནས་ཅང་མི་གསུང་བར་བཞུགས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་མཆོག་ཏུ་ དགའ་བའི་རྒྱལ་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་བཀའ་མཆིད་འབེལ་བ་བཀའ་སྩལ་པའི་དུས་ལ་བབ་སྟེ། དེ་ལྟ་ ལགས་པས། གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བཅོམ་ལྡན་འདས་ལ་བདག་ཕྱོགས་འགའ་ཞིག་ཞུའོ། །དེ་ སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བའི་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ། ཁྱོད་ཅི་དང་ཅི་ འདོད་པ་དེ་བཞིན་གཤེགས་པ་ལ་ཞུས་ཤིག་དང། ངས་ཞུ་བ་ཞུས་པ་དེ་དང་དེ་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང། བྱང་ཆུབ་ [31A]༄༅། །སེམས་དཔའ་མཆོག་ཏུ་དགའ་བའི་རྒྱལ་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏེ། བཅོམ་ལྡན་འདས། འདི་ན་བདག་གཅིག་བུ་དབེན་ བར་ཞུགས་ཏེ་ནང་དུ་ཡང་དག་འཇོག་ལ་ཞུགས་པ་ན་འདི་སྙམ་དུ་གང་དག་བྱང་ཆུབ་སེམས་དཔའ་འདི་དག་བྱང་ཆུབ་ཀྱི་དོན་དུ་ཡང་དག་པར་འགྲུབ་པར་འགྱུར་བ་དང་ དེ་དག་བྱང་ཆུབ་ཀྱི་དོན་དུ་ཕ་རོལ་ཏུ་ཕྱིན་པ་དག་གིས་དགེ་བའི་རྩ་བ་གསོག་པར་འགྱུར་རོ་སྙམ་བགྱིད་ན། བཅོམ་ལྡན་འདས། དེ་ལ་ཕ་རོལ་ཏུ་ཕྱིན་པ་སེམས་ཅན་རྣམས་ ལ་ཕན་འདོགས་པ་ཞིག་གམ། ཕ་རོལ་ཏུ་ཕྱིན་པ་བྱང་ཆུབ་ལ་ཕན་འདོགས་པ་ཞིག་གམ། ཕ་རོལ་ཏུ་ཕྱིན་པ་ཟག་པ་དང་བཅས་པ་ཞིག་གམ། ཕ་རོལ་ཏུ་ཕྱིན་པ་ ཟག་པ་མེད་པ་ཞིག་གམ་ཞེས་དེ་ལྟར་བརྟགས་ཏེ། ཅི་ནས་ཀྱང་ཕ་རོལ་ཏུ་ཕྱིན་པ་གང་ལ་བྱང་ཆུབ་སེམས་དཔའ་ཡང་དག་པར་འཕེལ་བ་དང། བྱང་ཆུབ་སེམས་ དཔའ་རྣམས་ཀྱི་ཆོས་ཀྱི་ཚུལ་ཐོག་མ་དང། བར་དང། ཐ་མའི་བར་ལེགས་པར་གཟུང་བ་བསྐྱེད་བ་དང། ཐབས་ལ་མཁས་པའི་སྤྱོད་པ་དེ་དག་མཆོག་ཏུ་དགའ་བ་ ཆེས་མང་པོ་རབ་ཏུ་ཐོབ་པར་བགྱི་བའི་སླད་དུ་བཅོམ་ལྡན་འདས་ཀྱིས་རྒྱ་ཆེར་བཀའ་སྩལ་དུ་གསོལ། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། མཆོག་ཏུ་དགའ་བའི་ [31B] །ལེགས་སོ། །མཆོག་ཏུ་དགའ་བའི་རྒྱལ་པོ། ཁྱོད་གང་གི་ཕྱིར་དེ་བཞིན་གཤེགས་པ་ལ་དོན་འདི་ཉིད་དྲི་བར་སེམས་པ་ཁྱོད་ལེགས་སོ། །དེ་ལྟ་མོད་ཀྱི་ ཁྱོད་ཀྱིས་འདས་པའི་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་དག་ལས་ཀྱང་ཞུ་བ་འདི་ཉིད་ཞུས་སོ། །མཆོག་ཏུ་དགའ་བའི་རྒྱལ་པོ། དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཚུལ་བཞིན་ དུ་ཡིད་ལ་ཟུངས་ཤིག་དང་ངས་བཤད་དོ། །བཅོམ་ལྡན་འདས། དེ་ལྟར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བའི་རྒྱལ་པོ་ལ་ འདི་སྐད་ཅེས་བཀའ་སྩལ་ཏོ། །མཆོག་ཏུ་དགའ་བའི་རྒྱལ་པོ། ཡོངས་སུ་སྦྱོང་བར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །སྣང་བར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ ཡོད་དོ༑ ༑འཇིག་རྟེན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །སེམས་ཅན་ལ་དམིགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །གནས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །འཁོར་བའི་ ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ཀུན་ནས་ཉོན་མོངས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །གཞན་ལ་ཕན་འདོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །གནས་ཀྱི་ཕ་རོལ་ཏུ་ཕྱིན་པ་ དྲུག་ཡོད་དོ། །བྱང་ཆུབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །བདག་ལ་ཕན་འདོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །འཐོབ་པའི་ཕ་ [32A]༄༅། །རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །རེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །རྣམ་པ་གསུམ་ལྟ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ལས་བྱེད་པའི་ཕ་ རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ལམ་ཤིན་ཏུ་སྦྱངས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །བརྩོན་པ་མི་འདོར་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །རིགས་པའི་ཕ་རོལ་ཏུ་ཕྱིན་ པ་དྲུག་ཡོད་དོ། །བྱ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །བྱ་བ་མ་ཡིན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །རློམ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །བརྩམས་པའི་ཕ་ རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །དགེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །རྣོ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ཟབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །སྣ་ཚོགས་པའི་ ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །བཀོད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ཐུབ་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ་།སེམས་ཅན་ལ་དམིགས་པའི་ཕ་རོལ་ཏུ་ ཕྱིན་པ་དྲུག་ཡོད་དོ། །ཆོས་ལ་དམིགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ཞི་གནས་ལ་དམིགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ལྷག་མཐོང་ལ་དམིགས་ པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ཐམས་ཅད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ཕྱོགས་གཅིག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ཉམས་པ་མེ་པའི་ཕ་རོལ་ཏུ་ཕྱིན་ [32B] །བཅོས་མ་མ་ཡིན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །དབུལ་པོ་མ་ཡིན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ཕྱིར་མི་ལྡོག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་ དོ༑ ༑རྣམ་པར་བསྒྲུབས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །དག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །བརྟན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །བརྟུན་པའི་ཕ་རོལ་ཏུ་ཕྱིན་པ་ དྲུག་ཡོད་དོ། །ངོ་མས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །འཇིག་རྟེན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །འཇིག་རྟེན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །བླ་ན་མེད་ པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །གཡེང་བ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །མི་འཁོར་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །འཁོར་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ ཡོད་དོ༑ ༑ཐུན་མོང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ཐུན་མོང་མ་ཡིན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །རྣམ་པར་བགེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །རྣམ་པར་སྨིན་ པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ངོ་བོ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །དངོས་པོ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །རྒྱ་ཆེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ ཡོད་དོ༑ ༑རྒྱས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །མཐའ་ཡས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །འཚོལ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །རྒལ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ [33A]༄༅། །ཡོད་དོ། །མངོན་པར་དགའ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །མངོན་པར་དགའ་བ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ཐོས་པ་འཛིན་ པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །འཁོར་བར་ཡུན་རིང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །རྒྱུན་ཆད་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །འདོད་པའི་ཡོན་ཏན་ ཡོངས་སུ་སྨིན་པར་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ་།བསམ་གཏན་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ་།མངོན་པར་ཤེས་པའི་ཕ་རོལ་ཏུ་ ཕྱིན་པ་དྲུག་ཡོད་དོ། །འཇིག་རྟེན་པའི་བཟོའི་གནས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །བྱམས་པས་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །སྙིང་རྗེས་ཡོངས་ སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །དགའ་བས་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །བཏང་སྙོམས་ཀྱིས་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ ཕྱིན་པ་དྲུག་ཡོད་དོ། །ལོག་པར་ལྟ་བས་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ཡང་དག་པར་ལྟ་བས་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ ཡོད་དོ། །གནས་པར་ལྟ་བས་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །མི་གནས་པར་ལྟ་བས་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །གནས་ [33B]དོ། །ང་རྒྱལ་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ཕན་འདོགས་པའི་ཕ་རོལ་ཏུ་ཕྱིན་ པ་དྲུག་ཡོད་དོ། །ཕན་མི་འདོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ལྷག་མ་དང་བཅས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ་།ལྷག་མ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །རིག་ པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །རིག་པའི་ཁྱད་པར་ལ་གནས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །སངས་རྒྱས་འབྱུང་བ་ཕུན་སུམ་ཚོགས་པར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ ཡོད་དོ༑ ༑དྲན་པ་ཉམས་པ་མེད་པར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །སངས་རྒྱས་འབྱུང་བ་རབ་ཏུ་འཐོབ་པ་ཁྱིམ་གྱི་དངོས་པོ་ལ་གནས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་ དོ༑ ༑ངེས་པར་འབྱུང་བ་སྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །མང་དུ་ཐོས་པ་སྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ་།རབ་ཏུ་བྱུང་བའི་ངང་ཚུལ་རྒྱུན་མི་ཆད་པའི་ཕ་རོལ་ཏུ་ ཕྱིན་པ་དྲུག་ཡོད་དོ། །མངོན་པར་ཤེས་པ་ལ་གནས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །མངོན་པར་ཤེས་པ་རྒྱུན་ཆད་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ལུས་ འདོད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །གནས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ་།རྣམ་པར་སྨིན་པ་མང་པོའི་ཕ་རོལ་ཏུ་ཕྱིན་པ་ [34A]༄༅། །དྲུག་ཡོད་དོ། །རྣམ་པར་སྨིན་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །མངོན་པར་དགའ་བ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །དུས་ སུ་སྦྱིན་པ་དང་མཚུངས་པར་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །འོད་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །འོད་མཐའ་ཡས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །རྣམ་ པར་སྨིན་པ་བདེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ཕྱིར་མི་ལྡོག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །དགའ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །རྣམ་པར་དག་པའི་ ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །འཇིག་རྟེན་པའི་ཆོས་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །སྐྱེ་བ་བཀོད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །རིགས་ཕུན་ སུམ་ཚོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །འཁོར་ཕུན་སུམ་ཚོགས་པ་སྒྲུབ་པར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ་།འཁོར་མི་ཕྱེད་པ་སྒྲུབ་པར་བྱེད་པའི་ཕ་ རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །རྣམ་པར་སྨིན་པ་རྣམ་པར་དག་སྐྱེད་པར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ཕྱོགས་རྣམ་པར་ལྟ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། ། ཡོངས་སུ་ཤེས་པ་ཡོངས་སུ་སྒྲོག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །བག་ཡོད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །རྫི་བ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །མྱ་ [34B] །དབང་ཆེ་བར་གྲགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །བསྐུལ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །བརྗེད་ངས་པ་ མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་རྣམས་ཕན་ཚུན་འབྲེལ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །མངོན་པར་འབྱུང་བའི་ཕ་རོལ་ཏུ་ ཕྱིན་པ་དྲུག་ཡོད་དོ། །དུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ་།དུས་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །རྣམ་པར་དབྱེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །འཇིག་རྟེན་དང་ མཐུན་པར་འཇུག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །རྟོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །སྤོང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །རྡོ་རྗེ་ལྟ་བུའི་ཕ་རོལ་ཏུ་ཕྱིན་པ་ དྲུག་ཡོད་དོ། །མུན་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ་།ཟིལ་གྱིས་མི་ནོན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །བདུད་ཀྱི་དཔུང་འཇོམས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་ དོ༑ ༑གཡོ་བ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །སྐད་ཅིག་གཅིག་དང་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །མཉམ་པར་མ་བཞག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་ དོ༑ ༑མཉམ་པར་བཞག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ཡོངས་སུ་སྨིན་པར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །སངས་རྒྱས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ཐམས་ [35A]༄༅། །ཅད་མཁྱེན་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ་།ལྷག་མ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ལྷག་མ་དང་བཅས་པའི་ཕ་རོལ་ཏུ་ ཕྱིན་པ་དྲུག་ཡོད་དོ། །དང་དུ་ལེན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །རྟོགས་པར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ་།རྒྱ་ཆེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ཡིད་ བྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །གཞན་ལ་དགེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །གཞན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །དེ་བཞིན་དུ་སྦྱར་ཏེ་ཡང་ དག་པར་སྤོང་བ་རེ་རེའི་ཕ་རོལ་ཏུ་ཕྱིན་པ་དྲུག་དྲུག་གོ་རྫུ་འཕྲུལ་གྱི་རྐང་པ་བཞི་པོ་རེ་རེའི་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་དྲུག་གོ། བསམ་གཏན་བཞི་པོ་དག་གིའང་ཕ་ རོལ་ཏུ་ཕྱིན་པ་དྲུག་དྲུག་གོ་དྲན་པ་ཉེ་བར་གཞག་པ་བཞི་པོ་དག་གིའང་ཕ་རོལ་ཏུ་ཕྱིན་པ་དྲུག་དྲུག་གོ། །བདེན་པ་བཞི་པོ་དག་གིའང་ཕ་རོལ་ཏུ་ཕྱིན་པ་དྲུག་དྲུག་གོ་ དབང་པོ་ལྔ་པོ་རེ་རེའི་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་དྲུག་གོ་།སྟོབས་ལྔ་པོ་དག་གིའང་ཕ་རོལ་ཏུ་ཕྱིན་པ་དྲུག་དྲུག་གོ་བྱང་ཆུབ་ཀྱི་ཡན་ལག་བདུན་པོ་དག་གིའང་ཕ་ རོལ་ཏུ་ཕྱིན་པ་དྲུག་དྲུག་གོ། འཕགས་པའི་ལམ་ཡན་ལག་བརྒྱད་པོ་དག་གིའང་ཕ་རོལ་ཏུ་ཕྱིན་པ་དྲུག་དྲུག་གོ་ཞི་གནས་ལ་དམིགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ [35B]ལྷག་མཐོང་ལ་དམིགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་།རིག་པ་ལ་དམིགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་རྣམ་པར་གྲོལ་བ་སྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དགེ་ སློང་གིས་འཁོར་ཉེ་བར་འོང་བ་སྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་སོ་སོ་ཡང་དག་པར་རིག་པ་བཞི་པོ་དག་གིའང་ཕ་རོལ་ཏུ་ཕྱིན་པ་དྲུག་དྲུག་གོ་ཡོངས་སུ་སྐྱོ་བ་མེད་པའི་ ཕ་རོལ་ཏུ་ཕྱིན་པ་དྲུག་གོ་སྦྱིན་པ་ལས་ངེས་པར་བྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་ཚུལ་ཁྲིམས་ལས་ངེས་པར་བྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་བཟོད་པ་ལས་ངེས་པར་ བྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་བརྩོན་འགྲུས་ལས་ངེས་པར་བྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་བསམ་གཏན་ལས་ངེས་པར་བྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་ཤེས་ རབ་ལས་ངེས་པར་བྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་མིག་དང། རྣ་བ་དང། སྣ་དང། ལྕེ་དང། ལུས་དང། སེམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་གཞན་ལ་ཕན་པར་ ཡོངས་སུ་བསྔོས་པའི་ཟང་ཟིང་གི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་།བདག་ལ་ཕན་པར་ཡོངས་སུ་བསྔོས་པའི་ཟང་ཟིང་གི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པ་ དྲུག་གོ་དོན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་རྟོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་སྤྲོ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་མཚན་མ་ [36A]༄༅། །མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་སྨོན་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་གཞན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་རྣམ་པར་སྨིན་པ་གཞན་ གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་སྦྱོར་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་བཞིན་གཤེགས་པའི་སྟོབས་བཅུ་པོ་དག་གིའང་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་མི་འཇིགས་པ་བཞི་པོ་ དག་གིའང་ཕ་རོལ་ཏུ་ཕྱིན་པ་དྲུག་དྲུག་གོ་སྙིང་རྗེ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་ཤའི་སྤྱན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་ལྷའི་སྤྱན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་ །ཤེས་རབ་ཀྱི་སྤྱན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་ཆོས་ཀྱི་སྤྱན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་སངས་རྒྱས་ཀྱི་སྤྱན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་རང་བྱུང་གི་ཕ་རོལ་ཏུ་ ཕྱིན་པ་དྲུག་གོ་རྣམ་པར་རོལ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་།གཏིང་དཔག་དཀའ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་པོ་རེ་ རེའི་ཕ་རོལ་ཏུ་ཕྱིན་པ་དྲུག་དྲུག་གོ་མཁས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་ཇི་ལྟ་བ་བཞིན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་།རང་བཞིན་མཐོང་བའི་ཕ་རོལ་ཏུ་ཕྱིན་པ་ དྲུག་གོ་འདོད་པ་ན་སྤྱོད་པའི་ལས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་གཟུགས་ན་སྤྱོད་པའི་ལས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་།གཟུགས་མེད་པ་ན་སྤྱོད་པའི་ལས་ཀྱི་ཕ་རོལ་ [36B]དཀར་པོ་རྣམ་པར་མཐོང་བའི་སའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་རིགས་ཀྱི་སའི་ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་བརྒྱད་པའི་ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་།རྒྱུན་ དུ་བཞུགས་པའི་ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་ལན་གཅིག་ཕྱིར་འོང་བའི་ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་ཕྱིར་མི་འོང་བའི་ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དགྲ་བཅོམ་ པའི་ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་རང་སངས་རྒྱས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་ཟད་པ་ཤེས་པས་རབ་ཏུ་ཕྱེ་བའི་ཕ་རོལ་ ཏུ་ཕྱིན་པ་དྲུག་གོ། མི་སྐྱེ་བ་ཤེས་པས་རབ་ཏུ་ཕྱེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་བྱིན་གྱིས་རླབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དམ་པའི་ཆོས་གནས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ གོ་མངོན་པར་ཤེས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་སྤྱོད་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་ཕན་པར་འདོད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་ཉོན་མོངས་པ་མེད་པའི་ཕ་རོལ་ ཏུ་ཕྱིན་པ་དྲུག་གོ་སྤངས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་།ཚེའི་འདུ་བྱེད་འདོར་བ་ལ་དབང་སྒྱུར་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་མྱ་ངན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ གོ་ཆོ་འཕྲུལ་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་བསྟན་པ་རྣམ་པར་དབྱེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་རིང་བསྲེལ་རྣམ་པར་དབྱེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་མཆོག་ཏུ་དགའ་ [37A]༄༅། །བའི་རྒྱལ་པོ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་ནི་ཕ་རོལ་ཏུ་ཕྱིན་པ་བརྒྱ་ཉི་ཤུ་རྩ་གཅིག་པོའི་བསམ་པས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་ལ་ཁྱད་པར་ཅན་ཉིད་འཐོབ་པར་འགྱུར་རོ། །མཚུངས་པ་མེད་པ་ཉིད་འཐོབ་པར་འགྱུར་རོ། །གཞན་ལ་རག་མ་ལས་པའི་ཤེས་པ་ ཉིད་ཐོབ་པར་འགྱུར་རོ། །འདུས་བྱས་ཐམས་ཅད་ཟིལ་གྱིས་ཀྱང་གནོན་ལ་སྲིད་པའང་ཡང་དག་པར་འགྲུབ་པར་བྱེད་དོ། །ཐེ་ཚོམ་ཐམས་ཅད་གཅོད་པ་ཡང་དག་པར་ འགྲུབ་པར་འགྱུར་རོ། །ཐམས་ཅད་མཁྱེན་པ་ཉིད་འཐོབ་པར་ཡང་དག་པར་འགྲུབ་པར་འགྱུར་རོ། །དེས་ཕ་རོལ་ཏུ་ཕྱིན་པ་འདི་དག་ཡོངས་སུ་རྫོགས་པར་བྱས་པས་ཏིང་ངེ་ འཛིན་བརྒྱད་ཁྲི་བཞི་སྟོང་དག་འཐོབ་པར་འགྱུར་རོ། །གཟུངས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དག་སྒྲུབ་པར་འགྱུར་རོ། །སངས་རྒྱས་ཀྱི་རྣམ་པར་རོལ་པ་ལྔ་བརྒྱ་དག་སྒྲུབ་ པར་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱི་སྤྱོད་པའི་ཡུལ་ལ་མཁས་པ་ཉིད་དུ་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་བ་དང། བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བའི་ རྒྱལ་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་ཡུལ་ངེས་པར་སྟོན་པ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས་འདི་མདོར་ [37B] དོན་རྒྱས་པར་ཕྱེ་སྟེ་མ་གསུངས་པས་བདག་གྱིས་མ་འཚལ་ལོ། །དེ་ལྟ་ལགས་པས། བཅོམ་ལྡན་འདས་ཀྱིས་སྐྱེ་བོ་མང་པོ་ལ་ཕན་པའི་ཕྱིར་དང། སྐྱེ་ པོ་མང་པོ་ལ་བདེ་བའི་ཕྱིར་དང། སྐྱེ་བ་མང་མོ་ལ་ཐུགས་བརྩེ་བའི་ཕྱིར་དང། ལྷ་དང་མི་རྣམས་ཀྱི་དོན་དང། ཕན་པ་དང་བདེ་བར་འགྱུར་བ་དེ་རྒྱ་ཆེར་ལེགས་པར་བཤད་དུ་ གསོལ༑ འདེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བའི་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མཆོག་ཏུ་དགའ་ བའི་རྒྱལ་པོ། དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་རྒྱ་ཆེར་བཤད་དོ། །བཅོམ་ལྡན་འདས། དེ་ལྟར་འཚལ་ལོ་།ཞེས་གསོལ་ནས་བྱང་ཆུབ་སེམས་ དཔའ་མཆོག་ཏུ་དགའ་བའི་རྒྱལ་པོ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །མཆོག་ཏུ་དགའ་བའི་རྒྱལ་པོ། དེ་ ལ་ཡོངས་སུ་སྦྱོང་བར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་བྱང་ཆུབ་ཀྱི་ཕྱིར་སྦྱིན་པ་དང། ཚུལ་ཁྲིམས་དང། བཟོད་པ་དང། བརྩོན་ འགྲུས་དང། བསམ་གཏན་དང། ཤེས་རབ་ལ་དགའ་བའི་ངོ་བོ་ཡིན་ཡང་སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་དང། སེམས་ཅན་གཞན་སུ་ཡང་རུང་བ་དག་ལ་ [38A]༄༅། །བྱང་ཆུབ་ཅེས་རབ་ཏུ་རྗོད་པར་མི་བྱེད་ཅིང་སྨོན་པའི་སེམས་ཡོད་པ་གང་ཡིན་པ་དེ་ནི་ཡོངས་སུ་སྦྱོང་བར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ ཅེས་བྱའོ། །དེ་ལ་སྣང་བར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཕ་རོལ་ཏུ་ཕྱིན་པའི་ཆོས་དང། བྱང་ཆུབ་ཏུ་སེམས་བསྐྱེད་པས་བྱང་ཆུབ་ཏུ་སེམས་སྐྱེ་བ་ །སྦྱིན་པ་སྔོན་དུ་འགྲོ་བའམ། ཚུལ་ཁྲིམས་སྔོན་དུ་འགྲོ་བའམ་བཟོད་པ་སྔོན་དུ་འགྲོ་བའམ། བརྩོན་འགྲུས་སྔོན་དུ་འགྲོ་བའམ་བསམ་གཏན་སྔོན་དུ་འགྲོ་ བའམ༑ ཤེས་རབ་སྔོན་དུ་འགྲོ་བ་ཞིག་གམ་ཞེས་བདག་ཉིད་དཔྱོད་པར་བྱེད་པ་གང་ཡིན་པ་དེ་ནི་སྣང་བར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་འཇིག་ རྟེན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སེམས་ཅན་ལ་དམིགས་པའི་སྦྱིན་པ་དང། ཚུལ་ཁྲིམས་དང། བཟོད་པ་དང། བརྩོན་འགྲུས་དང། བསམ་གཏན་ དང། ཤེས་རབ་གང་ཡིན་པ་དེ་དག་ནི་འཇིག་རྟེན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཅེས་བྱའོ། །དེ་ལ་སེམས་ཅན་ལ་དམིགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན་ སེམས་ཅན་རྣམས་སྦྱིན་པས་སྡུད་པར་བྱེད་པ་ན་བྱང་ཆུབ་ཀྱི་ཕྱིར་གདམས་དག་མི་སྟོན་པར་སེམས་ཅན་འདི་དག་བདེ་བར་གྱུར་ཅིག་པ་དེ་ནི་སེམས་ཅན་ལ་ [38B] །ཚུལ་ཁྲིམས་ཀྱིས་སེམས་ཅན་བདེ་བར་བྱེད་པ་དེ་ནི་སེམས་ཅན་ལ་དམིགས་པའི་ཚུལ་ཁྲིམས་སོ། །སྟོང་པ་ཉིད་ཤེས་ པ་མེད་པར་སེམས་ཅན་ཐམས་ཅད་ལ་བཟོད་པར་བྱེད་པ་དེ་ནི་སེམས་ཅན་ལ་དམིགས་པའི་བཟོད་པའོ། །སེམས་ཅན་རྣམས་རྣམ་པར་གྲོལ་བར་བྱ་བའི་ཕྱིར་བརྩོན་ འགྲུས་རྩོམ་པ་དེ་ནི་སེམས་ཅན་ལ་དམིགས་པའི་བརྩོན་འགྲུས་སོ། སེམས་ལ་འཛིན་པ་མེད་པར་བྱ་བའི་ཕྱིར་བདག་ཏུ་དམིགས་པའི་བསམ་གཏན་སེམས་ལ་འཛིན་ པ་མེད་པ་དེ་ནི་སེམས་ཅན་ལ་དམིགས་པའི་བསམ་གཏན་ནོ། །དམིགས་པའི་འདུ་ཤེས་དང་ལྡན་པའི་ཤེས་རབ་ཀྱིས་སེམས་ཅན་རྣམས་བསྐྱབ་པའི་ཕྱིར་བྱང་ཆུབ་ཏུ་ ཡོངས་སུ་བསྔོ་ཞིང་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་བྱ་བ་གང་ཡིན་པ་དེ་ནི་སེམས་ཅན་ལ་དམིགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་གནས་ པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཡི་དམ་ལ་བརྟན་པ་ལྷག་པའི་བསམ་པས་བྱང་ཆུབ་ཀྱི་ཕྱིར་ཡོངས་སུ་བསྔོས་པ་གང་ཡིན་པ་དེ་ནི་བྱང་ཆུབ་ཀྱི་ཕྱིར་གནས་པའི་ སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །རྟོག་པ་མེད་པའི་ཚུལ་ཁྲིམས་བྱང་ཆུབ་ཀྱི་ཕྱིར་ཡོངས་སུ་བསྔོ་ཞིང་བཅབས་པ་མེད་པ་དེ་ནི་བྱང་ཆུབ་ཀྱི་ཕྱིར་གནས་པའི་ཚུལ་ཁྲིམས་ཀྱི་ཕ་ [39A]༄༅། །རོལ་ཏུ་ཕྱིན་པའོ། །ནམ་བྱང་ཆུབ་ཀྱི་བར་དུ་སྡུག་བསྔལ་ཐམས་ཅད་བཟོད་པ་བརྟན་པར་སྨོན་པ་དེ་ནི་བྱང་ཆུབ་ཀྱི་ཕྱིར་གནས་པའི་བཟོད་ པའི་ཕ་རོལ་ཏུ་ཕྱིན་པའོ། །ནམ་ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་ཀྱི་བར་དུ་བསྐལ་པ་གྲངས་མེད་པའི་བར་དུ་སྤྱོད་པ་རྒྱུན་མ་བཅད་པ་དེ་ནི་བྱང་ཆུབ་ཀྱི་ཕྱིར་གནས་པའི་ བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དམིགས་སུ་མེད་པས་རབ་ཏུ་བྱེ་བ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཀྱི་འདུ་ཤེས་རབ་ཏུ་ཕྱེ་བ་མ་ཡིན་ཞིང་བྱང་ཆུབ་ཁོང་དུ་ ཆུད་པ་དེ་ནི་བྱང་ཆུབ་ཀྱི་ཕྱིར་གནས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ནམ་བྱང་ཆུབ་ཀྱི་བར་དུ་ཆོས་ཐམས་ཅད་ལ་བསམ་གྱིས་མི་ཁྱབ་པ་དང། བརྟག་ ཏུ་མེད་པས་རབ་ཏུ་ཕྱེ་བ་ཇི་ལྟ་བ་བཞིན་མངོན་པར་རྟོགས་པར་ནི་བྱང་ཆུབ་ཀྱི་ཕྱིར་གནས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་གནས་པའི་ཕ་རོལ་ ཏུ་ཕྱིན་པ་དྲུག་ཅེས་བྱའོ། །དེ་ལ་འཁོར་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ནམ་བྱང་ཆུབ་ཀྱི་བར་དུ་འཁོར་བ་ན་ལོངས་སྤྱོད་ཆེན་པོ་འཐོབ་པའི་སྦྱིན་པའི་ཕ་རོལ་ ཏུ་ཕྱིན་པ་ཟད་པར་མི་འགྱུར་བ་གང་ཡིན་པ་དེ་ནི། འཁོར་བར་ཡོངས་སུ་བསྔོས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཚེའི་ཚད་ཡོངས་སུ་རྫོགས་པའི་བར་དུ་འཁོར་ [39B]པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གནོད་སེམས་མེད་པར་ཕ་རོལ་ལ་སྙིང་བརྩེ་བའི་སྤྱོད་པས་ཉེ་བར་གནས་པ་ གང་ཡིན་པ་དེ་ནི་འཁོར་བར་ཡོངས་སུ་བསྔོས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །བསྐལ་པ་གྲངས་མེད་པར་སྐྱོ་བ་མེད་པས་དགེ་བའི་ཆོས་རྣམས་ལ་སྦྱོར་བ་གང་ཡིན་པ་དེ་ནི་ འཁོར་བར་ཡོངས་སུ་བསྔོས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སྐྱེ་བ་ལ་དམིགས་པའི་བསམ་གཏན་གང་ཡིན་པ་དེ་ནི་འཁོར་བར་ཡོངས་སུ་བསྔོས་པའི་བསམ་ གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཕ་རོལ་ཏུ་ཕྱིན་པ་འདི་དག་ལྷག་པར་མཐོང་བའི་ཆེད་དུ་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་དང། ལས་ཀྱི་གནས་དང། བཟོའི་གནས་ཐམས་ཅད་ ཇི་ལྟ་བ་བཞིན་ཤེས་པ་གང་ཡིན་པ་དེ་ནི་འཁོར་བར་ཡོངས་སུ་བསྔོས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་ཀུན་ནས་ཉོན་མོངས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ ཞེ་ན༑ འདོད་པའི་ཡོན་ཏན་སྔོན་དུ་བཏང་སྟེ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་ནི། དཔེར་ན། སེངྒེའི་རྒྱལ་པོའི་བུས་ཆུང་མ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་པོ་རྣམས་ ནམ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བྱང་ཆུབ་ལམ་བཀོད་གྱི་བར་དུ་སྐྱབས་གསུམ་དུ་འགྲོ་ཞིང་མིའི་གནས་ན་འཁོད་པ་གང་ཡིན་པ་དེ་ནི་ཀུན་ནས་ཉོན་མོངས་པ་ལ་དམིགས་ [40A]༄༅། །པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །དཔེར་ན། ར་གཅིག་པའི་རྫིང་བུར་སེམས་ཅན་ལ་དམིགས་པའི་ཚུལ་ཁྲིམས་འདི་བྱམས་པས་ཡོངས་ སུ་བསྔོས་པ་གང་ཡིན་པ་དེ་ནི་ཀུན་ནས་ཉོན་མོངས་པ་ལ་དམིགས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཕ་རོལ་དང་མཐུན་པར་བྱ་བའི་ཕྱིར་འདོད་པའི་ཡོན་ཏན་ ལ་མི་སྨོད་པ་གང་ཡིན་པ་དེ་ནི་ཀུན་ནས་ཉོན་མོངས་པ་ལ་དམིགས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །བརྩོན་འགྲུས་ཀྱིས་ཕ་རོལ་སྐྲག་པར་བྱེད་དེ། །དཔེར་ན་ ཀུ་ཤའི་རྒྱལ་པོའི་བུའི་རྟོགས་པ་བརྗོད་པ་ལས་རྒྱ་ཆེར་ཤེས་པར་བྱ་བ་གང་ཡིན་པ་དེ་ནི་ཀུན་ནས་ཉོན་མོངས་པ་ལ་དམིགས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་ པའོ༑ ༑བདག་ཏུ་ལྟ་བ་ལས་བྱུང་བའི་བསམ་གཏན་ངར་འཛིན་པ་གང་ཡིན་པ་དེ་ནི་ཀུན་ནས་ཉོན་མོངས་པ་ལ་དམིགས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་ རབ་ཀྱིས་ཆོ་ལོ་དང། རྒྱན་པོ་དང། བྱ་ལོང་གི་རྩེད་མོ་ལ་མངོན་པར་དགའ་ཞིང་ཡེ་ཤེས་ཕ་རོལ་ཏུ་ཕྱིན་པ་དམིགས་པ་དང་བཅས་པས་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ གང་ཡིན་པ་དེ་ནི་ཀུན་ནས་ཉོན་མོངས་པ་ལ་དམིགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་གཞན་ལ་ཕན་འདོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞི་ན། འདོད་ [40B]ཡིན་པ་དེ་ནི་གཞན་ལ་ཕན་འདོགས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །བྱམས་པས་གཞན་ལ་གནོད་ པར་མི་གནས་པ་གང་ཡིན་པ་དེ་ནི་གཞན་ལ་ཕན་འདོགས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཆོས་དེ་ལ་བཟོད་ཅིང་མི་སྨོད་པ་གང་ཡིན་པ་དེ་ནི་གཞན་ལ་ཕན་ འདོགས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ལྷ་དང་མིའི་རིས་ཀྱི་ཕུན་སུ་ཚོགས་པ་སྒྲུབ་པར་འགྱུར་བའི་བརྩོན་འགྲུས་ནི། དཔེར་ན། བརྒྱ་བྱིན་གྱིས་གསོལ་བ་བཏབ་པས་ བྲམ་ཟེ་ཆེན་པོ་ཀིན་ཏུ་ཞེས་བྱ་བས་སེམས་ཅན་རྣམས་མཐོ་རིས་སུ་བཀྱེ་བ་གང་ཡིན་པ་དེ་ནི་གཞན་ལ་ཕན་འདོགས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཆོས་དེ་ལ་ སེམས་ཀྱིས་སྦྱོར་བ་གང་ཡིན་པ་དེ་ནི་གཞན་ལ་ཕན་འདོགས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །བྱང་ཆུབ་ཀྱི་ཕྱིར་ཡང་དག་པར་འཛིན་དུ་འཇུག་ཅིང་རྐྱེན་དེ་དག་ གིས་སེམས་ཅན་ཚིམ་པར་བྱེད་པ་གང་ཡིན་པ་དེ་ནི་གཞན་ལ་ཕན་འདོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འཕགས་པ་བསྐལ་པ་བཟང་པོ་པ་ ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་གསུམ་པ། དེ་ལ་གནས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། དམིགས་པར་ལྷུང་བའི་སྦྱིན་པ་རྣམ་པར་བགེད་པ་ལ་རེ་པས་ཕྱེ་བ་གང་ [41A]༄༅། །ཡིན་པ་དེ་ནི་གནས་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ་།དངོས་པོ་ལ་གནས་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་གནས་ཀྱི་ཚུལ་ཁྲིམས་ཀྱི་ ཕ་རོལ་ཏུ་ཕྱིན་པའོ། །སེམས་ཅན་ལ་དམིགས་པའི་བཟོད་པ་གང་ཡིན་པ་དེ་ནི་གནས་ཀྱི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །རྣམ་པར་རྟོགས་པ་ཅན་གྱི་བརྩོན་འགྲུས་གང་ ཡིན་པ་དེ་ནི་གནས་ཀྱི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ་།བདག་ཏུ་ཞུགས་པའི་བསམ་གཏན་གང་ཡིན་པ་དེ་ནི་ནས་ཀྱི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། ། ཞི་བ་དང་ཉེ་བར་ཞི་བའི་ཆོས་རྣམས་ལ་རྟོག་ངས་རབ་ཏུ་ཕྱི་ཞིང་ཀུ་ནས་དཀྲིས་པར་འདུག་པ་གང་ཡིན་པ་དེ་ནི་གནས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་ དག་ནི་གནས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་བྱང་ཆུབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བྱང་ཆུབ་ཀྱི་ཕྱིར་མི་སྐྱེ་བའི་ཆོས་ལ་བཟོད་པ་དང་རབ་ཏུ་ལྡན་པའི་ སྦྱིན་པ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ལུས་དང་སེམས་ལ་མི་དམིགས་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་ པའོ༑ ༑ཆོས་རྣམས་ལ་ཇི་ལྟ་བ་བཞིན་བཟོད་པ་གང་ཡིན་པ་དེ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ལུས་དང་སེམས་ལ་མི་དམིགས་པར་གནས་པའི་བརྩོན་འགྲུས་ [41B]།ཆོས་ལ་མཉམ་པ་ཉིད་དང་ལྡན་པའི་སེམས་གང་ཡིན་པ་དེ་ནི་བསམ་གཏན་ཕྱི་ཕ་རོལ་ཏུ་ཕྱིན་པའོ། །ཆོས་ ཐམས་ཅད་ལ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་ དྲུག་གོ། དེ་ལ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན་རྒྱུན་མི་ཆད་པར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཐབས་མཁས་པས་རབ་ཏུ་ཕྱེ་བ་གང་ཡིན་པ་དེ་ནི་ ཡེ་ཤེས་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཇི་ལྟར་ཚིགས་སུ་བཅད་པ་ལྔ་བརྒྱ་བྱ་བ་དང། ཡ་མཚན་ཅན་དགུ་བཅུ་རྩ་དྲུག་པོ་ཐམས་ཅད་རྣམ་པར་སྤོང་བས་རབ་ཏུ་ཕྱེ་བ་སྡུག་ བསྔལ་སྤང་བ་དང། ཡང་དག་པའི་ལྟ་བ་སྤང་བར་བྱ་བ་མ་ཡིན་པས་རབ་ཏུ་ཕྱེ་བ་དང། བདེ་འགྲོ་བ་སྒྲུབ་པར་བྱེད་པ་གང་ཡིན་པ་དེ་ནི་ཡེ་ཤེས་ཀྱི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ ཕྱིན་པའོ། །ཡེ་ཤེས་རྣམ་པས་སྡུག་བསྔལ་བཟོད་ཅིང་གང་དག་འདོད་ཆགས་མི་སྨོད་པར་ཕ་རོལ་པོ་ཡོངས་སུ་སྨིན་པར་བྱེད་པས་ཕྱེ་བ་གང་ཡིན་པ་དེ་ནི་ཡེ་ཤེས་ཀྱི་བཟོད་ པའི་ཕ་རོལ་ཏུ་ཕྱིན་པའོ། །ཇི་ལྟར་རྟའི་རྒྱལ་པོ་རྡོག་ལྡན་བདག་ཉིད་སྡུག་བསྔལ་དང་དུ་ལེན་ཅིང་གང་དག་བརྩོན་འགྲུས་ཀྱིས་བདག་དང་གཞན་ལ་ཕན་པ་དང་བདེ་བའི་ཕྱིར་ [42A]༄༅། །གནས་པ་འདི་ལྟར་འགྲོན་པོ་ལྔ་བརྒྱ་ཐར་པར་བྱས་པ་དང། འདི་ལྟར་རི་དགས་ཀྱི་རྒྱལ་པོ་སེངྒེས་འགྲོན་པོ་རྣམས་ཐར་པར་བྱས་པ་གང་ཡིན་པ་ དེ་ནི་ཡེ་ཤེས་ཀྱི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བསམ་གཏན་ཡང་བསྐྱེད། གཟུགས་མེད་པའང་བསྐྱེད། ཉན་ཐོས་ཀྱི་ཆོས་ཀྱང་བསྐྱེད་མོད་ཀྱི། གང་དག་དེ་དག་ གིས་ངེས་པར་མི་འབྱུང་བ་གང་ཡིན་པ་དེ་ནི་ཡེ་ཤེས་ཀྱི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཡེ་ཤེས་ཀྱིས་ཆོས་ཇི་ལྟ་བའི་ཕྱིར་འདི་ལྟར་སྨན་ཆེན་པོ་དང། འདི་ ལྟར་བྱང་ཆུབ་ཀུན་ཏུ་རྒྱུའི་མི་དགེ་བ་བཅུ་རྣམས་སྤོང་བ་སེམས་ཅན་སུ་ལའང་མེད་པ་གང་ཡིན་པ་དེ་ནི་ཡེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་བདག་ ལ་ཕན་འདོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བདག་ལོངས་སྤྱོད་ཆེན་པོ་གྲུབ་པར་ཡོངས་སུ་བསྔོས་པ་གང་ཡིན་པ་དེ་ནི་བདག་ལ་ཕན་འདོགས་པའི་ སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །བདེ་འགྲོ་ལྷ་དང་མིར་སྐྱེ་བར་སྒྲུབ་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་བདག་ལ་ཕན་འདོགས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། བཟོད་པ་ཐོབ་པའི་རྣམ་པར་སྨིན་པ་མཛེས་ཤིང་ཁ་དོག་མཆོག་ཏུ་རྒྱས་པ་ཐོབ་པ་དང། དབང་ཆེ་བར་གྲགས་པར་འགྱུར་པ་གང་ཡིན་པ་དེ་ནི་བདག་ལ་ཕན་འདོགས་ [42B] །བྱང་ཆུབ་ཀྱི་ཕྱིར་གཞན་ལ་རག་མ་ལས་པར་སྤྱོད་ཅིང། བདག་ཉིད་ཀྱི་བརྩོན་འགྲུས་ཀྱིས་དཔྱོད་པ་བྱེད་པ་གང་ཡོན་པ་དི་ནི་བདག་ལ་ ཕན་འདོགས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བསམ་གཏན་བསྐྱེད་པས་འཇིག་པའི་བསྐལ་པ་དང། འཆགས་པའི་བསྐལ་པ་བདུན་གྱི་བར་དུ་འཇིག་རྟེན་འདིར་ མི་འོང་བ་གང་ཡིན་པ་དེ་ནི་བདག་ལ་ཕན་འདོགས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཕ་རོལ་གྱི་ངོར་མི་བལྟ་ཞིང་ལུས་ཀྱི་ལས་དང། དག་གི་ལས་དང། ཡིད་ ཀྱི་ལས་བདེན་པའི་རྗེས་སུ་འཇུག་པ་གང་ཡིན་པ་དེ་ནི་བདག་ལ་ཕན་འདོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་བདག་ལ་ཕན་འདོགས་པའི་ཕ་ རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་འཐོབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྦྱིན་པའི་རྣམ་པར་སྨིན་པ་ལོངས་སྤྱོད་ཆེན་པོ་འཐོབ་པ་གང་ཡིན་པ་འདི་དང། བྱང་ཆུབ་ཀྱི་ ཕྱིར་ཡོངས་སུ་བསྔོ་བ་གང་ཡིན་པ་དེ་ནི་འཐོབ་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །རྙེད་པ་ཆེན་པོའི་ཕྱིར་སེམས་ལ་ཀུན་ནས་ཉོན་མོངས་པ་མེད་པ་གང་ཡིན་པ་དང་ བྱང་ཆུབ་ཀྱི་ཕྱིར་ཡོངས་སུ་བསྔོ་བ་གང་ཡིན་པ་དེ་ནི་འཐོབ་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བྱང་ཆུབ་ཀྱི་ཕྱིར་གཞན་ལ་གནོད་པ་མི་བྱེད་ཅིང་དམ་པའི་ཆོས་ཡོངས་སུ་ [43A]༄༅། །སྤོང་བར་མི་འགྱུར་བ་གང་ཡིན་པ་དེ་ནི་འཐོབ་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །བརྟུན་པའི་བརྩོན་འགྲུས་ཚད་མེད་པ་གང་ཡིན་པ་དེ་ནི་ འཐོབ་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བྱ་བ་ཐམས་ཅད་མངོན་པར་སྒྲུབ་པའི་ཏིང་ངེ་འཛིན་ཐོབ་པ་གང་ཡིན་དེ་ནི་འཐོབ་པའི་བསམ་གཏན་གྱི་ཕ་རོལ་ཏུ་ ཕྱིན་པའོ། །ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པ་གང་ཡིན་པ་དེ་ནི་འཐོབ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་འཐོབ་པའི་པ་རོལ་ཏུ་ཕྱིན་པ་ དྲུག་གོ་དེ་ལ་རེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན་དམིགས་པས་བསྐྱེད་པའི་སྦྱིན་པ་བྱང་ཆུབ་ཀྱི་ཕྱིར་ཡོངས་སུ་བསྔོས་པ་གང་ཡིན་པ་དེ་ནི་རེ་བའི་སྦྱིན་པའི་ཕ་ རོལ་ཏུ་ཕྱིན་པའོ། །ལུས་དང་ངག་དམིགས་པ་ཅན་གྱི་ཚུལ་ཁྲིམས་རྣམ་པར་སྨིན་པ་བྱང་ཆུབ་ཀྱི་ཕྱིར་སྦྱོར་བ་གང་ཡིན་པ་དེ་ནི་རེ་བའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་ པའོ༑ ༑ཇི་ལྟ་བ་བཞིན་མཐོང་བ་གང་ཡིན་པར་ཆོས་རྣམས་ལ་སོ་སོར་བརྟགས་པས་དང་དུ་ལེན་པ་གང་ཡིན་པ་དེ་ནི་རེ་བའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ལུང་དུ་མ་ བསྟན་པའི་ཤེས་པས་ཆོས་དེ་དང་དེ་དག་ལ་བརྩོན་ཞིང་ཕ་རོལ་གནོན་པ་གང་ཡིན་པ་དེ་ནི་རེ་བའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་ [43B]གང་ཡིན་པ་དེ་ནི་རེ་བའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ་།ལུང་དུ་མ་བསྟན་པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱི་བོར་སོན་པར་འགྱུར་རམ། མི་འགྱུར་རམ། ཡུན་ཇི་ཙམ་གྱིས་འགྱུར། །སུ་ཞིག་གིས་འགྱུར་སྙམ་པ་གང་ཡིན་པ་དེ་ནི་རེ་བའི་ཤེས་རབ་གྱི་ཕ་རོལ་ཏུ་ ཕྱིན་པ་སྟེ། འདི་དག་ནི་རེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་རྣམ་པ་གསུམ་ལྟ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན་འདུས་བྱས་ཀྱི་ཐབས་ཀྱང་རྒྱུན་མི་གཅོད་ལ། འབྲས་ བུ་འདུས་མ་བྱས་སྦྱིན་པར་བྱེད་པ་གང་ཡིན་པ་དེ་ནི་རྣམ་པ་གསུམ་ལྟ་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ལམ་ལ་ཞུགས་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་རྣམ་པ་ གསུམ་ལྟ་བའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཕྱི་དང་ནང་གི་ཆོས་རྣམས་ལ་མི་རྟག་པ་དང། སྡུག་བསྔལ་བ་དང། བདག་མེད་པས་རབ་ཏུ་ཕྱེ་བ་གང་ཡིན་པ་དང་ ཆོས་འདི་དག་ལ་བཟོད་པ་གང་ཡིན་པ་དེ་ནི་རྣམ་པ་གསུམ་ལྟ་བའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཐོགས་པ་མེད་པའི་ཡེ་ཤེས་ཀྱི་དམིགས་པ་དང་ལྡན་ཞིང་ལྷག་མཐོང་ སྔོན་དུ་འགྲོ་བའི་སེམས་ཀུན་ནས་ཉོན་མོངས་པ་མེད་པ་གང་ཡིན་པ་དེ་ནི་རྣམ་པ་གསུམ་ལྟ་བའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བསམ་གཏན་དང། ལྷག་མཐོང་དང་ [44A]༄༅། །མ་བྲལ་བས་ཉོན་མོངས་པ་དེ་དག་རབ་ཏུ་ཞི་བར་བྱ་བའི་ཕྱིར་གནས་པ་གང་ཡིན་པ་དེ་ནི་རྣམ་པ་གསུམ་ལྟ་བའི་བསམ་གཏན་གྱི་ཕ་རོལ་ཏུ་ ཕྱིན་པའོ། །རྟེན་ཅིང་འབྲེལ་བར་འབྱུང་བ་དང་མི་འགལ་བར་ཐབས་དང་ཤེས་རབ་ལ་མཁས་པས་ཡོངས་སུ་ཟིན་པས་ཉོན་མོངས་པ་སྤོང་བའི་ཕྱིར་གནས་པ་ནི་མ་ ཡིན་གྱིས༑ ཇི་ལྟ་བ་བཞིན་ཡོངས་སུ་ཤེས་ཤིང་སྨོན་ལམ་གྱི་དུས་སུ་ཡོངས་སུ་སྨིན་པར་བྱེད་པ་དང་ལྡན་པའི་གང་ཡིན་པ་དེ་ནི་རྣམ་པ་གསུམ་ལྟ་བའི་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་སྟེ། འདི་དག་ནི་རྣམ་པ་གསུམ་ལྟ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ལས་བྱས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བསྡུ་བའི་དངོས་པོ་དང་ལྡན་པས་ སེམས་ཅན་རྣམས་ལ་སྦྱིན་པ་གང་ཡིན་པ་དེ་ནི་ལས་བྱེད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཚུལ་ཁྲིམས་ཀྱིས་སྐྱེ་བོ་མང་པོ་སྨིན་པར་བྱེད་པ་གང་ཡིན་པ་དེ་ནི་ ལས་བྱེད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དཔེར་ན་སྲེག་པའི་སྐྱེས་པའི་རབས་ལས་མེ་བསད་པ་དང། སེམས་ཅན་ཐར་པར་བྱས་པ་ལྟ་བུ་སྟེ། དེའང་ གང་གི་ཕྱིར་བལྟ་ཞེ་ན། །བསྡུ་བའི་དངོས་པོའི་ཕྱིར་སྐྱེ་བོ་རྣམས་ལ་སྙན་པར་སྨྲ་བའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པས་སྐྱེ་བོ་མང་པོ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ [44B] དཔེར་ན། ཀ་ལིངྐའི་རྒྱལ་པོས་ལུས་དུམ་བུ་བརྒྱད་དུ་གཏུབས་ཀྱང་བཟོད་པ་མ་བཏང་བ་དང། ཇི་ལྟར་མགོ་བཅད་ཀྱང་སྡུག་བསྔལ་གྱི་ཚོར་བ་དང་ ཏུ་ལེན་པའི་བར་དུ་སྦྱར་ཏེ། ཐམས་ཅད་དུ་དཀའ་བ་སྤྱད་པ་དེ་ནི་ལས་བྱེད་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། དེའང་གང་གི་ཕྱིར་བལྟ་ཞེ་ན། བསྡུ་བའི་དངོས་པོའི་ཕྱིར་ དོན་སྤྱོད་པའོ། །སྙིང་རྗེ་ཆེན་པོ་སྔོན་དུ་བཏང་སྟེ། དུས་ཤེས་པ་དང་ལྡན་པའི་བརྩོན་འགྲུས་ཀྱིས་སྐྱེ་བོ་མང་པོ་ཡོངས་སུ་སྨོན་པར་བྱ་བ་དང། སེམས་ཅན་རྣམས་ལ་སྐུལ་བར་ བྱེད་པ་གང་ཡིན་པ་དེ་ནི་ལས་བྱེད་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེའང་གང་གི་ཕྱིར་བལྟ་ཞེ་ན། བསྡུ་བའི་དངོས་པའི་ཕྱིར་དོན་མཐུན་པའོ། །བསམ་གཏན་ཡོངས་ སུ་སྦྱང་བར་མ་བྱས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པས་ཆོས་ཐམས་ཅད་ལ་ཐོགས་པ་མེད་པ་གང་ཡིན་པ་དེ་ནི་ལས་བྱེད་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ སྟེ༑ དེའང་གང་གི་ཕྱིར་བལྟ་ཞེ་ན། རྣམ་པར་ཐར་པ་སྟོང་པ་ཉིད་ཀྱི་སྒོའི་ཕྱིར་རོ། །ཤེས་རབ་ཀྱིས་དགེ་བའི་ཆོས་ཐམས་ཅད་ལ་རྨོངས་པ་མེད་པར་གནས་ཤིང། སྐྱེ་བོ་མང་པོ་བྱང་ ཆུབ་ཀྱི་ཕྱིར་ཡང་དག་པར་འཛིན་དུ་འཇུག་པ་དང། དངོས་པོ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་ལ། ཆུང་དུ་ན་རྣམ་པར་ཐར་པ་སྨོན་པ་མེད་པའི་སྒོ་ཡོངས་སུ་བཟུང་བ་གང་ཡིན་པ་ [45A]༄༅། །དེ་ནི་ལས་བྱེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་ལས་བྱེད་པའི་ཕ་རོལ་ཏུ་ཕྱི་པ་དྲུག་གོ་དེ་ལ་ལམ་ཤིན་ཏུ་སྦྱངས་པའི་ ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཡང་དག་པའི་ལྟ་བ་ལ་ཞུགས་ཤིང་ལྟས་དང་དགེ་མཚན་སྤངས་པའི་སྦྱིན་པ་ལྡན་པ་མ་ཡིན་པར་ཡོངས་སུ་བསྔོས་པ་གང་ཡིན་ པ་དེ་ནི་ལམ་ཤིན་ཏུ་སྦྱངས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཡང་དག་པའི་ངག་དང། ཡང་དག་པའི་འཚོ་བ་དང། ཡང་དག་པའི་ལས་ཀྱི་མཐའ་དང་ལྡན་པའི་ ཚུལ་ཁྲིམས་གང་ཡིན་པ་དེ་ནི་ལམ་ཤིན་ཏུ་སྦྱངས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་མ་བཏང་བ་གང་ཡིན་པ་དེ་ནི་ལམ་ ཤིན་ཏུ་སྦྱངས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ལུས་དང་སེམས་ལ་མི་དམིགས་པ་གང་ཡིན་པ་དེ་ནི་ལམ་ཤིན་ཏུ་སྦྱངས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ ཕྱིན་པའོ། །དམིགས་པ་མེད་པའི་ཏིང་ངེ་འཛིན་ལ་མ་གཡེང་བ་གང་ཡིན་པ་དེ་ནི་ལམ་ཤིན་ཏུ་སྦྱངས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །མཚན་མར་ འཛིན་པ་མེད་པས་ཤེས་རབ་ཡང་དག་པའི་ལྟ་བ་དང་ལྡན་ལ་ཡང་དག་པའི་དྲན་པ་བསྐྱེད་པའི་བྱང་ཆུབ་ཀྱི་ཕྱོགས་གཅིག་པ་མཐར་ཕྱིན་པར་བྱ་བ་དང། །ཕྱིར་མི་ལྡོག་པར་ [45B]པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་ལམ་ཤིན་ཏུ་སྦྱངས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། དེ་ལ་ བརྩོན་པ་མི་འདོར་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བ་བྱང་ཆུབ་ཀྱི་ཕྱིར་ཐབས་མཁས་པས་ཡོངས་སུ་བསྔོས་པ་གང་ཡིན་པ་དེ་ནི་བརྩོན་ པ་མི་འདོར་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །སེམས་ཅན་རྣམས་བདེ་འགྲོ་ཐོབ་པར་བྱ་བའི་ཕྱིར་མི་དམིགས་པ་སྔོན་དུ་བཏང་བ་ཉམས་པ་མེད་པའི་ཚུལ་ཁྲིམས་ལ་གནས་པ་ གང་ཡིན་པ་དེ་ནི། དཔེར་ན། དགའ་ལྡན་ནས་བྱང་ཆུབ་སེམས་དཔའ་འཆི་འཕོ་བ་ན་སྟོང་གསུམ་གཡོ་བ་དང། གནས་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཞིང་ཡོངས་སུ་ དག་པ་ཕུན་སུམ་ཚོགས་པ་འཛིན་པ་དེ་ནི་བརྩོན་པ་མི་འདོར་བའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བཟོད་པས་ཕ་རོལ་གྱི་དགེ་བའི་རྩ་བ་བསྒྲུབ་པའི་ཕྱིར་ཉེ་བར་གནས་ ཤིང་འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་མི་གོས་པ་གང་ཡིན་པ་དེ་ནི་བརྩོན་པ་མི་འདོར་བའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །བརྩོན་འགྲུས་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ ཡང་དག་པར་འཛིན་པ་དང། སེམས་ཅན་རྣམས་ལ་བྱམས་པས་ཡོངས་སུ་བསྔོས་པ་གང་ཡིན་པ་དེ་ནི་བརྩོན་པ་མི་འདོར་བའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སྙོམས་ [46A]༄༅། །བར་འཇུག་པའི་རྣམ་པ་ཐམས་ཅད་སྒྲུབ་པའི་བསམ་གཏན་ཚད་མེད་པ་ཡོངས་སུ་འཛིན་པ་གང་ཡིན་པ་དེ་ནི་བརྩོན་པ་མི་འདོར་བའི་ བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཆོས་ཐམས་ཅད་ལ་མཁས་པར་བྱ་བའི་ཕྱིར་དང། གང་མངོན་པར་ཤེས་པས་ངེས་པར་འབྱུང་བའི་ཕྱིར་སྨོན་ལམ་ཡོངས་སུ་ བསྔོས་པའི་ཤེས་རབ་ལ་གནས་པ་གང་ཡིན་པ་དེ་ནི་བརྩོན་པ་མི་འདོར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་བརྩོན་པ་མི་འདོར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་བརྩོན་པ་མི་འདོར་བའི་ཕ་རོལ་ཏུ་ ཕྱིན་པ་དྲུག་གོ་དེ་ལ་རིགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། མྱ་ངན་ལས་འདས་པ་དང་ལྡན་པའི་སྦྱིན་པ་གང་ཡིན་པ་དེ་ནི་རིགས་པའི་སྦྱིན་པའི་ཕ་རོལ་ ཏུ་ཕྱིན་པའོ། །འདོད་ཆགས་དང་བྲལ་བར་ཡོངས་སུ་བསྔོས་པས་ཚུལ་ཁྲིམས་གང་ཡིན་པ་དེ་ནི་རིགས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འགོག་པར་ ཡོངས་སུ་བསྔོས་པས་བཟོད་པ་གང་ཡིན་པ་དེ་ནི་རིགས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཉེ་བར་ཞི་བ་རྩོམ་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་རིགས་པའི་ བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ལྟ་བར་གྱུར་པ་རབ་ཏུ་ཞི་བར་བྱེད་པ་དང། ཉོན་མོངས་པ་འཇོམས་པར་བྱེད་པའི་བསམ་གཏན་གང་ཡིན་པ་དེ་ནི་རིགས་པའི་བསམ་ [46B] །སྔགས་དང། སྨན་དང་གཙུག་ལག་དང། ས་གཡོ་བ་ཤེས་པ་དང། དུས་ཚིགས་དང། ལོ་ཤེས་པ་དང། ཡི་གེ་ཤོས་པ་དང། མངོན་ པར་ཤེས་པ་དང། སྙིང་རྗེ་ཆེན་པོ་དང། བདེ་འགྲོ་དང། ངན་འགྲོའི་ལམ་རྗེས་སུ་ཤེས་པར་གནས་ཤིང། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱིར་མངོན་པར་ཞེན་པ་མེད་པའི་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་རིགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་རིགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་སྟེ། དེ་དག་ནི་མི་འཇིགས་ པ་བཞི་ལས་བལྟ་བར་བྱའོ། །དེ་ལ་བྱ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སེམས་ཅན་ལ་ཕན་པའི་ཕྱིར་ཡོངས་སུ་བསྔོ་ཞིང་བདག་ཉིད་ཀྱང་སྦྱིན་པ་བྱེད་ལ་གཞན་དག་ ཀྱང་ཡང་དག་པར་འཛིན་དུ་འཇུག་པ་གང་ཡིན་པ་དེ་ནི་བྱེ་བར་གཏོགས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །སེམས་ཅན་ལ་དམིགས་པའི་བྱམས་པ་སྒྲུབ་པ་གང་ཡིན་པ་ དེ་ནི་བྱ་བར་གཏོགས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ་།ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པའི་བཟོད་པ་གང་ཡིན་པ་དེ་ནི་བྱ་བར་གཏོགས་པའི་བཟོད་པའི་ཕ་ རོལ་ཏུ་ཕྱིན་པའོ། །དགེ་བ་བཅུ་དང་ལྡན་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་བྱ་བར་གཏོགས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །མི་རྟག་པ་དང། སྡུག་བསྔལ་པ་དང་ [47A]༄༅། །བདག་མེད་པ་ལ་དམིགས་པའི་བསམ་གཏན་གང་ཡིན་པ་དེ་ནི་བྱ་བར་གཏོགས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །དགེ་བའི་ཆོས་རྣམས་ ཆུད་མི་ཟ་བར་བྱ་བ་དང། མི་དགེ་བའི་ཆོས་རྣམས་སྤང་བར་བྱ་བའི་ཕྱིར་ཐབས་མཁས་པས་སྐྱེ་བོ་མང་པོ་ལ་ཕན་འདོགས་པའི་ཤེས་རབ་གང་ཡིན་པ་དེ་ནི་བྱ་བར་ གཏོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་བྱ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་བྱ་བ་མ་ཡིན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། འདོད་པའི་ ཡོན་ཏན་གྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་གང་ཡིན་པ་དེ་ནི་བྱ་བར་གཏོགས་པ་མ་ཡིན་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ་།བྱ་བ་མ་ཡིན་པའི་འབྱུང་བའི་ཚུལ་ཁྲིམས་ གང་ཡིན་པ་དེ་ནི་བྱ་བ་མ་ཡིན་པར་གཏོགས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སྲེད་པས་ཡོངས་སུ་བསྔོས་ཤིང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ ཡུལ་ལ་བཟོད་པ་གང་ཡིན་པ་དེ་ནི་བྱ་བ་མ་ཡིན་པར་གཏོགས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །འཇིག་རྟེན་པའི་གད་མོ་དང་དགའ་བ་དང། རྩེད་མོ་དང་ སྔགས་དང། སྨྲ་བ་དང། བརྗོད་པ་དང། ཆོ་ལོ་དང། རྒྱན་པོ་དང། ཡོ་བྱད་རྣམས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་གང་ཡིན་པ་དེ་ནི་བྱ་བ་མ་ཡིན་པར་ [47B] །བཏང་སྙོམས་དང་བྱང་ཆུབ་ཀྱི་ཡན་ལག་གིས་ཕྱེ་བའི་བསམ་གཏན་གང་ཡིན་པ་དེ་ནི་བྱ་བ་མ་ཡིན་པར་གཏོགས་ པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཤིན་ཏུ་སྦྱངས་པ་དང་ལྡན་པའི་ཤེས་རབ་གང་ཡིན་པ་དེ་ནི་བྱ་བ་མ་ཡིན་པར་གཏོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་ དཔེར་ན། རྒྱལ་པོའི་བུ་བླུན་པོ་ལྐུགས་པ་ལྟ་བུ་སྟེ། འདི་དག་ནི་བྱ་བ་མ་ཡིན་པར་གཏོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་རློམ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ ཞེ་ན༑ ཡོངས་སུ་བསྔོ་བ་དང་བྲལ་བའི་སྦྱིན་པ་གང་ཡིན་པ་དེ་ནི་རློམ་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །བདག་ཚུལ་ཁྲིམས་དང་ལྡན་པ་བྱང་ཆུབ་ཏུ་ཡོངས་སུ་ བསྔོ་བ་གང་ཡིན་པ་དེ་ནི་རློམ་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ང་རྒྱལ་དང་ལྡན་པའི་བཟོད་པ་གང་ཡིན་པ་དེ་ནི་རློམ་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། ། རྩོམ་པ་རྒྱས་པར་བྱེད་པ་གང་ཡིན་པ་དེ་ནི་རློམ་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སྒོམ་ཞིང་གཏོང་བ་གང་ཡིན་པ་དེ་ནི་རློམ་པའི་བསམ་གཏན་གྱི་ཕ་རོལ་ ཏུ་ཕྱིན་པའོ། །ཐོས་པའི་བདག་ཉིད་བྱང་ཆུབ་ཏུ་ཡོངས་སུ་བསྔོས་བ་གང་ཡིན་པ་དེ་ནི་རློམ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་རློམ་པའི་ཕ་རོལ་ཏུ་ཕྱིན་ [48A]༄༅། །པ་དྲུག་སྟེ། དེ་ག་ལས་བལྟ་ཞེ་ན། ཆོས་མཉམ་པ་དག་ལས་སོ། །དེ་ལ་བརྩམས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན་དངོས་པོ་ཐམས་ ཅད་ལ་མི་ལྟ་བར་ཡོངས་སུ་གཏོང་བ་གང་ཡིན་པ་དེ་ནི། དཔེར་ན་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་རྒྱ་མཚོ་ཆེན་པོར་ལུས་ཡོངས་སུ་གཏོང་བ་ལྟ་བུ་སྟེ། དེ་ནི་བརྩམས་ པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཚུལ་ཁྲིམས་ཀྱི་རང་བཞིན་བལྟ་བ་དང་རྒོད་པ་སྤངས་པ་གང་ཡིན་པ་དེ་ནི་བརྩམས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཐ་ན་མགོ་ བཅད་ཀྱང་མི་འཁྲུགས་པ་གང་ཡིན་པ་དེ་ནི་བཙམས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །བྱ་བ་ཐམས་ཅད་ཟིལ་གྱིས་མནན་ཏེ་རྩོམ་པ་གང་ཡིན་པ་དེ་ནི། དཔེར་ན་ རྒྱ་མཚོ་ཆེན་པོ་སྐམ་པར་འབད་པ་ལྟ་བུ་སྟེ། དེ་ནི་བརྩམས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བཙུན་མོའི་འཁོར་གྱི་ནང་གནས་ཀྱང་བསམ་གཏན་བཞི་ ཆུད་མི་ཟ་བ་གང་ཡིན་པ་དེ་ནི་བརྩམས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །འདུ་བྱེད་ཐམས་ཅད་སྒྱུ་མ་ལྟ་བུར་མཐོང་བ་དང་ལྡན་ཞིང་ཟབ་མོ་མི་དམིགས་པ་ དང་ལྡན་པའི་ཤེ་རབ་རྨོངས་པ་མེད་པ་གང་ཡིན་པ་དེ་ནི་བརྩམས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་བརྩམས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་སྟེ། དེ་ [48B] །དེ་ལ་དགེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བག་ཆགས་ཀྱི་མཚམས་སྦྱོར་བ་འཇོམས་པར་བྱེད་པའི་སྦྱིན་པ་གང་ ཡིན་པ་དེ་ནི་དགེ་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །འཕགས་པའི་ཚུལ་ཁྲིམས་ཀྱི་ཕྱིར་ཐམས་ཅད་ཡོངས་སུ་གཏོང་བར་གནས་པ་དང། བག་མེད་པ་རྣམ་པར་སྤོང་བ་དང་ ངན་འགྲོ་སེལ་བ་ལ་ཉེ་བར་གནས་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་དགེ་བའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཐམས་ཅད་ལ་བཟོད་ཅིང་དགེ་བའི་ཆོས་ལ་རྩོད་པ་ མེད་པ་གང་ཡིན་པ་དེ་ནི་དགེ་བའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །བྱ་བར་གཏོགས་པ་ཐམས་ཅད་ལ་བརྩོན་འགྲུས་ཞུམ་པ་མེད་པ་གང་ཡིན་པ་དེ་ནི་དགེ་བའི་བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བསམ་གཏན་གྱི་ངོ་བོ་ཉིད་ཡུལ་མཉམ་པ་ཉིད་ལ་ཞུགས་པ་བསམ་པ་ཇི་ལྟ་བ་བཞིན་སེམས་འདུལ་བའི་ཕྱིར་གནས་པ་གང་ཡིན་པ་དེ་ནི་དགེ་ བའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དཔེར་ན། རྒྱལ་པོ་ཆེན་པོ་ལེགས་མཐོང་འདོད་པའི་རྣམ་པར་རྟོག་པ་དང། །གནོད་སེམས་ཀྱི་རྣམ་པར་རྟོག་པ་དང། རྣམ་པར་འཚེ་བའི་རྣམ་ པར་རྟོག་པ་དག་ལས་འདས་པ་ལྟ་བུའོ། །ཐམས་ཅད་ལ་མི་གནས་པའི་ཤེས་རབ་གང་ཡིན་པ་དེ་ནི་དགེ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེའང་སྙིང་རྗེ་ཆེན་པོ་ [49A]༄༅། །ལས་བལྟ་བར་བྱ་བ་སྟེ། འདི་དག་ནི་དགེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་རྣོ་བས་ཕྱེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། མི་དམིགས་ པ་ལ་གནས་པའི་སྦྱིན་པ་གང་ཡིན་པ་དེ་ནི་རྣོ་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་རློམ་སེམས་མེད་ཅིང་དངོས་པོ་བཅབས་པ་མེད་པ་ གང་ཡིན་པ་དེ་ནི་རྣོ་བའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ་།ཆོས་ཐམས་ཅད་ལ་ཇི་ལྟ་བ་བཞིན་དུ་བཟོད་ཅིང་ཕྱིན་ཅི་ལོག་མེད་པས་བསྐྱེད་པ་གང་ཡིན་པ་དེ་ནི་རྣོ་བའི་ བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །མོས་པ་ཇི་ལྟ་བ་བཞིན་ལ་ཕྱིར་ལྡོག་པ་མེད་པར་གནས་པ་གང་ཡིན་པ་དེ་ནི་རྣོ་བའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་རྣོ་བའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །བྱང་ཆུབ་སེམས་དཔར་གྱུར་ པ་ན་ཉན་ཐོས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་མ་ལུས་པར་ཤེས་ཤིང། རང་སངས་རྒྱས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་མ་ལུས་པ་ཤེས་ཀྱང་འདོད་ཆགས་དང་བྲལ་བའང་མ་ ཡིན༑ སོ་སོའི་སྐྱེ་བོའང་མ་ཡིན། སྦྱིན་གནས་ཀྱང་མ་ཡིན་ལ། སྨོན་ལམ་གྱིས་སྐྱེས་པ་ལ་ཡང་མངོན་པར་ཞེན་པ་མེད་པ་གང་ཡིན་པ་དེ་ནི་རྣོ་བའི་ཤེས་རབ་ཀྱི་ཕ་ [49B] འདི་དག་ནི་རྣོ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ཟབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། མི་དམིགས་པའི་སྦྱིན་པ་གང་ཡིན་པ་དེ་ནི་ཟབ་པའི་ སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །སེམས་ཅན་དང་མཐུན་པར་གནས་པའི་ཚུལ་ཁྲིམས་ཞེན་པ་མེད་པ་དེ་ལ་མ་ཆགས་པས་མཁས་པས་རྣམས་ཀྱིས་བསྔགས་པའི་ཚུལ་ཁྲིམས་ གང་ཡིན་པ་དེ་ནི་ཟབ་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། །དེ་ག་ལས་བལྟ་ཞེ་ན། དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང། ལྷག་པའི་བསམ་པ་ལ་འཇུག་པ་ལས་ སོ༑ ༑བདག་མེད་པ་དང་ལྡན་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་སྨིན་པ་དང། རྣམ་པར་སྨིན་པ་མ་ཡིན་པ་དང། རྣམ་པར་སྨིན་པ་དང་བཅས་ལ་རྣམ་པར་རྟོག་པ་ མེད་པ་གང་ཡིན་པ་དེ་ནི་ཟབ་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ག་ལས་བལྟ་ཞེ་ན། ཆོས་འཚོལ་བའི་སྤྱོད་པ་དང་ལྡན་པ་ལས་སོ། །ཁམས་གསུམ་ལའང་མངོན་ པར་ཞེན་པ་མེད་པ་ཡིན་ལ། མྱ་ངན་ལས་འདས་པ་ལ་རློམ་སེམས་སུའང་མི་བྱེད་པ་གང་ཡིན་པ་དེ་ནི་ཟབ་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ག་ལས་བལྟ་ཞེ་ན་ མུ་སྟེགས་ཅན་གྱི་ཤེས་པ་ཟིལ་གྱིས་གནོན་པ་ལས་སོ། །ལམ་དང་བསམ་གཏན་ཤིན་ཏུ་ཟབ་པ་གང་ཡིན་པ་དེ་ནི་ཟབ་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱི་ [50A]༄༅། །ཕ་རོལ་ཏུ་ཕྱིན་པ་ཆོས་དགེ་བར་བཏགས་པ་དང་མི་འགལ་བར་ཐམས་ཅད་དུ་ཐོགས་པ་མེད་པས་ཕྱེ་བ་ཉེ་བར་ཞི་བ་དང་རྒྱུ་མཐུན་པ་སྤྲོས་པ་མེད་པ་ལ་ གནས་པ་གང་ཡིན་པ་དེ་ནི་ཟབ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་ཟབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་སྣ་ཚོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ ཞེ་ན༑ སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྣ་ཚོགས་སྟེར་བ་གང་ཡིན་པ་དེ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། དེའི་རྣམ་པར་སྨིན་པ་གང་ཞེ་ན་ལུས་ལ་དཔེ་བྱད་སྣ་ཚོགས་པ་དང་ སྤོབས་པ་ཕུན་སུམ་ཚོགས་པ་གང་ཡིན་པ་དེ་ནི་སྣ་ཚོགས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་འཛིན་པར་བྱེད་ཅིང་བསམ་པ་རྫོགས་པ་ཉེ་བར་ གནས་པ་གང་ཡིན་པ་དེ་ནི་སྣ་ཚོགས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སངས་རྒྱས་ཀྱི་ཞིང་སྐྱོན་དང་བྲལ་བ་དེ་ནི་སེམས་ཅན་རྣམས་ལ་གནོད་སེམས་མེད་པར་ གྱུར་ཅིག་ཅེས་ཡོངས་སུ་བསྔོ་བ་གང་ཡིན་པ་དེ་ནི་སྣ་ཚོགས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཉན་ཐོས་དང། རང་སངས་རྒྱས་དང། བྱང་ཆུབ་སེམས་དཔའི་ འཁོར་སྨིན་པར་བྱེད་པ་གང་ཡིན་པ་དེ་ནི་སྣ་ཚོགས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འཁོར་དྲེགས་པ་དང། འདོད་ཆགས་ཅན་གྱི་ནང་ན་གནས་ཀྱང་སེམས་ལ་ [50B]གང་ཡིན་པ་དེ་ནི་སྣ་ཚོགས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཐབས་མཁས་པས་ཡོངས་སུ་ཟིན་པའི་ཤེས་རབ་ ཐམས་ཅད་དུ་བརྗེད་ངས་པ་མེད་ཅིང་ཆོས་ཟབ་མོ་སྟོན་པ་ལ་གཞན་ལ་རག་མ་ལས་པ་གང་ཡིན་པ་དེ་ནི་སྣ་ཚོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་སྣ་ཚོགས་ པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་བཀོད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཡིད་ཀྱིས་སངས་རྒྱས་ཀྱི་ཞིང་བཟའ་བ་དང་བཏུང་བ་ཕུན་སུམ་ཚོགས་པ་གང་ཡིན་པ་དེ་ནི་བཀོད་ པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །འཁོར་ཐམས་ཅད་ལ་བརྙས་པ་མེད་པ་གང་ཡིན་པ་དེ་ནི་བཀོད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། སངས་རྒྱས་ཀྱི་ཞིང་ལག་མཐིལ་ ལྟར་མཉམ་ཞིང་ཀ་ཙ་ལིནྡི་ཀ་ལྟར་རེག་ན་འཇམ་པ་རིན་པོ་ཆེ་སྣ་ཚོགས་ཀྱི་སྤྲས་པ་དག་འགྲུབ་ཅིང་བག་ཡོད་པར་འགྱུར་བ་གང་ཡིན་པ་དེ་ནི་བཀོད་པའི་བཟོད་པའི་ཕ་རོལ་ ཏུ་ཕྱིན་པའོ། །འཁོར་ཚད་མེད་པ་གང་ཡིན་པ་དེ་ནི་བཀོད་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འོད་དང་མཚན་ཕུན་སུམ་ཚོགས་ཤིང་བསམ་པའི་སྐྱོན་དང། རྣམ་པར་ སྨིན་པ་དང། དྲེགས་པ་དང། ཉོན་མོངས་པ་དང་བྲལ་བ་གང་ཡིན་པ་དེ་ནི་བཀོད་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཐོབ་ནས་ཐ་ན་དུད་འགྲོའི་ [51A]༄༅། །སྐྱེ་གནས་སུ་གྱུར་པའི་སེམས་ཅན་རྣམས་ལ་ཆོས་སྟོན་ཀྱང་བརྗེད་ངེས་པ་མེད་པ་གང་ཡིན་པ་དེ་ནི་བཀོད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་ འདི་དག་ནི་བཀོད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ཐུག་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྒྲིབ་པ་མེད་པའི་སེམས་ཀྱིས་ཡོངས་སུ་གཏོང་བ་གང་ཡིན་པ་ དེ་ནི་ཐུག་པ་མེད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཉོན་མོངས་པ་བྱུང་བ་སེལ་བར་འགྱུར་བ་གང་ཡིན་པ་དེ་ནི་ཐུག་པ་མེད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། སེམས་ཅན་གྱི་འདུ་ཤེས་རྒྱ་ཆེ་ཞིང་ཐུག་པ་མེད་པ་སྒོམ་ལ་མ་ཞུམ་པ་དང། འཇིགས་པ་མེད་པས་རབ་ཏུ་ཕྱེ་བ་གང་ཡིན་པ་དེ་ནི་ཐུག་པ་མེད་པའི་བཟོད་པའི་ཕ་རོལ་ཏུ་ ཕྱིན་པའོ། །ཡེ་ཤེས་ལ་དམིགས་པས་ཕ་རོལ་གནོན་པ་གང་ཡིན་པ་དེ་ནི་ཐུག་པ་མེད་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བདག་མེད་པ་ལ་བཟོད་པར་གནས་ཤིང་ ཡུལ་ལ་ལོངས་སྤྱོད་པའི་བསམ་གཏན་བརྗེད་ངས་པ་མེད་པ་གང་ཡིན་པ་དེ་ནི་ཐུག་པ་མེད་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ་།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ སྤོབས་པ་ཕུན་སུམ་ཚོགས་པ་དང་ལྡན་པས་སྟོན་པ་ཐམས་ཅད་ལ་ཐུག་པ་མེད་པའི་བསམ་གཏན་དང། རྣམ་པར་ཐར་པ་དང། ཏིང་ངེ་འཛིན་དང། སྙོམས་པར་འཇུག་པ་ཐམས་ [51B]ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་ཐུག་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་སེམས་ཅན་ལ་ དམིགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བྱམས་པ་སྔོན་དུ་འགྲོ་བའི་སྦྱིན་པས་ཡི་དགས་ཀྱི་ཡུལ་རྣམ་པར་སྦྱོང་བར་བྱེད་པ་གང་ཡིན་པ་དེ་ནི་སེམས་ཅན་ལ་དམིགས་པའི་ སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །དུད་འགྲོའི་སྐྱེ་གནས་རྣམ་པར་སྦྱོང་བར་བྱེད་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་སེམས་ཅན་ལ་དམིགས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་ པའོ༑ ༑ཉེས་པ་བྱས་པ་ཐམས་ཅད་བཟོད་ཅིང་སེམས་ཅན་དམྱལ་བ་སྦྱོང་བར་བྱེད་པ་གང་ཡིན་པ་དེ་ནི་སེམས་ཅན་ལ་དམིགས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །བསྡུ་བའི་དངོས་པོ་ རྣམ་པ་བཞི་དང་མཐུན་པར་ཕ་རོལ་གནོན་ཅིང་ལྷ་མ་ཡིན་གྱི་སྐྱེ་བ་ཡོངས་སུ་སྦྱོང་བ་གང་ཡིན་པ་དེ་ནི་སེམས་ཅན་ལ་དམིགས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བདག་ ཉིད་ཉེ་བར་བཟུང་ནས་སེམས་ཅན་ལ་བདེ་བ་སྒྲུབ་པ་ནི། དཔེར་ན་མི་འཁྲུག་པའི་ཐུགས་དམ་ལས་ཕ་རོལ་གྱི་གཞི་ལས་འཚོ་ཞིང་ཐུགས་དམ་བཅུ་མཛད་པ་ལྟ་བུ་དང། མི་ རྣམས་ཡོངས་སུ་སྦྱོང་བར་འགྱུར་བ་གང་ཡིན་པ་དེ་ནི་སེམས་ཅན་ལ་དམིགས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཀུན་རྫོབ་ཀྱི་བདེན་པ་ལ་གནས་ནས་སེམས་ཅན་ [52A]༄༅། །རྣམས་ལ་ཆོས་རྒྱ་ཆེན་པོ་རབ་ཏུ་དབྱེ་བ་འབྱེད་ཅིང་སྟོན་ལ། ཉོན་མོངས་པ་རྣམ་པར་བྱང་བ་ལ་གནས་པ་གང་ཡིན་པ་དེ་ནི་སེམས་ཅན་ལ་ དམིགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་སེམས་ཅན་ལ་དམིགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། དེ་ལ་ཆོས་ལ་དམིགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ གང་ཞེ་ན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་འདོད་པས་སྦྱིན་པ་གང་ཡིན་པ་དེ་ནི་ཆོས་ལ་དམིགས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །སྨོན་པ་མེད་པའི་ཏིང་ངེ་ འཛིན་གྱི་རྣམ་པར་ཐར་པའི་སྐྱེས་པའི་ལུས་དང། ངག་དང། སེམས་ཀྱི་སྔོམ་པ་གང་ཡིན་པ་དེ་ནི་ཆོས་ལ་དམིགས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། སྙིང་རྗེ་ ཆེན་པོ་ལ་དམིགས་པའི་བཟོད་པ་གང་ཡིན་པ་དེ་ནི་ཆོས་ལ་དམིགས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །རྫུ་འཕྲུལ་གྱི་རྐང་པ་སྔོན་དུ་འགྲོ་བའི་ཕ་རོལ་གནོན་པ་གང་ཡིན་ པ་དེ་ནི་ཆོས་ལ་དམིགས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དྲན་པ་ཉེ་བར་གཞག་པ་སྔོན་དུ་འགྲོ་བའི་བསམ་གཏན་གང་ཡིན་པ་དེ་ནི་ཆོས་ལ་དམིགས་པའི་བསམ་ གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །སོ་སོ་ཡང་དག་པར་རིག་པ་ལས་བྱུང་བའི་གཟུངས་ཇི་སྙེད་པ་དེ་དག་གི་ཡི་གེ་ལ་དཔྱོད་པར་བྱེད་ཅིང་ཕུལ་བ་མ་ཡིན་པས་སྒྲ་ཐམས་ཅད་ཤེས་ [52B] མི་འཇིགས་པ་བཞི་ཡོངས་སུ་འཛིན་ཅིང་ཕྱིར་མི་ལྡོག་པའི་སྟོན་པ་གང་ཡིན་པ་དེ་ནི་ཆོས་ལ་དམིགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་ཆོས་ལ་ དམིགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ཞི་གནས་ལ་དམིགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སེམས་ལ་འཛིན་པ་མེད་པར་འགྱུར་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟེ་ སེམས་ལ་འཛིན་པ་མེད་པའི་ཕྱིར། གང་བདེན་པའི་བསམ་པས་ཡོངས་སུ་བསྔོ་བ་གང་ཡིན་པ་དེ་ནི་ཞི་གནས་ལ་དམིགས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །སྒྲིབ་པ་ལྔ་སྤོང་བ་ གང་ཡིན་པ་དེ་ནི་ཞི་གནས་ལ་དམིགས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །མི་རྟག་པ་དང། སྡུག་བསྔལ་བར་རྟོག་པའི་ཤེས་པ་ལ་བཟོད་པར་བརྗོད་པ་གང་ཡིན་པ་དེ་ ནི་ཞི་གནས་ལ་དམིགས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་ཆོས་རྣམས་འཚོལ་བར་འབད་པ་གང་ཡིན་པ་དེ་ ནི་ཞི་གནས་ལ་དམིགས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ་།ཏིང་ངེ་འཛིན་བྱང་ཆུབ་ཀྱི་ཡན་ལག་འདི་ཡོངས་སུ་བཟུང་བའི་ཉོན་མོངས་པ་ཞི་བར་འགྱུར་བའི་བསམ་གཏན་ གྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་ཞི་གནས་ལ་དམིགས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཞི་གནས་ལ་དགའ་བ། ཞི་གནས་ལ་ [53A]༄༅། །དམིགས་པ། ཞི་གནས་ལ་སྒོམ་པ། ཞི་གནས་ལ་འབབ་པ། ཞི་གནས་སྔོན་དུ་འགྲོ་ཞིང་རྣམ་པར་ཐར་པ་བརྒྱད་ཐོབ་ལ་གཞན་གྱིས་མ་བསྟན་ པར་ཉན་ཐོས་དང། རང་སངས་རྒྱས་ཀྱི་སར་མི་ལྟུང་བ་གང་ཡིན་པ་དེ་ནི་ཞི་གནས་ལ་དམིགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་ཞི་གནས་ལ་ དམིགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ལྷག་མཐོང་ལ་དམིགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། གང་གི་དང་གང་གི་ཚེ་དང། གང་ཟག་གང་ལའང་ རྟོག་པ་མེད་པ་གང་ཡིན་པ་དེ་ནི་ལྷག་མཐོང་ལ་དམིགས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ལྷག་པར་མཐོང་བ་བསགས་པས་མི་ དམིགས་པས་ངེས་པར་གྱུར་པའི་སྡོམ་པ་གང་ཡིན་པ་དེ་ནི་ལྷག་མཐོང་ལ་དམིགས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཀུན་ནས་དཀྲིས་ཏེ་འདུག་པ་མ་ཡིན་ པའི་སེམས་ཀྱིས་ཆོས་ཐམས་ཅད་ལ་མཉམ་པ་ཉིད་དུ་ལྷག་པར་མཐོང་བའི་བཟོད་པ་སེམས་ཅན་དང། སྲོག་དང། གང་ཟག་དང། གསོ་བའི་འདུ་ཤེས་དང་བྲལ་བ་གང་ ཡིན་པ་དེ་ནི་ལྷག་མཐོང་ལ་དམིགས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ལྷག་མཐོང་ལ་དམིགས་ཤིང་ལྷག་མཐོང་སྐྱེད་པར་བྱེད་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་ [53B]པའོ། །ལྷག་མཐོང་སྔོན་དུ་འགྲོ་ཞིང་ལྷག་མཐོང་གི་དབང་དུ་བྱས་ནས་བསམ་གཏན་ཐམས་ཅད་ཉེ་བར་ལེན་ལ་ ཐབས་མཁས་པ་གང་ཡིན་པ་འདིས་ཀྱང་མངོན་པར་ཞེན་པ་མེད་པ་དང་ལྡན་པ་གང་ཡིན་པ་དེ་ནི་ལྷག་མཐོང་ལ་དམིགས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །འདོད་ པ་རྣམས་ལ་ཐུག་པ་མེད་པ་གང་ཡིན་པ་དེ་ནི་གང་བསམ་གཏན་གྱི་ངོ་བོ་ཉིད་མ་ཡིན་པ་དང། ཆོས་ལ་རྨོངས་པ་མེད་པ་གང་ཡིན་པ་དང། བྱང་ཆུབ་ཀྱི་ཕྱིར་ཐོགས་པ་མེད་ པའི་ཤེས་པ་གང་ཡིན་པ་དང། ཟག་པ་མེད་པར་ཞུགས་ཤིང་སྙིང་རྗེ་ཆེན་པོའི་འདུས་བྱས་དང་ལྡན་པས་བདག་ཡོངས་སུ་སྨིན་པར་བྱེད་པ་དང། སེམས་ཅན་ཡོངས་སུ་ སྨིན་པར་བྱེད་པ་དང། རང་གི་ལས་མ་གཡོས་པ་གང་ཡིན་པ་དང་ལྷག་མཐོང་ལ་དམིགས་པའི་ཤེས་རབ་ཀྱིས་ཕ་རོལ་ཏུ་ཕྱིན་པ་སྟེ་འདི་དག་ནི་ལྷག་མཐོང་ལ་ དམིགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ཐམས་ཅད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཆོས་ཐམས་ཅད་དབུལ་བ་མ་ཡིན་པའི་འཐོབ་པའི་ཕྱིར་སྦྱིན་པ་ཡོངས་ སུ་བསྔོས་པ་གང་ཡིན་པ་དེ་ནི་ཐམས་ཅད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །སེམས་ཅན་ཐམས་ཅད་ལ་བདེ་བར་ཡོངས་སུ་བསྔོས་པ་ནི་སྙིང་རྗེ་ཆེན་པོས་ཡོངས་སུ་བསྔོས་ [54A] །ལ༑ ཡེ་ཤེས་ཡོངས་སུ་རྫོགས་པའི་རྒྱུ་མཐུན་པ་འགྱོད་པ་མེད་པའི་རྩ་བ་རྣམ་པར་སྨིན་པ་གྲུབ་པ་གང་ཡིན་པ་དེ་ནི་ཐམས་ཅད་པའི་ཚུལ་ཁྲིམས་ ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཕྱིར་མི་ལྡོག་པའི་ཆོས་སྒྲུབ་ཅིང་ཡི་དམ་བརྟན་པོར་འཛིན་པ་གང་ཡིན་པ་དེ་ནི་ཐམས་ཅད་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །དད་པ་སྔོན་ དུ་འགྲོ་བའི་ཤེས་རབ་ཀྱིས་ཡོངས་སུ་ཟིན་པའི་རྩོལ་བ་གང་ཡིན་པ་དེ་ནི་ཐམས་ཅད་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ་།དཔྱོད་པ་ཡང་དག་པ་ལས་བྱུང་བའི་ བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྦྱོར་བ་དཔག་ཏུ་མེད་པ་ཐོགས་པ་མེད་པ་མི་དམིགས་པ་དང་ལྡན་པ་གང་ཡིན་པ་དེ་ནི་ཐམས་ཅད་པའི་བསམ་གཏན་གྱི་ ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིགས་ཀྱི་ཆོས་ལ་གནས་ཤིང་དད་པ་དང། བརྩོན་འགྲུས་དང། དྲན་པ་དང་ཏིང་ངེ་འཛིན་གྱིས་བརྟན་པ་འགྱོད་ པས་ཞུམ་པ་མེད་པར་སྦྱོར་ཞིང་ཐབས་མཁས་པས་ཡོངས་སུ་ཟིན་པ་འཇིག་རྟེན་པ་དང། སློབ་པ་དང། མི་སློབ་པ་དང། རང་སངས་རྒྱས་ཀྱི་ཤེས་པ་དང། བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཆོས་ཐམས་ཅད་མཁྱེན་པ་ལས་བྱུང་བ་གང་ཡིན་པ་དེ་ནི་ཐམས་ཅད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི། ཐམས་ [54B]དེ་ལ་ཕྱོགས་གཅིག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བྱང་ཆུབ་སེམས་དཔའ་རང་གི་སེམས་ཀྱིས་སྦྱིན་པ་གང་ཡིན་པ་དེ་ནི་ཕྱོགས་ གཅིག་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཆོས་ལ་ཁ་ཅིག་ཏུ་ཚུལ་ཁྲིམས་ཀྱི་འདུ་ཤེས། ཁ་ཅིག་ཏུ་ནི་འཆལ་པའི་ཚུལ་ཁྲིམས་ཀྱི་འདུ་ཤེས་གང་ཡིན་པ་དེ་ནི་ཕྱོགས་ གཅིག་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དམིགས་པ་གནས་པའི་བཟོད་པ་གང་ཡིན་པ་དེ་ནི་ཕྱོགས་གཅིག་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །རྣམ་པར་དབྱེ་བའི་ བརྩོན་འགྲུས་གང་ཡིན་པ་དེ་ནི་ཕྱོགས་གཅིག་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དངོས་པོ་ལ་དམིགས་པའི་བསམ་གཏན་གང་ཡིན་པ་དེ་ནི་ཕྱོགས་གཅིག་པའི་ བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །སྤྱོད་པ་དང། སེལ་བའི་འདུ་ཤེས་ལ་རྟོག་པ་གང་ཡིན་པ་དེ་ནི་ཕྱོགས་གཅིག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་ ཕྱོགས་གཅིག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ཉམས་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྦྱིན་གནས་རྣམས་དང་སོ་སོའི་སྐྱེ་བོ་རྣམས་ལ་སེམས་མཉམ་པ་ ཉིད་ཀྱིས་སྦྱིན་པ་གང་ཡིན་པ་དེ་ནི་ཉམས་པ་མེད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །མི་གནས་པའི་སྡོམ་པ་གང་ཡིན་པ་དེ་ནི་ཉམས་པ་མེད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ [55A]༄༅། །ཕྱིན་པའོ། །འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་བསྒྱུར་དུ་མེད་པ་གང་ཡིན་པ་དེ་ནི་ཉམས་པ་མེད་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །བདུད་ཀྱི་ མཐུ་ཁོང་དུ་ཆུད་པས་ཇི་ལྟར་ཉམ་ཐག་ཀྱང་བརྩོན་འགྲུས་མི་འདོར་བ་གང་ཡིན་པ་དེ་ནི་ཉམས་པ་མེད་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སྒྲིབ་པ་མེད་པའི་ཆོས་ ལ་ལྷག་པར་མོས་ཤིང་ཡུལ་ལ་མཉམ་པ་ཉིད་རབ་ཏུ་ཐོབ་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་ཉམས་པ་མེད་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་ པའོ༑ ༑འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ་ཐོགས་པ་མེད་པར་འགྱུར་བ་གང་ཡིན་པ་དེ་ནི་ཉམས་པ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ དག་ནི་ཉམས་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་བཅོས་མ་མ་ཡིན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཡོངས་སུ་བརྟས་པའི་ངོ་བོས་ཆོས་ཀྱི་སྦྱིན་པ་དང་ ཟང་ཟིང་གི་སྦྱིན་པ་གང་ཡིན་པ་དེ་ནི་བཅོས་མ་མ་ཡིན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ལེ་ལོ་མེད་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་བཅོས་མ་མ་ཡིན་པའི་ཚུལ་ ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བསམ་པ་ཡང་དག་པར་འཕགས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་བཅོས་མ་མ་ཡིན་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་ [55B] ༑ཡོ་བྱད་དང་ཟང་ཟིང་གི་ཆེད་མ་ཡིན་པར་ཐམས་ཅད་དུ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་བཅོས་མ་མ་ཡིན་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །མངོན་ པར་ཞེན་པ་མེད་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་བཅོས་མ་མ་ཡིན་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ་།རྗེས་སུ་སྲུང་བ་མེད་པར་གཞན་ལ་ཕན་ འདོགས་པར་འགྱུར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་བཅོས་མ་མ་ཡིན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་འདི་དག་ཉི་བཅོས་མ་མ་ཡིན་པའི་ཕ་ རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་དབུལ་པོ་མ་ཡིན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། དབུལ་པོས་གཞན་ལ་ཕན་པའི་ཕྱིར་ཡོངས་སུ་བསྔོས་ལ་བདག་ཉིད་རྣམ་པར་སྨིན་པ་ བདེ་བའི་ཕྱིར་ཞུགས་པ་མ་ཡིན་པ་གང་ཡིན་པ་དེ་ནི་དབུལ་པོ་མ་ཡིན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །བདེ་བ་འགྲོར་ཡོངས་སུ་བསྔོ་བ་དང་བྲལ་བའི་སྡོམ་པ་གང་ཡིན་པ་ དེ་ནི་དབུལ་པོ་མ་ཡིན་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ་།ཟང་ཟིང་གི་ཕྱིར་བཟོད་པ་གང་ཡིན་པ་དེ་ནི་དབུལ་པོ་མ་ཡིན་པ་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཟང་ ཟིང་དང་འབྲེལ་བའི་ལུས་དང་སེམས་ཀྱི་རྩོལ་བ་གང་ཡིན་པ་དེ་ནི་དབུལ་པོ་མ་ཡིན་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ་།ཚངས་པར་སྐྱེ་བར་ཡོངས་སུ་བསྔོས་པའི་བསམ་ [56A]༄༅། །གཏན་བསྐྱེད་པ་གང་ཡིན་པ་དེ་ནི་དབུལ་པོ་མ་ཡིན་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཉོན་མོངས་པ་དང་ཉེ་བར་སྤྱོད་པ་འདྲེས་པ་མང་ པོ་ཐོབ་ནས་གནས་ཏེ་སྐྱོན་རྟོགས་ཀྱང་མི་སྤོང་ཞིང་སྨོད་པར་མི་བྱེད་པ་གང་ཡིན་པ་དེ་ནི་དབུལ་པོ་མ་ཡིན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་དབུལ་པོ་ མ་ཡིན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ཕྱིར་མི་ལྡོག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། །ཉན་ཐོས་དང། རངས་སངས་རྒྱས་ལ་མི་གནས་པའི་སྦྱིན་པ་བྱང་ཆུབ་ལས་ ཕྱིར་མི་ལྡོག་པ་གང་ཡིན་པ་དེ་ནི་ཕྱིར་མི་ལྡོག་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །བྱང་ཆུབ་ཇི་སྲིད་པའི་བར་དུ་ཚུལ་ཁྲིམས་རྒྱུན་ཆད་པ་མེད་པ་གང་ཡིན་པ་དེ་ནི་ཕྱིར་མི་ ལྡོག་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འཇིག་རྟེན་ལས་འདས་པ་ཉན་ཐོས་ཀྱི་དང། རང་སངས་རྒྱས་ཀྱིས་ལས་འདས་པ་གང་ཡིན་པ་དེ་ནི་ཕྱིར་མི་ལྡོག་ པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ནམ་ཐམས་ཅད་མཁྱེན་པ་ཐོབ་ཀྱི་བར་དུ་ཐབས་མཁས་པས་ཡོངས་སུ་ཟིན་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་ཕྱིར་མི་ལྡོག་པའི་ བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བྱང་ཆུབ་སེམས་དཔའ་འདོད་པའི་ཡོན་ཏན་ལ་ལོངས་སྤྱོད་ཅིང་དུས་ཐམས་ཅད་དུ་ཐབས་མཁས་པའི་ཤེས་རབ་ཀྱིས་སྤྱོད་པ་གང་ཡིན་པ་ [56B]པའོ། །ཐན་དགེ་སྦྱོང་དང། བྲམ་ཟེ་དང། ཉན་ཐོས་དང། རང་སངས་རྒྱས་ཀྱིས་མི་འཕྲོག་ཅིང་འཇིག་རྟེན་ལས་འདས་ པའི་ཡང་དག་པའི་ལྟ་བ་ལས་བྱུང་བ་སྙིང་རྗེ་ཆེན་པོས་ཉེ་བར་བརྟན་པའི་ཤེས་རབ་རྒྱ་ཆེན་པོ་གང་ཡིན་པ་དེ་ནི་ཕྱིར་མི་ལྡོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་ ཕྱིར་མི་ལྡོག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་རྣམ་པར་སྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྐྱོ་བ་མེད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་རྣམ་པར་ སྒྲུབ་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཐོས་པ་ཉུང་བའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་རྣམ་པར་སྒྲུབ་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེ་ སྡང་དང་ཞེ་སྡང་མ་ཡིན་པ་ལ་མི་ལྟ་བར་གནས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་རྣམ་པར་སྒྲུབ་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །རོ་མྱང་བའི་བརྩོན་འགྲུས་ ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་རྣམ་པར་སྒྲུབ་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བདག་མེད་པ་ལས་ཕྱི་རོལ་ཏུ་གྱུར་བའི་བཟོད་པ་གང་ཡིན་ པ་དེ་ནི་རྣམ་པར་སྒྲུབ་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ་།འཇིག་རྟེན་གྱི་བྱ་བ་ལ་གཞོལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་རྣམ་པར་སྒྲུབ་པའི་ཤེས་རབ་ཀྱི་ཕ་ [57A]༄༅། །རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་རྣམ་པར་སྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། དེ་ལ་དག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། རྣམ་པར་སྨིན་པ་ ལ་རེ་བ་མེད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་དག་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ལེ་ལོ་མེད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་ དག་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དམིགས་པ་མེད་པའི་ཆོས་དང་ལྡན་པའི་བཟོད་པ་གང་ཡིན་པ་དེ་ནི་དག་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །བདག་དང་ གཞན་ལ་གནོད་པ་མེད་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་དག་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དངོས་པོ་མེད་པ་དང་དམིགས་པ་མེད་ པའི་སྟོབས་བསྐྱེད་པ་ཐོབ་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི། དག་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ་།སྒྲིབ་པ་ཐམས་ཅད་བསལ་ཅིང་ཕྱིན་ ཅི་ལོག་མེད་པ་རྣམ་པར་སྒོམ་པ་གང་ཡིན་པ་དེ་ནི་དག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་དག་པའི་ཕ་རོལ་ཏུ་ཕྱིན་པའི་དྲུག་གོ་དེ་ལ་བརྟན་པའི་ཕ་ རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བྱང་ཆུབ་སེམས་དཔའ་སྦྱིན་པ་སྦྱིན་པར་བྱེད་པ་ན་བདུད་ཀྱིས་སྤྲུལ་ནས་དབྱེ་བར་མི་ནུས་ཤིང་གདུང་བ་མེད་པར་བདོག་པ་ཐམས་ཅད་ཡོངས་ [57B]ཏུ་ཕྱིན་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དགེ་མཚན་དང་བཀྲ་ཤིས་ལ་མི་གནས་ཤིང་བྱང་ཆུབ་ཏུ་ངེས་པར་བསྔོ་ བ་གང་ཡིན་པ་དེ་ནི་བརྟན་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་མེད་ཅིང་ཐུན་མོང་མ་ཡིན་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ ནི་བརྟན་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །མཁས་པས་སྙེམས་པ་མེད་ཅིང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱུར་བྱེད་ནས་མི་བསྐྱོད་པ་གང་ཡིན་པ་དེ་ནི་བརྟན་པའི་ བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཡོངས་སུ་བསྔོས་པ་དང། དབང་པོ་དང། སྙོམས་པར་འཇུག་པ་དག་བརྟན་པར་བྱ་བའི་ཕྱིར་བསམ་གཏན་ གྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་བརྟན་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཆོས་ལ་ངེས་པར་རྟོག་པའི་བཟོད་པས་ངེས་པར་བྱུང་ཞིང་ཐམས་ཅད་དུ་རྨོངས་པ་ མེད་པར་གནས་བའི་ཤེས་རབ་གང་ཡིན་པ་དེ་ནི་བརྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་བརྟན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་བརྟུན་པའི་ཕ་ རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། དམིགས་པ་མེད་པར་གནས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་བརྟན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །སྙེམས་པ་ [58A]༄༅། །མེད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་བརྟུན་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རྗེས་སུ་ཆགས་པ་དང་ཁོང་ཁྲོ་ བ་སྤོང་བ་ལ་དམིགས་པའི་བཟོད་པ་གང་ཡིན་པ་དེ་ནི་བརྟུན་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ངར་འཛིན་པ་དང། སྡུག་བསྔལ་སྣ་ཚོགས་སྤང་བ་དང། སྨད་པའི་ ཕྱིར་བདག་གི་ངལ་བ་སྤངས་ནས་སྟོང་པ་ཉིད་ཀྱི་རྗེས་སུ་མཐུན་པ་གང་ཡིན་པ་དེ་ནི་བརྟུན་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་མི་རྟག་པས་ཡིད་བྱུང་སྟེ་རྟེན་ཅིང་ འབྲེལ་པར་འབྱུང་བའི་སྟོབས་རྙེད་ཅིང་ཡོངས་སུ་གཏུགས་པ་མེད་པས་ཕྱེ་བ་གང་ཡིན་པ་དེ་ནི་བརྟུན་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །འདོད་ཆགས་དང་བྲལ་བར་ ཞུགས་པ་གཉིས་སུ་མེད་པས་རབ་ཏུ་ཕྱེ་བའི་ཤེས་རབ་གང་ཡིན་པ་དེ་ནི་བརྟུན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་བརྟུན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་ དེ་ལ་ངོམས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཐར་པར་ཡོངས་སུ་བསྔོ་ཞིང་འཁོར་བར་ཡོངས་སུ་མི་བསྔོ་བ་གང་ཡིན་པ་དེ་ནི་ངོམས་ པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ནག་ནོག་མེད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་ངོམས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བྱང་ཆུབ་སེམས་ [58B]ཅན་གང་ཡིན་པ་ཡོད་དེ། ཚུལ་ཁྲིམས་དེས་ན་ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་སར་སྨོན་པ་གང་ཡིན་པ་དེ་ནི་ཚུལ་ ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནག་ནོག་ཅན་ནོ། །སངས་རྒྱས་ཀྱི་ཡོན་ཏན་གྱི་བཀོད་པ་དཔག་ཏུ་མེད་པ་དག་འགྲུབ་པར་བྱེད་ཅིང་བླ་ན་མེད་པའི་སྨོན་ལམ་འདོད་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་ པ་གང་ཡིན་པ་དེ་ནི་ངོམས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ་།འདུས་བྱས་རྣམས་ལ་ལྷག་པར་ཆགས་པ་མེད་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་ངོམས་ པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །མཐུན་པ་དང་མི་མཐུན་པས་རབ་ཏུ་ཕྱེ་བའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་ངོམས་པའི་བསམ་གཏན་གྱི་ཕ་རོལ་ ཏུ་ཕྱིན་པའོ། །རྣམ་པར་ཐར་པའི་སྒོ་གསུམ་ཡོངས་སུ་བཟུང་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་ངོམས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི། ངོམས་ པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་འཇིག་རྟེན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྦྱིན་པ་བྱང་ཆུབ་ཀྱི་ཕྱིར་ཡོངས་སུ་མི་བསྔོ་བ་གང་ཡིན་པ་དེ་ནི་འཇིག་རྟེན་པའི་སྦྱིན་ པའི་ཕ་རོལ་ཏུ་ཕྱིན་པའོ། །ཚུལ་ཁྲིམས་རྣམ་པ་བདུན་གང་ཡིན་པ་དེ་ནི་འཇིག་རྟེན་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སོ་སོར་བརྟགས་པའི་སྟོབས་ཀྱིས་བཟོད་པ་གང་ [59A]༄༅། །ཡིན་པ་དེ་ནི་འཇིག་རྟེན་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །འཇིག་རྟེན་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདུ་འཛིན་ན་གང་ཡིན་པ་དེ་ ནི་འཇིག་རྟེན་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སྐྱེ་བར་ཡོངས་སུ་བསྔོས་པའི་བསམ་གཏན་གང་ཡིན་པ་དེ་ནི་འཇིག་རྟེན་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་ པའོ༑ ༑འཇིག་རྟེན་གྱི་ཆོས་རྣམས་འདྲིས་པར་གནས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་འཇིག་རྟེན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་ བྱང་ཆུབ་སེམས་དཔའི་འཇིག་རྟེན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་།དེ་ལ་འཇིག་རྟེན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བྱང་ཆུབ་ཀྱི་ཕྱིར་ཆོས་ཀྱི་སྦྱིན་པ་ དང། ཟང་ཟིང་པ་མངོན་པར་བསྒྲུབས་པའི་བསོད་ནམས་ཀྱི་རྣམ་པར་སྨིན་པའི་བསམ་པ་འགྲུབ་ལ། མྱུར་དུ་མྱ་ངན་ལས་འདས་པ་ཞི་བ་མཆོག་ཐོབ་པར་ འགྱུར་རོ། ཞེས་བཅོམ་ལྡན་འདས་ཀྱིས་ཇི་སྐད་གསུངས་པ་གང་ཡིན་པ་དེ་ནི་འཇིག་རྟེན་ལས་འདས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ་།ཉན་ཐོས་དང་རང་སངས་ རྒྱས་ཀྱི་ཆོས་རྣམས་ཀྱི་སྡོམ་པ་ཤིན་ཏུ་བསལ་ཞིང། གང་ན་བག་ཆགས་ཀྱི་ཉིང་མཚམས་སྦྱོར་བ་འགོག་པ་གང་ཡིན་པ་དེ་ནི་འཇིག་རྟེན་ལས་འདས་པའི་ཚུལ་ཁྲིམས་ [59B] །ཟག་པ་མེད་པའི་ཆོས་རྣམས་ཀྱིས་བཟོད་པ་གང་ཡིན་པ་དེ་ནི་འཇིག་རྟེན་ལས་འདས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །མི་སྐྱེ་བའི་ཆོས་ལ་ བཟོད་པ་ཐོབ་པས་རྣམ་བྱང་ཆུབ་ཀྱི་བར་དུ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རྩོལ་བ་གང་ཡིན་པ་དེ་ནི་འཇིག་རྟེན་ལས་འདས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་ པའོ༑ ༑བྱང་ཆུབ་སེམས་དཔའི་ཆོས་ལ་དབང་པོ་དང་ཡེ་ཤེས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཏིང་ངེ་འཛིན་དུ་གནས་པ་གང་ཡིན་པ་དེ་ནི་འཇིག་རྟེན་ལས་འདས་པའི་ བསམ་གཏན་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་དང་ཐུན་མོང་མ་ཡིན་པ་བྱང་ཆུབ་ཕྱོགས་གཅིག་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མཐར་ ཕྱིན་པ་གང་ཡིན་པ་དེ་ནི་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་འཇིག་རྟེན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་ འཕགས་པ་བསྐལ་པ་བཟང་པོ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་།བམ་པོ་བཞི་པ། །དེ་ལ་བླ་ན་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སངས་རྒྱས་ཀྱི་ཞིང་དུ་བྱང་ རབ་སེམས་དཔའ་དབང་བསྐུར་བའི་བཀོད་པ་ཚད་མེད་པ་དང། ང་རྒྱལ་ལ་གནས་པའི་སེམས་ཅན་རྣམས་ཀྱི་མོས་པའི་རྣམ་པར་སྨིན་པ་བསྐལ་བ་གྲངས་མེད་པར་རྒྱུན་མི་ [60A]༄༅། །ཆད་པ་གང་ཡིན་པ་དེ་ནི་བླ་ན་མེད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཆོས་ཀྱི་འདུ་ཤེས་ལ་གནས་ནས་ངན་སོང་གསུམ་ཡོངས་སུ་སྤངས་ཏེ་ སངས་རྒྱས་ཀྱི་ཞིང་ཡོངས་སུ་འཛིན་པ་གང་ཡིན་པ་དེ་ནི་བླ་ན་མེད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བྱང་ཆུབ་སེམས་དཔའི་འཁོར་གསེར་གྱི་མདོག་ལྟ་བུར་འགྱུར་ བ༑ གནོད་སེམས་ཐམས་ཅད་ཆུང་བ་གང་ཡིན་པ་དེ་ནི་བླ་ན་མེད་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཇི་ལྟར་བྱང་ཆུབ་སེམས་དཔའ་མི་འཁྲུགས་པའི་ཡི་དམ་མ་བཏང་ བ་གང་ཡིན་པ་དེ་ནི་བླ་ན་མེད་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཁྱིམ་བར་གྱུར་པ་བཙུན་མོའི་འཁོར་ན་གནས་ཀྱང་བསམ་གཏན་བཞི་ཆུད་མི་ཟ་ལ་འདི་ལྟར་ སངས་རྒྱས་ཀྱི་ཞིང་དུ་འཁོར་ཉོན་མོངས་པ་ཆུང་པའི་རྣམ་པར་སྨིན་པ་གང་ཡིན་པ་དེ་ནི་བླ་ན་མེད་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །སངས་རྒྱས་ཀྱི་ཞིང་ཡོངས་ སུ་འཛིན་ཅིང་ཚེ་དཔག་ཏུ་མེད་པ་དང། བཀོད་པ་དཔག་ཏུ་མེད་པ་དང། འཁོར་དཔག་ཏུ་མེད་པའི་ནང་དུ་སྤོབས་པ་གང་ཡིན་པ་དེ་ནི་བླ་ན་མེད་པའི་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་སྟེ། འདི་དག་ནི་བླ་ན་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་གཡེང་བ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བྱང་ཆུབ་སེམས་དཔའི་སྦྱིན་པའི་ཕ་ [60B]པར་ཤེས་པ་མྱུར་བར་འགྱུར་བ་གང་ཡིན་པ་དེ་ནི་གཡེང་བ་མེད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ས་གང་ ན་གང་གི་འཕགས་པའི་ཆོས་རྣམས་རྒྱུན་མི་ཆད་པར་གནས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་གང་ཡིན་པ་དེ་ནི་གཡེང་བ་མེད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་ པའོ༑ ༑དགེ་བའི་ཆོས་ཐམས་ཅད་སྒྲུབ་པར་བྱེད་པ་གང་ཡིན་པ་དེ་ནི་གཡེང་བ་མེད་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཡིད་བྱུང་བས་རབ་ཏུ་བསྐྱེད་པ་དང། མྱ་ངན་ ལས་འདས་པས་རབ་ཏུ་བསྐྱེད་པ་དང། འདོད་ཆགས་དང་བྲལ་བས་རབ་ཏུ་བསྐྱེད་པ་དང། མ་དད་པ་རྣམས་ཀྱི་དྲན་པ་དང། སངས་རྒྱས་རྣམས་ཀྱི་དགེ་བའི་རྩ་བ་ལས་ བརྩམས་པ་གང་ཡིན་པ་དེ་ནི་གཡེང་བ་མེད་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བསམ་གཏན་ལ་གནས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་པ་དང་ འདོད་པ་ན་སྤྱོད་པའི་ཆོས་རྣམས་ལྷག་པར་མཐོང་ཡང་མི་སྤོང་ལ། སྐྱོན་དང་སྐྱོན་མེད་བ་རྟོགས་པ་གང་ཡིན་པ་དེ་ནི་གཡེང་བ་མེད་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་ པའོ༑ ༑ ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་སྤྱོད་ཅིང་འཇིག་རྟེན་གྱི་ཆོས་ཐམས་ཅད་ཀྱང་སྤྱོད་ལ་སྐྱོན་དང་སྐྱོན་མེད་པའང་རྟོགས་པ་དང། བྱང་ཆུབ་སེམས་དཔའི་ཆོས་རྣམས་ཀྱང་སྤྱོད་ [61A]༄༅། །ལ་སྐྱོན་དང་སྐྱོན་མེད་པའང་རྟོགས་པ་གང་ཡིན་པ་དེ་ནི་གཡེང་པ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་བྱང་ཆུབ་སེམས་ དཔའི་གཡེང་བ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་མི་འཁོར་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བྱང་ཆུབ་སེམས་དཔའ་དམིགས་པ་མེད་པ་ལ་གནས་པའི་སྦྱིན་པ་གང་ ཡིན་པ་དེ་ནི་མི་འཁོར་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ་།ཉན་ཐོས་དང། རང་སངས་རྒྱས་དང། སངས་རྒྱས་ཀྱི་ཆོས་རྣམས་ལས་ཕྱིར་མི་ལྡོག་པ་གང་ཡིན་པ་དེ་ནི་མི་ འཁོར་བའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ངར་འཛིན་པ་དང། ང་ཡིར་འཛིན་པ་ཆད་ཅིང། རྗེས་སུ་ཆགས་པ་དང། ཁོང་ཁྲོ་བ་ལས་དབེན་པ་གང་ཡིན་པ་དེ་ནི་མི་ འཁོར་བའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་སེམས་ཅན་གཞན་གྱི་ངོར་བལྟ་ཞིང་ཡེ་ཤེས་ལས་མི་ལྡོག་པ་ཕ་རོལ་གནོན་པ་གང་ཡིན་པ་དེ་ནི་མི་འཁོར་བའི་བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །མཐོང་བ་དང། ཐོས་པ་དང་དྲན་པའི་ཆོས་རྣམས་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་གནས་པའི་བསམ་གཏན་གང་ཡིན་པ་དེ་ནི་མི་འཁོར་ བའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཐེ་ཚོམ་ཡང་དག་པར་བཅོམ་ཞིང་མཚན་མ་མེད་པས་རབ་ཏུ་ཕྱེ་ལ། བྱང་ཆུབ་ཏུ་ཕྱོགས་གཅིག་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ [61B]བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་མི་འཁོར་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་འཁོར་བའི་ཕ་ རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཇི་སྲིད་དུ་དམ་པའི་ཆོས་མ་ནུབ་ཀྱི་བར་དུ་རྣམ་པར་སྨིན་པ་སེམས་ཅན་དང་ལྷན་ཅིག་ཏུ་འཇུག་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་འཁོར་ བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །དགའ་ལྡན་གྱི་གནས་ན་གནས་པ་ནས་བཟུང་སྟེ་ནམ་མྱ་ངན་ལས་འདས་པའི་བར་དུ་རབ་ཏུ་འཇུག་པ་སྤང་བའི་ཕྱིར་གནས་པ་བཀྲ་ཤིས་པ་གང་ ཡིན་པ་དེ་ནི་འཁོར་བའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ་།སྐྱེ་བོ་མང་པོ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་གནས་ཤིང་དུས་སུ་ཡོངས་སུ་བསྔོས་ལ། ཡང་དག་པ་དེ་ཁོ་ན་དང་ ལྷན་ཅིག་པའི་བཟོད་པ་འཁོར་བ་དང་མཐུན་པ་གང་ཡིན་པ་དེ་ནི་འཁོར་བའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཇི་ལྟར་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གི་ སྨོན་ལམ་དང། ཇི་ལྟར་རྐང་བཀྲ་གདུལ་བའི་ཕྱིར་སྐྱེ་བོ་མང་པོ་ལ་ཡོངས་སུ་བསྔོས་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་འཁོར་བའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་ པའོ༑ ༑བྱང་ཆུབ་སེམས་དཔའ་གང་ཡིན་ཞིག་སྒྲིབ་པ་མེད་པར་སྟོན་པའི་ཏིང་ངེ་འཛིན་ལས་བྱུང་བ་ལ་སྙོམས་པར་འཇུག་པ་ན་སེམས་ཅན་ཐམས་ཅད་ཀྱིས་བདེ་བ་རབ་ཏུ་འཐོབ་པ་ [62A]༄༅། །གང་ཡིན་པ་དེ་ནི་འཁོར་བའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །བདག་གི་དོན་བྱང་ཆུབ་ཀྱི་སྐུ་དང་མོས་པ་སྣ་ཚོགས་པ་དག་གི་དོན་ཀུན་ ནས་ཤེས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་འཁོར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་འཁོར་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ཐུན་ མོང་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྦྱིན་པའི་སྨོན་ལམ་གྱིས་ཡོངས་སུ་བསྔོས་པ་གང་ཡིན་པ་དེ་ནི་ཐུན་མོང་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །སེམས་ཅན་ རླབས་ཏུ་སྦྱོར་བར་ཡོངས་སུ་བཟུང་བའི་ཉེ་བར་ལེན་པ་དང་བཅས་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཐུན་མོང་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བྱིན་གྱིས་ བརླབས་ཡོངས་སུ་བཟུང་བའི་བཟོད་པ་གང་ཡིན་པ་དེ་ནི་ཐུན་མོང་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །སྙིང་རྗེ་དང་མཚུངས་པར་ལྡན་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་ ཐུན་མོང་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སྐྱེ་བོ་མང་པོ་ལ་ཕན་པའི་ཕྱིར་དུས་སུ་ཡོངས་སུ་སྨིན་པར་བྱ་བ་དང་ཡོངས་སུ་བསྔོ་བའི་བསམ་གཏན་གང་ཡིན་ པ་དེ་ནི་ཐུན་མོང་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །བག་ཆགས་ཀྱི་མཚམས་སྦྱོར་བ་ལ་རྨོངས་པ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་ཐུན་ [62B] འདི་དག་ནི་ཐུན་མོང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ཐུན་མོང་མ་ཡིན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྤོབས་པ་ ཁོང་དུ་ཆུད་པར་བྱ་བའི་ཕྱིར་སྒྲུབ་པ་དང། གང་སྤོབས་བ་སྣ་ཚོགས་བསྐྱེད་པ་འགྲུབ་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་ཐུན་མོང་མ་ཡིན་པའི་སྦྱིན་པའི་ཕ་ རོལ་ཏུ་ཕྱིན་པའོ། །བྱང་ཆུབ་སེམས་དཔའ་ཁྱིམ་ལ་མངོན་པར་མི་དགའ་བའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཐུན་མོང་མ་ཡིན་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། རྟོན་པ་ཐུན་མོང་མ་ཡིན་པ་ཟབ་མོའི་ཆོས་ལ་བཟོད་པ་གང་ཡིན་པ་དེ་ནི་ཐུན་མོང་མ་ཡིན་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། དཔག་ཏུ་མེད་པར་འབྱུང་བའི་བརྩོན་འགྲུས་ གང་ཡིན་པ་དེ་ནི་ཐུན་མོང་མ་ཡིན་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སེམས་ཅན་ལ་སྒོམ་པ་དང། ཆོས་ལ་ལྷག་པའི་བསམ་པས་བསྒོམ་པ་དང། སྟོང་པ་ཉིད་ཀྱི་ རྣམ་པའི་བསམ་གཏན་གང་ཡིན་པ་དེ་ནི་ཐུན་མོང་མ་ཡིན་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །དོན་སོ་སོ་ཡང་དག་པར་རིག་པ་དང། ངེས་པའི་ཚིག་སོ་སོ་ཡང་དག་ པར་རིག་པ་དང། ཆོས་སོ་སོ་ཡང་དག་པར་རིག་པའི་རྗེས་སུ་ཞུགས་པ་དང། ཆོས་གཉིས་རྟོགས་པ་ལས་འབྱུང་བ་དང། ཅང་ཤེས་ཀྱི་ལས་གཉིས་ལ་རབ་ཏུ་ཤེས་པ་གང་ཡིན་པ་དེ་ [63A]༄༅། །ནི་ཐུན་མོང་མ་ཡིན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་ཐུན་མོང་མ་ཡིན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་རྣམ་ པར་བགེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་དང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འགྲུབ་པ་གང་ཡིན་པ་དེ་ནི་རྣམ་པར་ བགེད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཅི་རིགས་པར་ལུས་ལ་ཡན་ལག་དང། ཉིང་ལག་ཡོངས་སུ་རྫོགས་པ་གང་ཡིན་པ་ དེ་ནི་རྣམ་པར་བགེད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ་།འཁོར་གྱི་ནང་ན་ངེས་པར་གནས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་རྣམ་པར་བགེད་ པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །དོན་ཐམས་ཅད་གྲུབ་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་རྣམ་པར་བགེད་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་ པའོ༑ ༑སྔོན་གྱི་གནས་ཤེས་པ་མངོན་སུམ་དུ་བྱ་བའི་ཕྱིར་ཤེས་པ་ལ་གནས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་རྣམ་པར་བགེད་པའི་བསམ་གཏན་ གྱི་ཕ་རོལ་ཏུ་ཕྱིན་པའོ། །བདེན་པ་ཡོད་པ་ལ་རབ་ཏུ་རྟོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་རྣམ་པར་བགེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་ [63B] དེ་ལ་རྣམ་པར་སྨིན་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན་ཇི་ལྟར་ཆུ་བོ་ནཻ་རཉྫ་ནའི་འགྲམ་དུ་ཟས་རྙེད་ནས་ དཀའ་བ་སྤྱད་པ་སྤྱོད་པར་ཀུན་ཏུ་སྟོན་པར་བྱིན་གྱིས་བརླབས་པ་གང་ཡིན་པ་དེ་ནི་རྣམ་པ་སྨིན་པ་མེད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཇི་ལྟར་རྒྱུ་སྐར་ཉིས་སྟོང་ལྔ་བརྒྱའི་ སྤྲུལ་པ་ལ་ཞུགས་ཤིང་ཆུ་བོ་གངྒཱའི་འགྲམ་ན་མི་དམིགས་པར་གནས་པ་གང་ཡིན་པ་དེ་ནི་རྣམ་པར་སྨིན་པ་མེད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ལུས་དང་ ངག་དང། སེམས་དམིགས་པ་མེད་པས་ཕྱེ་བའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་རྣམ་པར་སྨིན་པ་མེད་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །རྣམ་པར་ བརྟགས་པ་མེད་པའི་རྩོལ་བ་གང་ཡིན་པ་དེ་ནི་རྣམ་པར་སྨིན་པ་མེད་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འགོག་པའི་ས་ལ་གནས་པའི་བསམ་གཏན་གང་ཡིན་པ་དེ་ ནི་རྣམ་པར་སྨིན་པ་མེད་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ་།ཟད་པ་མེད་པར་འགྱུར་བའི་ལྷག་མཐོང་གི་ཤེས་རབ་གང་ཡིན་པ་དེ་ནི། རྣམ་པར་སྨིན་པ་མེད་པའི་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་རྣམ་པར་སྨིན་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ངོ་བོ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། རློམ་སེམས་མེད་པའི་ [64A]༄༅། །སྦྱིན་པ་གང་ཡིན་པ་དེ་ནི་ངོ་བོ་ཉིད་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །སེམས་ལ་རློམ་སེམས་མེད་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ངོ་བོ་ཉིད་ ཀྱི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བདག་མེད་པར་བཟོད་པ་གང་ཡིན་པ་དེ་ནི་ངོ་བོ་ཉིད་ཀྱིས་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །བདག་མེད་པར་དམིགས་པའི་བརྩོན་འགྲུས་ གང་ཡིན་པ་དེ་ནི་ངོ་བོ་ཉིད་ཀྱི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཕྱི་དང་ནང་ལ་མི་གནས་པའི་བསམ་གཏན་གང་ཡིན་པ་དེ་ནི་ངོ་བོ་ཉིད་ཀྱི་བསམ་གཏན་གྱི་ཕ་རོལ་ ཏུ་ཕྱིན་པའོ། །ཆོས་ཐམས་ཅད་ལ་ཕྱིན་ཅི་ལོག་མེད་པར་བཏང་སྙོམས་པ་གང་ཡིན་པ་དེ་ནི་ངོ་བོ་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་ངོ་བོ་ཉིད་ཀྱི་ཕ་ རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་དངོས་པོ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། མ་འོངས་པའི་སེམས་སྦྱིན་པ་ལ་མ་ཞུགས་པ་གང་ཡིན་པ་དེ་ནི་དངོས་པོ་མེད་པའི་ སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཟད་པས་རབ་ཏུ་ཕྱེ་བའི་སྡོམ་པ་གང་ཡིན་པ་དེ་ནི་དངོས་པོ་མེད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དགེ་བའི་འདུ་ཤེས་ཅན་དང། མི་ དགེ་བའི་འདུ་ཤེས་ཅན་དུ་སྤྲོས་པ་མེད་པ་གང་ཡིན་པ་དེ་ནི་དངོས་པོ་མེད་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ལམ་ལ་རྩོལ་པ་གང་ཡིན་པ་དེ་ནི་དངོས་པོ་མེད་པའི་བརྩོན་ [64B] །ཁམས་གསུམ་ལ་མངོན་པར་ཞེན་པ་མེད་པའི་སེམས་གང་དུ་ཇི་ལྟ་བ་བཞིན་རྗེས་སུ་སོང་བ་གང་ཡིན་པ་དེ་ནི་དངོས་པོ་མེད་པའི་བསམ་གཏན་གྱི་ཕ་ རོལ་ཏུ་ཕྱིན་པའོ། །འདེ་ལ་འདུས་བྱས་ཀྱི་འདུ་ཤེས་ཅན་དང། གང་འདུས་མ་བྱས་ཀྱི་འདུ་ཤེས་ཅན་མེད་པར་རྣམ་པར་སྤྱོད་པ་གང་ཡིན་པ་དེ་ནི་དངོས་པོ་མེད་པའི་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་སྟེ། །འདི་དག་ནི་བྱང་ཆུབ་སེམས་དཔའི་དངོས་པོ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་རྒྱ་ཆེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སེམས་ཅན་དཔག་ཏུ་མེད་ པའི་ཕྱིར་ཡོངས་སུ་བསྔོས་པའི་སྦྱིན་པ་གང་ཡིན་པ་དེ་ནི་རྒྱ་ཆེ་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཐམས་ཅད་དུ་འགྲོ་བའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་རྒྱ་ཆེ་བའི་ཚུལ་ ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སྦྱོར་བ་ལ་མི་ལྟོས་པའི་བཟོད་པ་གང་ཡིན་པ་དེ་ནི་རྒྱ་ཆེ་བའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །དྲན་པ་ཉེ་བར་གཞག་པ་ལས་བྱུང་བའི་བརྩོན་ འགྲུས་གང་ཡིན་པ་དེ་ནི་རྒྱ་ཆེ་བའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཏིང་ངེ་འཛིན་སྟོང་ཕྲག་བརྒྱད་ཅུ་སྒྲུབ་པར་བྱེད་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་ རྒྱ་ཆེ་བའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །སེམས་ཅན་ཐམས་ཅད་ཀྱི་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་ཁོང་དུ་ཆུད་ཅིང་སྨོན་ལམ་མཁས་འཆེས་པ་གང་ཡིན་པ་ [65A]༄༅། །དེ་ནི་རྒྱ་ཆེ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའི་རྒྱ་ཆེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་རྒྱས་པའི་ཕ་ རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཕྱིར་མི་ལྡོག་པའི་ཆོས་དང་ལྡན་པར་འགྱུར་བ་རྣམ་པ་བཅུ་དྲུག་དང་ལྡན་པའི་སྦྱིན་པ་གང་ཡིན་པ་དེ་ནི་རྒྱས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་ པའོ༑ ༑ཁ་ན་མ་ཐོ་བ་རྡུལ་ཙམ་ལ་འཇིགས་པར་ལྟ་བར་དམ་བཅས་གང་ཡིན་པ་དེ་ནི་རྒྱས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རྗེས་སུ་ཆགས་པ་དང། ཁོང་ ཁྲོ་བ་སྤངས་པའི་བཟོད་པ་གང་ཡིན་པ་དེ་ནི་རྒྱས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཁ་ན་མ་ཐོ་བ་མེད་པ་ལ་རབ་ཏུ་སྦྱོར་བའི་བརྩོན་འགྲུས་གང་ཡིན་པ་དེ་ནི་རྒྱས་ པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སྙིང་རྗེ་ཆེན་པོ་དང་མཚུངས་པར་ལྡན་པའི་བསམ་གཏན་གང་ཡིན་པ་དེ་ནི་རྒྱས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། ། ཐོགས་པ་མེད་པར་སྟོན་པའི་ཤེས་རབ་གང་ཡིན་པ་དེ་ནི་རྒྱས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་རྒྱས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་མཐའ་ ཡས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཤེས་རབ་དང་མཚུངས་པར་ལྡན་པའི་སྦྱིན་པ་གང་ཡིན་པ་དེ་ནི་མཐའ་ཡས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཕན་པར་ [65B]ཡིན་པ་དེ་ནི་མཐའ་ཡས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རྣམ་པར་ཐར་པའི་སྒོ་གསུམ་ལ་བཟོད་ པ་གང་ཡིན་པ་དེ་ནི་མཐའ་ཡས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཡང་དག་པར་ཤིན་ཏུ་སྦྱངས་པའི་གཞིའི་བརྩོན་འགྲུས་གང་ཡིན་པ་དེ་ནི་མཐའ་ཡས་ པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བྱམས་པ་ལ་སྦྱོང་ཞིང་བྱང་ཆུབ་ཀྱི་ཡན་ལག་ལ་དམིགས་པའི་བསམ་གཏན་གང་ཡིན་པ་དེ་ནི་མཐའ་ཡས་པའི་བསམ་གཏན་ གྱི་ཕ་རོལ་ཏུ་ཕྱིན་པའོ། །སོ་སོ་ཡང་དག་པར་རིག་པའི་ཤེས་རབ་གང་ཡིན་པ་དེ་ནི། མཐའ་ཡས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་མཐའ་ཡས་པའི་ཕ་ རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ཚོལ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། རབ་ཏུ་བྱུང་བ་ལྷུང་བཟེད་ཐོགས་ནས་ཇི་སྙེད་པ་ཡང་དག་པར་བགེད་པ་གང་ཡིན་པ་དེ་ནི་ཚོལ་ བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །སྦྱངས་པའི་ཡོན་ཏན་གྱི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཚོལ་བའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཐོས་པའི་གཞི་དང། དགེ་ བའི་གཞི་དག་ལས་སྡུག་བསྔལ་ལ་མི་མཇེད་པ་ནི། དཔེར་ན། རྒྱལ་བོའི་མགོ་དང། བཙུན་མོ་ཡོངས་སུ་གཏོང་བ་ལྟ་བུ་དང། གང་གི་ཚེ་ཡང་དག་པར་སོ་སོར་བརྟགས་ [66A]༄༅། །པས་དང་དུ་ལེན་པ་གང་ཡིན་པ་དེ་ནི་ཚོལ་བའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །མར་མེ་མཛད་ཀྱི་སྔོན་རོལ་ཏུ་སྡུག་བསྔལ་བས་དགེ་བ་ལེགས་ པར་སྒྲུབ་པ་ན་ཡོངས་སུ་མི་སྐྱོ་བ་གང་ཡིན་པ་དེ་ནི་ཚོལ་བའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རྟོག་དཔྱོད་དང་བཅས་པའི་བསམ་གཏན་ལྷག་མཐོང་གིས་ཤས་ཆེ་བ་ གང་ཡིན་པ་དེ་ནི་ཚོལ་བའི་བསམ་གཏན་ཀྱི་ཕ་རོལ་ཏུ་ཕྱིན་པའོ་།རྟེན་ཅིང་འབྲེལ་པར་འབྱུང་བའི་གཏན་ཚིགས་ཀྱིས་སྟོང་པ་ཉིད་ཀྱི་དོན་ཚོལ་བ་གང་ཡིན་པ་དེ་ནི་ ཚོལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་ཚོལ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་བརྒལ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། དབུལ་པོ་འཇོམས་ པར་འགྱུར་པ་ཁྱིམ་བདག་རིན་པོ་ཆེ་སྒྲུབ་པར་བྱེད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་བརྒལ་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །གང་གི་ཚེ་དགེ་བ་ བཅུའི་ལས་ཀྱི་ལམ་དག་ཀུན་ནས་སྲུང་བ་རྣམ་པར་སྨིན་པ་སྐྱེ་བོ་གཞན་ལ་སྟོབ་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་བརྒལ་བའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་ པའོ༑ ༑སོ་སོར་བརྟགས་པའི་སྟོབས་ཀྱི་དང་དུ་ལེན་པ་གང་ཡིན་པ་དེ་ནི་བརྒལ་བའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །འདོད་པའི་རྣམ་པར་རྟོག་པ་སྤང་པའི་ཕྱིར་ངེས་ [66B]བའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རྣམ་པར་འཚེ་བ་སྤང་བའི་ཕྱིར་སྙོམས་པ་མེད་པའི་བསམ་གཏན་ གང་ཡིན་པ་དེ་ནི་བརྒལ་བའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ་།ཁམས་གསུམ་པའི་སྡུག་བསྔལ་གྱི་མཚན་ཉིད་ལ་ཉེ་བར་རྟོག་པ་བདག་མེད་པས་ངེས་པར་འབྱུང་བ་ གང་ཡིན་པ་དེ་ནི་བརྒལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་བརྒལ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་མངོན་པར་དགའ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ གང་ཞེ་ན། འདོད་པ་ཐམས་ཅད་འབྱོར་བར་བྱ་བའི་ཕྱིར་ལྷ་དང་མེའི་འགྲོ་བར་རྣམ་པར་སྨིན་པར་འགྱུར་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ང་རྒྱལ་མེད་པ་གང་ཡིན་པ་དེ་ནི་ མངོན་པར་དགའ་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ལྷ་དང་མིའི་འགྲོ་བ་དག་ཏུ་ཚེ་རིང་བར་འགྱུར་བའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་མངོན་པར་དགའ་བའི་ཚུལ་ཁྲིམས་ཀྱི་ཕ་ རོལ་ཏུ་ཕྱིན་པའོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་གང་ཡིན་པ་དེ་ནི་མངོན་པར་དགའ་བའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །རྩོལ་བ་དང་བཅས་པའི་བརྩོན་འགྲུས་འབྲས་བུ་ ཡོད་པ་གང་ཡིན་པ་དེ་ནི་མངོན་པར་དགའ་བའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བདག་ཉིད་ཡོན་ཏན་གྱི་རྣམ་པ་ཐོབ་པར་བྱ་བའི་ཕྱིར་དང། བདག་དང་གཞན་ལ་ཕན་པའི་རྣམ་པར་ [67A]༄༅། །སྨིན་པའི་རྒྱུའི་ཕྱིར་དང། སྨོན་ལམ་ཐོབ་པར་བྱ་བའི་ཕྱིར་དང། ཡང་དག་པར་ཇི་ལྟ་བ་བཞིན་དུ་རྟོགས་པར་འགྱུར་བའི་བསམ་གཏན་གང་ ཡིན་པ་དེ་ནི་མངོན་པར་དགའ་བའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་བཞིན་གཤེགས་པའི་སྤྱོད་པ་ཐམས་ཅད་ཁོང་དུ་ཆུད་པར་བྱེད་པའི་ཕྱིར་ཆོས་ཉན་པ་ནི་ མངོན་པར་དགའ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་མངོན་པར་དགའ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་མངོན་པར་དགའ་བ་མེད་པའི་ཕ་རོལ་ཏུ་ཕྱིན་ པ་དྲུག་གང་ཞེ་ན། །ནོར་དང་ཟས་དང་གོས་ལ་སོགས་པ་ལ་མ་ཆགས་ཤིང། ལན་ལ་རེ་བ་མེད་པའི་ཚུལ་གྱིས་ཡོངས་སུ་གཏོང་བར་བྱེད་པ་ནི། མངོན་པར་དགའ་བ་ མེད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ངེས་པར་འབྱུང་བ་དང་ལྡན་པ་ཁྱིམ་ན་གནས་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་མངོན་པར་དགའ་བ་མེད་པའི་ཚུལ་ ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འགྱོད་པ་བཟོད་པ་གང་ཡིན་པ་དེ་ནི་མངོན་པར་དགའ་བ་མེད་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ་།སྡུག་བསྔལ་སྤང་བའི་ཕྱིར་ བརྩོན་པ་གང་ཡིན་པ་དེ་ནི་མངོན་པར་དགའ་བ་མེད་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རིས་མེ་འཐུན་པར་སོང་སྟེ་སྡུག་བསྔལ་ཡང་དག་པར་འབྱུང་བ་དང་ [67B] ཁོང་ཁྲོ་བ་དང་མཚུངས་པར་ལྡན་པའི་མཚན་ཉིད་ཅན་གྱི་བསམ་གཏན་གང་ཡིན་པ་དེ་ནི་མངོན་པར་དགའ་བ་མེད་པའི་བསམ་གཏན་གྱི་ཕ་རོལ་ ཏུ་ཕྱིན་པའོ། །བྱང་ཆུབ་སེམས་དཔའ་དམིགས་པ་ཅན་ཁམས་གསུམ་ལ་མངོན་པར་དགའ་བ་མེད་པའི་ཤེས་རབ་གང་ཡིན་པ་དེ་ནི་མངོན་པར་དགའ་བ་མེད་པ་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་མངོན་པར་དགའ་བ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ཐོས་པ་འཛིན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། གང་ ཟག་ལ་ཆོས་ཀྱི་སྦྱིན་པ་གང་ཡིན་པ་འདི་དང། སྟོན་པ་དང། ཁ་ཏོན་བྱེད་དུ་འཇུག་པ་དང། འཛིན་དུ་འཇུག་པ་གང་ཡིན་པ་དེ་ནི་ཐོས་པ་འཛིན་པའི་སྦྱིན་པའི་ཕ་ རོལ་ཏུ་ཕྱིན་པའོ། །དགེ་བའི་རྩ་བའི་ཆོས་ཀྱི་ཚིག་བདུན་གྱིས་ལུས་དང། ངག་དང། སེམས་ཀྱི་ཚུལ་ཁྲིམས་ཡོངས་སུ་སྤྱོད་པར་ཡང་དག་པར་འཛིན་དུ་འཇུག་པ་གང་ ཡིན་པ་དེ་ནི་ཐོས་པ་འཛིན་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ལེགས་པར་གསུངས་པའི་ཚིག་གཅིག་ཙམ་གྱི་ཆེད་དུ་སྡུག་བསྔལ་དང་དུ་ལེན་པ་གང་ཡིན་པ་དེ་ནི་ ཐོས་པ་འཛིན་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། བྱང་ཆུབ་སེམས་དཔའ་བྲམ་ཟེར་གྱུར་པ་ན་སྐྱེས་པའི་རབས་ཁོང་དུ་ཆུད་པར་བྱ་བའི་ནོད་དུ་གདོལ་པ་ལས་མཉན་པའི་ [68A]༄༅། །ཕྱིར་ལོ་བཅུ་གཉིས་སུ་བཀུར་སྟི་བྱེད་པ་གང་ཡིན་པ་དེ་ནི་ཐོས་པ་འཛིན་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ངེས་པར་འབྱུང་བ་ལ་དམིགས་ པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་ཐོས་པ་འཛིན་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སེམས་མི་རྟག་པ་ལ་དམིགས་པ་གང་ཡིན་པ་དེ་ནི་ཐོས་པ་འཛིན་ པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །སློབ་དཔོན་གྱི་དཔེ་མཁྱུད་མེད་པས་མཛའ་བ་དང་མི་མཛའ་བ་རྣམས་ཡང་དག་པའི་དགེ་བ་སྦྱོར་དུ་འཇུག་པ་གང་ཡིན་པ་ དེ་ནི་ཐོས་པ་འཛིན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་འདི་དག་ནི་ཐོས་པ་འཛིན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་འཁོར་བར་ཡུན་རིང་བའི་ཕ་རོལ་ཏུ་ཕྱིན་པ་ དྲུག་གང་ཞེ་ན། མི་སྐྱེ་བའི་ཆོས་ལ་བཟོད་པར་ཡོངས་སུ་བསྔོས་པའི་སྦྱིན་པ་གང་ཡིན་པ་དེ་ནི་འཁོར་བར་ཡུན་རིང་བར་ཡོངས་སུ་བསྔོས་པའི་སྦྱིན་པའི་ཕ་རོལ་ཏུ་ ཕྱིན་པའོ། །སྙིང་རྗེ་ཆེན་པོས་རྣམ་པར་མཐོ་འཚམ་པ་མེད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་འཁོར་བར་ཡུན་རིང་བར་ཡོངས་སུ་བསྔོས་པའི་ ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། སྨོན་ལམ་གྱིས་ཡོངས་སུ་བསྔོས་པའི་བཟོད་པ་གང་ཡིན་པ་དེ་ནི་འཁོར་བར་ཡུན་རིང་བར་ཡོངས་སུ་བསྔོས་པའི་བཟོད་པའི་ [68B] །ཐོས་པར་ཡོངས་སུ་བསྔོས་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་འཁོར་བར་ཡུན་རིང་བར་ཡོངས་སུ་བསྔོས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་ པའོ༑ ༑བདག་མེད་པའི་རྣམ་པར་ཡོངས་སུ་བསྔོས་པ་བསམ་གཏན་གང་ཡིན་པ་དེ་ནི་འཁོར་བར་ཡུན་རིང་བར་ཡོངས་སུ་བསྔོས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་ པའོ༑ ༑ཕྱིར་མི་ལྡོག་པའི་སའི་ཤེས་རབ་གང་ཡིན་པ་དེ་ནི་འཁོར་བར་ཡུན་རིང་བར་ཡོངས་སུ་བསྔོས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་འཁོར་བར་ཡུན་ རིང་བར་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་རྒྱུན་ཆད་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བསྡུ་བའི་དངོས་པོ་བཞིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ གང་ཡིན་པ་དེ་ནི་རྒྱུན་ཆད་པ་མེད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ལེགས་པར་སྤྱོད་པ་རྣམ་པ་གསུམ་གྱིས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་རྒྱུན་ ཆད་པ་མེད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ལུས་དང། སེམས་དང། སོ་སོར་བརྟགས་པའི་བཟོད་པ་དང། ཆོས་ལ་བཟོད་པ་ནི་བཟོད་པ་བཞི་པོ་སྟེ། བཟོད་པ་ གང་ཡིན་པ་དེ་དག་ནི་རྒྱུན་ཆད་པ་མེད་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཡང་དག་པའི་སྤོང་བ་བཞིས་མ་ཐོགས་ཤིང་ཀུན་ནས་དཀྲིས་པ་མེད་པ་གང་ཡིན་པ་དེ་ནི་རྒྱུན་ [69A]༄༅། །ཆད་པ་མེད་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དྲན་པ་ཉེ་བར་གཞག་པ་བཞིས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་རྒྱུན་ ཆད་པ་མེད་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །བདེན་པ་བཞི་རབ་ཏུ་ཤེས་པ་གང་ཡིན་པ་དེ་ནི་རྒྱུན་ཆད་པ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ ནི་རྒྱུན་ཆད་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་འདོད་པའི་ཡོན་ཏན་ཡོངས་སུ་སྨིན་པར་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བདོག་པ་ཐམས་ཅད་ ཡོངས་སུ་གཏོང་བའི་སྦྱིན་པ་གང་ཡིན་པ་དེ་ནི་འདོད་པའི་ཡོན་ཏན་ཡོངས་སུ་སྨིན་པར་བསྔོས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ། དེ་རྣམ་པར་ཐར་པའི་སྒོ་སྟོང་ པ་ཉིད་ལ་བལྟ་བར་བྱ་བ་དེའང་འདོད་པའི་ཡོན་ཏན་ཡོངས་སུ་སྨིན་པར་བསྔོས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཕན་པའི་ སེམས་ཀྱིས་གང་སྐྱེ་བ་དང། འདོད་པ་ན་སྤྱོད་པར་ཡོངས་སུ་བསྔོས་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་འདོད་པའི་ཡོན་ཏན་ཡོངས་སུ་སྨིན་པར་བསྔོས་པའི་ཚུལ་ ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཡོངས་སུ་བརྟུལ་ན་རྗེས་སུ་མཐུན་པའི་ཡུལ་ལ་དང་དུ་ལེན་པའི་བཟོད་པ་གང་ཡིན་པ་དེ་ནི་འདོད་པའི་ཡོན་ཏན་ཡོངས་སུ་སྨིན་པར་ [69B] །འཇིག་རྟེན་པའི་སེམས་ཀྱི་མོས་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་སྨིན་པར་བྱས་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་འདོད་པའི་ ཡོན་ཏན་ཡོངས་སུ་སྨིན་པར་བསྔོས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དུས་ཤེས་པ་དང་རབ་ཏུ་ལྡན་པའི་ཚད་མེད་པ་བྱམས་པ་དང། སྙིང་རྗེ་གཉིས་པོ་འདི་དག་གིས་ ཕ་རོལ་སྡུག་བསྔལ་བ་དག་བདེ་བར་བྱེད་པ་གང་ཡིན་པ་དེ་ནི་འདོད་པའི་ཡོན་ཏན་ཡོངས་སུ་སྨིན་པར་བསྔོས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །དཔྱོད་པ་ལ་ རབ་ཏུ་སྦྱོར་ཞིང་དུས་དང་དུས་མ་ཡིན་པ་ལ་ལྟོས་པ་བྱམས་པ་དང། སྙིང་རྗེ་བདག་ཉིད་གང་ཡིན་པ་དེ་ནི་འདོད་པའི་ཡོན་ཏན་ཡོངས་སུ་སྨིན་པར་བསྔོས་པའི་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་འདོད་པའི་ཡོན་ཏན་ཡོངས་སུ་སྨིན་པར་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་བསམ་གཏན་ཡོངས་སུ་བསྔོས་པའི་ཕ་ རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྦྱིན་པས་བྱིན་གྱིས་བརླབས་པས་གང་དང་གང་དུ་འདོད་པར་འགྱུར་བ་གང་ཡིན་པ་དེ་ནི་བསམ་གཏན་ཡོངས་སུ་བསྔོས་པའི་སྦྱིན་པའི་ཕ་རོལ་ ཏུ་ཕྱིན་པའོ། །སེམས་དང་རབ་ཏུ་ལྡན་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་བསམ་གཏན་གྱི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ་།ཆོས་ཀྱི་ངོ་བོ་མཉམ་པ་ཉིད་དུ་བརྟགས་པའི་ [70A]༄༅། །བཟོད་པ་གང་ཡིན་པ་དེ་ནི་བསམ་གཏན་གྱི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །སེམས་ཀྱི་ཀུན་ནས་དཀྲིས་པ་རྣམ་པར་སེལ་བའི་བརྩོན་འགྲུས་ གང་ཡིན་པ་དེ་ནི་བསམ་གཏན་གྱི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཐོས་པའི་བདག་ཉིད་ཀྱི་ཤེས་རབ་ཀྱི་བསམ་གཏན་གང་ཡིན་པ་དེ་ནི་བསམ་གཏན་གྱི་ བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །འདོད་ཆགས་རབ་ཏུ་ཞི་བའི་ཤེས་རབ་ཀྱི་བསམ་གཏན་གང་ཡིན་པ་དེ་ནི། བསམ་གཏན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་ དག་ནི་བསམ་གཏན་ཡོངས་སུ་བསྔོས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་།དེ་ལ་མངོན་པར་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན་མར་མེ་ཕུལ་བའི་རྣམ་པར་ སྨིན་པ་ལྷའི་མིག་འགྲུབ་པར་འགྱུར་བ་གང་ཡིན་པ་དེ་ནི་མངོན་པར་ཤེས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ལྷའི་རྣ་བ་འགྲུབ་པར་འགྱུར་བ་ཚུལ་ཁྲིམས་ཀྱི་ཕ་རོལ་ ཏུ་ཕྱིན་པ་མ་ཞིག་པ་གང་ཡིན་པ་དེ་ནི་མངོན་པར་ཤེས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སྔོན་གྱི་གནས་རྗེས་སུ་དྲན་པ་འགྲུབ་པར་བྱེད་པ་གཉིས་སུ་མེད་པའི་ཡེ་ ཤེས་ཀྱིས་ཡོངས་སུ་བསྔོས་པའི་བཟོད་པ་གང་ཡིན་པ་དེ་ནི་མངོན་པར་ཤེས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །སེམས་ཅན་ལ་དམིགས་ཤིང་འཇིག་རྟེན་པའི་དགེ་ [70B]པར་ཤེས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རྫུ་འཕྲུལ་སྒྲུབ་པ་དང། འགོག་པར་ཤེས་པ་རྒྱས་པར་བྱེད་པ་ དང། སྙོམས་པར་འཇུག་པ་ཡོངས་སུ་འཛིན་པའི་བསམ་གཏན་གང་ཡིན་པ་དེ་ནི་མངོན་པར་ཤེས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ་།དེ་ལས་བྱུང་བ་སེམས་ཀྱི་རྣམ་ གྲངས་ཤེས་པའི་མངོན་པར་ཤེས་པ་དང། ཟག་པ་ཟད་པར་འགྱུར་བའི་མངོན་པར་ཤེས་པ་དང། འགོག་པའི་སྙོམས་པར་འཇུག་པ་ལས་བྱུང་བའི་ཤེས་རབ་གང་ཡིན་པ་དེ་ནི་ མངོན་པར་ཤེས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་མངོན་པར་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཅེས་བྱའོ། །དེ་ལ་འཇིག་རྟེན་པའི་བཟོའི་གནས་ཀྱི་ཕ་རོལ་ཏུ་ ཕྱིན་པ་དྲུག་གང་ཞེ་ན། འདི་ལྟར་བཟོ་གཞན་དེ་དག་གི་ནང་ནས་འཇིག་རྟེན་པའི་བཟོ་ལེགས་པར་འགྱུར་བ་གང་ཡིན་པ་དེ་ནི་སྦྱིན་པའི་རྣམ་པར་སྨིན་པའོ། །སྐྱེ་བོ་མང་པོ་དགའ་ བར་འགྱུར་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་རྣམ་པར་སྨིན་པའོ། །བཟོ་ཐམས་ཅད་ལ་མ་ལུས་པར་ཤེས་པ་གང་ཡིན་པ་དེ་ནི་བཟོད་པའི་རྣམ་པར་སྨིན་པའོ། །མྱུར་བར་ མངོན་དུ་བྱུང་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱི་རྣམ་པར་སྨིན་པའོ། །ཡིད་བཞིན་དུ་འགྲུབ་པ་གང་ཡིན་པ་དེ་ནི་བསམ་གཏན་གྱི་རྣམ་པར་སྨིན་པའོ། །མི་འཁོར་བར་ [71A]༄༅། །ཤེས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་འཇིག་རྟེན་པའི་བཟོའི་གནས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ ལ་བྱམས་པས་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པའི་དོན་དུ་སེམས་ཀྱི་སྦྱིན་པ་གང་ཡིན་པ་དེ་ནི་བྱམས་ པས་ཡོངས་སུ་བསྔོས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། དཔེར་ན་རི་བོང་བདག་ཉིད་གཏོང་བ་ནི་ང་ཟོ་ལ་འདིར་འདུག་ཅིག་ཅེས་བྱ་བ་ལྟ་བུའོ། །སྙིགས་མའི་དུས་ ཀྱི་ཚེ་སྨོན་ལམ་གྱི་དབང་གིས་སྐྱེ་བ་བྱས་ནས་སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་འཛིན་དུ་འཇུག་ཅིང་རབ་ཏུ་འགོད་པར་བྱེད་པ་གང་ཡིན་པ་དེ་ནི་ བྱམས་པས་ཡོངས་སུ་བསྔོས་པའི་ཚུལ་འཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དཔེར་ན་སྲེག་པའི་སྐྱེས་པའི་རབས་དང། ནེ་ཙོའི་སྐྱེས་བའི་རབས་ལྟ་བུའོ། དུས་ཤེས་པ་དང་ མཚུངས་པར་ལྡན་པ་གང་ཡིན་པ་དེ་ནི་བྱམས་པས་ཡོངས་སུ་བསྔོས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། དཔེར་ན་ཡུལ་ཀ་ཤིའི་རྒྱལ་པོ་མགོ་བཅད་ཀྱང་སེམས་མི་ འཁྲུགས་པ་ལྟ་བུའོ། །སྐྱེ་བོ་མང་པོ་མཐོ་རིས་སུ་འགྲོ་བར་འགྱུར་བ་གང་ཡིན་པ་དེ་ནི་བྱམས་པས་ཡོངས་སུ་བསྔོས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དཔེར་ན་ [71B] ཀུན་ཏུ་རྒྱུ་བླ་ཅན་གཉིས་བརྙས་པ་བཟོད་པ་ལྟ་བུ་སྟེ། ད་ནི་བྱམས་པས་ཡོངས་སུ་བསྔོས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚད་མེད་པ་ མངོན་པར་བསྒྲུབས་པའི་བསམ་གཏན་གང་ཡིན་པ་དེ་ནི་བྱམས་པས་ཡོངས་སུ་བསྔོས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །སྐྱེ་བོ་མང་པོ་རྣམ་པར་སྨིན་པར་བྱ་བའི་ཕྱིར་དཔེར་ ན་སྐྱེད་པ་པོ་དང། སྨན་ཆེན་གྱིས་རྒྱལ་པོའི་གྱོས་པོ་ཚར་བཅད་ཀྱང་རྣམ་པར་མཐོ་བརྩམས་པའང་མེད་ལ། ཆུ་བོར་ཡང་མ་ཞུགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་ དེ་ནི་བྱམས་པས་ཡོངས་སུ་བསྔོས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་བྱམས་པས་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་སྙིང་རྗེས་ཡོངས་སུ་ བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སེམས་ཅན་བདེ་བར་བྱ་བའི་སེམས་ཀྱིས་སྦྱིན་པ་གང་ཡིན་པ་དེ་ནི་སྙིང་རྗེ་ལས་བྱུང་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཁ་ན་མ་ཐོ་ བ་རྡུལ་ཙམ་གྱིས་བདག་ཀྱང་ཉམས་པ་མེད་པ་ཡིན་ལ། སྐྱེ་བ་མེད་པས་གཞན་ལའང་རྗེས་སུ་སྟོན་པ་གང་ཡིན་པ་དེ་ནི་སྙིང་རྗེ་ལས་བྱུང་བའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚིག་ ངན་བརྗོད་པ་དག་བདག་དང་དུ་ལེན་པའི་རིགས་ཅན་ཡང་ཡིན་ལ་གཞན་ལའང་བཟོད་པ་ཡང་དག་པར་འཛིན་དུ་འཇུག་པ་གང་ཡིན་པ་དེ་ནི་སྙིང་རྗེ་ལས་བྱུང་བའི་བཟོད་པའི་ཕ་རོལ་ཏུ་ [72A]༄༅། །ཕྱིན་པའོ། །བརྩོན་འགྲུས་བརྩམས་པས་ཡོངས་སུ་སྐྱོ་བ་མེད་པར་དགེ་བའི་ཆོས་རྣམས་ཚོལ་བ་དང། སེམས་ཅན་མང་པོ་སྒྲོལ་བ་དང། སེམས་ ཅན་རྣམས་ངེས་པར་འབྱིན་པ་ལ་ཡང་དག་པར་འཛིན་དུ་འཇུག་པ་གང་ཡིན་པ་དེ་ནི་སྙིང་རྗེ་ལས་བྱུང་བའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ངན་སོང་གིས་ཡིད་བྱུང་བ་ རྣམས་དགའ་བར་བྱེད་པའི་བསམ་གཏན་གང་ཡིན་པ་དེ་ནི་སྙིང་རྗེ་ལས་བྱུང་བའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ངན་སོང་རྣམ་པར་སྤྱོད་པའི་ཕྱིར་ཡོངས་སུ་སྐྱོ་ བ་མེད་པ་དང། ཆོས་ཀྱི་སྦྱིན་པ་བྱ་བའི་ཕྱིར་ཡོངས་སུ་སྐྱོ་བ་མེད་པ་དང། སེམས་ཅན་ཡོངས་སྨིན་པར་བྱ་བའི་ཕྱིར་ཡོངས་སུ་སྐྱོ་བ་མེད་པ་གང་ཡིན་པ་དེ་ནི་སྙིང་རྗེ་ ལས་བྱུང་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་སྙིང་རྗེས་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་དགའ་བས་ཡོངས་སུ་བསྔོས་པའི་ཕ་རོལ་ ཏུ་ཕྱིན་པ་དྲུག་གང་ཞེ་ན། མཆོག་ཏུ་དགའ་བ་སྔོན་དུ་འགྲོ་བའི་སྦྱིན་པ་གང་ཡིན་པ་དེ་ནི་དགའ་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཤིན་ཏུ་སྦྱངས་པའི་སྒྲུབ་པའི་ཚུལ་ ཁྲིམས་གང་ཡིན་པ་དེ་ནི་དགའ་བའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ལས་བྱུང་བའི་བཟོད་པ་གང་ཡིན་པ་དེ་ནི་དགའ་བ་ལ་དམིགས་ [72B] །གནོད་སེམས་མེད་པར་བདག་དང་གཞན་བདེ་བར་བྱེད་ལ། ཉེས་པར་མི་སེམས་ཤིང་ལེགས་པར་སེམས་པ་དང། འགྱོད་པ་དང་ གདུང་བ་མེད་པ་གང་ཡིན་པ་དེ་ནི་དགའ་བ་ལ་དམིགས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །མི་དགའ་བ་རབ་ཏུ་ཞེ་བར་འགྱུར་བ་དང། སེམས་རྣམ་པར་དག་པར་འགྱུར་ བ་དང། ཀུན་ནས་དཀྲིས་པ་སེལ་བར་འགྱུར་བ་དང། འདོད་ཆགས་སྤོང་བར་འགྱུར་བ་གང་ཡིན་པ་དེ་ནི་དགའ་བ་ལ་དམིགས་པའི་བསམ་གཏན་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། བཏང་སྙོམས་བྱང་ཆུབ་ཀྱི་ཡན་ལག་ཡོངས་སུ་བཟུང་ཞིང་ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་མཚུངས་པར་ལྡན་པ་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའི་ བྱིན་གྱི་རླབས་ཀྱིས་གནས་ཞི་བ་ཐོགས་པ་མེད་པ་ཕྱིན་ཅི་མ་ལོག་པ་གང་ཡིན་པ་དེ་ནི་དགའ་བ་ལས་བྱུང་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་བྱང་ཆུབ་སེམས་ དཔའི་དགའ་བས་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་།དེ་ལ་བཏང་སྙོམས་ཀྱིས་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཆོས་མཉམ་པ་ཉིད་ཀྱི་རྣམ་པར་སྨིན་ པ་ལམ་གྱི་རྒྱུད་བཅད་ཅིང་སེམས་མ་གཏུགས་པའི་སྦྱིན་པ་གང་ཡིན་པ་དེ་ནི་བཏང་སྙོམས་ཀྱིས་ཡོངས་སུ་བསྔོས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །གདུང་བ་མེད་ཅིང་སྙིང་བརྩེ་བའི་ [73A]༄༅། །སེམས་ཀྱི་ཤིན་ཏུ་སྦྱངས་པ་བྱང་ཆུབ་ཀྱི་ཡན་ལག་དང་མཚུངས་པར་ལྡན་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་བཏང་ སྙོམས་ཀྱིས་ཡོངས་སུ་བསྔོས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སེམས་མི་བརྐམ་ཞིང་མཚན་མ་མེད་པ་མངོན་པར་བསྒྲུབས་ལ་ཕྱི་དང་ནང་ལ་དཔྱོད་པ་ལྟད་མོ་ སྤངས་པའི་བཟོད་པ་གང་ཡིན་པ་དེ་ནི་བཏང་སྙོམས་ཀྱིས་ཡོངས་སུ་བསྔོས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །འདུས་བྱས་ཀྱི་ངོ་བོ་ཀུན་ཤེས་པ་དང་ལྡན་པའི་བཏང་ སྙོམས་གང་ཡིན་པ་དེ་ནི་བཏང་སྙོམས་ཀྱིས་ཡོངས་སུ་བསྔོས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞི་གནས་སྔོན་དུ་འགྲོ་ཞིང་ལྷག་མཐོང་གི་སྟོབས་བསྐྱེད་པ་ ཐམས་ཅད་དུ་འགྲོ་བའི་བསམ་གཏན་གང་ཡིན་པ་དེ་ནི་བཏང་སྙོམས་ཀྱིས་ཡོངས་སུ་བསྔོས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ་།སྙིང་རྗེ་ཆེན་པོ་ལ་དམིགས་ པའི་མཐར་ཕྱིན་པ་ལམ་ཤིན་ཏུ་སྦྱངས་པའི་ཤེས་རབ་གང་ཡིན་པ་དེ་ནི་བཏང་སྙོམས་ཀྱིས་ཡོངས་སུ་བསྔོས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་ བཏང་སྙོམས་ཀྱིས་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ལོག་པར་ལྟ་བས་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། དཔེར་ན། བྲམ་ [73B]བྱ་བ་དང་མཐུན་པར་མཆོད་སྦྱིན་བྱེད་པ་གང་ཡིན་པ་དེ་ནི་ལོག་པར་ལྟ་བས་ཡོངས་སུ་བསྔོས་པའི་ སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །དམིགས་པ་ཅན་གྱི་ཚུལ་ཁྲིམས་དེ་བྱེད་ཅིང་སྤྱོད་ལ་བདག་ཏུ་འཛིན་པ་གང་ཡིན་པ་དེ་ནི་ལོག་པར་ལྟ་བས་ཡོངས་སུ་བསྔོས་པའི་ཚུལ་ཁྲིམས་ ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བརྟུལ་ཞུགས་ཀྱི་གནས་ཀྱི་ནགས་ཚལ་ཡངས་པ་ན་སྐྱོ་བ་མེད་པར་སྤྱོད་པ་གང་ཡིན་པ་དེ་ནི་ལོག་པར་ལྟ་བས་ཡོངས་སུ་བསྔོས་པའི་བཟོད་པའི་ ཕ་རོལ་ཏུ་ཕྱིན་པའོ། །འཇིག་རྟེན་པའི་བྱ་བ་རྣམས་སྒྲུབ་ཅིང་རིག་བྱེད་ཀྱང་རྟོགས་ལ་ཆ་ལུགས་དེས་གཞན་ཡོངས་སུ་སྨིན་པར་བྱེད་པ་གང་ཡིན་པ་དེ་ནི་ལོག་པར་ལྟ་བས་ ཡོངས་སུ་བསྔོས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ་།བསམ་གཏན་བསྐྱེད་པས་དེའི་ངོ་བོ་ལ་གནས་ཤིང་དེས་མངོན་པར་དགའ་བ་གང་ཡིན་པ་དེ་ནི་ལོག་པར་ལྟ་བས་ ཡོངས་སུ་བསྔོས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །བྲམ་ཟེའི་ཆ་ལུགས་ཀྱིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ཅིང་རྗེས་སུ་མཐུན་པར་འཇུག་པ་གང་ཡིན་ པ་དེ་ནི་ལོག་པར་ལྟ་བས་ཡོངས་སུ་བསྔོས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་ལོག་པར་ལྟ་བས་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ [74A]༄༅། །ཡང་དག་པའི་ལྟ་བས་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཡིན་ཞེ་ན། འཇིག་རྟེན་པའི་བྱ་བ་ལ་འཇུག་ཅིང་སྦྱིན་པ་ཡོད་དོ། །མཆོད་ སྦྱིན་ཡོད་དོ། །སྦྱིན་སྲེག་ཡོད་དོ། །ལས་ལེགས་པར་བྱས་པ་དང། ལས་ཉེས་པ་བྱས་པ་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཡོད་དོ། ཞེ་གང་དེ་ལྟ་བུའི་སེམས་ཀྱིས་སྦྱིན་ པ་གང་ཡིན་པ་དེ་ནི་ཡང་དག་པའི་ལྟ་བས་ཡོངས་སུ་བསྔོས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །སངས་རྒྱས་མ་བྱུང་བ་ན་བྱང་ཆུབ་སེམས་དཔའ་སྡིག་པའི་གྲོགས་པོའི་ དབང་གིས་སྡིག་པ་མི་བྱེད་པ་གང་ཡིན་པ་དེ་ནི་ཡང་དག་པའི་ལྟ་བས་ཡོངས་སུ་བསྔོས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ་།དཔེར་ན། རིའི་རྒྱལ་པོ་གངས་ཅན་ལ་ བྱང་ཆུབ་སེམས་དཔའ་ནེ་ཙོར་གྱུར་པས་ཤིང་སྐམ་པོ་མི་སྤོང་བ་སྔོན་བདག་འདིར་དགའ་བར་བྱས་པ་གང་ཡིན་པ་དེ་ནི་ཡང་དག་པའི་ལྟ་བས་ཡོངས་སུ་བསྔོས་པའི་བཟོད་ པའི་ཕ་རོལ་ཏུ་ཕྱིན་པའོ། །བདག་དང་གཞན་ལ་གནོད་པར་མི་བྱེད་པར་ཞུགས་པའི་ལྟ་བ་ནི། དཔེར་ན་ཚོང་པ་ཨ་ཤུ་ལ་ལྟ་བུ་གང་ཡིན་པ་དེ་ནི་ཡང་དག་པའི་ལྟ་བས་ ཡོངས་སུ་བསྔོས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ་།ཤེས་རབ་ཀྱིས་ཡོངས་སུ་སྦྱང་བ་བྱས་པའི་བསམ་གཏན་བཞི་ཐོབ་པ་གང་ཡིན་པ་དེ་ནི་ཡང་དག་པའི་ལྟ་བས་ [74B]།སྐྱེ་བོ་མང་པོ་ལ་ཕན་པའི་ཕྱིར་ཉེ་བར་གནས་པའི་ཤེས་རབ་ནི། དཔེར་ན་བྱང་ཆུབ་སེམས་དཔའ་ཀུན་ཏུ་རྒྱུ་འདི་ ལྟར་གཅིག་བུས་ཚོགས་སུ་བཅད་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་བཀོད་པ་གང་ཡིན་པ་དེ་ནི་ཡང་དག་པའི་ལྟ་བས་ཡོངས་སུ་བསྔོས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་ དག་ནི་ཡང་དག་པའི་ལྟ་བས་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། དེ་ལ་གནས་པར་ལྟ་བས་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སངས་ རྒྱས་མ་བྱུང་བ་ན་བྱང་ཆུབ་སེམས་དཔའ་ཐ་ན་རྨི་ལམ་ནའང་སེར་སྣའི་སེམས་མི་བསྐྱེད་ན། དངོས་སུ་ལྟ་མོས་ཀྱང་ཅི་དགོས་པ་གང་ཡིན་པ་དེ་ནི་གནས་པར་ལྟ་བས་ཡོངས་ སུ་བསྔོས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཐ་ན་སྲོག་འགགས་ཀྱང་ཁ་ན་མ་ཐོ་བ་རྡུལ་ཙམ་ལའང་བསླབ་པ་ལས་མི་འདའ་བ་གང་ཡིན་པ་དེ་ནི། གནས་པར་ལྟ་བས་ཡོངས་ སུ་བསྔོས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་རབས་དེ་དང་དེ་དག་ཏུ་མངའ་བདག་ཏུ་གྱུར་པ་ནའང་བཟོད་པའི་རང་བཞིན་དང་ལྡན་པ་ཡིན་ཞིང་མཉེན་པ་གང་ཡིན་པ་ དེ་ནི་གནས་པར་ལྟ་བས་ཡོངས་སུ་བསྔོས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་རབས་ཐམས་ཅད་དུ་གཞན་གྱིས་བསྟན་པ་དང། མ་བསྟན་པ་བྱང་ཆུབ་ཀྱི་ཕྱིར་རྗེས་སུ་ [75A]༄༅། །སྟོན་པ་གང་ཡིན་པ་དེ་ནི་གནས་པར་ལྟ་བས་ཡོངས་སུ་བསྔོས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་རབས་དེ་དང་དེ་དག་ ན་ལེགས་པར་བསམ་པ་སེམས་པ་ཡིན་ཞིང་ལེགས་པར་སྤྱད་པའི་ལས་བྱེད་ལ། དེ་ནི་ཤིན་ཏུ་དུལ་བའི་རང་བཞིན་དེ་ལྟ་བུར་གྱུར་པ་གང་ཡིན་པ་དེ་ནི་གནས་ པར་ལྟ་བས་ཡོངས་སུ་བསྔོས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །སློབ་དཔོན་མེད་པར་འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པའི་བྱ་བ་ཁོང་དུ་ཆུད་ ན་སེམས་ཅན་གྱི་ཚོགས་གཞན་ལ་དེ་ལྟ་བུའི་ཡེ་ཤེས་དེ་མེད་ཅིང་གང་གིས་ལུས་ཀྱི་ལས་སེམས་ཅན་དང་མཐུན་པ་གང་ཡིན་པ་དེ་ནི་གནས་པར་ལྟ་བས་ ཡོངས་སུ་བསྔོས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་གནས་པར་ལྟ་བས་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་མི་གནས་ པར་ལྟ་བས་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ཐབས་མཁས་པས་ཡོངས་སུ་ཟིན་པའི་སྦྱིན་པ་ གང་ཡིན་དེ་ནི་མི་གནས་པར་ལྟ་བས་ཡོངས་སུ་བསྔོས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ལུས་དང་སེམས་ལ་དམིགས་པ་མེད་པའི་སེམས་ཀྱི་སྦྱིན་པ་གང་ [75B]ཁྲིམས་སོ། །ཕྱིར་མི་ལྡོག་པའི་ས་ལ་བཟོད་པ་གང་ཡིན་པ་དེ་ནི་མི་གནས་པར་ལྟ་བས་ཡོངས་སུ་བསྔོས་པའི་ བཟོད་པའོ། །འདུ་བྱེད་ཐམས་ཅད་ལ་མི་གནས་ཤིང་ཀུན་ནས་དཀྲིས་པ་མེད་པའི་རྩོལ་བ་གང་ཡིན་པ་དེ་ནི་མི་གནས་པར་ལྟ་བས་ཡོངས་སུ་བསྔོས་པའི་བརྩོན་འགྲུས་སོ། །བདག་ ཏུ་འདུ་ཤེས་ཀྱང་མེད་ཅིང་བདག་མེད་པར་འདུ་ཤེས་ཀྱང་མེད་ལ་ཕྱི་དང་ནང་ལ་མི་གནས་པའི་བསམ་གཏན་གང་ཡིན་པ་དེ་ནི་མི་གནས་པར་ལྟ་བས་ཡོངས་སུ་བསྔོས་པའི་ བསམ་གཏན་ནོ། ཉན་ཐོས་དང། རང་སངས་རྒྱས་ཀྱི་ཆོས་དང་མ་འདྲིས་པའི་ཤེས་རབ་ཐམས་ཅད་མཁྱེན་པ་ཉིད་ལ་མངོན་པར་ཞེན་པ་མེད་པ་གང་ཡིན་པ་དེ་ནི་མི་གནས་ པར་ལྟ་བས་ཡོངས་སུ་བསྔོས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། འདི་དག་ནི་མི་གནས་པར་ལྟ་བས་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། དེ་ལ་གནས་ མེད་པར་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། གང་ཁམས་གསུམ་ལ་མངོན་པར་དགའ་བ་མེད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དཔེར་ན། མར་མེ་མཛད་ཀྱི་ལྟ་ བུ་གང་ཡིན་པ་དེ་ནི་གནས་མེད་པར་ཡོངས་སུ་བསྔོས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །མ་གཏོགས་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་གནས་མེད་པའི་ཚུལ་ཁྲིམས་སོ། ། [76A]༄༅། །ཆོས་ཐམས་ཅད་ལ་རློམ་སེམས་མེད་པའི་སེམས་ཀྱི་བཟོད་པ་གང་ཡིན་པ་དེ་ནི་གནས་མེད་པའི་བཟོད་པའོ། མི་དམིགས་པར་སྤྱོད་པའི་ བརྩོན་འགྲུས་གང་ཡིན་པ་དེ་ནི་གནས་མེད་པའི་བརྩོན་འགྲུས་སོ་།བྱང་ཆུབ་སེམས་དཔའ་མཐོང་བའི་ས་ཐོབ་པའི་ཕྱིན་ཅི་མ་ལོག་པའི་བསམ་གཏན་གང་ཡིན་པ་དེ་ནི་ གནས་མེད་པའི་བསམ་གཏན་ནོ། །ཉོན་མོངས་པ་ཟད་པར་འགྱུར་བའི་ཤེས་རབ་གང་ཡིན་པ་དེ་ནི་གནས་མེད་པར་ཡོངས་སུ་བསྔོས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་ །འདི་དག་ནི་གནས་མེད་པར་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ང་རྒྱལ་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བྱང་ཆུབ་སེམས་དཔའ་ང་རྒྱལ་གྱི་བདུད་ བཅོམ་ནས་སྦྱིན་པ་སྦྱིན་པར་བྱེད་ཅིང། སངས་རྒྱས་ཀྱི་ཞིང་ཕུན་སུམ་ཚོགས་པ་སྒྲུབ་པར་འགྱུར་བ་གང་ཡིན་པ་དེ་ནི་ང་རྒྱལ་གྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ངན་ སོང་གསུམ་སྦྱོང་བར་འགྱུར་བའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ང་རྒྱལ་གྱི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །མཚན་རྣམ་པར་སྨིན་པར་འགྱུར་བ་དང། མཛེས་ པར་འགྱུར་བའི་བཟོད་པ་གང་ཡིན་པ་དེ་ནི་ང་རྒྱལ་གྱི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ནོར་བུ་རིན་པོ་ཆེའི་ཕྱིར་རྒྱ་མཚོ་ཆེན་པོ་སྐམ་པར་སྤྲོ་བ་དང། གང་གིས་རང་གི་ [76B]རྒྱལ་གྱི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཉོན་མོངས་པ་ཟིལ་གྱིས་གནོན་པར་འགྱུར་ཞིང་བསམ་པ་ཇི་ལྟ་བ་བཞིན་ཡེ་ ཤེས་སྐྱེ་བར་འགྱུར་བའི་བསམ་གཏན་གང་ཡིན་པ་དེ་ནི་ང་རྒྱལ་གྱི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ང་རྒྱལ་དང། ལྟ་བ་ཀུན་ཏུ་འཇོམས་པར་འགྱུར་བའི་ཤེས་རབ་གང་ ཡིན་པ་དེ་ནི་ང་རྒྱལ་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་འདི་དག་ནི་ང་རྒྱལ་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་བཟོད་པ་ལས་བྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན་ བྱང་ཆུབ་ཀྱི་མཐར་འགྲོ་བའི་སེམས་ཀྱི་སྦྱིན་པ་གང་ཡིན་པ་དེ་ནི་བཟོད་པ་ལས་བྱུང་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟེ་དཔེར་ན་བདུད་ཀྱིས་སེམས་ཅན་དམྱལ་བ་བསྟན་པས་ སྦྱིན་པ་སྦྱིན་པར་བྱེད་པ་བསལ་བར་མི་ནུས་པ་ནི་སྔོན་གྱི་ཚུལ་ལས་ཤེས་པར་བྱ་བ་ལྟ་བུའོ། །ཕྱིར་མི་ལྡོག་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་བཟོད་པ་ལས་བྱུང་བའི་ ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དཔེར་ན་རྒྱལ་པོའི་བུ་བསོད་ནམས་འོད་འཕྲོ་འདེ་ལྟར་རྣལ་འབྱོར་ལ་མངོན་དུ་ཕྱོགས་པ་སྦྱིན་པ་ལ་དབང་དུ་གྱུར་པ་ཞིག་བྱུང་བས་ཉི་མ་ གཅིག་པ་ཤིང་རྟ་དང། རྟ་དང། བཞོན་པ་དང། གླང་པོ་དང་གླང་པོ་ཆེ་དང། དཔག་ཚད་ཁོར་ཡུག་ཙམ་གྱི་གདུགས་དང། མུ་ཏིག་གི་དོ་ཤལ་ཕྲེང་བ་བརྒྱ་དང། གོས་ [77A]༄༅། །སྦྱིན་པ་དང། རིན་པོ་ཆེའི་ཅོད་པན་དང། མཆིལ་ལྷམ་སྟོང་ཕྲག་བརྒྱ་རི་བ་དང། བུད་མེད་སྟོང་ཕྲག་བརྒྱད་ཅུ་དང་སིལ་སྙན་དང། རྒྱལ་པོའི་ ཕོ་བྲང་འཁོར་དང། སྐྱེད་མིག་ཚལ་དང། མིག་སྦྱིན་པ་དང། མགོ་དང་རྐང་པ་བཅད་ནས་སྦྱིན་པ་སྦྱིན་པར་བྱེད་པ་གང་ན་གང་གི་བཟོད་པ་གང་ཡིན་པ་དེ་ནི་བཟོད་པ་ལས་བྱུང་ བའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །མི་གནས་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་བཟོད་པ་ལས་བྱུང་བའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དཔེར་ན་རྟའི་རྒྱལ་པོ་ རྔོག་ལྡན་གྱིས་སེམས་ཅན་རྣམས་སྒྲོལ་བ་ལྟ་བུའོ། །དགེ་བའི་ཁ་དོག་ཅན་ལུས་ཀྱི་མཚན་ཡོངས་སུ་སྦྱངས་པ་ལས་བྱུང་བའི་བསམ་གཏན་གང་ཡིན་པ་དེ་ནི་བཟོད་པ་ལས་ བྱུང་བའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །དཔེར་ན་དགེ་སློང་ཡེ་ཤེས་མཆོག་གྲོང་ཁྱེར་དུ་འཇུག་པ་ཞིག་བྱུང་བ་འདུ་ཤེས་ཐ་དད་དུ་མི་བྱེད་ཅིང་སེམས་མཉམ་པའི་ ཤེས་རབ་གང་ཡིན་པ་དེ་ནི་བཟོད་པ་ལས་བྱུང་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་ལྟར་ནེ་ཙོའི་སྐྱེས་བའི་རབས་ལས་ཁོང་དུ་ཆུད་པར་བྱ་སྟེ། འདི་དག་ནི་བཟོད་ པ་ལས་བྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ཕན་འདོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། འོད་སྲུང་ལས་ཚངས་པར་སྤྱོད་པ་སྤྱད་ནས་རྙེད་པ་ [77B] བཀུར་སྟིས་དམ་པའི་ཆོས་ནུབ་པར་མ་གྱུར་ཅིག་ཅེས་ཡོངས་སུ་བསྔོས་པ་དང། སངས་རྒྱས་འོད་སྲུང་ལ་བྲམ་ཟེའི་བུ་སྐར་འོད་སྐྱོང་གིས་རང་གི་ལུས་ཀྱི་གོས་ དང། མེ་ཏོག་སར་བ་ལྔ་དང། མེ་ཏོག་རྙིང་པ་ལྔ་པོ་དག་གིས་མངོན་པར་བཀབ་སྟེ། གང་གི་རྣམ་པར་སྨིན་པས་ལོ་ལྔ་བརྒྱར་དམ་པའི་ཆོས་དང། ལོ་ལྔ་བརྒྱར་དམ་ པའི་ཆོས་ཀྱི་གཟུགས་བརྙན་ཡང་འབར་བ་གང་ཡིན་པ་དེ་ནི་ཕན་འདོགས་པས་ཡོངས་སུ་བསྔོས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ་།གཞན་གྱི་ཚུལ་ཁྲིམས་འཆལ་བ་ སེལ་བར་འགྱུར་བའི་ཚུལ་ཁྲིམས་ནི། དཔེར་ན་སྐྱེ་མཆེད་མ་ཚང་བ་གཏོང་བ་ལྟ་བུ་གང་ཡིན་པ་དེ་ནི་ཕན་འདོགས་པས་ཡོངས་སུ་བསྔོས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ ཕྱིན་པའོ། །སྡུག་བསྔལ་ཐོབ་ཀྱང་སྒྱིད་ལུག་པ་མེད་པ་ནི། དཔེར་ན་འགྲོན་པའི་ཆེད་དུ་རྒྱ་མཚོ་ཆེན་པོའི་ནང་དུ་ཆུ་སྲིན་མ་ཀ་རའི་ཐད་དུ་ཕྱིན་པ་དང། འབྲོག་དང་ཆུའི་ ནང་དུ་ཁྲུ་བརྒྱ་ཙམ་དུ་སོང་བའི་བཟོད་པ་གང་ཡིན་པ་དེ་ནི་ཕན་འདོགས་པས་ཡོངས་སུ་བསྔོས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ལྷ་དང་མིའི་རིས་ཀྱི་ཕུན་སུམ་ཚོགས་པ་ སྒྲུབ་པར་འགྱུར་བའི་བརྩོན་འགྲུས་ནི། དཔེར་ན་བརྒྱ་བྱིན་གྱིས་གསོལ་བ་བཏབ་པས་བྲམ་ཟེ་ཆེན་པོ་ཀིན་ཏུ་ཞེས་བྱ་བས་སེམས་ཅན་རྣམས་མཐོ་རིས་སུ་བཀྱེ་བ་གང་ཡིན་པ་དེ་ [78A]༄༅། །ནི་ཕན་འདོགས་པས་ཡོངས་སུ་བསྔོས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་ཀྱིས་ལེན་པ་མེད་ པར་བསྒྲགས་པའི་བསམ་གཏན་ནི། དཔེར་ན་བྱང་ཆུབ་སེམས་དཔའ་སྟོན་པར་གྱུར་པས་བྱང་ཆུབ་སེམས་དཔའ་རྣམས་ཚངས་པའི་འཇིག་རྟེན་དང། འོད་གསལ་ནས་ འདུ་ཤེས་མེད་པའི་སྐྱེ་མཆེད་ཀྱི་བར་དུ་བཀོད་པ་གང་ཡིན་པ་དེ་ནི་ཕན་འདོགས་པས་ཡོངས་སུ་བསྔོས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །སེམས་ཅན་རྣམས་ ཀྱི་ཆེད་དུ་བྱས་པ་ནི། དཔེར་ན་རྒྱལ་པོ་བྱམས་ཐོབ་དང། རྒྱལ་པོ་མིག་བཟང་དང། རྒྱལ་པོའི་བུ་ཆོས་འདོད་ཀྱིས་འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པའི་ཆོས་ རྣམས་དང། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་རབ་ཏུ་སྒྲོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདིར་སྐྱེས་པའི་རབས་མང་པོ་ནས་ཁོང་དུ་ཆུད་པར་བྱ་བ་གང་ཡིན་པ་ དེ་ནི་ཕན་འདོགས་པས་ཡོངས་སུ་བསྔོས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་ཕན་འདོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །འཕགས་པ་ བསྐལ་པ་བཟང་པོ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། །བམ་པོ་ལྔ་པ། །དེ་ལ་ཕན་མི་འདོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཡིད་སྔོན་དུ་འགྲོ་བའི་སེམས་ཀྱིས་འདོད་ [78B]ཡོངས་སུ་བསྔོས་པ་གང་ཡིན་པ་དེ་ནི་ཕན་མི་འདོགས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། དཔེར་ན་མར་ མེ་མཛད་ལ་མེ་ཏོག་ཨུཏྤལ་ལྔ་ཕུལ་བ་དང། རྣམ་པར་སྨིན་པ་ཐམས་ཅད་དུ་མི་འབྱུང་བ་དང། གང་དམ་པའི་ཆོས་ནུབ་པར་འགྱུར་བ་དེ་ནི་ཕན་མི་འདོགས་པའི་སྦྱིན་ པའི་ཕ་རོལ་ཏུ་ཕྱིན་པའོ། །ཐབས་མཁས་པ་མེད་ཅིང་དངོས་པོའི་འདུ་ཤེས་ཅན་གྱི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་ཕན་མི་འདོགས་པའི་ཚུལ་ཁྲིམས་ཀྱི་ཕ་ རོལ་ཏུ་ཕྱིན་པའོ། །རོ་མྱང་བ་ཅུང་ཟད་ཙམ་གྱི་ཕྱིར་སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་ཕན་མི་འདོགས་པའི་བཟོད་པའི་ཕ་རོལ་ཏུ་ ཕྱིན་པའོ། །འཇིག་རྟེན་པའི་ཆོས་དང་རབ་ཏུ་ལྡན་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་ཕན་མི་འདོགས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚངས་པའི་འཇིག་རྟེན་ ཀྱི་ཚེའི་མཐས་གཏུགས་པ་སྲིད་ཀྱི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་ཕན་མི་འདོགས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །མ་བསྒྲགས་པའི་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དཔེར་ན་དེ་བཞིན་གཤེགས་པས་གསུངས་ཤིང་བཤད་པ་ན་ཆོས་དེ་སྙེད་ཅིག་བསྒྲགས་ཤིང་བཤད་ལ། ཆོས་ཇི་སྙེད་ལུས་ལ་དེ་སྙེད་ཅིག་མ་ [79A]༄༅། །བསྒྲགས་པ་དེ་ནི་ཕན་མི་འདོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་དག་ཐམས་ཅད་ཀྱང་ཡོངས་སུ་མྱ་ངན་ལས་འདས་པའི་དམ་པའི་ ཆོས་ནུབ་པར་བལྟ་བར་བྱ་སྟེ། འདི་དག་ནི་ཕན་མི་འདོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ལྷག་མ་དང་བཅས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྔོན་མར་མེ་ མཛད་ལ་བྱང་ཆུབ་སེམས་དཔས་སྦྱིན་པ་ཕུལ་བ་གང་ཡིན་པ་དེ་ནི་ལྷག་མ་དང་བཅས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ལུས་དང་ངག་ལྷག་པར་ལྷག་མ་དང་བཅས་ ཤིང་མི་མོས་པ་མང་ལ་བདག་ཏུ་དམིགས་པ་དམིགས་པ་ལ་གནས་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ལྷག་མ་དང་བཅས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སོ་སོར་བརྟགས་ པའི་སྟོབས་ཀྱིས་ངེས་པར་འབྱུང་བའི་བཟོད་པ་གང་ཡིན་པ་དེ་ནི་ལྷག་མ་དང་བཅས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །བར་ཆད་དང་བར་ཆད་མེད་པར་གནས་པའི་བརྩོན་ འགྲུས་གང་ཡིན་པ་དེ་ནི་ལྷག་མ་དང་བཅས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དམིགས་པ་ལ་དམིགས་པའི་བསམ་གཏན་གང་ཡིན་པ་དེ་ནི་ལྷག་མ་དང་ བཅས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཐོས་པའི་བདག་ཉིད་དང། བསམས་པའི་བདག་ཉིད་ཀྱི་ཤེས་རབ་གང་ཡིན་པ་དེ་ནི་ལྷག་མ་དང་བཅས་པའི་ཤེས་རབ་ཀྱི་ཕ་ [79B] །རྒྱུ་གང་གིས་ན་གནས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་ཅེ་ན། ཁ་ཕྱིར་ཕྱོགས་པ་ལ་ཉན་ཐོས་དང། རང་སངས་རྒྱས་ཀྱི་ཆོས་ཀྱི་རྣམ་པར་སྨིན་པ་མེད་ལ་བྱང་ཆུབ་ ཀྱི་འབྱོར་པའང་མེད་དེ། དེ་དག་ནི་ས་བཅུ་ལས་ལྡོག་པའི་ཆོས་སུ་ཤེས་པར་བྱ་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའི་ལྷག་མ་དང་བཅས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ བྱང་ཆུབ་སེམས་དཔའི་ལྷག་མ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ཐམས་ཅད་འཁོར་བར་ཡོངས་སུ་བསྔོ་བ་སྟེ། དཔེར་ན་རང་སངས་རྒྱས་ བདུན་བརྒྱ་ལ་སྦྱིན་པ་གང་ཡིན་པ་དེ་ནི་ལྷག་མ་མེད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ ལྷག་མ་མེད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ངན་སོང་དུ་སྐྱེ་བས་འཇིགས་པའི་བཟོད་པ་གང་ཡིན་པ་དེ་ནི་ལྷག་མ་མེད་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །བདུད་ཀྱི་ ལས་ཀྱིས་ཀུན་ནས་དཀྲིས་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་ལྷག་མ་མེད་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚེའི་ཚད་ཀྱི་མཐར་ཐུག་པའི་བསམ་གཏན་གང་ཡིན་པ་ དེ་ནི་ལྷག་མ་མེད་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ལྟ་བ་སྔོན་དུ་འགྲོ་ཞིང་སྡུག་བསྔལ་སྤོང་བ་ལ་མོས་པའི་ཤེས་རབ་གང་ཡིན་པ་དེ་ནི་ལྷག་མ་མེད་པའི་ཤེས་རབ་ [80A]༄༅། །ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཅིའི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་ཅེ་ན། དེ་དག་ནི་བྱང་ཆུབ་ཐོབ་པ་འཇིག་རྟེན་པ་དང་མཐུན་པར་སྤྱོད་པ་ དེས་ན༑ ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའི་ལྷག་མ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་བྱང་ཆུབ་སེམས་དཔའི་རིག་པའི་ཕ་རོལ་ ཏུ་ཕྱིན་པ་དྲུག་གང་ཞེ་ན། བླ་མ་རྣམས་ལ་རེ་བ་མེད་པར་སྦྱིན་པ་གང་གི་རྣམ་པར་སྨིན་པས་བསྐལ་པ་སྟོང་དུ་འཇིག་རྟེན་པའི་ཟང་ཟིང་ལ་སྤྱོད་ཅིང་གནས་ཀྱང་ལུས་ཀྱི་ མཐུ་ཉམས་པ་མེད་པ་གང་ཡིན་པ་དེ་ནི་རིག་པ་ཡོངས་སུ་བསྔོས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། བྱང་ཆུབ་ཀྱི་སྙིང་པོ་དམ་པ་མཆོག་ཐོབ་པས་ཆོས་ཐམས་ཅད་ལ་འགྱོད་ པ་མེད་པར་འགྱུར་ཞིང། གང་གིས་ཐམས་ཅད་མཁྱེན་པ་ཉིད་རྫོགས་པར་བྱང་ཆུབ་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་རིག་པ་ཡོངས་སུ་བསྔོས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ ཕྱིན་པའོ། །གང་ཐམས་ཅད་མཁྱེན་པ་ཉིད་ལ་དམིགས་ཤིང། དམིགས་སུ་མེད་པའི་ཆོས་རྣམས་ལ་བཟོད་པ་གང་ཡིན་པ་དེ་ནི་རིག་པ་ཡོངས་སུ་བསྔོས་པའི་བཟོད་པའི་ཕ་ རོལ་ཏུ་ཕྱིན་པའོ། །ལམ་ལ་གནས་པའི་སྒྲིབ་པ་ལྔ་རབ་ཏུ་ཞི་བར་འགྱུར་བའི་བརྩོན་འགྲུས་གང་ཡིན་པ་དེ་ནི་རིག་པ་ཡོངས་སུ་བསྔོས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། [80B]དང། སྔོན་གྱི་གནས་རིག་པ་འཐོབ་པར་འགྱུར་བའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་རིག་པ་ཡོངས་ སུ་བསྔོས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཟག་པ་ཟད་པར་བྱེད་པ་སངས་རྒྱས་ཀྱི་སྤྱན་འཐོབ་པར་འགྱུར་ལ་རྟག་ཏུ་ཆོས་ཐམས་ཅད་མངོན་དུ་སྣང་བར་འགྱུར་བའི་ཤེས་ རབ་གང་ཡིན་པ་དེ་ནི་རིག་པ་ཡོངས་སུ་བསྔོས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའི་རིག་པ་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ གོ་དེ་ལ་རིག་པའི་ཁྱད་པ་ལ་གནས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། གང་གིས་དམ་པའི་ཆོས་གནས་པར་བྱེད་ཅིང་བསྟན་པ་ལ་འཇུག་པའི་ཆོས་གནས་པ་གང་ཡིན་པ་ དེ་ནི་རིག་པའི་ཁྱད་པར་ལ་གནས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །གང་ན་དེ་བཞིན་གཤེགས་པ་བག་ཆགས་ཀྱི་མཚམས་སྦྱོར་བ་དང་བྲལ་བ་ཐ་ན་ལུས་ཀྱི་རྣམ་པར་རྟོག་ པ་དང། ངག་གི་རྣམ་པར་རྟོག་པ་མེད་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་སོ། །འཇིག་རྟེན་པའི་ཆོས་ལས་རྟོག་པ་མེད་པ་གང་ཡིན་པ་དེ་ནི་བཟོད་པའོ། །ཉན་ཐོས་དང་རང་སངས་ རྒྱས་རྣམས་ཀྱིས་ཟིལ་གྱིས་མ་ནོན་པས་མྱ་ངན་ལས་འདས་པ་ཇི་སྲིད་བར་དུས་ཐམས་ཅད་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་བརྩོན་འགྲུས་སོ། །སེམས་ཅན་ཐམས་ཅད་ཀྱི་སེམས་ [81A]༄༅། །ཀྱི་རྣམས་གྲངས་ཤེས་ཤིང་སྒྲ་ལ་རྟོག་པ་གང་ཡིན་པ་དེ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །དུས་ཤེས་པ་ལས་མི་འདའ་ཞིང་བདག་ཡོངས་ སུ་གྲོལ་བར་བྱེད་པའི་ཤེས་རབ་གང་ཡིན་པ་དེ་ནི་རིག་པའི་ཁྱད་པར་ལ་གནས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་རིག་པའི་ཁྱད་པར་ལ་གནས་པའི་ཕ་ རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་སངས་རྒྱས་འབྱུང་བ་ཕུན་སུམ་ཚོགས་པར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སངས་རྒྱས་འབྱུང་བའི་དུས་ན་ལོངས་སྤྱོད་ཆེན་པོར་ འགྱུར་ཞིང་ཚད་མེད་པ་གཟུང་བའི་ཕྱིར་གང་འཕགས་པ་རྣམས་ལ་སྦྱིན་པ་བྱིན་པ་གང་ཡིན་པ་དེ་ནི་སངས་རྒྱས་འབྱུང་བ་ཕུན་སུམ་ཚོགས་པར་བྱེད་པའི་སྦྱིན་པའོ། ། ཐར་པར་ཡོངས་སུ་བསྔོས་ཤིང་ཉོན་མོངས་པ་ཟད་པར་བྱ་བ་དང་སངས་རྒྱས་འབྱུང་བར་འགྱུར་བའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཚུལ་ཁྲིམས་སོ། །སྟོན་པ་མངོན་ སུམ་དུ་གྱུར་པ་ན་སྦྱངས་པའི་ཡོན་ཏན་ལ་སྐྱོ་བ་མེད་པར་འགྱུར་བའི་བཟོད་པ་ནི། དཔེར་ན་འོད་སྲུང་ཆེན་པོའི་ལྟ་བུ་གང་ཡིན་པ་དེ་ནི་བཟོད་པའོ། །སྨོན་ལམ་དང་ ལྡན་པའི་བརྩོན་འགྲུས་ནི། དཔེར་ན་རྒྱལ་པོ་བསོད་ནམས་འཕགས་ཀྱི་ལྟ་བུ་གང་ཡིན་པ་དེ་ནི་བརྩོན་འགྲུས་སོ། །སངས་རྒྱས་རྗེས་སུ་དྲན་པ་ལ་དམིགས་པའི་བསམ་ [81B] །ངེས་པར་འབྱེད་པས་ཡོངས་སུ་བསྔོས་པའི་ཤེས་རབ་ནི། དཔེར་ན་སངས་རྒྱས་འོད་སྲུང་གི་ཚེ་ལྔ་པོ་དག་གི་ལྟ་བུ་གང་ཡིན་པ་དེ་ ནི་ཤེས་རབ་སྟེ། འདི་དག་ནི་སངས་རྒྱས་འབྱུང་བ་ཕུན་སུམ་ཚོགས་པར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་དྲན་པ་ཉམས་པ་མེད་པར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ གང་ཞེ་ན། གཞན་གྱི་བསམ་པ་ཇི་ལྟ་བ་བཞིན་སྦྱིན་པ་གང་ཡིན་པ་དེ་ནི་སྦྱིན་པའོ། །ལུས་དང་ངག་ཡོངས་སུ་སྲུང་བ་ཉེ་བར་སྒྲུབ་པ་ལ་བརྩོན་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ ནི་ཚུལ་ཁྲིམས་སོ། །དམ་པའི་ཆོས་ནུབ་པའི་དུས་སུ་ཡི་དམ་བརྟན་པ་ཟབ་མོ་ལ་བཟོད་པ་ལས་ངེས་པར་འབྱུང་བའི་བཟོད་པ་གང་ཡིན་པ་དེ་ནི་བཟོད་པའོ། །ཉེ་བར་སྒྲུབ་པ་ ལ་བརྩོན་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་བརྩོན་འགྲུས་སོ་།སྟོང་པ་ཉིད་ཀྱི་རྣམ་པས་ཡོངས་སུ་བཟུང་བའི་བསམ་གཏན་གང་ཡིན་པ་དེ་ནི་བསམ་གཏན་ནོ། །ཡིད་མི་བདེ་ བས་རབ་ཏུ་ཕྱེ་བའི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་རབ་སྟེ། འདི་དག་ནི་དྲན་པ་ཉམས་པ་མེད་པར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་སངས་རྒྱས་འབྱུང་བ་རབ་ཏུ་ འཐོབ་པ་ཁྱིམ་གྱི་དངོས་པོ་ལ་གནས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཡན་ལག་ལྔ་ཕུན་སུམ་ཚོགས་པའི་སྦྱིན་པ་སྟེ། ལྔ་གང་ཞེ་ན། སྟན་ཕུན་སུམ་ཚོགས་པ་དང། ཡུལ་ [82A]༄༅། །ཕུན་སུམ་ཚོགས་པ་དང། འཁོར་ཕུན་སུམ་ཚོགས་པ་དང་འདོད་པར་བྱ་བ་ཕུན་སུམ་ཚོགས་པ་དང། ཆགས་པར་བྱ་བ་ཕུན་སུམ་ཚོགས་པ་གང་ ཡིན་པ་དེ་ནི་སྦྱིན་པའོ། །མངོན་པར་ཞེན་པ་མེད་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཚུལ་ཁྲིམས་སོ། །སེམས་ཅན་དུ་འདུ་ཤེས་པ་སྤངས་པའི་བཟོད་པ་གང་ཡིན་པ་དེ་ནི་ བཟོད་པའོ། །མཉམ་པ་ཉིད་དུ་མཐོང་བའི་བརྩོན་འགྲུས་གང་ཡིན་པ་དེ་ནི་བརྩོན་འགྲུས་སོ། །མཉམ་པ་ཉིད་དུ་རྟོགས་པའི་སེམས་སྨོན་པ་མེད་པ་ལ་དམིགས་པའི་བསམ་ གཏན་གང་ཡིན་པ་དེ་ནི་བསམ་གཏན་ནོ། །འཕགས་པའི་བདེན་པའི་ཚུལ་གྱིས་ངེས་པར་འབྱུང་བའི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་རབ་སྟེ། འདི་དག་ནི་སངས་ རྒྱས་འབྱུང་བ་རབ་ཏུ་འཐོབ་པའི་ཁྱིམ་གྱི་དངོས་པོ་ལ་གནས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ངེས་པར་འབྱུང་བ་སྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཟག་པ་མེད་ པའི་སྦྱིན་པ་དང་ལྡན་པ་མ་ཡིན་པའི་སེམས་ཀྱིས་སྦྱིན་པ་གང་ཡིན་པ་དེ་ནི་སྦྱིན་པའོ། །མྱ་ངན་ལས་འདས་པ་དང་ལྡན་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཚུལ་ཁྲིམས་སོ། ། ཁམས་གསུམ་གྱིས་ཡིད་བྱུང་བའི་བཟོད་པ་གང་ཡིན་པ་དེ་ནི་བཟོད་པའོ། །དྲན་པ་ཉེ་བར་གཞག་པ་ལས་ངེས་པར་བྱུང་བའི་བརྩོན་འགྲུས་གང་ཡིན་པ་དེ་ནི་བརྩོན་འགྲུས་ [82B] །བྱམས་པ་ལ་གནས་ཤིང་སྲིད་པ་ལ་སྨོད་པར་གནས་པའི་བསམ་གཏན་གང་ཡིན་པ་དེ་ནི་བསམ་གཏན་ནོ། །ཡིད་མི་བདེ་བས་རབ་ཏུ་ཕྱེ་བའི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་ རབ་སྟེ། འདི་དག་ནི་ངེས་པར་འབྱུང་བ་སྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་མང་དུ་ཐོས་པ་སྒྲུབ་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། གདམས་ངག་དང་ལྡན་པའི་སྦྱིན་པ་ གང་ཡིན་པ་དེ་ནི་སྦྱིན་པའོ། །ཆོས་ཡོངས་སུ་གཟུང་བའི་དོན་དུ་ལུས་དང་སྲོག་གཏོང་བའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཚུལ་ཁྲིམས་སོ། །དམ་པའི་ཆོས་ནུབ་པའི་དུས་ཀྱི་ ཚེ་ཆོས་ཡོངས་སུ་གཟུང་བའི་དོན་དུ་གང་བྱང་ཆུབ་སེམས་དཔའ་བདག་ཉིད་ཡོངས་སུ་གཏོང་བའི་བཟོད་པ་གང་ཡིན་པ་དེ་ནི་བཟོད་པའོ། །གཟུངས་དང་ལྡན་པའི་བརྩོན་འགྲུས་གང་ ཡིན་པ་དེ་ནི་བརྩོན་འགྲུས་སོ། །རྟེན་ཅིང་འབྲེལ་པར་འབྱུང་བས་རབ་ཏུ་ཕྱེ་བའི་བསམ་གཏན་ཡིན་པ་དེ་ནི་བསམ་གཏན་ནོ། །སོ་སོ་ཡང་དག་པར་རིག་པས་རབ་ཏུ་ཕྱེ་ བའི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་རབ་སྟེ། འདི་དག་ནི་མང་དུ་ཐོས་པ་སྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་རབ་ཏུ་བྱུང་བའི་ངང་ཚུལ་རྒྱུན་མི་ཆད་པའི་ཕ་རོལ་ཏུ་ ཕྱིན་པ་དྲུག་གང་ཞེ་ན། ཆོས་སྨྲ་བ་རྣམས་ཀྱིས་གཞན་གྱི་བསམ་པ་ཇི་ལྟ་བ་བཞིན་བསྟན་པ་ཡང་དག་པར་ལེན་དུ་འཇུག་པའི་སྦྱིན་པ་གང་ཡིན་པ་དེ་ནི་སྦྱིན་པའོ། །སྙིང་རྗེ་ཆེན་ [83A]༄༅། །པོས་ཡོངས་སུ་བསྒོས་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཚུལ་ཁྲིམས་སོ། །ལྷག་པའི་ང་རྒྱལ་མེད་པའི་བཟོད་པ་གང་ཡིན་པ་དེ་ནི་བཟོད་ པའོ༑ ༑བསྒོམས་པའི་སྟོབས་དང་ལྡན་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་བརྩོན་འགྲུས་སོ། །བྱང་ཆུབ་ཀྱི་ཡན་ལག་དང་མཚུངས་པར་ལྡན་པའི་བསམ་གཏན་གང་ཡིན་པ་དེ་ ནི་བསམ་གཏན་ནོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་དང་ལྡན་པའི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་རབ་སྟེ། འདི་དག་ནི་རབ་ཏུ་བྱུང་བའི་ངང་ཚུལ་རྒྱུན་མི་ཆད་པའི་ཕ་ རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་མངོན་པར་ཤེས་པ་ལ་གནས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། རྗེས་དང་མ་བྲལ་ཞིང་སློང་བ་ལ་ཡོངས་སུ་གཏོང་བས་བཟུང་བའི་སྦྱིན་པ་ གང་ཡིན་པ་དེ་ནི་སྦྱིན་པའོ། །མི་གནས་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཚུལ་ཁྲིམས་སོ། །འགྱོད་པ་མེད་པའི་བཟོད་པ་གང་ཡིན་པ་དེ་ནི་བཟོད་པའོ། སྨོན་ལམ་ གྱིས་རྣམ་པར་འཕྲུལ་བའི་བརྩོན་འགྲུས་གང་ཡིན་པ་དེ་ནི་བརྩོན་འགྲུས་སོ། །སྣང་བས་རྣམ་པར་དཔྱད་པའི་བསམ་གཏན་གང་ཡིན་པ་དེ་ནི་བསམ་གཏན་ནོ། །སྦྱོར་པའི་ སའི་རྣམ་པ་ལ་དམིགས་པས་ལེགས་པར་ཡོངས་སུ་བཟུང་བའི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་རབ་སྟེ། འདི་དག་ནི་མངོན་པར་ཤེས་པ་ལ་གནས་པའི་ཕ་རོལ་ཏུ་ [83B]དེ་ལ་མངོན་པར་ཤེས་པ་རྒྱུན་ཆད་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། དེ་བཞིན་གཤེགས་པའི་མཆོད་རྟེན་དང་པོར་ཞལ་བསྲོ་བའི་སྦྱིན་པ་གང་ཡིན་པ་དེ་ ནི་སྦྱིན་པའོ། །ལམ་ལ་ཞུགས་པའི་ཤེས་རབ་ཀྱི་དབང་པོ་དང་ལྡན་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཚུལ་ཁྲིམས་སོ། །ཡང་དག་པའི་མཐའ་ལས་ངེས་པར་བྱུང་བའི་བཟོད་པ་ གང་ཡིན་པ་དེ་ནི་བཟོད་པའོ། །གཟུགས་ཀྱི་འདུ་ཤེས་རྣམ་པར་བཤིག་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་བརྩོན་འགྲུས་སོ། །རྣམ་པར་ཐར་པས་ངེས་པར་བྱུང་བའི་བསམ་ གཏན་གང་ཡིན་པ་དེ་ནི་བསམ་གཏན་ནོ། །ལྷག་མཐོང་གི་ཡོ་བྱད་ཞི་གནས་ཀྱིས་ལ་གནས་པ་གཟུངས་ཀྱིས་ཡོངས་སུ་སྦྱང་བ་བྱས་པའི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་རབ་ སྟེ༑ འདི་དག་ནི་མངོན་པར་ཤེས་པ་རྒྱུན་ཆད་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ལུས་འདོད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སོ་སོར་བརྟག་པའི་སྟོབས་ཅན་མི་ མཛའ་བ་རྣམས་ལ་ཡོངས་སུ་གཏོང་བའི་སྦྱིན་པ་གང་ཡིན་པ་དེ་ནི་སྦྱིན་པའོ། །ཉམ་ཆུང་བ་རྣམས་ལ་མཐུ་མི་སྟོན་པས་ཉམས་པ་མེད་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཚུལ་ ཁྲིམས་སོ། །ལས་ཀྱི་སྒྲིབ་པ་ལ་ཇི་མི་སྙམ་པའི་བཟོད་པ་གང་ཡིན་པ་དེ་ནི་བཟོད་པའོ། །མི་མཛའ་བ་སྤངས་པའི་བརྩོན་འགྲུས་ནི་དཔེར་ན་རྒྱལ་པོའི་བུ་དགེ་བའི་བློ་གྲོས་ཀྱི་ལྟ་བུ་ [84A]༄༅། །གང་ཡིན་པ་དེ་ནི་བརྩོན་འགྲུས་སོ། །སྙིགས་མའི་དུས་ཀྱི་བསམ་གཏན་གང་ཡིན་པ་དེ་ནི་བསམ་གཏན་ནོ། །ཐར་པ་ལ་གནས་པས་ངེས་པར་འཁོར་ བར་བྱ་བར་སྦྱོར་དུ་འཇུག་པའི་ཤེས་རབ་ནི། དཔེར་ན་ཀུན་ཏུ་རྒྱུ་རྟོགས་བྱེད་ཀྱི་ལྟ་བུ་གང་ཡིན་པ་དེ་ནི་ཤེས་རབ་སྟེ། འདི་དག་ནི་ལུས་འདོད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ གོ་དེ་ལ་གནས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། འཁོར་བར་ངན་སོང་གསུམ་གྱི་ཕྱིར་སྦྱིན་པ་ནི། དཔེར་ན་རི་དགས་ལ་རྔོན་བྱེད་པའི་རྣམ་པར་སྨིན་པའི་སྦྱིན་པ་གང་ ཡིན་པ་དེ་ནི་སྦྱིན་པའོ། །སངས་རྒྱས་འབྱུང་བ་དང་བྲལ་བའི་ཚུལ་ཁྲིམས་ནི། དཔེར་ན་ལྷ་ཆེན་པོས་གཅིག་ནས་གཅིག་ཏུ་བསྟན་པ་ལྟ་བུ་གང་ཡིན་པ་དེ་ནི་ཚུལ་ ཁྲིམས་སོ། །བརྙས་པས་སྡུག་བསྔལ་བར་གྱུར་ཀྱང་འཁྲུག་པ་མེད་པའི་བཟོད་པ་ནི། དཔེར་ན་བཟོད་པ་སྨྲ་བའི་ལྟ་བུ་གང་ཡིན་པ་དེ་ནི་བཟོད་པའོ། །ཚོགས་ཆེན་པོའི་གནས་ སྐབས་ཐོབ་པས་སྒྱིད་ལུག་པ་མེད་པའི་བརྩོན་འགྲུས་ནི། དཔེར་ན་རྒྱ་མཚོ་ཆེན་པོར་ནོར་བུ་རིན་པོ་ཆེ་ལྟ་བུ་གང་ཡིན་པ་དེ་ནི་བརྩོན་འགྲུས་སོ། །བཙུན་མོའི་འཁོར་གྱིས་ མི་འཕྲོགས་པའི་བསམ་གཏན་ནི། དཔེར་ན་རྒྱལ་པོ་གཞོན་ནུ་སེངྒེའི་ལྟ་བུ་གང་ཡིན་པ་དེ་ནི་བསམ་གཏན་ནོ། །ཡུལ་གྱི་ནང་དུ་སོང་ཡང་ཡོངས་སུ་གཏོང་བ་ཐམས་ཅད་ལ་ [84B] དཔེར་ན་ཡུལ་ཀ་ཤིའི་རྒྱལ་པོས་མགོ་བྱིན་པ་ལྟ་བུ་གང་ཡིན་པ་དེ་ནི་ཤེས་རབ་སྟེ། འདི་དག་ནི་གནས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་སྦྱིན་པ་ནི། དཔེར་ན་རྒྱ་མཚོ་ཆེན་པོའི་རུས་སྦལ་ལྟ་བུ་གང་ཡིན་པ་དེ་ནི་སྦྱིན་པའོ། །གཞན་ ལ་ཕན་པར་བརྩོན་པའི་ཚུལ་ཁྲིམས་ནི། དཔེར་ན་འགྲོན་པོ་རྣམས་སྦྲུལ་ཆེན་པོས་བསྐོར་བ་ལས་སེངྒེས་ཐར་པར་བྱས་པ་ལྟ་བུ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་སོ། །མཉན་ པའི་ཕྱིར་བཟོད་པ་ནི། དཔེར་ན་དྲང་སྲོང་ལྷའི་རྒྱལ་པོས་ཚིགས་སུ་བཅད་པའི་ཕྱིར་མགོ་ཡོངས་སུ་བཏང་བ་ལྟ་བུ་གང་ཡིན་པ་དེ་ནི་བཟོད་པའོ། །བྲམ་ཟའི་ཁྱིའུ་དོན་ཇི་ལྟ་ པ་བཞིན་དུ་བསམ་པའི་རེག་པ་ལྔ་སྤང་བའི་ཕྱིར་གནས་ཤིང་གཞན་ལ་བརྩེ་བར་ཡོངས་སུ་བསྔོས་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་བརྩོན་འགྲུས་སོ། །བསམ་གཏན་ ནི༑ དཔེར་ན་མུ་སྟེགས་བྱེད་རྩིབས་ཀྱི་མུ་ཁྱུད་བྱུང་བ་གཞན་ལ་སྙིང་བརྩེ་བ་དང་ལྡན་པ་ལྟ་བུ་གང་ཡིན་པ་དེ་ནི་བསམ་གཏན་ནོ། །སྐྱེ་བོ་མང་པོ་ཡོངས་སུ་སྨིན་པར་བྱེད་ པའི་ཤེས་རབ་ནི། དཔེར་ན་སྲེག་པའི་སྐྱེས་པའི་རབས་ཀྱི་ལྟ་བུ་གང་ཡིན་པ་དེ་ནི་ཤེས་རབ་སྟེ། །འདི་དག་ནི་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་རྣམ་པར་སྨིན་ [85A]༄༅། །པ་མང་པོའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། འཇིག་རྟེན་ལ་ཕན་པར་བྱ་བའི་སྦྱིན་པ་ནི། དཔེར་ན་བེལ་མའི་ལྟ་བུ་གང་ཡིན་པ་དེ་ནི་སྦྱིན་ པའོ༑ ༑ཚངས་པའི་འཇིག་རྟེན་ལ་གནས་ཏེ་ཛམྦུའི་གླིང་གི་མི་རྣམས་ལས་བྱ་བ་ལ་འཇུག་པར་བྱེད་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཚུལ་ཁྲིམས་སོ། །སེམས་ཅན་གྱི་ཕྱིར་ བདག་ཡོངས་སུ་གཏོང་བའི་བཟོད་པ་ནི། དཔེར་ན་རྒྱ་མཚོ་ནི་ཤི་བའི་རོ་དང་མི་གནས་པས་སེམས་ཅན་རྣམས་དགྲོལ་བའི་དོན་དུ་རྒྱ་མཚོ་ཆེན་པོར་བདག་ཉིད་ཡོངས་སུ་ གཏོང་བ་ལྟ་བུ་གང་ཡིན་པ་དེ་ནི་བཟོད་པའོ། །སྐྱེ་བོ་མང་པོ་ཡོངས་སུ་སྨིན་པར་འགྱུར་བའི་བརྩོན་འགྲུས་ནི། དཔེར་ན་རྒྱ་མཚོར་དེད་དཔོན་བསོད་ནམས་ཁྱིམ་ལག་རྐྱལ་ གྱིས་རྒལ་བ་ལས་རིག་པར་བྱ་བ་ལྟ་བུ་གང་ཡིན་པ་དེ་ནི་བརྩོན་འགྲུས་སོ། །གཞན་ལ་ཕན་པར་ཡོངས་སུ་བསྔོས་པའི་བསམ་གཏན་ནི་དཔེར་ན་བྲམ་ཟེའི་བུ་ནོར་ གྱི་བློ་གྲོས་ཀྱིས་སེམས་ཅན་རྣམས་བདེ་བ་ལ་སྦྱར་བའི་ཕྱིར་ལོ་སྟོང་ཕྲག་བརྒྱད་ཅུར་བྱམས་པ་བསྒོམས་པ་གང་ཡིན་པ་དེ་ནི་བསམ་གཏན་ནོ། །འཇིག་རྟེན་པ་དང་འཇིག་རྟེན་ ལས་འདས་པའི་ཆོས་རྣམས་ལས་ཤིན་ཏུ་རྣམ་པར་གདོན་མི་ཟ་བའི་ཤེས་རབ་ནི། དཔེར་ན་རྒྱལ་པོ་བློ་བཟང་གིས་སྔོན་གྱི་ཚུལ་ཤིང་ལོ་ལས་རིག་པར་བྱ་བ་ལྟ་བུ་གང་ཡིན་ [85B] འདི་དག་ནི་རྣམ་པར་སྨིན་པ་མང་པོའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་རྣམ་པར་སྨིན་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཡོངས་སུ་མྱ་ངན་ ལས་འདས་པའི་སྦྱིན་པའི་རྣམ་པར་སྨིན་པ་མི་ལྡོག་པ་ནི། དཔེར་ན་རྒྱལ་རིགས་ཀྱིས་ཆུ་བོ་གངྒཱར་དེ་ལ་སོགས་པའི་སྦྱིན་པའི་ལྟ་བུ་གང་ཡིན་པ་དེ་ནི་སྦྱིན་པའོ། །བཏང་སྙོམས་ ཡོངས་སུ་བཟུང་ཞིང་ཕྱིར་མི་ལྡོག་པ་ཟག་པ་ཟད་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཚུལ་ཁྲིམས་སོ། །བྱང་ཆུབ་ཐོབ་པའི་བཟོད་པ་གང་ཡིན་པ་དེ་ནི་བཟོད་པའོ། །ལུས་ཀྱི་འདུ་ བྱེད་འདོར་བའི་བརྩོན་འགྲུས་གང་ཡིན་པ་དེ་ནི་བརྩོན་འགྲུས་སོ་།ཆོས་ལ་བཏང་སྙོམས་ལས་རབ་ཏུ་ཕྱེ་བས་བྱང་ཆུབ་ཀྱི་སྙིང་པོར་སྐྱོ་བ་མེད་པའི་བསམ་གཏན་གང་ཡིན་པ་དེ་ནི་ བསམ་གཏན་ནོ། །བྱང་ཆུབ་ཀྱི་ཡེ་ཤེས་སྟོན་པས་ཤེས་རབ་ཀྱིས་རབ་ཏུ་བཟུང་བ་ནི། དཔེར་ན་བྲམ་བའི་བུ་བྱིས་པ་དཔེར་བརྗོད་པ་ལྟ་བུ་གང་ཡིན་པ་དེ་ནི་ཤེས་རབ་སྟེ། འདི་ དག་ནི་རྣམ་པར་སྨིན་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་མངོན་པར་དགའ་བ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། མྱ་ངན་ལས་འདས་པའི་སྦྱིན་པ་ནི། དཔེར་ ན་དགའ་བའི་སྔོན་གྱི་ཚུལ་ལས་ཤེས་པར་བྱ་བ་གང་ཡིན་པ་དེ་ནི་སྦྱིན་པའོ། །འདུས་བྱས་ཀྱིས་ཡིད་བྱུང་ཞིང་མྱ་ངན་ལས་འདས་པའི་བསམ་པ་ཅན་གྱི་ཚུལ་ཁྲིམས་ནི། དཔེར་ [86A]༄༅། །ན་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ལ་སྤྱོད་པའི་སྔོན་གྱི་ཚུལ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་སོ། །ཆགས་པ་མེད་པའི་བཟོད་པ་ནི། དཔེར་ན་ ཡུལ་ཀ་ཤིའི་རྒྱལ་པོ་མགོ་བཅད་ཀྱང་འཁྲུག་པ་མེད་པ་གང་ཡིན་པ་དེ་ནི་བཟོད་པའོ། །སེར་སྐྱའི་གནས་ནས་བྱུང་སྟེ་བསོད་སྙོམས་ལེན་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་ བརྩོན་འགྲུས་སོ། །ཚངས་པར་སྤྱོད་ཅིང་ཡན་ལག་བཞི་དང་ལྡན་པ་སྤུ་ཟིང་ཞེས་བྱེད་པའི་བསམ་གཏན་གང་ཡིན་པ་དེ་ནི་བསམ་གཏན་ནོ་།གྲོང་ཁྱེར་དང་མཚུངས་པའི་ ཤེས་རབ་ནི། དཔེར་ནི་འཇིག་རྟེན་པ་མ་ལུས་པ་ཐམས་ཅད་སྙོམས་པར་ཞུགས་པ་ལྟ་བུ་གང་ཡིན་པ་དེ་ནི་ཤེས་རབ་སྟེ། འདི་དག་ནི་མངོན་པར་དགའ་བ་མེད་པའི་ ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་དུས་སུ་སྦྱིན་པ་དང་མཚུངས་པར་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྡུག་བསྔལ་བར་འགྱུར་བ་རྣམས་ལ་སྦྱིན་པ་གང་ཡིན་པ་དེ་ནི་ སྦྱིན་པའོ། །རུས་སྦལ་གྱི་སྐྱེས་པའི་རབས་ཀྱི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཚུལ་ཁྲིམས་སོ། །མངོན་དུ་སྡུག་བསྔལ་བས་ལུས་དང་ངག་ལ་གནོད་པ་མེད་པའི་བཟོད་པ་ནི་ དཔེར་ན་བཟངས་བརྩམས་ཡན་ལག་བཅད་ཀྱང་འཁྲུག་པ་མེད་པའི་བཟོད་པ་གང་ཡིན་པ་དེ་ནི་བཟོད་པའོ། །སངས་རྒྱས་འབྱུང་བ་ན་བརྩོན་པ་ནི། དཔེར་ན་སངས་རྒྱས་ [86B]རྒྱ་མཚོ་ལ་ལོ་སུམ་ཁྲིའི་བར་དུ་རྨུགས་པ་དང་གཉིད་མི་འབྱུང་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་སོ། །བཙུན་མོའི་ འཁོར་ན་གནས་པའི་བསམ་གཏན་གང་ཡིན་པ་དེ་ནི་བསམ་གཏན་ནོ་།འཁོར་བ་ན་གང་དུས་དང་མཚུངས་པར་ལྡན་པའི་ཤེས་རབ་གང་དང་གང་དུ་བདག་དང་གཞལ་ཕན་པར་ འགྱུར་བའི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་རབ་སྟེ། འདི་དག་ནི་དུས་སུ་སྦྱིན་པ་དང་མཚུངས་པར་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་འོད་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ གང་ཞེ་ན། མར་མེའི་ཕྲེང་བ་སྦྱིན་པ་གང་ཡིན་པ་དེ་ནི་སྦྱིན་པའོ། གཞན་ལ་ཕན་པའི་ཚུལ་ཁྲིམས་ནི། དཔེར་ན་སྲེག་པའི་སྐྱེས་པའི་རབས་ལྟ་བུ་གང་ཡིན་པ་དེ་ནི་ ཚུལ་ཁྲིམས་སོ། །ཆོས་ལ་ངེས་པར་རྟོག་པའི་བཟོད་པ་གང་ཡིན་པ་དེ་ནི་བཟོད་པའོ། །འབྲུ་མར་གྱི་སྦྱིན་པ་ལ་བརྩོན་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་སོ། །བྱང་ཆུབ་ སེམས་དཔའ་བསྐལ་པ་དང་པོ་པའི་བསམ་གཏན་གང་ཡིན་པ་དེ་ནི་བསམ་གཏན་ནོ། །ཆོས་ལ་བཟོད་པ་ལས་ངེས་པར་བྱུང་བའི་ཤེས་རབ་ནི་དཔེར་ན་བྲམ་ཟེའི་བུ་སྤྲིན་ གྱི་ལྟ་བུ་གང་ཡིན་པ་དེ་ནི་ཤེས་རབ་སྟེ། འདི་དག་ནི་འོད་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་འོད་མཐའ་ཡས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཐབས་ལ་མཁས་ [87A]༄༅། །པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་གི་རྣམ་པར་སྨིན་པས་སངས་རྒྱས་ཀྱི་ཞིང་མཐའ་ཡས་པར་སངས་རྒྱས་ཀྱི་འོད་ཀྱིས་འགེངས་པ་གང་ཡིན་པ་ དེ་ནི་སྦྱིན་པའོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་ཡོངས་སུ་བསྔོ་བའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཚུལ་ཁྲིམས་སོ། །ཆོས་ལ་འདུ་ཤེས་པའི་བཟོད་པ་ཡོངས་ སུ་བསྔོ་བ་གང་ཡིན་པ་དེ་ནི་བཟོད་པའོ། །སྟོང་པ་ཉིད་ལ་སྒོམ་པར་དགའ་བའི་བརྩོན་འགྲུས་ཡོངས་སུ་བསྔོ་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་སོ། །ཕྱིར་མི་ལྡོག་པའི་ བསམ་གཏན་ཡོངས་སུ་བསྔོ་བ་གང་ཡིན་པ་དེ་ནི་བསམ་གཏན་ནོ། །ས་བརྒྱད་པ་ལ་གནས་པའི་ཤེས་རབ་ཐམས་ཅད་དུ་ཡོངས་སུ་བསྔོ་བ་གང་ཡིན་པ་དེ་ནི་ཤེས་ རབ་སྟེ༑ འདི་དག་ནི་འོད་མཐའ་ཡས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་རྣམ་པར་སྨིན་པ་བདེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཤི་བ་ལ་ཐུག་པའི་སྦྱིན་ པ་གང་གི་རྣམ་པར་སྨིན་པས་དགའ་ལྡན་ནས་ཤི་འཕོས་པ་ན་ཡི་དགས་རྣམས་ཀྱི་བཀྲེས་པ་ཕྱིད་པ་གང་ཡིན་པ་དེ་ནི་སྦྱིན་པའོ་།ཤི་བ་ལ་ཐུག་པ་རྣམས་བཅིངས་པ་ ལས་དགྲོལ་བའི་ཕྱིར་བདག་ཉིད་གཏོང་བའི་ཚུལ་ཁྲིམས་ནི། དཔེར་ན་རྒྱལ་པོའི་བུ་ལེགས་བྱིན་གྱི་སྔོན་གྱི་ཚུལ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་སོ། །བཟོད་པ་ནི་ [87B]གི་ཤ་ཟས་ནས་བདེ་བར་གྱུར་ན་ལེགས་སོ་ཞེས་བྱ་བ་གང་ཡིན་པ་དེ་ནི་བཟོད་པའོ། །རྟའི་རྒྱལ་པོ་རྡོག་ལྡན་ སྡུག་བསྔལ་བ་རྣམས་ལ་སྙིང་བརྩེ་བའི་ཕྱིར་བརྩོན་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་སོ། །ནད་ཀྱི་བར་གྱི་བསྐལ་པའི་བསམ་གཏན་ནི། དཔེར་ན་བྲམ་ཟེའི་བུ་དེ་བི་དྷ་ཛམྦུའི་ གླིང་དུ་རེག་པ་ལྔ་ཞི་བར་བྱེད་པ་ལྟ་བུ་གང་ཡིན་པ་དེ་ནི་བསམ་གཏན་ནོ། །ཚོང་པ་ལྔ་བརྒྱ་དང་རྒྱལ་པོའི་སྲས་མོ་བུ་མོ་ལྔ་བརྒྱ་དག་ཐར་པར་བྱས་པ་དང། སྲིན་མོ་བྱེ་བ་ཕྲག་ལྔ་ མིར་བྱས་པའི་ཤེས་རབ་ནི། དེད་དཔོན་གྱི་སྔོན་གྱི་ཚུལ་ལས་ཤེས་པར་བྱ་བ་གང་ཡིན་པ་དེ་ནི་ཤེས་རབ་སྟེ། འདི་དག་ནི་རྣམ་པར་སྨིན་པ་བདེ་བའི་ཕ་རོལ་ཏུ་ཕྱིན་པ་ དྲུག་གོ་དེ་ལ་ཕྱིར་མི་ལྡོག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་རེ་བ་མེད་ཅིང་མི་དམིགས་པས་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་ སུ་བསྔོས་པའི་སྦྱིན་པ་གང་ཡིན་པ་དེ་ནི་སྦྱིན་པའོ། །མི་ལྟ་བའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཚུལ་ཁྲིམས་སོ། །དེའི་ངོ་བོ་མ་ཡིན་པའི་བཟོད་པ་གང་ཡིན་པ་དེ་ནི་བཟོད་ པའོ༑ ༑ཐབས་མཁས་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་བརྩོན་འགྲུས་སོ། །རིག་པ་སྐྱེས་པའི་བསམ་གཏན་གང་ཡིན་པ་དེ་ནི་བསམ་གཏན་ནོ། །མཉམ་པ་ཉིད་ཀྱི་སའི་ཤེས་ [88A]༄༅། །རབ་གང་ཡིན་པ་དེ་ནི་ཤེས་རབ་སྟེ། འདི་དག་ནི་ཕྱིར་མི་ལྡོག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་དགའ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ ན༑ སངས་རྒྱས་འབྱུང་བ་ན་སེམས་ཅན་ཐམས་ཅད་ལ་སྦྱིན་པ་གང་ཡིན་པ་དེ་ནི་སྦྱིན་པའོ། །སངས་རྒྱས་འབྱུང་བའི་དུས་སུ་རྣམ་པར་སྨིན་པའི་ཚུལ་ཁྲིམས་ནི། དཔེར་ན་ གཞོན་ནུ་དཔལ་མཐུའི་སྔོན་གྱི་ཚུལ་ལྟ་བུའོ། །བཟོད་པ་ནི། དཔེར་ན་རྒྱལ་པོ་བསོད་ནམས་རྒྱ་ཆེན་གྱིས་བདག་འབའ་ཞིག་བདེ་བར་མ་གྱུར་ཅིག་བདག་ཀྱང་བདེ་ བར་གྱུར་ལ་གང་གཞན་ཡང་བདེ་བར་གྱུར་ཅིག། ཅེས་གང་སྨྲས་པ་ལྟ་བུ་གང་ཡིན་པ་དེ་ནི་བཟོད་པའོ། །གཟུངས་རབ་ཏུ་ཐོབ་པར་འགྱུར་བའི་བརྩོན་འགྲུས་གང་ཡིན་པ་དེ་ ནི་བརྩོན་འགྲུས་སོ། །སེམས་ཅན་རྣམས་ཀྱི་རྣམ་པར་སྨིན་པ་བདེ་བར་ཡོངས་སུ་བསྔོས་པའི་བསམ་གཏན་གང་ཡིན་པ་དེ་ནི་བསམ་གཏན་ནོ་།ས་བརྒྱད་པ་ཕྱིར་མི་ ལྡོག་པའི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་རབ་སྟེ། འདི་དག་ནི་དགའ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་རྣམ་པར་དག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན་ མངོན་པར་ཞེན་པ་མེད་པའི་སྦྱིན་པ་གང་ཡིན་པ་དེ་ནི་སྦྱིན་པའོ་།ཤིན་ཏུ་སྦྱངས་བ་བྱང་ཆུབ་ཀྱི་ཡན་ལག་སྒྲུབ་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཚུལ་ཁྲིམས་སོ་ [88B] །ལུས་ལ་མི་ལྟ་བ་དང། སྲོག་ལ་མི་ལྟ་བའི་བཟོད་པ་གང་ཡིན་པ་དེ་ནི་བཟོད་པའོ། །ཆོས་རྣམ་པར་འབྱེད་པ་བྱང་ཆུབ་ཀྱི་ཡན་ལག་དང་མཚུངས་པར་ལྡན་པའི་བརྩོན་འགྲུས་ གང་ཡིན་པ་དེ་ནི་བརྩོན་འགྲུས་སོ། །རྟོག་པ་མེད་པའི་བསམ་གཏན་གང་ཡིན་པ་དེ་ནི་བསམ་གཏན་ནོ། །བྱང་ཆུབ་སྒྲུབ་པའི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་རབ་སྟེ། འདི་ དག་ནི་རྣམ་པར་དག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་འཇིག་རྟེན་པའི་ཆོས་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། རྣམ་པར་སྨིན་པ་འདུས་མ་བྱས་དང། ལམ་ བདེ་བ་སྒྲུབ་པའི་སྦྱིན་པ་གང་ཡིན་པ་དེ་ནི་སྦྱིན་པའོ། །ལམ་ལ་ཞུགས་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཚུལ་ཁྲིམས་སོ། །བྱང་ཆུབ་ལ་ཐེ་ཙོམ་མེད་པའི་བཟོད་པ་གང་ ཡིན་པ་དེ་ནི་བཟོད་པའོ། །མཐོང་བའི་ཆོས་ལ་བདེ་བ་སྒྲུབ་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་བརྩོན་འགྲུས་སོ། །འགོག་པའི་སྙོམས་པར་འཇུག་པ་དང་མཚུངས་པར་ ལྡན་པའི་བསམ་གཏན་གང་ཡིན་པ་དེ་ནི་བསམ་གཏན་ནོ། །དྲན་པ་ཉེ་བར་གཞག་པ་ཡོངས་སུ་སྦྱང་བ་བྱས་ཤིང། བདེན་པ་ཡོངས་སུ་གཟུང་བ་བྱ་བ་བྱས་པའི་ཤེས་རབ་གང་ ཡིན་པ་དེ་ནི་ཤེས་རབ་སྟེ། འདི་དག་ནི་འཇིག་རྟེན་པའི་ཆོས་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་སྐྱེ་བ་བཀོད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྐྱེས་པ་ཙམ་ [89A]༄༅། །གྱིས་སྟོང་གསུམ་དུ་སྦྱིན་པ་སྦྱིན་པར་བྱེད་པ་གང་ཡིན་པ་དེ་ནི་སྦྱིན་པའོ། །སྐྱེས་པ་ཙམ་གྱིས་སེམས་ཅན་ཐམས་ཅད་བདེ་བར་གྱུར་པ་གང་ཡིན་ པ་དེ་ནི་ཚུལ་ཁྲིམས་སོ། །སྐྱེས་པ་ཙམ་གྱིས་སེམས་ཅན་གནོད་སེམས་ཅན་རྣམས་གནོད་པ་མི་བྱེད་པ་གང་ཡིན་པ་དེ་ནི་བཟོད་པའོ། །སྐྱེས་པ་ཙམ་གྱིས་སེམས་ཅན་ སྟོང་ཕྲག་རྣམས་མྱ་ངན་ལས་འདས་པ་ལ་བརྩོན་པ་ནི། དཔེར་ན་འོད་སྲུང་དང་པོར་རབ་ཏུ་བྱུང་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་སོ། །སྐྱེས་པ་ཙམ་གྱིས་སེམས་ཅན་ རྣམས་དྲན་པ་ཐོབ་པའི་བསམ་གཏན་གང་ཡིན་པ་དེ་ནི་བསམ་གཏན་ནོ་།སྐྱེས་པ་ཙམ་གྱིས་སེམས་ཅན་དམྱལ་བར་གྱུར་པ་ཆོས་བརྗོད་པ་རྣམས་ཐ་ན་ཀུན་ཏུ་བརྗོད་ཅིང་ མངོན་པར་བརྗོད་པའི་ཤེས་རབ་སྟེ། འདི་དག་ནི་སྐྱེ་བ་བཀོད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་རིགས་ཕུན་སུམ་ཚོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། འཁོར་ གྱི་ལོངས་སྤྱོད་ཆེན་པོའི་སྦྱིན་པ་གང་ཡིན་པ་དེ་ནི་སྦྱིན་པའོ་།འཁོར་ཁ་ན་མ་ཐོ་བ་མེད་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཚུལ་ཁྲིམས་སོ། །འཁོར་གཅིག་ལ་ གཅིག་མངོན་པར་དགའ་བའི་བཟོད་པ་གང་ཡིན་པ་དེ་ནི་བཟོད་པའོ་།འཁོར་མ་བཏང་བར་རང་གི་བྱ་བ་རྣམས་ལ་བརྩོན་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་བརྩོན་ [89B] །ལེགས་པར་བསམ་པ་སེམས་ཤིང་འཁོར་དུལ་བའི་བསམ་གཏན་གང་ཡིན་པ་དེ་ནི་བསམ་གཏན་ནོ། །འཁོར་ཐམས་ཅད་ཀྱི་ཤེས་རབ་གང་ཡིན་པ་དེ་ནི། ཤེས་རབ་ སྟེ༑ འདི་དག་ནི་རིགས་ཕུན་སུམ་ཚོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་འཁོར་ཕུན་སུམ་ཚོགས་པ་སྒྲུབ་པར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། འདུས་པ་ ཆེན་པོ་དག་ལ་ལོ་ལྔའི་བར་དུ་ཡང་དག་པར་ལེན་དུ་འཇུག་པའི་སྦྱིན་པ་གང་ཡིན་པ་དེ་ནི་སྦྱིན་པའོ། །སྐྱེ་བོ་མང་པོའི་འབྱོར་བ་སྐྱོ་བ་མེད་པའི་ཚུལ་ཁྲིམས་ནི། དཔེར་ན་ ཀུན་ཏུ་རྒྱུ་རྟོགས་བྱེད་ཀྱི་ལྟ་བུ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་སོ། །སེམས་ཅན་མང་པོའི་ཕྱིར་བཟོད་པ་ནི། དཔེར་ན་ནོར་ལྔ་བྲེ་གང་གི་ཕྱིར་རྒྱ་མཚོ་ཆེན་པོར་ཆུ་སྲིན་མ་ཀ་རའི་ ཁར་ཞུགས་པ་དང། ཡང་དཔེར་ན། ནོར་ལྔ་བྲེ་གང་གི་ཕྱིར་ཁྲོན་པར་སོང་བ་གང་ཡིན་པ་དེ་ནི་བཟོད་པའོ། །སྐྱེ་བོ་མང་པོ་ལ་བསྐྱབ་པའི་ཕྱིར་བརྩོན་པ་ནི། དཔེར་ན་ནོར་ བུའི་ཕྱིར་རྒྱ་མཚོ་ཆེན་པོ་སྐམ་པར་བརྩམས་པ་གང་ཡིན་པ་དེ་ལྟ་བུ་སྟེ། དེ་ནི་བརྩོན་འགྲུས་སོ། །མུ་སྟེགས་བྱེད་རྩིབས་ཀྱི་མུ་ཁྱུད་ཀྱི་བསམ་གཏན་སེམས་ཅན་ལ་ཕན་པ་དང་ ལྡན་པ་གང་ཡིན་པ་དེ་ནི་བསམ་གཏན་ནོ། །སྐྱེ་བོ་མང་པོ་ལ་ཕན་པའི་ཕྱིར་བརྩོན་པའི་ཤེས་རབ་ནི། དཔེར་ན་རི་དགས་ཀྱི་རྒྱལ་པོ་བློ་བཟང་གྱིས་རི་དགས་ལྔ་བརྒྱ་རྒྱར་ཆུད་པ་ [90A]༄༅། །པ་རྣམས་གཞན་རི་བོང་དང་ལྷན་ཅིག་ཏུ་ཐར་པར་བྱས་ནས་འབྲོས་སུ་བཏང་བ་དང། ཛམྦུའི་གླིང་པའི་སེམས་ཅན་ཐམས་ཅད་དགེ་བ་བཅུའི་ ལས་ཀྱི་ལམ་དག་ལ་བཀོད་པ་ལྟ་བུ་གང་ཡིན་པ་དེ་ནི་ཤེས་རབ་སྟེ་འདི་དག་ནི་འཁོར་ཕུན་སུམ་ཚོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་།དེ་ལ་འཁོར་མི་ཕྱེད་པ་ སྒྲུབ་པར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཕྲ་མའི་ཚིག་སྤངས་པའི་སྦྱིན་པ་གང་ཡིན་པ་དེ་ནི་སྦྱིན་པའོ་།བྱམས་པ་ལ་དམིགས་པ་ཐོགས་པ་མེད་པའི་སེམས་ ཀྱི་ཚུལ་ཁྲིམས་ཀྱི་གོ་བགོས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་སོ་།སེམས་མཉམ་པའི་བཟོད་པ་གང་ཡིན་པ་དེ་ནི་བཟོད་པའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ ཕྱིར་ཟང་ཟིང་མེད་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་བརྩོན་འགྲུས་སོ། །གཟུངས་རབ་ཏུ་ཐོབ་པའི་བསམ་གཏན་གང་ཡིན་པ་དེ་ནི་བསམ་གཏན་ནོ། །རྣམ་པར་གྲོལ་ བས་ཡོངས་སུ་བཟུང་བའི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་རབ་སྟེ་འདི་དག་ནི་འཁོར་མི་ཕྱེད་པ་སྒྲུབ་པར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་རྣམ་པར་སྨིན་ པ་ཡོངས་སུ་དག་པ་བསྐྱེད་པ་སྒྲུབ་པར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ནད་པ་མགོན་མེད་པ་རྣམས་ལ་གསོས་སྦྱིན་པ་གང་ཡིན་པ་དེ་ནི་སྦྱིན་པའོ། །སྡུག་བསྔལ་ [90B]ཚུལ་ཁྲིམས་སོ། །བླ་མས་སྤྱོ་བ་བཟོད་ཅིང་མི་ཁྲོ་བ་གང་ཡིན་པ་དེ་ནི་བཟོད་པའོ། །མངལ་ན་ཀུན་ཏུ་རྨོངས་པ་གསོ་བར་ བྱེད་པ་དང། བསྟན་པ་ལས་མངོན་པར་འཕགས་པ་རྣམས་ལ་སྟོན་པ་དང། དགེ་སློང་མ་རྣམས་ལ་རྗེས་སུ་སྲུང་བའི་བརྩོན་འགྲོས་གང་ཡིན་པ་དེ་ནི་བརྩོན་འགྲུས་སོ། །གཞན་ ལ་ཕན་པའི་ཕྱིར་མ་ལ་བསྙེན་བཀུར་བྱེད་པ་གང་ཡིན་པ་དེ་ནི་བསམ་གཏན་ནོ། །སྐྱེ་བ་མང་པོའི་འགྱོད་པ་སེལ་བའི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་རབ་སྟེ། འདི་ དག་ནི་རྣམ་པར་སྨིན་པ་ཡོངས་སུ་དག་པ་བསྐྱེད་པ་སྒྲུབ་པར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ཕྱོགས་རྣམ་པར་ལྟ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཐོགས་པ་ མེད་པར་མིག་སྦྱིན་པ་གང་ཡིན་པ་དེ་ནི་སྦྱིན་པའོ། །སྒྲིབ་པ་མེད་པའི་སེམས་ཀྱི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཚུལ་ཁྲིམས་སོ། །བསམ་པ་ངེས་པའི་བཟོད་པ་ གང་ཡིན་པ་དེ་ནི་བཟོད་པའོ། །སྐྱོ་བ་མེད་པའི་མངོན་པར་ཤེས་པ་མ་བསྒྲུབས་པ་སྒྲུབ་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་སོ། །ལྷའི་མིག་གི་ཕྱིར་ཡོངས་སུ་སྦྱང་བ་བྱས་པའི་ བསམ་གཏན་གང་ཡིན་པ་དེ་ནི་བསམ་གཏན་ནོ། །སྒྲ་དང་བརྡ་རབ་ཏུ་རྟོགས་པར་བྱེད་པའི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་རབ་སྟེ། འདི་དག་ནི་ཕྱོགས་རྣམ་པར་ལྟ་བའི་ [91A]༄༅། །ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ཡོངས་སུ་ཤེས་པ་སྒྲོག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྦྱིན་པའི་རྣམ་པར་སྨིན་པ་སེམས་ཅན་རྣམས་ ལ་ཡོངས་སུ་བསྔོས་ཤིང། གཞན་ལ་ཕན་པའི་རྣམ་པར་སྨིན་པ་གང་ཡིན་པ་དེ་ནི་སྦྱིན་པའོ། །བག་ཆགས་ཀྱི་མཚམས་སྦྱོར་བ་དང་བྲལ་བའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ ཚུལ་ཁྲིམས་སོ། །སྙིང་རྗེ་མེད་པ་མ་ཡིན་པ་ལས་ངེས་པར་བྱུང་བའི་བཟོད་པ་གང་ཡིན་པ་དེ་ནི་བཟོད་པའོ། །ཟིལ་གྱིས་ནོན་པ་མེད་པའི་བརྩོན་འགྲུས་གང་ཡིན་པ་དེ་ ནི་བརྩོན་འགྲུས་སོ། །ཆད་མེད་པས་ཡོངས་སུ་བཟུང་བའི་བསམ་གཏན་གང་ཡིན་པ་དེ་ནི་བསམ་གཏན་ནོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པའི་ཤེས་རབ་གང་ཡིན་ པ་དེ་ནི་ཤེས་རབ་སྟེ། འདི་དག་ནི་ཡོངས་སུ་ཤེས་པ་སྒྲོག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་བག་ཡོད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བྱང་ཆུབ་ཏུ་ཡོངས་ སུ་བསྔོས་པའི་སྦྱིན་པ་ནི། དཔེར་ན་བློན་པོ་ས་གའི་ལྟ་བུ་གང་ཡིན་པ་དེ་ནི་སྦྱིན་པའོ། །གནད་བཅད་པ་ལ་གནས་ཀྱང་ལས་ལ་རྟོན་པའི་ཚུལ་ཁྲིམས་ནི། དཔེར་ན་རྔོན་ པ་དཔའ་རྟོགས་ཀྱིས་སེངྒེའི་གནད་དུ་བསྣུན་པ་ལྟ་བུ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་སོ། །ལེགས་པར་གསུངས་པའི་དོན་དུ་མེའི་ཕུང་པོར་མཆོངས་པའི་བཟོད་པ་གང་ཡིན་ [91B] །འདུས་བྱས་ལ་འབར་བར་མཐོང་ཞིང་མྱ་ངན་ལས་འདས་པའི་བསམ་པ་ཅན་གྱི་བརྩོན་འགྲུས་གང་ཡིན་པ་དེ་ནི་བརྩོན་འགྲུས་སོ། །རྒྱལ་སྲིད་ཐམས་ ཅད་སྤངས་ཏེ་གཅིག་བུར་རི་ལ་ཉོན་མོངས་པ་ཅན་མ་ཡིན་པར་གནས་ཤིང་གྲགས་པ་དང་འཁོར་མང་པོར་ལྡན་པའི་བསམ་གཏན་གང་ཡིན་པ་དེ་ནི་བསམ་གཏན་ནོ། །རོ་མྱང་བ་ མེད་པའི་ཤེས་རབ་གང་ཡིན་པ་དེ་ནི། དཔེར་ན་རྒྱལ་པོའི་བུ་མཉམ་སེམས་ཀྱིས་རྒྱལ་སྲིད་བཏང་ནས་ཁ་ན་མ་ཐོ་བ་མེད་པའི་ལས་ཇི་སྙེད་པ་དག་གང་ཡིན་སྙམ་ནས་དྲི་མ་དང་ བྲལ་བར་གྱུར་པ་གང་ཡིན་པ་དེ་ནི་ཤེས་རབ་སྟེ། འདི་དག་ནི་བག་ཡོད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་རྫི་བ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ལེན་པ་ མང་པོ་རྣམས་ལ་ཐོགས་པ་མེད་པའི་སེམས་ཀྱིས་སྦྱིན་པ་གང་ཡིན་པ་དེ་ནི་སྦྱིན་པའོ། །གཡོ་མེད་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཚུལ་ཁྲིམས་སོ། །བསྒོམས་པ་ ལས་ངེས་པར་བྱུང་བའི་བཟོད་པ་གང་ཡིན་པ་དེ་ནི་བཟོད་པའོ་།ཆོས་མཉམ་པ་ཉིད་ལ་གནས་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་བརྩོན་འགྲུས་སོ། །ཕྱིར་མི་ལྡོག་པའི་ བསམ་གཏན་གང་ཡིན་པ་དེ་ནི་བསམ་གཏན་ནོ། །ཆོས་ཐམས་ཅད་རྣམ་པར་འཇོག་པའི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་རབ་སྟེ། འདི་དག་ནི་རྫི་བ་མེད་པའི་ཕ་རོལ་ཏུ་ [92A]༄༅། །ཕྱིན་པ་དྲུག་གོ་དེ་ལ་མྱ་ངན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཡི་དགས་ཀྱི་འཇིག་རྟེན་ལ་དམིགས་ཤིང་གང་སེམས་ཅན་སྡུག་ བསྔལ་བ་མཐོང་ན་སྦྱིན་པ་གང་ཡིན་པ་དེ་ནི་སྦྱིན་པའོ། །དུད་འགྲོའི་གནས་སུ་ཕྱིན་ནས་སེམས་ཅན་སྡུག་བསྔལ་བ་མཐོང་ན་ཡིད་བྱུང་བའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཚུལ་ ཁྲིམས་སོ། །དམིགས་པ་མེད་པ་ཐོས་པ་དང། རེག་པར་དཀའ་བ་མཐོང་ན་བཟོད་པ་གང་ཡིན་པ་དེ་ནི་བཟོད་པའོ། །ལོག་པ་སྤོང་བའི་རབ་ཏུ་དབྱེ་བ་ལ་ཡིད་བྱུང་བའི་བརྩོན་ འགྲུས་ནི། དཔེར་ན་ཀུན་ལས་བུད་མེད་སྤངས་པ་ལྟ་བུ་གང་ཡིན་པའོ་།ཐར་པ་ལ་དམིགས་པའི་བསམ་གཏན་ནི། དཔེར་ན་ཤིང་ཛམྦུའི་གྲིབ་མ་ལྟ་བུ་གང་ཡིན་པ་དེ་ནི་ བསམ་གཏན་ནོ། །འཁོར་བའི་སྐྱོན་རབ་ཏུ་ཞི་བར་བྱེད་པའི་ཤེས་རབ་ནི། དཔེར་ན་རྒྱལ་པོ་རབ་ཏུ་འབྱུང་བའི་ཕྱིར་ཁྱིམ་ནས་བྱུང་བ་དང། དཔེར་ན་སྤུ་ཟིང་ཞེས་བྱེད་ པའི་ཤེས་རབ་ཡོངས་སུ་དཀར་བའི་ལྟ་བུ་གང་ཡིན་པ་དེ་ནི་ཤེས་རབ་སྟེ། འདི་དག་ནི་མྱ་ངན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་དབང་ཆེ་བར་གྲགས་པའི་ ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྙིང་རྗེ་མེད་པ་མ་ཡིན་པའི་སྦྱིན་པ་གང་ཡིན་པ་དེ་ནི་སྦྱིན་པའོ། །ལྷག་པའི་ང་རྒྱལ་མེད་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ [92B] ༑མ་ཞུམ་པའི་བཟོད་པ་གང་ཡིན་པ་དེ་ནི་བཟོད་པའོ། །བླ་མ་ལ་བསྙེན་བཀུར་བྱས་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་བརྩོན་འགྲུས་སོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་ བའི་བསམ་གཏན་ནི། དཔེར་ན་རྒྱལ་པོའི་བུ་མེ་ཏོག་ལྟ་བུའི་གང་ཡིན་པ་དེ་ནི་བསམ་གཏན་ནོ། །རབ་ཏུ་བྱུང་བ་གང་གི་ཡན་ལག་དང་ཉིང་ལག་གཏུབས་ཀྱང་ནམ་ཡང་ཉམས་ པར་མ་གྱུར་བའི་ཤེས་རབ་དོན་དམ་པ་དང་ལྡན་པ་གང་ཡིན་པ་དེ་ནི་ཤེས་རབ་སྟེ། འདི་དག་ནི་དབང་ཆེ་བར་གྲགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་བསྐུལ་བའི་ཕ་རོལ་ ཏུ་ཕྱིན་པ་དྲུག་གང་ཞེ་ན། གང་ལེན་དུ་འཇུག་ཅིང་སྤྲོས་པ་དང་བཅས་པའི་སྦྱིན་པ་གང་ཡིན་པ་དེ་ནི་སྦྱིན་པའོ། །ཕན་པའི་དངོས་པོ་དང་ལྡན་ཞིང་ལེགས་པར་སྦྱིན་པ་བསྐུལ་ བའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཚུལ་ཁྲིམས་སོ། །དུལ་བའི་གནས་སུ་གདམས་ངག་རྗེས་སུ་སྟོན་པའི་བཟོད་པ་གང་ཡིན་པ་དེ་ནི་བཟོད་པའོ། །ཆོས་མཉན་པ་དང་བསྒྲགས་ པ་ལ་བརྩོན་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་བརྩོན་འགྲུས་སོ་།སེམས་ཅན་ཡང་དག་པར་ལེན་དུ་འཇུག་པའི་བསམ་གཏན་ནི། དཔེར་ན་འཁོར་ལོས་བསྒྱུར་བའི་ རྒྱལ་པོ་མིག་བཟང་ཀྱི་ལྟ་བུ་གང་ཡིན་པའོ། །ཐེ་ཙོམ་ཅན་གྱི་ཐེ་ཙོམ་གཅོད་ཅིང་དོར་བར་འདོང་པ་རྣམས་ལ་ཆོས་བསྟན་པའི་ཕྱིར་རྗེས་སུ་སྲུང་ལ་རབ་ཏུ་འཇོག་པ་བཏང་སྙོམས་ [93A]༄༅། །ཅན་གྱི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་རབ་སྟེ། འདི་དག་ནི་བསྐུལ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་བརྗེད་ངེས་པ་མེད་པའི་ཕ་ རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཁ་ཏོན་དང་ལྡན་པ་རྣམས་ལ་སྦྱིན་པ་གང་ཡིན་པ་དེ་ནི་སྦྱིན་པའོ། །དཀོན་མཆོག་གསུམ་ལ་མི་ཕྱེད་པ་ཐོབ་པའི་ཚུལ་ཁྲིམས་གང་ ཡིན་པ་དེ་ནི་ཚུལ་ཁྲིམས་སོ། །ཐོས་པའི་ཕྱིར་བཟོད་ཅིང་ལུས་ཀྱི་སྡུག་བསྔལ་བཟོད་པ་ནི། དཔེར་ན་བགོ་བ་ངེས་པའི་ཡན་ལག་བཅད་པ་ལྟ་བུ་གང་ཡིན་པ་ དེ་ནི་བཟོད་པའོ། །མན་ངག་དང་ཁ་ཏོན་བྱ་བའི་བརྩོན་འགྲུས་གཞན་ལ་རྗེས་སུ་སྲུང་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་སོ་།བསམ་གཏན་པས་དུས་སུ་ཡང་དག་ པར་ལེན་དུ་འཇུག་པའི་བསམ་གཏན་གང་ཡིན་པ་དེ་ནི་བསམ་གཏན་ནོ་།རྙེད་པ་དང། བཀུར་སྟི་ལ་མི་རྟོག་པའི་སྤྱོད་ལམ་ལ་གནས་ནས་ཆོས་སྦྱིན་པའི་ཤེས་ རབ་གང་ཡིན་པ་དེ་ནི་ཤེས་རབ་སྟེ། འདི་དག་ནི་བརྗེད་ངས་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ཞབས་ཤིན་ཏུ་གནས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ གང་ཞེ་ན། ཞབས་ས་ལ་འཇོག་པ་ན་སྙོམས་པ་དང། འདེགས་པ་ན་སྙོམས་པ་གང་ཡིན་པ་དེ་ནི་སྦྱིན་པའི་རྣམ་པར་སྨིན་པའོ། །བདེ་བར་གནས་པ་གང་ཡིན་པ་དེ་ [93B] །གཞན་གྱིས་ཉམས་པར་བྱར་མི་ནུས་པ་གང་ཡིན་པ་དེ་ནི་བཟོད་པའི་རྣམ་པར་སྨིན་པའོ་།འཁྲུལ་པ་མེད་པར་གནས་པ་གང་ཡིན་ པ་དེ་ནི་བརྩོན་འགྲུས་ཀྱི་རྣམ་པར་སྨིན་པའོ། ཞབས་རེག་པས་སེམས་ཅན་བདེ་བར་འགྱུར་བ་གང་ཡིན་པ་དེ་ནི་བསམ་གཏན་གྱི་རྣམ་པར་སྨིན་པའོ། །གོ་ཆས་ཇི་ལྟར་འདོད་ པ་བཞིན་སྐྱེ་བར་འགྱུར་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་རྣམ་པར་སྨིན་པ་སྟེ། འདི་དག་ནི་ཞབས་ཤིན་ཏུ་གནས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་འཁོར་ལོ་རྩིབས་ སྟོང་དང་ལྡན་པ་སྒྲུབ་པར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། འཁོར་ལོས་སྤྲས་པ་སྒྲུབ་པ་གང་ཡིན་པ་དེ་ནི་སྦྱིན་པའི་རྣམ་པར་སྨིན་པའོ། །རྩིབས་ཕན་ཚུན་མ་ འདྲེས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་རྣམ་པར་སྨིན་པའོ་།འདོད་ཆགས་ཀྱི་དབང་གིས་མི་གོས་པ་གང་ཡིན་པ་དེ་ནི་བཟོད་པའི་རྣམ་པར་སྨིན་པའོ། །བུམ་པ་ལྟ་བུ་ དང། བཀྲ་ཤིས་དང། གཡུང་དྲུང་འཁྱིལ་བས་བརྒྱན་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱི་རྣམ་པར་སྨིན་པའོ། །འཁོར་ལོའི་འོད་འགྱེད་པ་གང་ཡིན་པ་དེ་ནི་བསམ་ གཏན་གྱི་རྣམ་པར་སྨིན་པའོ། །འོད་སྣ་ཚོགས་གཏོང་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་རྣམ་པར་སྨིན་པ་སྟེ། འདི་དག་ནི་འཁོར་ལོ་རྩིབས་ཏོང་དང་ལྡན་པ་སྒྲུབ་པར་བྱེད་པའི་ [94A]༄༅། །ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་རྣམ་པར་སྨིན་པ་རྟིང་པ་ཡངས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། རྟིང་པ་ཡངས་ཤིང་ཤིན་ཏུ་སྲབ་པ་གང་ཡིན་ པ་དེ་ནི་སྦྱིན་པའི་རྣམ་པར་སྨིན་པའོ། །རྟིང་པ་ཡངས་པ་ཟླུམ་ཞིང་ཤིན་ཏུ་མཁྲེགས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་རྣམ་པར་སྨིན་པའོ། །རྟིང་པ་ཡངས་ཤིང་ཡོངས་ སུ་རྫོགས་པ་གང་ཡིན་པ་དེ་ནི་བཟོད་པའི་རྣམ་པར་སྨིན་པའོ་།རྟིང་པ་ཡངས་ཤིང་སྟབས་ལེགས་པར་བཞུད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱི་རྣམ་པར་སྨིན་པའོ། ། རྟིང་པ་ཡངས་ཤིང་མདོག་སྣུམ་པ་གང་ཡིན་པ་དེ་ནི་བསམ་གཏན་གྱི་རྣམ་པར་སྨིན་པའོ། །རྟིང་པ་ཡངས་ཤིང་ལེགས་པར་གྲུབ་ལ་མཁྲང་བ་གང་ཡིན་པ་དེ་ནི་ཤེས་ རབ་ཀྱི་རྣམ་པར་སྨིན་པ་སྟེ། འདི་དག་ནི་རྣམ་པར་སྨིན་པ་རྟིང་པ་ཡངས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་རྣམ་པར་སྨིན་པ་ཞབས་ལོང་བུའི་ཚིགས་མི་མངོན་པའི་ཕ་རོལ་ ཏུ་ཕྱིན་པ་དྲུག་གང་ཞེ་ན། ཞབས་ལོང་བུའི་ཚིགས་མི་མངོན་ཤིང་ཤིན་ཏུ་མཁྲེགས་པ་གང་ཡིན་པ་དེ་ནི་སྦྱིན་པའི་རྣམ་པར་སྨིན་པའོ། །ཞབས་ལོང་བུའི་ཚིགས་མི་མངོན་ པ་ཆུ་དང་ལྡན་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་རྣམ་པར་སྨིན་པའོ། ཞབས་ལོང་བུའི་ཚིགས་མི་མངོན་ཞིང་འཇམ་ལ་མདངས་དང་ལྡན་པ་གང་ཡིན་པ་དེ་ནི་བཟོད་པའི་ [94B] །ཞབས་ལོང་བུའི་ཚིགས་མི་མངོན་ཞིང་མཐོན་དམན་མེད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱི་རྣམ་པར་སྨིན་པའོ། །ཞབས་ལོང་བུའི་ཚིགས་མི་མངོན་ཞིང་ཡངས་པ་གང་ ཡིན་པ་དེ་ནི་བསམ་གཏན་གྱི་རྣམ་པར་སྨིན་པའོ། །ཞབས་ལོ་བུའི་ཚིགས་མི་མངོན་ཞིང་སྤ་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་རྣམ་ པར་སྨིན་པ་ཞབས་ལོང་བུའི་ཚིགས་མི་མངོན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་རྣམ་པར་སྨིན་པ་སོར་མོ་རིང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སོར་མོ་རིང་ལ་མི་མཉམ་པ་མེད་པ་ གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའོ། །སོར་མོ་རིང་ལ་ཤིན་ཏུ་འབྲེལ་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་རྣམ་པར་སྨིན་པའོ། །སོར་མོ་རིང་ཞིང་སྣུམ་ པ་གང་ཡིན་པ་དེ་ནི་བཟོད་པའི་རྣམ་པར་སྨིན་པའོ། །སོར་མོ་རིང་ལ་རིམས་གྱིས་གཞོལ་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱི་རྣམ་པར་སྨིན་པའོ། །སོར་མོ་རིང་ལ་སེན་མོ་ཟངས་ ཀྱི་མདོག་ལྟ་བུ་གང་ཡིན་པ་དེ་ནི་བསམ་གཏན་གྱི་རྣམ་པར་སྨིན་པའོ། །སོར་མོ་རིང་ལ་ཚིགས་མི་མཐོ་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་ སྨིན་པ་སྟེ། འདི་དག་ནི་རྣམ་པར་སྨིན་པ་སོར་མོ་རིང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་རྣམ་པར་སྨིན་པ་ཕྱག་དང་ཞབས་དྲ་བ་ཅན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཕྱག་དང་ [95A]༄༅། །ཞབས་དྲ་བ་ཅན་ཚང་པ་གང་ཡིན་པ་དེ་ནི་སྦྱིན་པའི་རྣམ་པར་སྨིན་པའོ། །ཤིན་ཏུ་གནས་ཤིང་མཉམ་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་ རྣམ་པར་སྨིན་པའོ། །ཕྱག་དང་ཞབས་དྲ་བ་ཅན་མི་རྩུབ་པ་གང་ཡིན་པ་དེ་ནི་བཟོད་པའི་རྣམ་པར་སྨིན་པའོ། །ཕྱག་དང་ཞབས་དྲ་བ་ཅན་གསེར་གྱི་མདོག་ལྟ་བུ་གང་ཡིན་པ་དེ་ནི་ བརྩོན་འགྲུས་ཀྱི་རྣམ་པར་སྨིན་པའོ། །ཕྱག་དང་ཞབས་དྲ་བ་ཅན་ཤིན་ཏུ་མཁྲེགས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱི་རྣམ་པར་སྨིན་པའོ། །ཕྱག་དང་ཞབས་དྲ་བ་ཅན་སྤ་བ་ གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་རྣམ་པར་སྨིན་པ་ཕྱག་དང་ཞབས་དྲ་བ་ཅན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་རྣམ་ པར་སྨིན་པ་བྱིན་པ་རི་དགས་ཨེ་ན་ཡའི་ལྟ་བུའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ལེགས་པར་སྐྱེས་པ་ཡོངས་སུ་རྫོགས་ཤིང་རིམ་གྱིས་པ་གཞོལ་བ་གང་ཡིན་པ་དེ་ནི་སྦྱིན་པའི་ རྣམ་པར་སྨིན་པའོ། །འཇམ་ཞིང་མི་མངོན་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་རྣམ་པར་སྨིན་པའོ། །ཤིན་ཏུ་སྤྲས་པ་གང་ཡིན་པ་དེ་ནི་བཟོད་པའི་རྣམ་པར་སྨིན་པའོ། ། གཤེགས་པར་སྤྱོད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱི་རྣམ་པར་སྨིན་པའོ། །ཀུན་ནས་ཤིན་ཏུ་རྣམ་པར་ཕྱེ་བ་གང་ཡིན་པ་དེ་ནི་བསམ་གཏན་གྱི་རྣམ་པར་སྨིན་པའོ། །ཁ་ [95B]ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་རྣམ་པར་སྨིན་པ་བྱིན་པ་རི་དགས་ཨེ་ན་ཡའི་ལྟ་བུའི་ཕ་ རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་རྣམ་པར་སྨིན་པ་གསང་བའི་སྦུབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། གསང་བའི་སྦུབས་ཁ་དོག་མཛེས་པ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ ཕྱིན་པའི་རྣམ་པར་སྨིན་པའོ། །ཤིན་ཏུ་སྦས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིས་རྣམ་པར་སྨིན་པའོ། །ཚེམས་ཚང་བ་གང་ཡིན་པ་དེ་ནི་བཟོད་པའི་རྣམ་པར་སྨིན་པའོ། །ཕྱག་གི་རི་ མོ་སྙོམས་ཤིང་ཤིན་ཏུ་ལེགས་པར་གྱུར་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱི་རྣམ་པར་སྨིན་པའོ། །མི་འཇིགས་པ་སྦྱིན་པ་གང་ཡིན་པ་དེ་ནི་བསམ་གཏན་གྱི་རྣམ་པར་སྨིན་ པའོ༑ ༑གཞན་བལྟ་བའི་ཕྱིར་སྤྲུལ་པ་ཉེ་བར་སྒྲུབ་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ་འདི་དག་ནི་རྣམ་པར་སྨིན་པ་གསང་བའི་སྦུབས་ཀྱི་ ཕ་རོལ་ཏུ་ཕྱིན་པ་དྲུག་གོ། དེ་ལ་རྣམ་པར་སྨིན་པ་ལྟེ་བ་ཟབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཟབ་ཅིང་རིམ་པར་འཚམ་པ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ རྣམ་པར་སྨིན་པའོ། །ལྟེ་བ་གཟི་བྱིན་དང་ལྡན་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་རྣམ་པར་སྨིན་པའོ། །ཟབ་ཅིང་མདངས་ཡོད་པ་གང་ཡིན་པ་དེ་ནི་བཟོད་པའི་རྣམ་པར་སྨིན་ [96A]༄༅། །པའོ༑ ༑ལྟེ་བ་ཡངས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱི་རྣམ་པར་སྨིན་པའོ། །ལྟེ་བ་རྒྱས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱི་རྣམ་པར་སྨིན་པའོ། ། ལྟེ་བ་མ་ཞུམ་ཞིང་སྦ་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་རྣམ་པར་སྨིན་པ་ལྟེ་བ་ཟབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་ འཕགས་པ་བསྐལ་པ་བཟང་པོ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་།བམ་པོ་དྲུག་པ། །དེ་ལ་རྣམ་པར་སྨིན་པ་སྤུ་རེ་རེའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྐུའི་སྤུ་གྱེན་དུ་ཕྱོགས་ པ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའོ། །མདོག་མཐོན་མཐིང་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་རྣམ་པར་སྨིན་པའོ། །སྣུམ་པ་གང་ཡིན་པ་དེ་ ནི་བཟོད་པའི་རྣམ་པར་སྨིན་པའོ། །ཁ་དོག་མཛེས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱི་རྣམ་པར་སྨིན་པའོ། །གཡས་སུ་འཁྱིལ་བ་གང་ཡིན་པ་དེ་ནི་བསམ་གཏན་གྱི་ རྣམ་པར་སྨིན་པའོ། །ཕན་ཚུན་མ་འཛིངས་ཤིང་མི་འགྲེང་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་རྣམ་པར་སྨིན་པ་སྤུ་ རེ་རེའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་རྣམ་པར་སྨིན་པ་གསེར་གྱི་མདོག་ཅན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། གསེར་མདོག་གསེར་གྱི་ཁ་དོག་ཅན་གང་ཡིན་པ་དེ་ནི་ [96B] །གསེར་གྱི་མདོག་ཅན་མདངས་དང་ལྡན་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་རྣམ་པར་སྨིན་པའོ། །གསེར་གྱི་མདོག་ཅན་སྐྱོན་མེད་ པ་གང་ཡིན་པ་དེ་ནི་བཟོད་པའི་རྣམ་པར་སྨིན་པའོ། །གསེར་གྱི་མདོག་ཅན་བལྟར་རུང་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱི་རྣམ་པར་སྨིན་པའོ། །གསེར་གྱི་མདོག་ཅན་དྲི་མ་མེད་པ་ གང་ཡིན་པ་དེ་ནི་བསམ་གཏན་གྱི་རྣམ་པར་སྨིན་པའོ། །གསེར་གྱི་མདོག་ཅན་འོད་རྒྱ་ཆེ་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་ རྣམ་པར་སྨིན་པ་གསེར་གྱི་མདོག་ཅན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་རྣམ་པར་སྨིན་པ་སྐུ་རོ་སྟོད་སེངྒེ་འདྲ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྐུ་རིམ་པར་འཚམ་པ་གང་ ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའོ་།སྐུ་རོ་སྟོད་ལེགས་པར་འབྲེལ་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་རྣམ་པར་སྨིན་པའོ། །སྐུ་རོ་སྟོད་མཁྲེགས་ པ་གང་ཡིན་པ་དེ་ནི་བཟོད་པའི་རྣམ་པར་སྨིན་པའོ། །སྐུ་རོ་སྟོད་བལྟ་ན་བཟང་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱི་རྣམ་པར་སྨིན་པའོ། །སྐུ་རོ་སྟོད་ཤིན་ཏུ་ཡངས་པ་གང་ཡིན་ པ་དེ་ནི་བསམ་གཏན་གྱི་རྣམ་པར་སྨིན་པའོ། །སྐུ་རོ་སྟོད་སེངྒེའི་ལྟ་བུ་མི་ཤིགས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། །འདི་དག་ནི་རྣམ་པར་ [97A]༄༅། །སྨིན་པ་སྐུ་རོ་སྟོད་སེངྒེ་དྲ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་རྣམ་པར་སྨིན་པ་བདུན་མཐོ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བདུན་མཐོ་བ་ ཡོངས་སུ་རྫོགས་པ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའོ། །མཐོ་བ་བཀྲ་ཤིས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་རྣམ་པར་སྨིན་པའོ། །མཐོང་ན་ ཡིད་དགའ་བ་གང་ཡིན་པ་དེ་ནི་བཟོད་པའི་རྣམ་པར་སྨིན་པའོ། །མཐོ་བ་སྙོམས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱི་རྣམ་པར་སྨིན་པའོ། །མཐོ་ཞིང་མ་ཞུམ་ལ་མཛེས་པ་གང་ ཡིན་པ་དེ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའོ། །འཇམ་ཞིང་སྣུམ་ལ་དང་ཞིང་གསལ་བ་མཐོ་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ་ འདི་དག་ནི་རྣམ་པར་སྨིན་པ་བདུན་མཐོ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་རྣམ་པར་སྨིན་པ་ཕྱག་རིང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བདུག་སྤོས་ཀྱི་སྦྱིན་པ་དང་ གཏོང་བའི་སྦྱིན་པས་ཕྱག་རིང་བ་མ་བཅད་པ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའོ། །མི་མཐོ་ཞིང་གནས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་ རྣམ་པར་སྨིན་པའོ། །ཚིགས་སྲ་བ་གང་ཡིན་པ་དེ་ནི་བཟོད་པའི་རྣམ་པར་སྨིན་པའོ། །རིམ་གྱིས་གཞོལ་ཞིང་རིང་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱི་རྣམ་པར་སྨིན་པའོ། ། [97B]དེ་ནི་བསམ་གཏན་གྱི་རྣམ་པར་སྨིན་པའོ། །མཐོང་ན་མདངས་དང་ལྡན་ཞིང་འདོད་པར་འགྱུར་བ་གང་ཡིན་པ་ དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ་འདི་དག་ནི་རྣམ་པར་སྨིན་པ་ཕྱག་རིང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། དེ་ལ་རྣམ་པར་སྨིན་པ་སྐུ་འཁྲིལ་བག་ཆགས་ པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཤིན་ཏུ་འཁྲིལ་བག་ཆགས་པ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའོ། །གཡོ་བ་མེད་པ་གང་ཡིན་པ་དེ་ནི་ ཚུལ་ཁྲིམས་ཀྱི་རྣམ་པར་སྨིན་པའོ། །ཕྱོགས་ཤིན་ཏུ་རྣམ་པར་འབྱེས་པ་གང་ཡིན་པ་དེ་ནི་བཟོད་པའི་རྣམ་པར་སྨིན་པའོ། །སྐུ་རིམ་པར་འཚམ་པ་གང་ཡིན་པ་དེ་ནི་བརྩོན་ འགྲུས་ཀྱི་རྣམ་པར་སྨིན་པའོ། །ཚིགས་མི་མངོན་པ་གང་ཡིན་པ་དེ་ནི་བསམ་གཏན་གྱི་རྣམ་པར་སྨིན་པའོ། །བལྟ་ན་སྡུག་ཅིང་སེམས་ཅན་ཐམས་ཅད་དགའ་བར་བྱེད་པ་གང་ ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་རྣམ་པར་སྨིན་པ་སྐུ་འཁྲིལ་བག་ཆགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་རྣམ་པར་སྨིན་ པ་མགུར་དུང་ལྟ་བུའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། དུང་ལྟར་བྱིན་གྱིས་ཟླུམ་པ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའོ། །ཤིན་ཏུ་གནས་ [98A]༄༅། །པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་རྣམ་པར་སྨིན་པའོ། །རྩེའུ་ཆུང་མི་མངོན་པ་གང་ཡིན་པ་དེ་ནི་བཟོད་པའི་རྣམ་པར་སྨིན་པའོ། །ལེགས་པར་གྲུབ་ཅིང་ སྙོམས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱི་རྣམ་པར་སྨིན་པའོ་།ཤིན་ཏུ་གཞོན་ཤ་ཆགས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱི་རྣམ་པར་སྨིན་པའོ། །གཅད་དུ་མེད་ཅིང་དབྱེར་ མེད་ལ་མི་མཐོ་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་རྣམ་པར་སྨིན་པ་མགུར་དུང་ལྟ་བུའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ རྣམ་པར་སྨིན་པ་སྒྲོས་བིམྤ་ལྟར་དམར་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྒྲོས་བིམྤ་ལྟར་དམར་ཞིང་འཛུམ་པ་གང་ཡིན་པ་དེ་ནི་སྦྱིན་པའི་རྣམ་པར་སྨིན་པའོ། །སྒྲོས་བིམྤ་ ལྟར་དམར་ཞིང་ལེགས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་རྣམ་པར་སྨིན་པའོ། །ལྟག་འོག་ལེགས་པར་འབྱོར་པ་གང་ཡིན་པ་དེ་ནི་བཟོད་པའི་རྣམ་པར་སྨིན་པའོ། །གསུང་བ་ དང་མི་གསུང་བར་གྱུར་པ་ན་རྟག་ཏུ་བལྟ་ན་ཡིད་དུ་འོང་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱི་རྣམ་པར་སྨིན་པའོ། །བྱུ་རུ་ལྟར་སྣང་བ་གང་ཡིན་པ་དེ་ནི་བསམ་གཏན་གྱི་རྣམ་པར་ སྨིན་པའོ། །བལྟ་ན་བརྟག་ཏུ་རུང་ཞིང་ལྟ་བས་མི་ངོམས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་རྣམ་པར་སྨིན་པ་སྒྲོས་བིམྤ་ལྟར་ [98B]དེ་ལ་རྣམ་པར་སྨིན་པ་ཚེམས་མཆེ་བ་དཀར་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན་ཤིན་ཏུ་དཀར་བ་གང་ཡིན་པ་དེ་ནི་གོས་དཀར་པོ་ སྦྱིན་པའི་རྣམ་པར་སྨིན་པའོ། །དཀར་ཞིང་མདངས་དང་ལྡན་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་རྣམ་པར་སྨིན་པའོ། །བར་གྱི་དྲི་མ་བསལ་པ་གང་ཡིན་པ་དེ་ནི་བཟོད་པའི་རྣམ་ པར་སྨིན་པའོ། །ཚེམས་དཀར་ཞིང་མཁྲེགས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱི་རྣམ་པར་སྨིན་པའོ། །དྲི་ཞིམ་པ་གང་ཡིན་པ་དེ་ནི་བསམ་གཏན་གྱི་རྣམ་པར་སྨིན་པའོ། །ཡིད་ དུ་འོང་ཞིང་མདངས་དང་ལྡན་ལ་འོད་གསལ་བ་བལྟ་བས་མི་ངོམས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་རྣམ་པར་སྨིན་ པ་ཚེམས་མཆེ་བ་དཀར་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ཚེམས་མཉམ་པ་སྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན་ཚེམས་སྟག་འོག་མཉམ་གང་ཡིན་པ་དེ་ནི་ སེམས་མཉམ་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའོ། །ཚེམས་སྟག་འོག་ཕྱིར་མ་གྱེད་ཅིང་ལེགས་པར་གྲུབ་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ ཏུ་ཕྱིན་པའི་རྣམ་པར་སྨིན་པའོ། །ཀུན་ནས་ཐགས་བཟང་བ་གང་ཡིན་པ་དེ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའོ་།ཚེམས་ཟླུམ་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ [99A]༄༅། །ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའོ། །མ་གྲུགས་ཤིང་ཆུ་སྒོ་མ་དོད་ལ་སྲ་བ་གང་ཡིན་པ་དེ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་ སྨིན་པའོ། །འོག་མའང་ལྟག་མ་དང་འཚམ་ལ་ལྟག་མའང་འོག་མ་དང་འཚམ་པ། མཚམས་ཐད་ཀར་འབྱོར་བ་བལྟ་ན་སྡུག་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་ཚེམས་མཉམ་པ་སྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ཚེམས་བཞི་བཅུ་སྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཚེམས་བཞི་ བཅུ་ཚང་བ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའོ། །ཚེམས་ཐགས་བཟང་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་རྣམ་པར་སྨིན་པའོ། །ཚེམས་མ་ གཙིགས་པ་གང་ཡིན་པ་དེ་ནི་བཟོད་པའི་རྣམ་པར་སྨིན་པའོ། །ཚེམས་རྣོ་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱི་རྣམ་པར་སྨིན་པའོ་།ཚེམས་ལེགས་པར་གྲུབ་པ་གང་ཡིན་པ་ དེ་ནི་བསམ་གཏན་གྱི་རྣམ་པར་སྨིན་པའོ། །ཚེམས་ཤིན་ཏུ་བརྟན་ཞིང་ཡིད་དུ་འོང་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་ཚེམས་ ཞི་བཅུ་སྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ལྗགས་རིང་བ་སྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྙན་གྱི་བུ་ག་རྒྱ་ཆེར་འགེབས་པ་གང་ཡིན་པ་དེ་ནི་སྦྱིན་པའི་རྣམ་པར་ [99B] །ལྗགས་དྲི་མས་མ་སྤགས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་རྣམ་པར་སྨིན་པའོ། །ལྗགས་རྐན་ལ་གཞར་པ་གང་ཡིན་པ་དེ་ནི་བཟོད་པའི་རྣམ་པར་སྨིན་པའོ། །ལྗགས་ ཤིན་ཏུ་རྒྱ་ཆེ་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱི་རྣམ་པར་སྨིན་པའོ། །མཚན་དང་ལྡན་པར་གྲུབ་པ་གང་ཡིན་པ་དེ་ནི་བསམ་གཏན་གྱི་རྣམ་པར་སྨིན་པའོ། །དེ་པདྨ་འདབ་མ་བརྒྱ་པའི་ ཁ་དོག་ཏུ་ལེགས་པར་གནས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་ལྗགས་རིང་བ་སྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ བྱང་ཆུབ་སེམས་དཔའི་ཚངས་པའི་དབྱངས་སྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། དབྱངས་གསང་མཐོ་བ་གང་ཡིན་པ་དེ་ནི་སྦྱིན་པའི་རྣམ་པར་སྨིན་པའོ། །དགའ་བར་འགྱུར་ བའི་དབྱངས་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་རྣམ་པར་སྨིན་པའོ། །དབྱངས་སྣ་ཚོགས་པ་གང་ཡིན་པ་དེ་ནི་བཟོད་པའི་རྣམ་པར་སྨིན་པའོ། །དབྱངས་ཟིལ་གྱིས་མི་ནོན་པ་གང་ཡིན་ པ་དེ་ནི་བརྩོན་འགྲུས་ཀྱི་རྣམ་པར་སྨིན་པའོ། །དབྱངས་རྒྱུན་ཆད་པ་མེད་པ་གང་ཡིན་པ་དེ་ནི་བསམ་གཏན་གྱི་རྣམ་པར་སྨིན་པའོ་།སྒྲ་དང་བརྡའ་ཐམས་ཅད་ལ་དབྱངས་སྙན་པ་གང་ ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའི་ཚངས་པའི་དབྱངས་སྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་གཞན་ཡང་ [100A]༄༅། །ལུས་དང་སེམས་བདེ་བར་བྱེད་པ་གང་ཡིན་པ་དེ་ནི་སྦྱིན་པའི་རྣམ་པར་སྨིན་པའོ། །རྣར་སྙན་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །སྙིང་ལ་ སིམ་པར་བྱེད་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །འཁོར་ཐམས་ཅད་མི་འདོར་བར་གོ་བར་བྱེད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ་།བྱ་ཀ་ལ་པིངྐའི་སྒྲ་ལྟ་བུའི་དབྱངས་ གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །ཐེ་ཚོམ་གཅོད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ་འདི་དག་ནི་རྣམ་པར་སྨིན་པ་ཚངས་པའི་ དབྱངས་སྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་མཚན་རོ་བྲོ་བའི་མཆོག་དང་ལྡན་པར་སྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཞལ་ཟས་ཐམས་ཅད་ཐུགས་སུ་བྱོན་ཅིང་རོ་བྲོ་ བའི་མཆོག་དང་ལྡན་པ་གང་ཡིན་པ་དེ་ནི་སྦྱིན་པའི་རྣམ་པར་སྨིན་པའོ། །ཞལ་ཟས་གསོལ་ནས་བདེ་བར་འཇུ་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །ཞལ་ཟས་མཛེས་པར་ གསོལ་བ་གང་ཡིན་པ་དེ་ནི་བཟོད་པའི་འོ། །ཞལ་ཟས་མང་ཉུང་འདྲ་བར་འཇུ་ཞིན་ཁམས་འཁྲུག་པ་མེད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །གཟི་བྱིན་དང་ལྡན་པ་གང་ ཡིན་པ་དེ་ནི་བསམ་གཏན་གྱིའོ། །མྱུར་དུ་སྡང་བར་རུང་ལ་ཧ་ཅང་ཡང་མི་གྲང་ཧ་ཅང་ཡང་མི་ཚ་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ [100B]ཕྱིན་པ་དྲུག་གོ་དེ་ལ་བྱང་ཆུབ་སེམས་དཔའི་འགྲམ་པ་སེངྒེའི་ལྟ་བུ་སྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། འགྲམ་པ་སེངྒེའི་ལྟ་བུ་ རྒྱས་པ་གང་ཡིན་པ་དེ་ནི་སྦྱིན་པའི་རྣམ་པར་སྨིན་པའོ། །འགྲམ་པ་སེངྒེའི་ལྟ་བུ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་རྣམ་པར་སྨིན་པའོ། །འགྲམ་པ་སེངྒེའི་ལྟ་བུ་ལེགས་པ་གང་ཡིན་ པ་དེ་ནི་བཟོད་པའི་རྣམ་པར་སྨིན་པའོ། །མཐོང་ན་དབང་ཆེ་བར་གྲགས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱི་རྣམ་པར་སྨིན་པའོ་།ཐམས་ཅད་དུ་མ་ཉམས་པ་གང་ཡིན་པ་དེ་ནི་ བསམ་གཏན་གྱི་རྣམ་པར་སྨིན་པའོ། །མདོག་འཇམ་ཞིང་ལྟན་སྡུག་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའི་ འགྲམ་པ་སེངྒེའི་ལྟ་བུ་སྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་།དེ་ལ་བྱང་ཆུབ་སེམས་དཔའི་ཞལ་སྲོག་ཆགས་གོ་བའི་མདོག་ལྟ་བུ་བསྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཞལ་སྲོག་ ཆགས་གོ་བའི་མདོག་འདྲ་ཞིང་མཁྲེགས་པ་གང་ཡིན་པ་དེ་ནི་སྦྱིན་པའི་རྣམ་པར་སྨིན་པའོ། །ཞལ་སྲོག་ཆགས་གོ་བའི་མདོག་འདྲ་བར་ཤིན་ཏུ་ངེས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ ཀྱི་རྣམ་པར་སྨིན་པའོ། །ཞལ་སྲོག་ཆགས་གོ་བའི་མདོག་ལྟ་བུར་སྤ་བ་གང་ཡིན་པ་དེ་ནི་བཟོད་པའི་རྣམ་པར་སྨིན་པའོ། །ཞལ་གཉེར་མ་མེད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱི་རྣམ་ [101A]༄༅། །པར་སྨིན་པའོ། །ཞལ་སྙོམས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱི་རྣམ་པར་སྨིན་པའོ། །ཟླ་བ་དང་ཉི་མའི་འོད་ལྟ་བུར་ཐམས་ཅད་ཀྱིས་ཟིལ་གྱིས་ མི་ནོན་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའི་ཞལ་སྲོག་ཆགས་གོ་བའི་མདོག་ལྟ་བུ་སྒྲུབ་པའི་ཕ་ རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་བྱང་ཆུབ་སེམས་དཔའི་སྤྱན་མཐོན་ཏིང་སྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། དགའ་བར་འགྱུར་བའི་སྤྱན་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་ རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའོ། །སྤྱན་གྱི་དཀྱུས་རིང་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །སྤྱན་ལེགས་པ་དང་ལྡན་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །སྤྱན་ཐོགས་ པ་མེད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །ཐག་རིང་པོར་གཟིགས་པ་དང་འབྲེལ་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །མ་ལུས་པ་གཟིགས་ཤིང་མཐའ་ཡས་ པར་གཟིགས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་བྱང་ཆུབ་སེམས་པའི་སྤྱན་མཐོན་མཐིང་སྒྲུབ་པའི་ཕ་རོལ་ཏུ་ཕྱིན་ པ་དྲུག་གོ་དེ་ལ་བྱང་ཆུབ་སེམས་དཔའི་ཤངས་མཐོ་བ་སྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཤངས་མཐོ་བ་གང་ཡིན་པ་དེ་ནི་སྦྱིན་པའི་རྣམ་པར་སྨིན་པའོ། །ཤངས་དཀྱུས་ [101B] །ཤངས་མདངས་དང་ལྡན་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །ཤངས་ཡིད་དུ་འོང་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ་ །མཐོང་ན་དགའ་ལ་ངོམས་པ་མེད་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །ཡིད་དུ་འཐད་པའི་དྲི་སྣོམ་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་ སྟེ༑ འདི་དག་ནི་བྱང་ཆུབ་སེམས་དཔའི་ཤངས་མཐོ་བ་སྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་བྱང་ཆུབ་སེམས་དཔའི་མཛོད་སྤུ་སྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན་ མཛོད་སྤུ་དཀར་བ་གང་ཡིན་པ་དེ་ནི་སྦྱིན་པའི་རྣམ་པར་སྨིན་པའོ། །མཛོད་སྤུ་གྱས་སུ་འཁྱིལ་བ་གང་ཡིན་པ་དེ་ནི། ཚུལ་ཁྲིམས་ཀྱིའོ། །མཛོད་སྤུ་སྤ་ཞིང་ཟིལ་གྱིས་མི་ནོན་ པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །མཛོད་སྤུ་རིང་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །ཞིན་ཏུ་འཁྱིལ་ཅིང་ལེགས་པར་གནས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། ། འོད་མཐའ་ཡས་པས་ཁྱབ་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའི་མཛོད་སྤུ་སྒྲུབ་པའི་ཕ་རོལ་ཏུ་ཕྱིན་ པ་དྲུག་གོ་དེ་ལ་བྱང་ཆུབ་སེམས་དཔའི་དབུ་གཙུག་ཏོར་དང་ལྡན་པ་སྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། མཐོན་མཐིང་འཁྱིལ་བར་གྲུབ་པ་གང་ཡིན་པ་དེ་ནི་སྦྱིན་ [102A]༄༅། །པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའོ། །གཡས་སུ་འཁྱིལ་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །རྡུལ་གྱིས་མ་གོས་པ་གང་ཡིན་པ་དེ་ནི་ བཟོད་པའི་འོ། །སྤྱི་གཙུག་བལྟར་མི་མངོན་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །རྟག་ཏུ་བལྟ་བར་བྱ་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །ཆར་དང་རླུང་གིས་མི་ ཤིགས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའི་དབུ་གཙུག་ཏོར་དང་ལྡན་པ་སྒྲུབ་པའི་ཕ་རོལ་ ཏུ་ཕྱིན་པ་དྲུག་གོ་དེ་ལ་བྱང་ཆུབ་སེམས་དཔའི་མངོན་པར་འབྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བར་ཆད་མེད་པར་འབྱུང་བ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ ཏུ་ཕྱིན་བའི་རྣམ་པར་སྨིན་པའོ། །ཤིན་ཏུ་དུལ་བར་གཤེགས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །ལྷ་མཐའ་ཡས་པ་དག་ཉེ་བར་འོང་བ་གང་ཡིན་པ་དེ་ནི་བཟོད་ པའི་འོ༑ ༑གནོད་སྦྱིན་དག་གིས་སྒོམ་མདངས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །ནམ་མཁའ་ལ་སྤྱན་དྲངས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །སྐྱེ་བོ་མཛའ་ བ་ཐམས་ཅད་ལ་མི་ལྟ་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའི་མངོན་པར་འབྱུང་བའི་ཕ་རོལ་ [102B]དེ་ལ་བྱང་ཆུབ་སེམས་དཔའི་དུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཚལ་མེ་ཏོག་རྒྱས་པའི་དུས་སུ་གཤེགས་པ་གང་ཡིན་པ་དེ་ནི་སྦྱིན་པའི་རྣམ་པར་སྨིན་པའོ། ། དུས་ཚིགས་ཀྱི་མཆོག་ཏུ་ཕྱིན་པའི་ཚེག་གཤེགས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །རྒྱུ་སྐར་བཟང་པོ་དང་ལྡན་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །སྙོམས་པར་གཤེགས་པ་ གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །ངན་སོང་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །ངན་སོང་དུ་སོང་བའི་སེམས་ཅན་ཐམས་ཅད་སྣང་བར་ བྱས་ནས་གཅིག་ལ་གཅིག་སྨྲ་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། །འདི་དག་ནི་དུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་དུས་ཤེས་པའི་ཕ་རོལ་ ཏུ་ཕྱིན་པ་དྲུག་གང་ཞེ་ན། གཉིད་ལོག་པ་ན་ཐུན་ཐ་མ་ལ་བྱུང་སྟེ་གཤེགས་པ་གང་ཡིན་པ་དེ་ནི་སྦྱིན་པའི་རྣམ་པར་སྨིན་པའོ། །བདག་ཉིད་རབ་ཏུ་བྱུང་བ་གང་ཡིན་པ་དེ་ནི་ ཚུལ་ཁྲིམས་ཀྱིའོ། །འདུན་པ་ཅན་བཀའ་སྩལ་ཏེ་བཏང་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། རབ་ཏུ་བྱུང་བ་ལ་བརྟེན་ནས་ཡུལ་ཀ་ཤི་ཀའི་ན་བཟའ་སྤངས་ཏེ་ཆོས་གོས་བཞེས་པ་ གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །ཐར་པ་ལ་རེག་པར་མཛད་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །ཡུལ་མ་ག་དཧའི་བདག་པོ་ཡོངས་སུ་སྨིན་པར་མཛད་པའི་སླད་དུ་གྲོང་ཁྱེར་ [103A]༄༅། །དུ་གཤེགས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་སྨིན་པ་སྟེ། འདི་དག་ནི་དུས་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ ལ་རྣམ་པར་དབྱེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཐུགས་བརྩེ་བའི་སླད་དུ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་གཤེགས་པ་གང་ཡིན་པ་དེ་ནི་སྦྱིན་པའི་རྣམ་པར་སྨིན་ པའོ༑ ༑ལྷ་རྣམས་ལ་ཆོས་སྟོན་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །རྒྱལ་པོའི་ཁབ་ཏུ་གཤེགས་ནས་རི་ལ་བཞུགས་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །སྐུ་དྲང་པོར་ བཞུགས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །བསམ་གཏན་ལ་དགོངས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ལ་རྣམ་པར་རྟོག་ པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་རྣམ་པར་དབྱེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་འཇིག་རྟེན་དང་མཐུན་པར་ འཇུག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སློང་མོ་ལ་གཤེགས་པ་གང་ཡིན་པ་དེ་ནི་སྦྱིན་པའི་རྣམ་སྨིན་པའོ། །སྒྱུ་རྩལ་ཤེས་ཀྱི་བུ་རིང་དུ་འཕུར་དང་རངས་བྱེད་ཀྱི་ བུ་ལྷག་སྤྱོད་ཀྱི་ཐད་དུ་གཤེགས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །འདི་ནི་ལམ་མ་ཡིན་ནོ་ཞེས་སྤངས་ནས་གཤེགས་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །ལོ་ [103B]།མཁའ་ཁྱབ་ཀྱི་བསམ་གཏན་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །མི་སྤྱོད་སྙམ་ནས་ཞལ་ཟས་གསོལ་ཏེ་བྱང་ ཆུབ་ཀྱི་སྙིང་པོར་བཞུད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། །འདི་དག་ནི་འཇིག་རྟེན་དང་མཐུན་པར་འཇུག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་ དེ་ལ་རྟོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བདུད་འདུལ་བ་གང་ཡིན་པ་དེ་ནི་སྦྱིན་པའི་རྣམ་པར་སྨིན་པའོ། །སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་ལ་བདེ་བར་བྱེད་ པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །སེམས་ཅན་ཐམས་ཅད་ལ་དམིགས་ཤིང་དམ་བཅས་པ་མི་འདྲལ་བ་གང་ཡིན་པ་དེ་ནི་བཟོད་པའི་འོ། །སྟོང་གསུམ་ལ་སྒྲིབ་པ་ མེད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །བསམ་གཏན་བཞི་ལ་སྙོམས་པར་འཇུག་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །རིག་པ་གསུམ་རྗེས་སུ་འཐོབ་པ་གང་ ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་རྟོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་སྤོང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན་ སེར་སྐྱའི་གནས་ན་ལོར་ཉེ་བར་བསྙེན་པ་གང་ཡིན་པ་དེ་ནི་སྤོང་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །འགོག་པ་ལ་བརྩོན་ཞིང་ཁམས་གསུམ་ལ་མི་གནས་པ་གང་ཡིན་པ་དེ་ནི་ཚུལ་ [104A]༄༅། །ཁྲིམས་ཀྱིའོ། །མི་སྐྱེ་བ་ལ་དམིགས་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །སེམས་ཅན་ལ་ལྟ་བའི་སྙིང་རྗེ་དང་སྤྱོད་པ་གང་ཡིན་པ་དེ་ནི་བརྩོན་ འགྲུས་ཀྱིའོ། །སྐྱོན་སྤོང་བ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །ཡན་ལག་བརྒྱད་རབ་ཏུ་ཐོབ་ཅིང་མ་སྤགས་ལ་ནག་ནོག་མེད་པའི་ཚུལ་ ཁྲིམས་ཅན་འདོད་ཆགས་སྤང་བའི་ཕྱིར་དང། མ་རིག་པ་གཞོམ་པའི་ཕྱིར་རིག་པ་བསྐྱེད་ཅིང་ཆོས་ཐམས་ཅད་ལ་སྒྲིབ་པ་མེད་ལ་སྤོང་བ་ཆེན་པོ་གང་ཡིན་པ་དེ་ནི་སྤོང་བའི་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་སྤོང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་རྡོ་རྗེ་ལྟ་བུའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། རྡོ་ཇེ་ལྟ་བུའི་ཏིང་ངེ་ འཛིན་སྒྲུབ་པ་ཐོབ་པ་གང་ཡིན་པ་དེ་ནི་སྦྱིན་པའི་རྣམ་པར་སྨིན་པའོ། །དམིགས་པ་མི་འདོར་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ་།ཕྱིན་ཅི་མ་ལོག་པར་འཛིན་པ་ གང་ཡིན་པ་དེ་ནི་བཟོད་པའི་འོ། །ཐམས་ཅད་དུ་མཐུན་པར་འཇུག་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །རང་གི་ཡོན་ཏན་ཤེས་ནས་བག་ཆགས་ཀྱི་མཚམས་ སྦྱོར་བ་སྤོང་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་ཤེས་པ་མ་ལུས་པར་མངོན་པར་རྫོགས་པར་བྱང་ཆུབ་པ་གང་ཡིན་པ་ [104B]སྟེ། འདི་དག་ནི་རྡོ་རྗེ་ལྟ་བུའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། དེ་ལ་མུན་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བྱང་ ཆུབ་མངོན་པར་རྫོགས་པར་འཚང་རྒྱ་པ་ན་གང་དག་ལྷ་རྣམས་འཇིག་རྟེན་གྱི་མགོན་པོ་རྒྱལ་བར་གྱུར་ཅིག་རྒྱལ་བར་གྱུར་ཅིག་ཅེས་བརྗོད་པ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ ཏུ་ཕྱིན་པའི་རྣམ་པར་སྨིན་པའོ། །ངན་སོང་རབ་ཏུ་ཞི་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །དབང་པོ་ཚང་བ་གང་ཡིན་པ་དེ་ནི་བཟོད་པའི་འོ། །སེམས་ཅན་རྣམས་ལ་ཉོན་མོངས་པས་ མི་གནོད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །སིལ་སྙན་མ་དཀྲོལ་བར་སྒྲ་འབྱུང་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ་།སྟོང་གསུམ་དུ་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་ དག་བྱེད་པ་དང། ལྷ་རྣམས་ཀུན་དགའ་བའི་སྒྲ་བརྗོད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ་འདི་དག་ནི་མུན་པ་མེད་པའི་ཕ་རོལ་ཏུ་ཕྱིན་ པ་དྲུག་གོ་དེ་ལ་ཟིལ་གྱིས་མི་ནོན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྟོང་གསུམ་དག་ན་ཤིང་ལྗོན་པ་དག་ལས་དུས་མ་ཡིན་པར་མེ་ཏོག་དང་འབྲས་བུ་དག་འབྱུང་བ་གང་ ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའོ་།སེམས་ཅན་རྣམས་སྡུག་བསྔལ་གྱི་ཚོར་བ་ཐམས་ཅད་དང་བྲལ་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། ། [105A]༄༅། །སེམས་ཅན་ཐམས་ཅད་ཤིན་ཏུ་དབང་པོ་ཚང་བར་གྱུར་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །ལག་མཐིལ་ནས་ཉེ་བར་བཟུང་སྟེ་སྟོང་གསུམ་ དག་ན་བླ་ན་མེད་པ་བཅུ་ཟིལ་གྱིས་མི་ནོན་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། གཅིག་ལ་གཅིག་བསྔགས་པ་མང་པོ་བརྗོད་ཅིང་ལྷ་རྣམས་ལ་བདུད་རྩི་སྟོབས་པ་གང་ ཡིན་པ་དེ་ནི་བསམ་གཏན་གྱིའོ། །བདུད་བཞི་བཅོམ་པ་དང་མི་མཉམ་པ་དང་མཉམ་པའི་ཡེ་ཤེས་མངོན་པར་རྫོགས་པར་སངས་རྒྱས་པ་གང་ཡིན་པ་དེ་ནི་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་ཟིལ་གྱིས་མི་ནོན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་བདུད་ཀྱི་དཔུང་འཇོམས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ གང་ཞེ་ན། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་སུ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་ན་སེམས་ཅན་ཐམས་ཅད་བཀྲེས་པ་དང་བྲལ་བ་གང་ཡིན་པ་དེ་ནི་སྦྱིན་ པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའོ། །ཉོན་མོངས་པའི་བདུད་སུ་ལའང་གནོད་པ་མེད་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །ལྷའི་བུའི་བདུད་སུ་ལའང་གནོད་པ་ མེད་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །འཆི་བདག་གི་བདུད་སུ་ལའང་གནོད་པ་མེད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ་།ཕུང་པོའི་བདུད་སུ་ལའང་གནོད་པ་མེད་པ་ [105B] །དགོངས་པ་ཇི་ལྟ་བ་བཞིན་མངོན་པར་རྫོགས་པར་སངས་རྒྱས་ཤིང། ཐམས་ཅད་མཁྱེན་པ་ཉིད་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་བདུད་ཀྱི་དཔུང་འཇོམས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་གཡོ་བ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བྱང་ཆུབ་ཀྱི་སྙིང་པོར་ སྐྱེལ་མོ་ཀྲུང་བཅས་པ་ལ་སྐྱོ་བ་མེད་པ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའོ། །བདུད་མཐོང་ན་འཇིགས་པ་མེད་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ ཀྱིའོ༑ ༑ལུས་ལ་དམིགས་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །སེམས་ལ་དམིགས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །དམ་བཅས་པ་ལས་གཞན་དུ་མི་འགྱུར་བ་གང་ ཡིན་པ་དེ་ནི་བསམ་གཏན་གྱིའོ། །བྱང་ཆུབ་ཀྱི་ཕྱིར་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་ཐོབ་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ ནི་གཡོ་བ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་སྐད་ཅིག་གཅིག་དང་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་སེམས་དེའི་སྦྱོར་བ་ཉེ་བར་སྒྲུབ་པ་གང་ཡིན་པ་དེ་ནི་སྦྱིན་པའི་རྣམ་པར་སྨིན་པའོ། །གཉེན་པོས་འཇོམས་པ་ [106A]༄༅། །གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །ང་རྒྱལ་ཀུན་ཏུ་འཇོམས་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །གཞན་གྱི་བསམ་པ་མཉམ་པ་ཉིད་དུ་རྟོགས་པ་གང་ཡིན་པ་ དེ་ནི་བརྩོན་འགྲུས་ཀྱིའོ། །རྟེན་ཅིང་འབྲེལ་བར་འབྱུང་བ་རྟོགས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །ཆོས་ཐམས་ཅད་ལ་དུས་གསུམ་དུ་མ་བརྗེད་པ་མོས་པ་གང་ ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་སྐད་ཅིག་གཅིག་དང་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་མཉམ་པར་མ་བཞག་ པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཤའི་མིག་གིས་སེམས་ཅན་རྣམས་ལ་གཟིགས་ནས་སྡུག་བསྔལ་བར་གྱུར་པ་རྣམས་ལ་བདེ་བ་ཉེ་བར་སྒྲུབ་པ་གང་ཡིན་པ་དེ་ནི་སྦྱིན་ པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའོ། །ལྷའི་མིག་གིས་དར་བ་དང་རྒུད་པ་གཟིགས་ནས་འཇིག་རྟེན་གྱི་ཐར་པ་ཉེ་བར་སྒྲུབ་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། ། ཉན་ཐོས་རྣམ་པར་འཇོག་ཅིང་གཞན་ལ་བརྩེ་བ་གང་ཡིན་པ་དེ་ནི་བཟོད་པའི་འོ། །རྫུ་འཕྲུལ་དང་ཆོ་འཕྲུལ་ཉེ་བར་སྒྲུབ་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །སེམས་ ཀྱིས་ལྷའི་སེམས་གཟིགས་ནས་ཆོས་སྟོན་པ་ནི། དཔེར་ན་བྲམ་ཟེའི་ལྟ་བུ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །དུས་མཁྱེན་ནས་སྨོན་ནས་ཤེས་པས་ཆོས་སྟོན་པ་ [106B]པར་སྨིན་པ་སྟེ། འདི་དག་ནི་མཉམ་པར་མ་བཞག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་མཉམ་པར་བཞག་པའི་ཕ་ རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བྱང་ཆུབ་ཀྱི་སྙིང་པོར་ཟང་ཟིང་མེད་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའོ། ། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཡིན་པ་དེ་ནི་བཟོད་པའི་འོ། །ཆོས་ རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཡིན་པ་དེ་ནི་བསམ་གཏན་ གྱིའོ༑ ༑བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ་འདི་དག་ནི་མཉམ་པར་བཞག་པའི་ཕ་རོལ་ཏུ་ ཕྱིན་པ་དྲུག་གོ་དེ་ལ་ཡོངས་སུ་སྨིན་པར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བྱང་ཆུབ་བསྙེས་ནས་གང་དག་སེམས་ཅན་ཡོངས་སུ་སྨིན་པར་མཛད་པའི་ཕྱིར་བཏང་སྙོམས་ གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའོ། །གསོལ་བ་མ་བཏབ་པར་ཆོས་མི་སྟོན་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །ཐེག་པ་དམན་པ་ལ་མོས་པ་ [107A]༄༅། །རྣམས་ལ་ལུས་དམན་པ་མངོན་པར་སྤྲུལ་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །ལྟང་རྒྱས་འོད་སྲུང་ལ་གདམས་ངག་སྟོན་པ་གང་ཡིན་པ་དེ་ ནི་བརྩོན་འགྲུས་ཀྱིའོ། །སེམས་ཅན་རྣམས་ཀྱིས་ཞུ་བ་ཞུས་པ་ལ་སྐྱོ་བ་མེད་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །ཞུས་པའི་ལན་འདེབས་པ་གང་ཡིན་པ་དེ་ནི་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་ཡོངས་སུ་སྨིན་པར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་སངས་རྒྱས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན་ འབྲས་བུ་ཡོད་པའི་ཆོས་སྟོན་པ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའོ། །སངས་རྒྱས་ཀྱིས་མཛད་པ་འབྲས་བུ་ཡོད་པ་གང་ཡིན་པ་དེ་ནི་ཚུལ་ ཁྲིམས་ཀྱིའོ། །ངེས་པའི་ཚིག་ཐམས་ཅད་ལ་སྤོངས་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །ཆོས་རྣམས་ལ་བརྗེད་པ་མེད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །ཐམས་ ཅད་དུ་འགྲོ་བའི་ལམ་གྱི་སྟོབས་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ་།མི་འཇིགས་པ་རྟོགས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་ སྟེ༑ འདི་དག་ནི་སངས་རྒྱས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཐམས་ཅད་མཁྱེན་པའི་ཡེ་ཤེས་ [107B]རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའོ། །འཁོར་གྱི་སེམས་ཚར་གཅད་པ་དང་སེམས་རབ་ཏུ་འཛིན་པ་མཁྱེན་ནས་ཆོས་སྟོན་ པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །བསྙེན་པར་དཀའ་བ་ལ་ཞེས་དང་བཅས་པས་ཉན་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །དུས་མཁྱེན་ནས་ཆོས་སྟོན་པ་གང་ཡིན་པ་ དེ་ནི་བརྩོན་འགྲུས་ཀྱིའོ། །ལྷག་ཆད་མེད་པར་ཆོས་སྟོན་པ་ལ་མཁས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །མོས་པ་ཇི་ལྟ་བ་བཞིན་ཐེག་པའི་གཏམ་གོ་བར་མཛད་ཅིང་ཆེད་ དུ་བརྗོད་པ་འཇུག་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ལྷག་ མ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ལམ་སླ་བ་མྱུར་བས་ངེས་པར་བྱུང་བ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའོ། །བདེ་བར་མྱུར་དུ་ ཡོངས་སུ་སྨིན་པར་བྱས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ་།སངས་རྒྱས་ཀྱི་བསྟན་པ་གཞན་དུ་འགྱུར་བ་གང་ཡིན་པ་དེ་ནི་བཟོད་པའི་འོ། །དུས་གསུམ་ལ་གཞོལ་བ་ གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །བསམ་གཏན་དང། རྣམ་པར་ཐར་པ་དང། ཏིང་ངེ་འཛིན་དང། སྙོམས་པར་འཇུག་པ་རྣམས་ལ་ཇི་ལྟར་འདོད་པ་བཞིན་དུ་སྙོམས་པར་འཇུག་པ་ [108A]༄༅། །གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །ཐ་དད་དུ་མི་སྟོན་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་ ལྷག་མ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ལྷག་མ་དང་བཅས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་གདུང་དང་བསྟན་པའི་འབྲས་ བུ་འགྲུབ་པ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའོ། །ཡོངས་སུ་མྱ་ངན་ལས་འདས་པའི་ཚུལ་ཁྲིམས་རྗེས་སུ་དྲན་པ་ལ་ཉམས་པ་མེད་པར་འགྱུར་ བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་འབུལ་བ་གང་ཡིན་པ་དེ་ནི་བཟོད་པའི་འོ་།ཡོངས་སུ་མྱ་ངན་ལས་འདས་པའི་ བསྟན་པ་ལ་ཉན་ཐོས་གནས་པ་བརྩོན་འགྲུས་བརྩམས་པ་ལ་བར་ཆད་མི་བྱེད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །རྣམ་པར་འཕྲུལ་བ་མཐར་གྱིས་སྙོམས་པར་འཇུག་ པ་ཞེས་བྱ་བ་འཐོབ་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱི་དབང་པོ་ལ་རབ་ཏུ་སྤྱོད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་ལྷག་མ་དང་བཅས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་དང་དུ་ལེན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། འདི་ལྟར་སེམས་ [108B]སྤྱོད་ཅིང་ཡུལ་ལ་སྤྱོད་པ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའོ། །བྷ་ར་དཧྭ་ཛ་ཁྲོས་ཀྱང་ མ་འཁྲུགས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །མཛེས་ལྡན་མོའི་ཕྱིར་མུ་སྟེགས་པ་ཁྲི་ཉིས་སྟོང་གིས་མི་སྙན་པར་བསྒྲགས་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །ཡིད་ཀྱིས་ མཐུ་སྟོབས་བསྟན་པ་ནི། དཔེར་ན་བྱང་ཆུབ་སེམས་དཔའ་སེངྒེར་གྱུར་པ་ན་གནད་དུ་ཕོག་ཀྱང་དང་དུ་ལེན་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །བཀུར་སྟི་མ་བྱས་ཀྱང་དང་དུ་ལེན་ པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །བསམ་གཏན་གྱི་ཕྱིར་འདྲི་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་དང་དུ་ལེན་པའི་ ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་རྟོགས་པར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཆོས་བསྟན་པ་གང་གིས་འོག་མིན་གྱི་གནས་ནས་བཟུང་ནས་སངས་རྒྱས་ཀྱི་ཞིང་རྣམས་སུ་ དབྱངས་ཀྱིས་གོ་བར་བྱེད་པ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའོ། །སྟོང་གསུམ་དག་ཏུ་འོད་བཏང་ནས་སེམས་ཅན་རྣམས་རྟོགས་པར་བྱས་ཤིང་བདེ་ བར་བྱས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །དམ་པའི་ཆོས་ཀྱི་ཆར་ཕབ་པའི་མཆོད་རྟེན་དུ་རལ་པ་ཅན་བདུན་བཏུལ་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །ལྟེང་རྒྱས་འོད་སྲུང་ [109A]༄༅། །དད་པར་བྱས་པའི་རྣམ་པར་འཕྲུལ་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །བྲམ་ཟེའི་སེམས་ཀྱིས་བསམ་པ་མ་དོན་དུ་རྣམ་པར་གཟིགས་ནས་ངའི་ རུས་ནི་ཆེ་གེ་མོ་ཞིག་གོ་ཞེས་བཀའ་སྩལ་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །དུས་མཁྱེན་ནས་འདུལ་བ་ནི། དཔེར་ན་དགའ་བོའི་ལྟ་བུ་གང་ཡིན་པ་དེ་ནི་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་རྟོགས་པར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་རྒྱ་ཆེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བེལ་ མས་བྲམ་ཟེ་རྣམས་ལ་སྦྱིན་པ་བྱིན་ནས་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་ཕྱིར་རབ་ཏུ་བཀོད་པ་ནི། དཔེར་ན་སྐྱེ་རྒུའི་བདག་མོ་ཆེན་མོ་གཽ་ཏ་མའི་ལ་དགེ་འདུན་ལ་ཕུལ་ཅིག་ཅེས་ བཀའ་སྩལ་པའི་ཚིག་དེས་ན་དགེ་སློང་བརྒྱ་སྟོང་དུལ་བར་བྱས་པ་ལྟ་བུ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའོ། །ཡོངས་སུ་མྱ་ངན་ལས་ འདས་པའི་སྡོམ་པ་ནི། དཔེར་ན་རྒྱལ་པོའི་བུ་ཟླ་བ་དང། རྐང་བཀྲའི་ལྟ་བུ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །བཟོད་པ་ནི་དཔེར་ན་བཟོད་སྨྲས་ལྷ་བྱེ་བ་བརྒྱད་ ཅུ་ཡོངས་སུ་སྨིན་པར་བྱས་པ་ལྟ་བུ་གང་ཡིན་པ་དེ་ནི་བཟོད་པའི་འོ། །བརྩོན་འགྲུས་ནི། དཔེར་ན་བྲམ་ཟེའི་བུ་ལྔ་བརྒྱས་བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པ་ལྔ་ [109B] བདུད་རངས་པར་གྱུར་པ་ལྟ་བུར་གྱུར་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །སྟོབས་བསྐྱེད་བའི་ཕྱིར་ཐོས་ནས་རྟོགས་པ་གང་ཡིན་པ་དེ་ནི་བསམ་ གཏན་གྱིའོ། །འདི་ལྟར་ངས་གང་དུ་སྤོབས་པ་བསྐྱེད་པར་འཆར་ཀ་ཁྱོད་ཀྱིས་ཀྱང་སྤོབས་པ་སྐྱེད་ཅིག་ཅེས་བཀའ་སྩལ་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ རྣམ་པར་སྨིན་པ་སྟེ། འདི་དག་ནི་རྒྱ་ཆེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ཡིད་བྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཡིད་བྱུང་བས་སྦྱིན་པ་བྱིན་པ་ནི། དཔེར་ན་རིག་པ་ འདོན་པ་དང། རྙེད་པ་དང། བཀུར་སྟི་ལྟ་བུ་གང་ཡིན་པ་དེ་ནི་སྦྱིན་པའོ། །འདི་ལྟར་ཤཱཀྱ་རྣམས་ལ་ལས་རྣམས་ནི་ཆུད་ཟ་བར་མི་འགྱུར་རོ་ཞེས་པ་གང་བཏུལ་བ་གང་ཡིན་པ་ དེ་ནི་ཚུལ་ཁྲིམས་སོ། །འདི་ལྟར་དཔལ་སྦས་ཀྱི་དྲུང་དུ་གཤེགས་པ་དེ་ནི་བཟོད་པའི་འོ། །འདི་ལྟར་སོག་མ་མེད་བཏུལ་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་སོ། ། བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཅང་མི་གསུང་བར་བསམ་གཏན་གྱིས་བཞུགས་པ་ལ་གསོལ་བ་འདེབས་པ་གང་ཡིན་པ་དེ་ནི་བསམ་གཏན་ནོ། །འདི་ལྟར་སྦྲུལ་ གདུག་པ་ལ་བརྟེན་ནས་ཐེག་པ་མཆོག་གསུང་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་ཡིད་བྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་གཞན་ལ་ [110A]༄༅། །དགེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། གཞན་ལ་བརྩེ་བའི་ཕྱིར་རང་གི་བདེ་བ་སྤངས་ཤིང་བདོག་པ་ཐམས་ཅད་གཏོང་བ་གང་ཡིན་པ་དེ་ནི་ སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །འདི་ལྟར་བྱང་ཆུབ་སེམས་དཔའ་པདྨའི་སྙིང་པོས་བརྩོན་འགྲུས་གྱི་ཕྱིར་ངའི་རྒྱུས་ན་ཁྱོད་དགའ་བར་གྱུར་ཅིག་ཁྱོད་ཀྱི་ཕྱིར་ནི་ང་བསྣུན་ཀྱང་ རུང་ཞེས་སྨྲས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །འདི་ལྟར་བྱས་པ་གཟོ་བའི་རུས་སྦལ་ཤེས་བཞིན་དུ་ཚོང་པ་རྣམས་བསྒྲལ་གང་ཡིན་པ་དེ་ནི་བཟོད་པའི་ འོ༑ ༑འདི་ལྟར་ཉ་ལ་གྲོག་སྦུར་རྣམས་ཀྱིས་ཟོས་ཀྱང་ཆུར་མ་སོང་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །སྲོག་ཆགས་རྣམས་ཀྱི་ཆེད་དུ་སྲིད་པ་ནི་མི་གཡོ་བ་གང་ཡིན་པ་ དེ་ནི་བསམ་གཏན་གྱིའོ། །ཀུ་རུ་ཞེས་བྱ་བའི་མདོ་སྡེ་ལས་དཔེར་བྱ་བ་འབྱུང་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་གཞན་ལ་དགེ་ བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་གཞན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྦྱིན་པ་བྱིན་ནས་དུལ་བར་བྱས་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །རི་བོང་གིས་བྲམ་ ཟེད་ལ་ཟོ་ལ་ནག་ཚལ་འདུག་ཅིག་ཅེས་སྨྲས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །ཚངས་པས་ཤ་ཟའི་གཟུགས་ཀྱིས་སེམས་ཅན་རྣམས་ལ་བདེ་འགྲོར་ཁྲིད་ [110B] །བྱང་ཆུབ་མ་ཐོབ་པའི་ཕྱིར་ངེས་པར་བྱུང་བའི་བརྩོན་འགྲུས་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །སྤྱི་བོ་དང་རིགས་གསུམ་གྱི་བསམ་ གཏན་གང་ཡིན་པ་དེ་ནི་བསམ་གཏན་ནོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཤེས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་གཞན་གྱི་ཕ་ རོལ་ཏུ་ཕྱིན་པ་དྲུག་གོ། དེ་ལ་ཡང་དག་པའི་སྤོང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། །སྡིག་པ་མི་དགེ་བ་མ་སྐྱེས་པ་རྣམས་མི་བསྐྱེད་པར་བྱ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོའང་ གང་ཞེ་ན། སོ་སོར་བརྟགས་པའི་སྟོབས་ཀྱིས་མོངས་པ་ཀུན་ཏུ་མི་འབྱུང་བ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའོ། །མི་དག་པའི་རྣམ་པར་སྨིན་པ་ མི་སྡུག་པ་ལ་རྟོག་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་སོ། །མི་དགེ་བའི་ངོ་བོ་ཁོང་དུ་ཆུད་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །མི་སྐྱེ་བ་ལ་རྟོག་པ་གང་ཡིན་པ་དེ་ནི་བརྩོན་ འགྲུས་སོ། །གཞན་ཡང་དག་པར་ལེན་དུ་འཇུག་པ་གང་ཡིན་པ་དེ་ནི་བསམ་གཏན་ནོ། །སྡིག་པ་མི་དགེ་བ་གཏན་དུ་མི་སྐྱེ་བ་གང་ཡིན་པ་དེ་ནི་ཤེས་རབ་སྟེ། འདི་དག་ནི་ སྡིག་པ་མི་དགེ་བ་མ་སྐྱེས་པ་རྣམས་མི་བསྐྱེད་པར་བྱ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་སྐྱེས་པ་རྣམས་སྤོང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཉོན་མོངས་པ་སྐྱེས་པའི་ [111A]༄༅། །སྐྱོན་མཐོང་ནས་འདོར་བ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའོ། །དེ་ལ་སྨོད་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ ཀྱིའོ༑ ༑དེ་སྤོང་ཞིང་འབར་བ་མེད་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །ཉོན་མོངས་པ་ཤེས་ཤིང་ཤེས་པས་ཉོན་མོངས་པ་ཟིལ་གྱིས་གནོན་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ ཀྱིའོ༑ ༑གང་ལ་རྟོག་ཅིང་དཔྱོད་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །སྤོང་བ་དང་མི་སྐྱེ་བ་ཤེས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་སྐྱེས་པ་རྣམས་ སྤོང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་དགེ་བ་མ་སྐྱེས་པ་རྣམས་བསྐྱེད་པར་བྱ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན་དགེ་བ་ལ་འདུན་ཅིང་རྨོངས་པ་མེད་པ་གང་ཡིན་པ་ དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྣམས་པར་སྨིན་པའོ། །དགེ་བ་ཐོབ་པ་ལ་དགའ་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །སྟོང་པ་ཉིད་ཀྱི་རྣམ་པས་དགེ་བ་ལ་རྟོག་པ་ གང་ཡིན་པ་དེ་ནི་བཟོད་པའི་འོ། །ལུས་དང་སེམས་ཀྱིས་ཕ་རོལ་གནོན་པ་ལ་ཐོགས་པ་མེད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །ཐོབ་པ་དང་མཚན་མ་མེད་པར་ འཛིན་པ་ལ་མི་བརྗེད་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །ཐོབ་པའི་རྒྱུ་ལ་མི་སྐྱེ་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་ [111B]ཏུ་ཕྱིན་པ་དྲུག་གོ་དེ་ལ་དགེ་བ་སྐྱེས་པ་རྣམས་ཕྱིར་ཞིང་གནས་པར་བྱ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། དགེ་བ་ སྐྱེས་པ་རྣམས་ཆུད་ཟ་བ་མེད་པ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའོ། །དེ་དག་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །སྦྱོར་ བ་ལས་སྡོད་པ་ལས་ངེས་པར་བྱུང་བ་གང་ཡིན་པ་དེ་ནི་བཟོད་པའི་འོ། །ཀུན་ཏུ་སྲུང་ཞིང་ཀུན་ནས་མ་རྨོངས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །བསྒོམས་པའི་སྟོབས་ ཅན་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །ཡོངས་སུ་བསྔོ་བ་ཐམས་ཅད་ཀྱི་རྗེས་སུ་འཇུག་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་དགེ་བའི་ཆོས་སྐྱེས་པ་རྣམས་ ཕྱིར་ཞིང་གནས་པར་བྱ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་རྫུ་འཕྲུལ་གྱི་རྐང་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན་དེ་ལ་འདུན་པ་སྤོང་བ་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པའི་ ཕ་རོལ་ཏུ་ཕྱིན་པ་དྲུག་པའང་གང་ཞེ་ན། འདུན་པ་དེ་སྐྱེ་བ་ལ་ཐོགས་པ་མེད་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །འདུན་པ་དེ་མི་གཏོང་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། ། དུན་པ་དེ་བརྗོད་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །འདུན་པ་ངེས་པར་བྱུང་བ་འཛིན་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །དེ་ལ་རྟོག་པ་གང་ཡིན་པ་དེ་ནི་བསམ་གཏན་ [112A]༄༅། །གྱིའོ༑ ༑འདུན་པ་དེ་ལ་ངེས་པར་ཐོབ་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་འདུན་པ་སྤོང་བ་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པའི་ ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་བརྩོན་འགྲུས་སྤོང་བའི་རྫུ་འཕྲུལ་གྱི་རྐང་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཅང་མི་སྨྲ་བས་ཐོབ་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་སྦྱིན་ པའི་འོ༑ ༑བརྩོན་འགྲུས་ལ་རེག་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །ཡིད་དུ་འོང་བའི་བརྩོན་འགྲུས་གང་ཡིན་པ་དེ་ནི་བཟོད་པའི་འོ། །ཐོབ་པར་རྩོམ་ཞིང་ངེས་པར་ འབྱུང་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །དེས་པ་ལ་ཆོག་ཤེས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །ཡོངས་སུ་བསྔོ་བ་ཐམས་ཅད་ཀྱི་རྗེས་སུ་སོང་བ་གང་ ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་བརྩོན་འགྲུས་སྤོང་བའི་རྫུ་འཕྲུལ་གྱི་རྐང་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་སེམས་སྤོང་བའི་རྫུ་འཕྲུལ་གྱི་རྐང་པའི་ཕ་རོལ་ ཏུ་ཕྱིན་པ་དྲུག་གང་ཞེ་ན། སེམས་ལ་མཉམ་པ་ཉིད་དུ་རྟོགས་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །དེ་ལ་མི་དགའ་བ་མེད་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །སྐྱེ་ བ་དང་འཇིག་པ་རྟོགས་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །མཚན་མ་མེད་པ་ཐོབ་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །སེམས་ཀུན་ནས་དཀྲིས་པ་དང་བྲལ་པ་ [112B] །བག་ལ་ཉལ་ཀུན་ནས་འཇོམས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་སེམས་སྤོང་བའི་རྫུ་འཕྲུལ་གྱི་རྐང་པའི་ ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་དཔྱོད་པ་སྤོང་བའི་རྫུ་འཕྲུལ་གྱི་རྐང་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། དཔྱོད་པ་ལ་མི་དགའ་བ་མེད་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ་ །ཡང་དག་པ་ཐོབ་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །རིགས་པར་རྟོགས་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །རྣམ་པར་གནོན་པ་ཐམས་ཅད་ཀྱི་རྗེས་སུ་སོང་བ་གང་ ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །བག་ཆགས་ཁོང་དུ་ཆུད་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །བག་ཆགས་སྤོང་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། །འདི་དག་ ནི་དཔྱོད་པ་སྤོང་བའི་རྫུ་འཕྲུལ་གྱི་རྐང་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་བསམ་གཏན་དང་པོའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། །དམིགས་པ་ཐོབ་པ་གང་ཡིན་པ་དེ་ནི་ སྦྱིན་པའི་འོ། །ཁྱིམ་ལ་རྟོག་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །བསམ་གཏན་དང་པོ་མ་ཉམས་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །ཡན་ལག་ལྔ་སྤོང་བ་གང་ཡིན་ པ་དེ་ནི་བརྩོན་འགྲུས་ཀྱིའོ། །རྩེ་གཅིག་པ་ཐོབ་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །ཡན་ལག་ལྔ་ལྡན་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ [113A]༄༅། །བསམ་གཏན་དང་པོའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་བསམ་གཏན་གཉིས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བསམ་གཏན་གཉིས་ པ་ལ་མཚན་མར་འཛིན་པ་སྤོང་ཞིང་ཏུ་སྦྱངས་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །བར་ཆད་མེད་པར་ཤེས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །རྟོག་པ་གང་ ཡིན་པ་དེ་ནི་བཟོད་པའི་འོ། །ཤུགས་མི་གཏོང་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །ཐར་པ་ལ་དམིགས་ཤིང་སྙོམས་པར་འཇུག་པ་གང་ཡིན་པ་དེ་ནི་བསམ་གཏན་ གྱིའོ༑ ༑བདག་དང་གཞན་ལ་ཕན་པ་དང་ལྡན་པར་མཐོང་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་བསམ་གཏན་གཉིས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ ལ་བསམ་གཏན་གསུམ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བསམ་གཏན་གསུམ་པའི་རོ་མྱང་བ་སྤངས་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །རོ་མྱང་བ་མེད་པ་ལ་ དགའ་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །དགའ་བ་དོན་དུ་གཉེར་བ་གང་ཡིན་པ་དེ་ནི་བཟོད་པའི་འོ། །ཀུན་ནས་འཛིན་ཅིང་མ་བརྗེད་པ་གང་ཡིན་པ་དེ་ནི་ བརྩོན་འགྲུས་ཀྱིའོ། །བློ་བརྟན་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །ཟག་པ་ཟད་པའི་རྒྱུ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ་འདི་དག་ནི་བསམ་གཏན་གསུམ་ [113B]དེ་ལ་བསམ་གཏན་བཞི་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། །བསམ་གཏན་བཞི་པའི་བདེ་བ་ལ་རྟོག་ཅིང་སྤོང་བ་གང་ཡིན་པ་དེ་ནི་སྦྱིན་པའི་ འོ༑ ༑སྡུག་བསྔལ་ལ་རྟོག་ཅིང་སྤོང་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །ནུབ་པ་ལ་རྟོག་པ་གང་ཡིན་པ་དེ་ནི་བཟོད་པའི་འོ་།བཏང་སྙོམས་ཐོབ་པ་གང་ཡིན་པ་དེ་ ནི་བརྩོན་འགྲུས་ཀྱིའོ། །དྲན་པ་ཐོབ་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །ཡོངས་སུ་དག་པ་ཐོབ་ནས་འཆི་བ་མེད་པར་ཡོངས་སུ་བསྔོས་པ་གང་ཡིན་པ་དེ་ནི་ཤེས་རབ་ ཀྱི་སྟེ༑ འདི་དག་ནི་བསམ་གཏན་བཞི་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་དྲན་པ་ཉེ་བར་གཞག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། དེ་ལ་ལུས་དྲན་པ་ཉེ་བར་གཞག་ པའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོའང་གང་ཞེ་ན། ལུས་ལ་མི་སྡུག་པ་རྟོག་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །དེ་ལ་རྟོག་པ་ལ་མི་ལྟ་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། ། བདག་མེད་པ་ལ་མོས་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །གཡོ་བ་མེད་པར་མཐོང་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །ངོ་བོ་ཉིད་མཐོང་བ་གང་ཡིན་པ་དེ་ནི་བསམ་ གཏན་གྱིའོ། །སྐྱེ་བ་མེད་པར་མཐོང་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ལུས་དྲན་པ་ཉེ་བར་གཞག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ཚོར་བ་དྲན་པ་ [114A]༄༅། །ཉེ་བར་གཞག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བདེ་བའི་ཚོར་བ་ལ་ལྷག་པར་ཆགས་པ་མེད་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །ཚོར་བ་ སྡུག་བསྔལ་བར་མཐོང་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ་།སྟོང་པ་ཉིད་ལ་མོས་པ་གང་ཡིན་པ་དེ་ནི་བཟོད་པའིོ། །ཚོར་བ་ལ་མངོན་པར་ཞེན་པ་མེད་པ་གང་ཡིན་པ་ དེ་ནི་བརྩོན་འགྲུས་ཀྱིའོ། །བདེ་བའི་ཚོར་བ་ལ་མི་ལྟ་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །ཚོར་བ་ཐམས་ཅད་ལ་མཉམ་པ་ཉིད་ཀྱིས་སྤོང་བ་གང་ཡིན་པ་དེ་ནི་ཤེས་རབ་ ཀྱི་སྟེ༑ འདི་དག་ནི་ཚོར་བ་དྲན་པ་ཉེ་བར་གཞག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་སེམས་དྲན་པ་ཉེ་བར་གཞག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྤོང་བ་ལ་དམིགས་ པའི་སེམས་མཐོང་བ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །སེམས་དེའི་སྐྱོན་མཐོང་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །གཡོ་བ་མེད་པ་ལ་རྣམ་པར་དཔྱོད་པ་གང་ཡིན་པ་དེ་ ནི་བཟོད་པའི་འོ། །སེམས་ཀྱི་སྤྱོད་ཡུལ་ཡང་བ་བཟློག་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །གཞན་གྱི་ཕྱིར་སེམས་དགའ་བར་འགྱུར་བ་གང་ཡིན་པ་དེ་ནི་བསམ་ གཏན་གྱིའོ། །རྐྱེན་ལ་རག་ལས་པ་མཐོང་ནས་མཚན་མ་མེད་པ་བསྒོམ་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། །འདི་དག་ནི་སེམས་དྲན་པ་ཉེ་བར་གཞག་པའི་ཕ་རོལ་དུ་ཕྱིན་པ་ [114B]དེ་ལ་ཆོས་དྲན་པ་ཉེ་བར་གཞག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཆོས་རྣམས་ཀྱི་རྣམ་པ་མཐོང་བ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །ཆོས་རྣམས་ལ་རྟོག་པ་གང་ཡིན་ པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །ཆོས་རྣམས་ལ་སྐྱེ་བས་དབེན་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །ཆོས་རྣམས་ལ་ལྟ་བ་མཆོག་ཏུ་འཛིན་པ་སྤངས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ ཀྱིའོ༑ ༑ཆོས་རྣམས་ལ་མངོན་པར་ཞེན་པ་སྤངས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །རྟེན་ཅིང་འབྲེལ་བར་འབྱུང་ལ་མཐོང་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་ དག་ནི་ཆོས་དྲན་པ་ཉེ་བར་གཞག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་འཕགས་པ་བསྐལ་པ་བཟང་པོ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་བདུན་པ་ དེ་ལ་སྡུག་བསྔལ་འཕགས་པའི་བདེན་པ་མཐོང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྡུག་བསྔལ་ཡོངས་སུ་གཏོང་བར་མཐོང་བ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །སྡུག་ བསྔལ་ལ་ཡིད་བྱུང་བར་མཐོང་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །སྡུག་བསྔལ་གསོབ་ཏུ་མཐོང་བ་གང་ཡིན་པ་དེ་ནི་བཟོད་པའི་འོ། །སྡུག་བསྔལ་ཆེན་པོར་ མཐོང་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །སྡུག་བསྔལ་གྱི་རང་བཞིན་མཐོང་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །སྡུག་བསྔལ་ཡོངས་སུ་ཤེས་པ་མཐོང་བ་གང་ཡིན་ [115A]༄༅། །པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་སྡུག་བསྔལ་འཕགས་པའི་བདེན་པ་མཐོང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ཀུན་འབྱུང་བའི་བདེན་ པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཀུན་འབྱུང་བ་ཡོངས་སུ་གཏོང་བའི་སེམས་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །ཀུན་འབྱུང་བའི་ཉེས་དམིགས་མཐོང་བ་གང་ཡིན་པ་དེ་ནི་ ཚུལ་ཁྲིམས་ཀྱིའོ། །ཚོགས་པ་ལས་བྱུང་བ་ལས་དཔྱོད་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །སྲིད་པའི་འཁོར་མཐོང་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །ཀུན་ནས་དཀྲིས་ པ་དང། བག་ལ་ཉལ་བ་འཇོམས་པར་མཐོང་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །ངེས་པར་སྤོང་བར་མཐོང་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ ཀུན་འབྱུང་བའི་བདེན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་འགོག་པའི་བདེན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། འགོག་པ་ལ་རེག་པར་བྱས་ནས་སྨོན་པ་ནུབ་པ་སྒོམ་ པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །འགོག་པ་ལ་དགའ་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །འདུ་ཤེས་འགོག་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །ཚོར་བ་ འགོག་པ་ལ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །དབེན་པ་ལ་སྦྱོར་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །འགོག་པ་མངོན་སུམ་དུ་བྱ་བའི་ཕྱིར་སྙོམས་པར་འཇུག་ [115B] འདི་དག་ནི་འགོག་པའི་བདེན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་ལམ་གྱི་བདེན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ལམ་གྱི་ གྲོགས་ཐོབ་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །ལམ་ལ་དགའ་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །ལམ་གཞན་མ་ཡིན་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་བཟོད་པའི་ འོ༑ ༑ལམ་གྱི་དམིགས་པ་འཛིན་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །ལམ་ལ་མ་རྨོངས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ་།ཆོས་ཐམས་ཅད་དངོས་པོ་ཇི་ལྟ་བ་བཞིན་ ལམ་གྱིས་ཤེས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ལམ་གྱི་བདེན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། དེ་ལ་དད་པའི་དབང་པོའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ ཞེ་ན༑ དད་ནས་ཚུལ་ཁྲིམས་འཆལ་པ་སྤོང་བ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །དད་པ་རྗེས་སུ་སྒོམ་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །དད་པའི་མཆོག་ཏུ་དགའ་ བ་ཐོབ་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །དད་པའི་གནས་ཡང་དག་པ་ཀུན་ནས་རབ་ཏུ་འཛིན་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །ཐར་པའི་དབང་པོ་དང་མཚུངས་ པར་ལྡན་པའི་དད་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །བྱང་ཆུབ་ཀྱི་སྣོད་དུ་གྱུར་པའི་དད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་དད་པའི་དབང་པོའི་ [116A]༄༅། །ཕ་རོལ་ཏུ་ཕྱིན་པ་དྲུག་གོ། དེ་ལ་བརྩོན་འགྲུས་ཀྱི་དབང་པོ་དང་མཚུངས་པར་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བརྩོན་འགྲུས་ཀྱི་དབང་པོ་ ཡིད་ལ་བཅགས་པ་མེད་ཅིང་ཕ་རོལ་གནོན་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །འདུས་བྱས་ལ་ལྷག་པར་ཞེན་པ་མེད་ཅིང་འདུས་མ་བྱས་ལ་བལྟ་བ་གང་ཡིན་པ་དེ་ནི་ ཚུལ་ཁྲིམས་ཀྱིའོ། །བྱ་བ་ཐམས་ཅད་ལ་ཐོགས་པ་མེད་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །ཐག་རིང་པོ་ཡོངས་སུ་བསྔོ་བའི་སྨོན་ལམ་གང་ཡིན་པ་དེ་ནི་བརྩོན་ འགྲུས་ཀྱིའོ། །དུས་དང་ལྡན་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་དེའི་ངོ་བོ་ གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་བརྩོན་འགྲུས་ཀྱི་དབང་པོ་དང་མཚུངས་པར་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་།དེ་ལ་དྲན་པའི་དབང་པོ་དང་ མཚུངས་པར་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཡང་དག་པ་མཐོང་ནས་ཁྱིམ་ཡོངས་སུ་འཛིན་པའི་སྐྱོན་སྤོང་བ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །འདུས་བྱས་ ཀྱི་འབྲས་བུ་དང་འཇིག་རྟེན་ལ་རྟོག་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །ཉོན་མོངས་པས་སྐྱོ་བ་མེད་ཅིང་སྡུག་བསྔལ་བར་མི་སེམས་པ་གང་ཡིན་པ་དེ་ནི་བཟོད་ [116B] ༑ཆོས་རྣམས་འཛིན་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །ཉེ་བར་ཞི་བ་དག་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ་།སེམས་ཅན་ཐམས་ཅད་ལ་ཆོས་རྣམས་ ཀྱིས་རྒྱས་པར་བྱེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། །འདི་དག་ནི་དྲན་པའི་དབང་པོ་དང་མཚུངས་པར་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ཏིང་ངེ་འཛིན་གྱི་དབང་པོ་ དང་མཚུངས་པར་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན་ཚེགས་ཆུང་དུས་ཉེ་བའི་ཉོན་མོངས་པ་འདོར་བའི་ཏིང་ངེ་འཛིན་གྱི་དབང་པོ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །ཏིང་ ངེ་འཛིན་ལ་བརྟེན་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །ཏིང་ངེ་འཛིན་ཤིན་ཏུ་གནས་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །ཆོས་རྣམས་ཀྱི་རྣམ་པ་ལ་དམིགས་པ་གང་ ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །ཏིང་ངེ་འཛིན་རྩེ་གཅིག་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །ཏིང་ངེ་འཛིན་སྟོབས་ཅན་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་ དག་ནི་ཏིང་ངེ་འཛིན་གྱི་དབང་པོ་དང་མཚུངས་པར་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ཤེས་རབ་ཀྱི་དབང་པོ་དང་མཚུངས་པར་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ ན༑ དངོས་པོ་ཐམས་ཅད་བརྟགས་ནས་སྤོང་བའི་ཤེས་རབ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །མངོན་པར་ཞེན་པ་མེད་པའི་ཤེས་རབ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། ། [117A]༄༅། །སེམས་ཅན་གྱི་ཉོན་མོངས་པ་བཟོད་པའི་ཤེས་རབ་གང་ཡིན་པ་དེ་ནི་བཟོད་པའི་འོ། །རང་བཞིན་གྱིས་རྟོགས་པ་འཛིན་པའི་ཤེས་རབ་གང་ཡིན་པ་དེ་ ནི་བརྩོན་འགྲུས་ཀྱིའོ། །ཉེ་བར་ཞི་བ་ལ་དམིགས་པའི་ཤེས་རབ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །ཐར་པ་མི་སྒྲུབ་པའི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ་ །འདི་དག་ནི་ཤེས་རབ་ཀྱི་དབང་པོ་དང་མཚུངས་པར་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་དད་པའི་སྟོབས་དང་མཚུངས་པར་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ ན། དད་པ་མི་འཕྲོག་པ་ནི། དཔེར་ན་རྒྱལ་པོ་གཞོན་ནུ་སེངྒེའི་ལྟ་བུ་གང་ཡིན་པ་དེ་ནི་སྦྱིན་པའིོ། །ཚུལ་ཁྲིམས་ཀྱིས་བསྒོམས་པ་ཉམས་པ་ནི། དཔེར་ན་གླང་པོ་ ཆེའི་ཕྲུ་གུས་མེ་ལོང་མ་དྲན་ནས་ཟས་ཡི་ཟ་བ་ལྟ་བུ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །རུས་པ་སོ་སོར་གྱེས་ཀྱང་བྱམས་པ་མི་གཏོང་བ་ནི། དཔེར་ན་སྲོག་ཆགས་སུ་ གྱུར་པ་རྣམས་ལ་བྱང་ཆུབ་སེམས་དཔའ་ཞི་བའི་ལྟ་བུ་གང་ཡིན་པ་དེ་ནི་བཟོད་པའི་འོ། །ཐོགས་པ་མེད་པའི་བརྩོན་འགྲུས་ནི། དཔེར་ན་རྒྱ་མཚོ་ཆེན་པོ་སྐེམ་པ་ལྟ་བུ་ གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །ཆོས་བཟང་གི་ཁང་བཟང་དུ་བསམ་གཏན་བསྐྱེད་པ་ན་རྣམ་པར་རྟོག་པ་རྣམས་འཇོག་པར་བྱེད་པ་གང་ཡིན་པ་དེ་ནི་བསམ་གཏན་ [117B] ༑འཕགས་པ་ངེས་པར་འབྱུང་བའི་ཤེས་རབ་ནི། དཔེར་ན་བརྩོན་འགྲུས་སྤྱོད་པའི་ལྟ་བུ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་དད་པའི་སྟོབས་དང་མཚུངས་ པར་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་བརྩོན་འགྲུས་ཀྱི་སྟོབས་དང་མཚུངས་པར་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཤིན་ཏུ་བཟོད་ཅིང་ཕ་རོལ་གནོན་པ་གང་ ཡིན་པ་དེ་ནི་སྦྱིན་པའི་འོ། །མཐུ་ཅན་ལ་གཞན་གྱིས་གནོད་པ་བྱས་ཀྱང་དེ་ལ་དང་དུ་ལེན་པ་ནི། དཔེར་ན་རྒྱལ་པོའི་བུ་ཀུ་ཤའི་ལྟ་བུ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ་ །སྤྱོད་པ་ཐོས་ཀྱང་དང་དུ་ལེན་པ་ནི། དཔེར་ན་མིག་བཟང་བཙུན་མོ་དམ་པས་ཡི་ཆད་ཀྱང་དང་དུ་ལེན་པ་ལྟ་བུ་གང་ཡིན་པ་དེ་ནི་བཟོད་པའི་འོ། །སྲེད་པས་མི་འཕྲོག་པའི་བརྩོན་ འགྲུས་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །བསམ་གཏན་ཐམས་ཅད་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །སྐྱེ་བ་ལས་འདས་ཀྱང་རྗེས་སུ་འཇུག་པའི་ཤེས་རབ་ནི། དཔེར་ ན་བྲམ་ཟེའི་བུ་བླ་མའི་ལྟ་བུ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་བརྩོན་འགྲུས་ཀྱི་སྟོབས་དང་མཚུངས་པར་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་དྲན་ པའི་སྟོབས་དང་མཚུངས་པར་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ལྷ་ཡུལ་དག་དྲན་པ་རྒྱུན་མི་ཆད་ཀྱང་ལྷའི་འདོད་པ་དག་ལ་ལྷག་པར་ཆགས་པ་མེད་པ་གང་ཡིན་པ་དེ་ནི་ [118A] །ལྷའི་བུ་མོ་དག་གི་ཉེས་དམིགས་མཐོང་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །གཞལ་མེད་ཁང་དག་ལ་མངོན་པར་དགའ་ བ་མེད་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །ལྷར་གྱུར་ནས་ཐར་པ་ལ་རེ་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །ལྷའི་འཁོར་གྱི་འདུ་འཛི་ལ་མི་གནས་པ་གང་ཡིན་པ་ དེ་ནི་བསམ་གཏན་གྱིའོ། །ལྷ་རྣམས་ཆོས་སྟོན་པ་ལ་མངོན་པར་ཆགས་པ་མེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་དྲན་པའི་སྟོབས་དང་མཚུངས་པར་ ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ཏིང་ངེ་འཛིན་གྱི་སྟོབས་དང་མཚུངས་པར་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། དངོས་པོ་ཡོངས་སུ་བཏང་ནས་ཏིང་ངེ་ འཛིན་ལ་དགའ་བ་ནི། དཔེར་ན་རྒྱལ་པོ་ལྷ་ཆེན་པོས་རྒྱལ་སྲིད་པོར་ཏེ་རབ་ཏུ་བྱུང་བའི་ལྟ་བུ་གང་ཡིན་པ་དེ་ནི་སྦྱིན་པའི་འོ་།སེམས་ཀྱི་སྦྱོར་བ་ལུས་དང་ངག་གི་ ལྷག་མ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །ལེགས་པར་བྱེད་པའི་ལས་བྱེད་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །ཆོས་ཇི་ལྟ་བ་བཞིན་དུ་རྟོགས་པ་གང་ཡིན་པ་དེ་ ནི་བརྩོན་འགྲུས་ཀྱིའོ། །སྟོང་པའི་ཆོས་ལ་ལྷག་པར་མཐོང་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །འཇིག་རྟེན་པའི་ཆོས་ཀྱིས་མ་གཏུགས་པ་གང་ཡིན་པ་དེ་ནི་ [118B]པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ཏིང་ངེ་འཛིན་གྱི་སྟོབས་དང་མཚུངས་པར་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ ཤེས་རབ་ཀྱི་སྟོབས་དང་མཚུངས་པར་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། མགོ་ཡོངས་སུ་བཏང་ཡང་སྒྱིད་མ་ལུག་པ་ནི་དཔེར་ན་ཡུལ་ཀ་ཤིའི་རྒྱལ་པོ་ལྟ་བུ་གང་ཡིན་ པ་དེ་ནི་སྦྱིན་པའི་འོ། །གཞན་ལ་བརྩེ་བའི་ཕྱིར་བདག་ཉིད་ཡོངས་སུ་གཏོང་བ་ནི། དཔེར་ན་འགྲོན་པོའི་དོན་དུ་བྱང་ཆུབ་སེམས་དཔའ་གནོད་སྦྱིན་ལ་བདག་ཉིད་བཏང་སྟེ་ མིའི་གཏོར་མ་བདེ་བར་ཕྱིན་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །མུ་ཏིག་གི་ཕྱིར་རྒྱ་མཚོར་ལན་གསུམ་དུ་འགྲོན་ནི་ཏས་ཕུག་ཀྱང་བཟོད་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། ། ལེགས་སྡུག་སྡུག་བསྔལ་ཐོབ་ནས་སྦྱིན་པ་མི་སྦྱིན་ཞིང་སེམས་ཞུམ་པས་ལན་བདུན་དུ་རྒྱ་མཚོ་ཆེན་པོར་ཞུགས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །སྐྱེ་བ་རྣམས་སུ་ཇི་ལྟར་ འདོད་པ་བཞིན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །སྟོན་པ་བཏང་བ་ན་བྱང་ཆུབ་སེམས་དཔའ་གསོལ་བ་འདེབས་ཀྱིས་ཚུལ་ལེགས་པར་ ཆོམ་རྐུན་གཡག་པོ་ཁོང་དུ་ཆུད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ཤེས་རབ་ཀྱི་སྟོབས་དང་མཚུངས་པར་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་དྲན་པ་ [119A]༄༅། །ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། མི་དགེ་བ་སྤོང་བའི་དྲན་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། ཡིད་ དུ་འོང་བའི་འདུ་ཤེས་ལ་གནས་པའི་དྲན་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །ཆོས་རྣམས་ཀྱི་བརྡ་དྲན་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །བརྩོན་འགྲུས་ཆུང་མི་ཟ་ བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །སྟོབས་རྣམས་རྣམ་པར་སྒོམ་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །དྲན་པ་དང་ཐར་པའི་སྟོབས་གང་ཡིན་པ་དེ་ནི་ཤེས་ རབ་ཀྱི་སྟེ། འདི་དག་ནི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་ཕ་རོལ་ ཏུ་ཕྱིན་པ་དྲུག་གང་ཞེ་ན། ཆོས་རྣམ་པར་འབྱེད་པས་སྐྱོན་སྤོང་བ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །ཆོས་རྣམ་པར་འབྱེད་པས་ཐར་པ་དང་མཐུན་པ་གང་ཡིན་པ་དེ་ནི་ ཚུལ་ཁྲིམས་ཀྱིའོ། །མཐའ་གཉིས་ཡོངས་སུ་སྤོང་བ་གང་ཡིན་པ་དེ་ནི་བཟོད་པའི་འོ། །ཆོས་རྣམ་པར་འབྱེད་པ་རྒྱུན་མི་འཆད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ ཀྱིའོ༑ ༑ཆོས་རྣམ་པར་འབྱེད་པ་སྒྲོ་མི་འདོགས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །འདི་དག་ཐམས་ཅད་ལ་མི་འཛིན་པར་སྒོམ་པ་གང་ཡིན་པ་དེ་ནི་ཤེས་རབ་ [119B] འདི་དག་ནི་ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་ཕ་རོལ་ ཏུ་ཕྱིན་པ་དྲུག་གང་ཞེ་ན། རྟོགས་ནས་རྗེས་སུ་ཆགས་པའི་དངོས་པོ་སྤོང་བ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །བརྩོན་འགྲུས་བླ་ན་མེད་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ ཀྱིའོ༑ ༑བརྩོན་འགྲུས་ལ་མངོན་པར་ཞེན་པ་མེད་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །བདག་དང། སེམས་ཅན་དང། སྲོག་དང། གསོ་བ་བསལ་བ་ལ་མི་གནས་པ་གང་ ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །ཀུན་ཏུ་སྦྱོར་བ་རྣམས་ལ་ཇི་མི་མཇེད་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །བདག་ཉིད་དཔྱོད་ཅིང་བཟོ་ཐམས་ཅད་སྒྲུབ་ལ་ས་ བདུན་པའི་ཤེས་པ་ཡོངས་སུ་མ་གཏུགས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་ཕ་རོལ་ཏུ་ཕྱིན་པ་དྲུག་ གོ་དེ་ལ་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཡན་ལག་གི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ལུས་ཤིན་ཏུ་སྦྱངས་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །སེམས་ཤིན་ཏུ་ སྦྱངས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །འཁོར་བ་ལ་བརྐམ་པ་མེད་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །ཤིན་དུ་སྦྱངས་པ་རྒྱུན་མི་ཆད་པ་གང་ཡིན་པ་དེ་ནི་ [120A]༄༅། །བརྩོན་འགྲུས་ཀྱིའོ། །ཤིན་དུ་སྦྱངས་པ་སྒོམ་པའི་སོ་སོར་བརྟགས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །ཤིན་ཏུ་སྦྱངས་པ་ཡང་དག་པ་ལ་ རྟོག་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ཏིང་ངེ་འཛིན་ཡང་ དག་བྱང་ཆུབ་ཀྱི་ཡན་ལག་གི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཏིང་ངེ་འཛིན་འཕགས་པ་ཐོབ་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །ཐོབ་པ་ལ་མི་དགའ་བ་མེད་པ་གང་ ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །ཏིང་ངེ་འཛིན་གྱི་ཡན་ལག་འཛིན་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །ཏིང་ངེ་འཛིན་རྒྱུན་ཆད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ ཀྱིའོ༑ ༑བལྟ་ཞིང་རྟོག་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ་།རྟོགས་པ་དང་ལྡན་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ཏིང་ངེ་འཛིན་ཡང་དག་ བྱང་ཆུབ་ཀྱི་ཡན་ལག་གི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། དགའ་བ་ཅི་སྤངས་ཀྱང་ གདུང་པ་མེད་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །ལུས་དང། ངག་བཏང་སྙོམས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །སེམས་ཅན་གྱིས་དབེན་པ་ལ་མི་གནས་པ་ [120B] །སྒྱུ་མ་ལ་མི་གནས་པ་མི་འདོར་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །སེམས་མ་གཏུགས་ཤིང་ཡིད་བྱུང་བ་མེད་པ་གང་ཡིན་པ་དེ་ནི་བསམ་ གཏན་གྱིའོ། །ཆོས་ཐམས་ཅད་ལ་སྐད་ཅིག་པར་རྟོག་ཅིང་དང་དུ་ལེན་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། །འདི་དག་ནི་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་ཕ་རོལ་ཏུ་ ཕྱིན་པ་དྲུག་གོ་དེ་ལ་ཡང་དག་པའི་ལྟ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། འཕགས་པ་ཡང་དག་པའི་ལྟ་བ་རྟོགས་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །ཁོང་དུ་ཆུད་ ནས་ཀུན་ནས་ཉོན་མོངས་པ་མེད་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །ཁོང་དུ་ཆུད་ནས་རིགས་པ་རྟོགས་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །ངེས་པར་བརྟགས་ནས་ གཞན་ལ་ཕན་པ་ཐོབ་པར་བྱེད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །མཐའ་ཡས་པ་ལ་དཔྱོད་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །རྣམ་པར་སྨིན་པ་སྡུག་པ་གང་ ཡིན་པ་དེ་ནི་ཤེས་ཀྱི་སྟེ། འདི་དག་ནི་ཡང་དག་པའི་ལྟ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ཡང་དག་པའི་རྟོག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཡང་དག་ པའི་རྟོག་པའི་རྣམ་པར་སྨིན་པར་བྱེད་པ་སྤོང་བ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །ཡང་དག་པའི་རྟོག་པ་ལ་མི་དགའ་བ་མེད་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །རྐྱེན་ཇི་ལྟ་ [121A]༄༅། །བ་རྣམས་ལ་ས་དང་ས་མ་ཡིན་པ་ཡོངས་སུ་ཤེས་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །ཡང་དག་པའི་རྟོག་པ་སྦྱོར་བ་ཐམས་ཅད་ལ་མི་བསྟེན་ པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །ཡང་དག་པའི་རྟོག་པའི་དབང་གིས་ཡོངས་སུ་བསྔོས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ་།འཇིག་རྟེན་པ་དང། འཇིག་རྟེན་ ལས་འདས་པ་རྣམས་ཡང་དག་པ་དང། ཡང་དག་པ་མ་ཡིན་པར་ཡང་དག་པར་རྟོག་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ཡང་དག་པའི་རྟོག་པའི་ཕ་ རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ཡང་དག་པའི་ངག་གི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཚིག་སྐྱོན་མེད་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །ཚིག་རིགས་པ་གང་ཡིན་པ་དེ་ནི་ ཚུལ་ཁྲིམས་ཀྱིའོ། །འཕགས་པའི་ཚིག་གང་ཡིན་པ་དེ་ནི་བཟོད་པའི་འོ། །སོ་སོ་ཡང་དག་པར་རིག་པའི་ཚིག་སྒྲུབ་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །འཇིག་རྟེན་པ་ མངོན་པར་དགའ་བའི་ཚིག་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །ཚིག་བདེན་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ཡང་དག་པའི་ངག་གི་ཕ་རོལ་ ཏུ་ཕྱིན་པ་དྲུག་གོ་དེ་ལ་ཡང་དག་པའི་ལས་ཀྱི་མཐའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཡང་དག་པའི་ལས་ཀྱི་མཐའི་འབྲས་བུ་ཡོད་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །ཡང་ [121B]ཚུལ་ཁྲིམས་ཀྱིའོ། །ཡང་དག་པའི་ལས་ཀྱི་མཐའ་ལ་མི་དམིགས་པའི་སྦྱོར་བ་གང་ཡིན་པ་དེ་ནི་བཟོད་ པའི་འོ༑ ༑ཡང་དག་པའི་ལས་ཀྱི་མཐའ་ཐམས་ཅད་དུ་མི་འཇུག་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །གནས་པ་མེད་པ་ཡོངས་སུ་བཟུང་བ་གང་ཡིན་པ་དེ་ནི་བསམ་ གཏན་གྱིའོ༑ ༑ཡང་དག་པའི་ལས་ཀྱི་མཐའ་མ་བརྟགས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ཡང་དག་པའི་ལས་ཀྱི་མཐའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ ཡང་དག་པའི་འཚོ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན་ཡང་དག་པའི་འཚོ་བ་ལ་དགའ་བ་གང་ཡིན་པ་དེ་ནི་སྦྱིན་པའི་འོ་།མྱ་ངན་ལས་འདས་པའི་ཉེ་བར་འཚོ་བ་གང་ ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་སྙིང་རྗེ་གང་ཡིན་པ་དེ་ནི་བཟོད་པའི་འོ། །ཆོས་རྟོགས་པས་ཉེ་བར་འཚོ་བ་གང་ཡིན་པ་དེ་ནི་ བརྩོན་འགྲུས་ཀྱིའོ། །སེམས་ཅན་མེད་པས་ཉེ་བར་འཚོ་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །ཟང་ཟིང་མེད་པས་ཉེ་བར་འཚོ་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ་ འདི་དག་ནི་ཡང་དག་པའི་འཚོ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་།དེ་ལ་ཡང་དག་པའི་རྩོལ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཐམས་ཅད་སྤངས་ཏེ་དགོན་པའི་གནས་ [122A]༄༅། །མེ་འདོར་བ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །ལུས་དང་ངག་ཡང་དག་པ་ལ་སྦྱོར་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ་།དམིགས་པ་ལ་མི་ གནས་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །གཟུངས་ཐོབ་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །བརྡ་ལ་སྦྱོར་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །གནོད་པ་ མེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ཡང་དག་པའི་རྩོལ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ཡང་དག་པའི་དྲན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ ཞེ་ན༑ འདུས་བྱས་ལ་མི་ལྟ་བའི་དྲན་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །ཆོས་ཐམས་ཅད་ཀྱི་སྐྱོན་དང་ཡོན་ཏན་འཇལ་བར་བྱེད་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། ། རྒྱུན་མི་ཆད་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །བག་ཡོད་པའི་རྣམ་པར་སྨིན་པ་དྲན་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ་།ཆོས་ཐམས་ཅད་ཀྱི་ཡང་དག་པའི་ཐོབ་ པ་ལ་བརྗེད་པ་མེད་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །ཞི་གནས་བསྒོམས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ཡང་དག་པའི་དྲན་པའི་ཕ་རོལ་ ཏུ་ཕྱིན་པ་དྲུག་གོ་དེ་ལ་ཡང་དག་པའི་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཡང་དག་པའི་ཏིང་ངེ་འཛིན་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ནི་སྦྱིན་པའི་ [122B] ༑ཡང་དག་པའི་ཏིང་ངེ་འཛིན་ཤིན་ཏུ་གནས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །ཡང་དག་པའི་ཏིང་ངེ་འཛིན་གྱི་སྒོ་མོ་རྣམ་པར་འགྲོལ་བ་དང་ལྟ་བ་གང་ཡིན་པ་དེ་ནི་ བཟོད་པའི་འོ། །ཡང་དག་པའི་ཏིང་ངེ་འཛིན་མ་གཏུགས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །ཡང་དག་པའི་ཏིང་ངེ་འཛིན་ལེགས་པར་འོངས་པ་བསམ་པ་ཇི་ལྟ་བ་བཞིན་ལས་ བྱེད་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །ཡང་དག་པའི་ཏིང་ངེ་འཛིན་གཉེན་པོ་ཡོངས་སུ་གཅོད་པར་བྱེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ཡང་དག་ པའི་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ཞི་གནས་ལ་དམིགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། གནོད་པར་བྱེད་པའི་ཆོས་རྣམས་སྤོང་བ་གང་ཡིན་པ་དེ་ནི་སྦྱིན་ པའི་འོ༑ ༑ལུས་དང་སེམས་ཤིན་ཏུ་སྦྱངས་པ་ལ་དགའ་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །སྒྲིབ་པ་མེད་པ་ལ་སྙོམས་པར་འཇུག་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །ཏིང་ངེ་ འཛིན་ལ་གཞན་གྱིས་ཉམས་པར་བྱར་མེད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །ཡེ་ཤེས་ཀྱི་སྦྱོར་བ་མ་རྒུད་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །བསམ་པ་ཐམས་ཅད་ རྟོགས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ཞི་གནས་ལ་དམིགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ལྷག་མཐོང་ལ་དམིགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ [123A]༄༅། །ཞེ་ན༑ མ་ཐོས་པར་ཆོས་རྣམས་མངོན་པར་བརྗོད་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །སྐྱོན་མེད་པར་མངོན་པར་བརྗོད་པ་གང་ཡིན་པ་དེ་ནི་ཚུལ་ ཁྲིམས་ཀྱིའོ། །སྐྱེ་བོ་མང་པོ་འདོད་པར་མངོན་པར་བརྗོད་པར་གང་ཡིན་པ་དེ་ནི་བཟོད་པའི་འོ། །ལྡེམ་པོ་དག་ཕུན་སུམ་ཚོགས་པར་འགྱུར་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ ཀྱིའོ༑ ༑ཆོས་ཀྱི་ཉིད་མཚམས་སྦྱོར་བ་ཕུན་སུམ་ཚོགས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །ཟིལ་གྱིས་མི་ནོན་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ ལྷག་མཐོང་ལ་དམིགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་རིག་པ་ལ་དམིགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། རིག་པ་ལ་སྦྱོར་བ་གྲུབ་པ་གང་ཡིན་པ་དེ་ནི་སྦྱིན་པའི་ འོ༑ ༑འདོད་པར་འགྱུར་བའི་རིག་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །རིག་པ་ཐམས་ཅད་ལ་གང་ཡིན་པ་དེ་ནི་བཟོད་པའི་འོ། །རིག་པའི་ས་ཐམས་ཅད་ལ་གང་ཡིན་པ་ དེ་ནི་བརྩོན་འགྲུས་ཀྱིའོ། །ཆོས་ཐམས་ཅད་ཡང་དག་པར་གཟུང་བའི་རིག་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །ཆོས་ཐམས་ཅད་རབ་ཏུ་ཤེས་པར་བྱེད་པའི་རིག་པ་གང་ ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་རིག་པ་ལ་དམིགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། དེ་ལ་རྣམ་པར་གྲོལ་བ་སྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། རྣམ་པར་ [123B]འོ། །བག་ཆགས་དང་བྲལ་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ་།མཐར་འཛིན་པ་ཡོངས་སུ་སྤངས་པ་གང་ཡིན་པ་དེ་ནི་ བཟོད་པའི་འོ། །ཐམས་ཅད་དུ་དེའི་ངོ་བོ་མ་ཡིན་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །དུས་ཐམས་ཅད་དུ་བདེ་བ་དང་སྡུག་བསྔལ་གྱིས་མི་འཕྲོག་པ་གང་ཡིན་པ་དེ་ནི་བསམ་གཏན་ གྱིའོ༑ ༑དེ་ཁོ་ནའི་ཆོས་ཀྱི་རྒྱུ་མཐུན་པའི་ཐམས་ཅད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་རྣམ་པར་གྲོལ་བ་སྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་དགེ་སློང་ གི་འཁོར་ཉེ་བར་འོང་བ་སྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བསམ་པ་ཇི་ལྟ་བ་བཞིན་ཐམས་ཅད་དུ་སྤྲུལ་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །ཅི་འདོད་པར་སྤྲུལ་པ་ གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །དེའི་བསམ་པ་བརྗོད་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །ཁྱད་པར་དུ་བརྗོད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །སེམས་ ལ་འཛིན་པ་མེད་པར་བརྗོད་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ་།དེ་ལས་ངེས་པར་གྲོལ་བར་བྱེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་དགེ་སློང་གི་ འཁོར་ཉེ་བར་འོང་བ་སྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་བཞིན་དུ་བཤད་པ་འདིས་ན་འཁོར་བརྒྱད་པོ་ཐམས་ཅད་ལའང་སྦྱར་བར་ཤེས་པར་བྱའོ། །དེ་ལ་དོན་སོ་སོ་ཡང་ [124A]༄༅། །དག་པར་རིག་པ་སྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། དོན་བརྗོད་པ་དང་དོན་མ་ཡིན་པ་བརྗོད་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །སྐྱེ་བོ་ མང་པོ་ཚིམ་པར་བྱེད་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ་།དོན་ལ་སྐྱོན་མེད་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །འོག་མིན་གྱི་གནས་ནས་བཟུང་སྟེ་ཕན་ཚུན་བདེན་པ་ རྒྱ་ཆེར་སྨྲ་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །མཚུངས་པ་རྣམས་དོན་ལ་ཆོག་ཤེས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ་།མཚུངས་པ་མ་ཡིན་པའི་མི་འཁྲུགས་ པའི་ཆོས་ཉིད་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་དོན་སོ་སོ་ཡང་དག་པར་རིག་པ་སྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་།དེ་ལ་ཆོས་སོ་སོ་ཡང་དག་པར་ རིག་པ་སྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཆོས་མངོན་པར་བརྗོད་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །གཞན་ལ་གོ་བར་བྱེད་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ ཀྱིའོ༑ ༑ཇི་ལྟ་བ་བཞིན་ཡོངས་སུ་བསྔོ་བ་གང་ཡིན་པ་དེ་ནི་བཟོད་པའི་འོ། །རྒྱུན་མ་ཆད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ་།ཆོས་གནས་པ་དང་དེ་བཞིན་ཉིད་ གཞན་དུ་མི་འགྱུར་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །རྟག་ཏུ་ཟིལ་གྱིས་མི་ནོན་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ཆོས་སོ་སོ་ཡང་དག་པར་ [124B]དེ་ལ་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་སྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། གཏམ་གྱི་ཕྱིར་ངེས་པའི་ཚིག་གི་ངོ་བོ་ གང་ཡིན་པ་དེ་ནི་སྦྱིན་པའི་འོ། །ཉེ་བར་ཞི་བ་ལ་ངེས་པའི་ཚིག་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །འཇིག་རྟེན་པའི་ངག་ཐམས་ཅད་ལ་ངེས་པའི་ཚིག་གང་ཡིན་པ་དེ་ནི་ བཟོད་པའི་འོ། །དེ་དག་ཐམས་ཅད་ལ་གོ་བས་བྱེད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། དམ་བཅས་པ་སྒྲོལ་བར་བྱེད་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །ཐར་ པ་དང་འགོག་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་སྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་སྤོབས་པ་སོ་སོ་ཡང་ དག་པར་རིག་པ་སྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན་སྤོབས་པ་སྣ་ཚོགས་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །སྤོབས་པ་མཉེན་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ ཀྱིའོ༑ ༑དེ་དག་ཐམས་ཅད་ཚིམ་པར་བྱེད་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །མ་གཏུགས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །ཐེ་ཚོམ་གཅོད་པ་གང་ཡིན་པ་དེ་ནི་ བསམ་གཏན་གྱིའོ། །མྱ་ངན་ལས་འདས་པ་ལ་གཞོལ་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་སྒྲུབ་པའི་ཕ་རོལ་ཏུ་ཕྱིན་ [125A]༄༅། །པ་དྲུག་གོ་དེ་ལ་ཡོངས་སུ་སྐྱོ་བ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། །ཆོས་སྟོན་པ་ན་ཆོས་ཉན་པ་རྣམས་ལ་ཆོས་བསྟན་པས་མི་སྐྱོ་ བ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །སེམས་ཅན་ལ་ཕན་པར་སྒྲུབ་པས་མི་སྐྱོ་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །སྐུ་རང་གིས་བཤིག་སྟེ་རྒྱ་ཆེར་བྱིན་གྱིས་བརླབས་ པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །གདུལ་བ་རྣམས་ཀྱི་ཆེད་དུ་དུས་ཐམས་ཅད་དུ་ཉེ་བར་འོང་བའི་རྫུ་འཕྲུལ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །ཇི་ལྟར་འདོད་པ་བཞིན་ སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པ་ན་གདམས་ངག་སྟེར་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །དུས་དང་དུས་མ་ཡིན་པར་ཆོས་ཉན་པ་རྣམས་ལ་ཇི་སྙེད་ འདོད་པ་དེ་སྙེད་སྟོན་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟེ། འདི་དག་ནི། ཡོངས་སུ་སྐྱོ་བ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་སྦྱིན་པ་ལས་ངེས་ པར་བྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སློང་བ་ལ་བྱིན་ནས་བདེ་བར་ཡོངས་སུ་བསྔོས་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །ལུས་དང་ངག་གི་ལྷག་པར་སྦྱིན་པ་བྱིན་ པས་དང་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །སྦྱིན་པ་ལ་དགའ་བ་གང་ཡིན་པ་དེ་ནི་བཟོད་པའི་འོ། །སྦྱིན་པ་བྱིན་པ་ན་ཕ་རོལ་གནོན་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ [125B] ༑སེམས་དང་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ་།སྦྱིན་པ་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་སྦྱིན་པ་ལས་ངེས་པར་ བྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ཚུལ་ཁྲིམས་ལས་ངེས་པར་བྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བསླབ་པ་ཡང་དག་པར་བླང་བ་བྱིན་པ་དང། སེམས་ཅན་རྣམས་ ལ་མི་འཇིགས་པ་སྦྱིན་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །མི་འཇིགས་པ་བྱིན་པ་ལ་འཁྲུག་པ་མེད་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །སེམས་ཅན་རྣམས་ལ་ ཕན་པར་སེམས་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །བསླབ་པ་ཀུན་ནས་སྲུང་ཞིང་ཕ་རོལ་གནོན་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །བསླབ་པ་སྔོན་དུ་བཏང་ནས་སེམས་ཅན་ རྣམས་ལ་ཕན་པར་སེམས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ་།བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ཚུལ་ཁྲིམས་ལས་ངེས་ པར་བྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་བཟོད་པ་ལས་ངེས་པར་བྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སེམས་ཅན་བདེ་ན་དང་བ་གང་ཡིན་དེ་ནི་སྦྱིན་པའི་འོ། ། སེམས་ཅན་ཀྱི་ཉོན་མོངས་པ་བཟོད་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །འཁོར་བ་ཐོག་མ་མེད་པ་ནས་སྐྱེ་བ་ལ་མི་མཇེད་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །རྟག་ཏུ་རྒྱུན་ [126A]༄༅། །མི་ཆད་པར་ངེས་པར་རྩོམ་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །སེམས་ཅན་ལ་ཕན་པར་ངེས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། ། ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་བཟོད་པ་ལས་ངེས་པར་བྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་བརྩོན་ འགྲུས་ལས་ངེས་པར་བྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། འཇིག་རྟེན་ལ་ཕན་པར་སྦྱོར་བ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །གནོད་པ་མེད་པར་ཕ་རོལ་གནོན་པ་ གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །སྡུག་བསྔལ་ཐོབ་པ་ཐར་པར་བྱས་པ་ནི། དཔེར་ན་ཐི་བའི་ལྟ་བུ་གང་ཡིན་པ་དེ་ནི་བཟོད་པའི་འོ། །སྦྱོར་བ་མ་བཏང་བ་གང་ ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །བརྩོན་འགྲུས་ཀྱིས་སྒྲིབ་པ་སེལ་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །སངས་རྒྱས་ཀྱི་ཡུལ་དུ་ཡོངས་སུ་བསྔོ་བ་གང་ཡིན་པ་དེ་ནི་ཤེས་ རབ་ཀྱི་སྟེ། འདི་དག་ནི་བརྩོན་འགྲུས་ལས་ངེས་པར་བྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་བསམ་གཏན་ལས་ངེས་པར་བྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན་ བྱམས་པ་གཙོ་བོའི་བསམ་གཏན་སེམས་ཅན་ལ་ཕན་པ་དང་ལྡན་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །སེམས་ཅན་ལ་ཕན་པའི་འདུ་ཤེས་ཅན་གྱི་བསམ་གཏན་གང་ཡིན་པ་ [126B] །འཇིག་རྟེན་ལ་ཕན་པར་སེམས་སྤྲོ་བ་གང་ཡིན་པ་དེ་ནི་བཟོད་པའི་འོ། །ཉེ་བར་ཞི་བའི་ཕྱིར་ངེས་པར་འབྱུང་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། ། ཆོས་ཀྱི་སྦྱིན་པ་ལེགས་པར་བསམ་ནས་སྨྲ་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །རང་བཞིན་གྱིས་གནས་པའི་ངེས་པའི་ཚིག་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་ དག་ནི་བསམ་གཏན་ལས་ངེས་པར་བྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ཤེས་རབ་ལས་ངེས་པར་བྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཆོས་ཀྱི་སྦྱིན་པ་རབ་ ཏུ་སྦྱིན་པར་བྱེད་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །ཆོས་ཀྱི་སྦྱིན་པ་ཟང་ཟིང་མེད་པར་སྨྲ་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །ཆོས་ཀྱི་སྦྱིན་པ་ལ་ཡོངས་སུ་སྐྱོ་བ་ མེད་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །དད་པས་ངེས་པར་འབྱུང་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །ཆོས་ཀྱི་སྦྱིན་པ་ལེགས་པར་བསམས་ནས་སྨྲ་བ་གང་ཡིན་པ་ དེ་ནི་བསམ་གཏན་གྱིའོ། །རང་བཞིན་གྱི་དེ་བཞིན་ཉིད་དང། ངེས་པའི་ཚིག་ཤེས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ཤེས་རབ་ལས་ངེས་པར་བྱུང་བའི་ ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་རྣམ་པར་སྨིན་པ་མིག་གི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། མཐོང་ན་དགའ་བར་འགྱུར་བའི་མིག་གང་ཡིན་པ་དེ་ནི་སྦྱིན་པའི་རྣམ་པར་སྨིན་ [127A]༄༅། །པའོ༑ ༑མིག་བལྟ་ན་སྡུག་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །ཐག་རིང་པོར་མཐོང་བ་གང་ཡིན་པ་དེ་ནི་བཟོད་པའི་འོ། །མིག་ དཀྱུས་རིང་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །བལྟས་པས་དང་བར་གྱུར་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །ཀུན་ནས་ཤིན་ཏུ་དང་བ་གང་ཡིན་པ་དེ་ ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་རྣམ་པར་སྨིན་པ་མིག་གི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་རྣམ་པར་སྨིན་པ་རྣ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། རྣ་བ་ ཉམས་པ་མེད་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །རྣ་བ་རྣམ་པར་དག་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །རྣ་བའི་ཁམས་ཤིན་ཏུ་དང་བ་གང་ཡིན་པ་དེ་ ནི་བཟོད་པའི་འོ། །རྣ་བ་ཆ་ཕྲ་བ་ཐོས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །རྣ་བ་ཐག་རིང་བ་ཐོས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །བཀུར་སྟི་ མ་ཡིན་པ་ཐོས་ན་མི་དགའ་བ་མེད་པའི་རྣ་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་རྣམ་པར་སྨིན་པ་རྣ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ རྣམ་པར་སྨིན་པ་སྣའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། དང་བར་འགྱུར་བའི་སྣ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །སྣའི་དབང་པོ་ཉམས་པ་གང་ཡིན་པ་དེ་ [127B] ཚུལ་ཁྲིམས་ཀྱིའོ། །ཡིད་དུ་འོང་བ་སྣོམ་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །མི་མཐུན་པ་སྣོམ་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །སྣ་མ་གཏུགས་པ་གང་ ཡིན་པ་དེ་ནི་བསམ་གཏན་གྱིའོ། །སྐྱོན་སྣོམ་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་རྣམ་པར་སྨིན་པ་སྣའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། དེ་ལ་རྣམ་པར་ སྨིན་པ་ལྕེའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ལྕེས་རོ་མྱངས་ན་དང་བར་འགྱུར་བ་གང་ཡིན་པ་དེ་ནི་སྦྱིན་པའི་འོ་།ཁེངས་ཚིག་མེད་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ ཀྱིའོ༑ ༑སྐྱེ་བོ་མང་པོ་འདོད་པའི་ཚིག་གང་ཡིན་པ་དེ་ནི་བཟོད་པའི་འོ། །ཡི་གེ་མང་པོ་རྗེས་སུ་དྲན་པར་བྱེད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །ལྕེ་རྐན་ལ་གཞར་ བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །ལྕེ་མཆོག་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་རྣམ་པར་སྨིན་པ་ལྕེའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་རྣམ་ པར་སྨིན་པ་ལུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ལུས་ཤས་རྒྱས་ཤིང་མདོག་དམར་སེར་གང་ཡིན་པ་དེ་ནི་སྦྱིན་པའི་འོ་།སྐྱེ་བོ་མང་པོས་བལྟ་ན་སྡུག་པ་གང་ཡིན་ པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །ལུས་དབང་ཆེ་བར་གྲགས་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །ལུས་བརྟན་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །ལུས་ཤིན་ཏུ་གཞོན་ [128A]༄༅། །ཤ་ཆགས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །གཙོ་བོར་འགྲོ་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་རྣམ་པར་སྨིན་ པ་ལུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་རྣམ་པར་སྨིན་པ་སེམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སེམས་འདོད་ཆགས་ཆུང་བ་གང་ཡིན་པ་དེ་ནི་སྦྱིན་པའི་ འོ༑ ༑ཞེ་སྡང་ཆུང་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །གཏི་མུག་མེད་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །རྟོགས་པ་རྣོ་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ ཀྱིའོ༑ ༑སྦྱོར་བ་དང་རྗེས་སུ་མཐུན་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །ཇི་ལྟར་འདོད་པ་བཞིན་ཆོས་ཐམས་ཅད་ཁོང་དུ་ཆུད་པ་མང་བ་གང་ཡིན་པ་དེ་ནི་ཤེས་རབ་ ཀྱི་སྟེ༑ འདི་དག་ནི་རྣམ་པར་སྨིན་པ་སེམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་གཞན་ལ་ཕན་པར་ཡོངས་སུ་བསྔོས་པའི་ཟང་ཟིང་གི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ ན། གཞན་ཡོངས་སུ་སྨིན་པར་བྱ་བའི་སྦྱིན་པ་ནི། དཔེར་ན་རྒྱལ་པོའི་བུ་སྙིང་སྟོབས་ཞུམ་པ་མེད་ཀྱིས་ཛམྦུའི་གླིང་པའི་སེམས་ཅན་རྣམས་ཚིམ་པར་བྱས་ནས་ ཐམས་ཅད་ཀྱང་བྱང་ཆུབ་ཀྱི་ཕྱིར་ཡོངས་སུ་སྨིན་པར་བྱས་པ་ལྟ་བུ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །གཞན་ལ་ཕན་པ་དང་ལྡན་པའི་ཚུལ་ཁྲིམས་ཀྱི་རྣམ་པར་ [128B] དཔེར་ན་སྲེག་པས་མིས་ཚིག་པར་བྱེད་པ་བསོད་པ་ལྟ་བུ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །གཞན་ལ་ཕན་པར་ཡོངས་སུ་བསྔོས་པའི་ བཟོད་པའི་རྣམ་པར་སྨིན་པ་འཁོར་བ་ནི། དཔེར་ན་ཚངས་པས་སེམས་ཅན་དྲུག་ཅུ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཉོན་མོངས་པ་བཟོད་པ་ལྟ་བུ་གང་ཡིན་པ་དེ་ནི། བཟོད་ པའི་འོ༑ ༑གཞན་ཡོངས་སུ་སྨིན་པར་བྱ་བའི་བརྩོན་འགྲུས་ནི། དཔེར་ན་ནད་སྲོག་གི་ལྷག་མ་ལུས་པ་ལ་ལོ་བདུན་ཅུར་ཕན་པར་བྱ་བའི་འདོད་པའི་ཡིད་ཀྱིས་དཔག་ཚད་ བདུན་བརྒྱར་སོང་ནས་རི་གངས་ཅན་ལས་སྨན་བླངས་ཏེ་ནད་པ་ཐར་པར་བྱས་པ་ལྟ་བུ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །གཞན་ལ་ཕན་ཞིང་བདེ་བ་དང་ལྡན་པའི་བསམ་ གཏན་ནི། དཔེར་ན་དྲང་སྲོང་སེར་སྐྱས་སེམས་ཅན་ལ་ཕན་པར་བྱ་བའི་ཕྱིར་གྲོང་ཁྱེར་བརྩིགས་པ་ལྟ་བུ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །གཞན་བདེ་བར་སྒྲུབ་ པའི་ཤེས་རབ་ནི། དཔེར་ན་བསྟན་བཅོས་ཐམས་ཅད་དང། ཡིག་འབྲུ་རྣམས་གསོ་བར་བྱེད་པ་ལྟ་བུ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ་འདི་དག་ནི་གཞན་ལ་ཕན་ པར་ཡོངས་སུ་བསྔོས་པའི་ཟང་ཟིང་གི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་།དེ་ལ་བདག་ལ་ཕན་པར་ཡོངས་སུ་བསྔོས་པའི་ཟང་ཟིང་གི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བདག་ལ་ [129A]༄༅། །ཕན་པར་འདོད་པའི་ཕུན་སུམ་ཚོགས་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །བདག་གི་དགེ་བའི་རྩ་བ་རྣམས་འབྲས་བུ་ཡོད་པ་གང་ཡིན་པ་དེ་ནི་ ཚུལ་ཁྲིམས་ཀྱིའོ། །བདག་ཁ་དོག་རྒྱས་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །བདག་གི་ཕྱིར་བརྩོན་འགྲུས་རྩོམ་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །བདག་གི་ ཕྱིར་མཐོ་རིས་སུ་འཇུག་པའི་བསམ་གཏན་ནི། དཔེར་ན་འཇིག་པའི་བསྐལ་པ་བདུན་གྱི་བར་དུ་བདག་འཇིག་རྟེན་འདིར་མི་འོང་བ་གང་ཡིན་པ་དེ་ནི་བསམ་གཏན་ གྱིའོ༑ ༑བདག་ལ་ཕན་པ་དང་ལྡན་པའི་ཤེས་རབ་ནི། དཔེར་ན་རྒྱལ་པོའི་བུ་སེར་སྐྱའི་ལྟ་བུ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་བདག་ལ་ཕན་པར་ ཡོངས་སུ་བསྔོས་པའི་ཟང་ཟིང་གི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། རྒྱན་སྣ་ཚོགས་ཀྱི་ངོ་བོས་བརྒྱན་པ་གང་ཡིན་པ་དེ་ནི་ཆོས་ ཀྱི་སྦྱིན་པའི་འོ། །མི་དམིགས་པ་ལ་གནས་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །སེམས་ཅན་གྱི་འདུ་ཤེས་དང་བྲལ་བའི་བཟོད་པ་གང་ཡིན་པ་ དེ་ནི་བཟོད་པའི་འོ། །ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་སུ་མེད་པར་སྤྱོད་པའི་ཕ་རོལ་གནོན་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །མངོན་པར་མ་ཞེན་ཅིང་སེམས་ [129B]ཡིན་པ་དེ་ནི་བསམ་གཏན་གྱིའོ། །ཆོས་ཐམས་ཅད་ལ་གཉིས་སུ་མེད་པས་གསལ་བར་བྱེད་པ་གང་ཡིན་པ་དེ་ནི་ཤེས་ རབ་ཀྱི་སྟེ། འདི་དག་ནི་ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་དོན་གྱི་ཕ་རོལ་ཏུ་ཕིན་པ་དྲུག་གང་ཞེ་ན། སྦྱིན་པའི་འབྲས་བུ་ལོངས་སྤྱོད་ཆེན་པོ་གང་ཡིན་པ་དེ་ནི་དེའི་ དོན་ཏོ༑ ༑ཚུལ་ཁྲིམས་ཀྱི་འབྲས་བུ་བདེ་འགྲོ་གང་ཡིན་པ་དེ་ནི་དེའི་དོན་ཏོ། །བཟོད་པའི་འབྲས་བུ་གཟུགས་བཟང་བ་གང་ཡིན་པ་དེ་ནི་དེའི་དོན་ཏོ། །བརྩོན་འགྲུས་ཀྱི་འབྲས་ བུ་འཇིག་རྟེན་པ་དང་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་བྱ་བ་སྒྲུབ་པ་གང་ཡིན་པ་དེ་ནི་དེའི་དོན་ཏོ། །བསམ་གཏན་སྐྱེ་བར་ཡོངས་སུ་བསྔོ་བ་གང་ཡིན་པ་དེ་ནི་དེའི་དོན་ཏོ། །ཤེས་ རབ་དང་བྲས་བ་དང་རྒྱུ་མཐུན་པ་གང་ཡིན་པ་དེ་ནི་དེའི་དོན་ཏོ། །འདི་དག་ནི་དོན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་རྟོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྤོང་ པ་དང་རབ་ཏུ་ལྡན་པའི་ལུས་མི་འཇིགས་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །སྤོང་བའི་རྒྱུས་རབ་ཏུ་མི་རྨོངས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །ཆོས་ལ་བཟོད་པ་མི་ འདོར་བ་གང་ཡིན་པ་དེ་ནི་བཟོད་པའི་འོ། །སྦྱོར་བ་ཐམས་ཅད་གྲུབ་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །བསམ་གཏན་གྱི་འབྲས་བུ་འགོག་པ་གང་ཡིན་པ་དེ་ནི་བསམ་ [130A]༄༅། །གཏན་གྱིའོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡོངས་སུ་བཟུང་བའི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་རྟོགས་པའི་ཕ་ རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་སྤྲོ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྦྱིན་པ་བྱིན་པ་ན་ནམ་ཡང་རྨུགས་པ་དང་གཉིད་དུ་མ་གྱུར་ཅིང་བདག་ལ་དགའ་བ་མི་བསྐྱེད་པ་གང་ ཡིན་པ་དེ་ནི། དཔེར་ན་ཤཱཀྱ་ཆེན་པོའི་ནགས་ཁྲོད་དཔག་ཚད་དགུ་བཅུ་རྩ་དྲུག་པ་ལྟ་བུ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །བསླབ་པའི་ཕྱིར་རྒྱལ་སྲིད་སྤངས་ཏེ་སྤོང་བ་ནི་ དཔེར་ན་རྒྱལ་པོའི་བུ་དོན་ཡོད་གནས་ན་འདུག་ཅིང་བརྫུན་ཏུ་སྨྲ་བ་མི་ཟེར་བལྟ་བུ་དང། ལུས་ཀྱི་ཕྱིར་གཞན་དག་ཕ་མ་གསོད་ཅིང་སྡིག་པ་དག་བྱེད་པ་ན་ངས་སྦྱིན་པ་དང་ ཆོས་མ་སྤངས་པས་དེ་ནི་སངས་རྒྱས་ཡིན་ནོ་བར་ཐེ་ཚོམ་མེད་པར་ཤེས་པར་འགྱུར་རོ། །ཞེས་ཇི་སྐད་གསུངས་པ་ལྟ་བུ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །ཕ་ རོལ་རྗེས་སུ་སྲུང་བའི་བཟོད་པ་ནི། དཔེར་ན་གླང་པོ་ཆེ་གནང་དུ་ཕོག་ཀྱང་སྲུང་བ་ལྟ་བུ་གང་ཡིན་པ་དེ་ནི་བཟོད་པའི་འོ་།བརྩོན་འགྲུས་ཀྱིས་ལོ་སྟོང་ཕྲག་སུམ་ཅུ་རྩ་ དྲུག་ཏུ་ཆོས་སྨྲ་བ་ལ་བསྟན་ཀྱང་གནོད་པ་མེད་ཅིང་མི་སྐྱེ་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར་བསམ་གཏན་བྱེད་པ་ནི། དཔེར་ [130B] ཛམྦུའི་གླིང་ནས་བདག་ཉིད་མཐོ་རིས་སུ་སོང་བ་བྲམ་ཟེའི་བུ་ཕན་ཚོལ་གྱི་སྔོན་གྱི་ཚུལ་ལས་ཤེས་པར་བྱ་བལྟ་བུ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །ཤེས་རབ་ནི། དཔེར་ ན་སྨན་ཆེན་གྱི་ལྟ་བུ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་སྤྲོ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལྟ་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྟོང་པ་ ཉིད་ཀྱི་ཏིང་ངེ་འཛིན་གྱི་ཁྱིམ་རབ་ཏུ་ཐོབ་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །དམིགས་པ་མེད་པ་རབ་ཏུ་ཐོབ་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །ས་རབ་ཏུ་ཐོབ་པ་གང་ ཡིན་པ་དེ་ནི་བཟོད་པའི་འོ། །བསྒོམས་པའི་སྟོབས་ཅན་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །ངེས་པ་ཐོབ་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །བྱ་བ་ཐམས་ཅད་ དུ་ཐུན་མོང་མ་ཡིན་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་མཚན་མ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན་ དུས་ཐམས་ཅད་དུ་མཚན་མ་མེད་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ་།ཐམས་ཅད་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །ཟིལ་གྱིས་མི་ནོན་པ་གང་ཡིན་པ་དེ་ནི་བཟོད་ པའི་འོ༑ ༑ཡོངས་སུ་བསྔོས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །རྒྱུན་མི་ཆད་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ་།ཡོངས་སུ་གཅོད་པར་བྱེད་པ་གང་ཡིན་པ་དེ་ནི་ [131A]༄༅། །ཤེས་རབ་ཀྱི་སྟེ། འདི་དག་ནི་མཚན་མ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་སྨོན་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། །སྨོན་ པ་མེད་པར་མྱུར་དུ་ཐོབ་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ་།ཆགས་པ་མེད་པ་རབ་ཏུ་ཐོབ་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །ཁམས་གསུམ་ལ་མངོན་པར་མི་ ལྟ་བ་གང་ཡིན་པ་དེ་ནི་བཟོད་པའི་འོ། །བར་མདོར་ཆུད་མེ་མདོར་ཆུད་མེ་ཟ་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །ཐར་པ་ལ་དམིགས་པ་གང་ཡིན་པ་དེ་ནི་བསམ་ གཏན་གྱིའོ། །བག་ཆགས་འདོན་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་སྨོན་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་གཞན་གྱི་ཕ་རོལ་ཏུ་ ཕྱིན་པ་དྲུག་གང་ཞེ་ན། །བྱང་ཆུབ་སྙིང་པོར་སྐྱིལ་མོ་ཀྲུང་གཅིག་གིས་སྐུ་མ་དུབ་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །སྐུ་གཟི་བྱིན་དང་ལྡན་པ་གང་ཡིན་པ་དེ་ནི་ཚུལ་ ཁྲིམས་ཀྱིའོ། །ཆོས་མངོན་པར་བརྗོད་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །ཆོས་མངོན་པར་བརྗོད་ཅིང་ཕྱིན་ཅི་མ་ལོག་པར་རྟོགས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ ཀྱིའོ༑ ༑ཐར་པ་འཛིན་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །སྒྱུ་མར་རྟོགས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་གཞན་གྱི་ཕ་རོལ་ཏུ་ཕྱིན་པ་ [131B]དེ་ལ་རྣམ་པར་སྨིན་པ་གཞན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཚོང་པ་གོ་གོན་གྱིས་མཆོད་སྟོན་གསོལ་བ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །ཀླུ་བཏང་བཟུང་གིས་ དཀྲིས་ཏེ་བཞུགས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །ཚངས་པ་ཉེ་བར་འོངས་ནས་གསོལ་བ་འདེབས་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །སངས་རྒྱས་ཀྱི་སྤྱན་གྱིས་ གཟིགས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །གདུལ་བ་རྣམས་ཡང་དང་ཡང་གཟིགས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །གཏི་མུག་མེད་པའི་ཆོས་ཀྱི་ འཁོར་ལོ་བསྐོར་བ་ན། འདི་ལྟར་གཅིག་ནས་གཅིག་ཏུ་ཚངས་པའི་འཇིག་རྟེན་གྱི་བར་དུ་སྒྲ་མངོན་པར་གྲགས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། །འདི་དག་ནི་རྣམ་ པར་སྨིན་པ་གཞན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་སྦྱོར་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ལྔ་པོ་དག་ཉེ་བར་འོངས་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །བྱ་བ་ དང་བྱ་བ་མ་ཡིན་པ་དེ་ནི་ཐོས་ནས་དང་དུ་ལེན་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །ལྷག་པའི་ང་རྒྱལ་མེད་པས་ཉེ་བར་གནས་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། ། བདུད་རྩིས་ཚིམ་པར་མཛད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །ལྔ་པོ་དག་ལ་བཀའ་སྩོལ་ཅིང་གོ་བར་མཛད་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །ལྷག་བྱེ་ [132A]༄༅། །བ་ཕྲག་ལྔ་པོ་དག་ལ་བདུད་རྩི་རྟོགས་པར་མཛད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་སྦྱོར་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ ལ་གནས་དང་གནས་མ་ཡིན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། གནས་དང་གནས་མ་ཡིན་པ་ཉིད་ཐོབ་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །དམ་བཅས་པ་གཞན་དུ་མི་ འགྱུར་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །ཡང་དག་པར་རྟོགས་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །དམ་བཅས་པ་སྟོབས་ཅན་གང་ཡིན་པ་དེ་ནི་བརྩོན་འགྲུས་ ཀྱིའོ༑ ༑སྨྲ་བ་གཞན་དུ་མི་འགྱུར་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །དུས་ཤེས་ནས་སྒོམ་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱིའོ་འདི་དག་ནི་གནས་དང་གནས་ མ་ཡིན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བའི་ལས་ཡང་དག་པར་བླང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ལས་ ཀྱི་སྐྱེ་བ་ལ་རྟོག་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །ལས་ཀྱི་རྒྱུ་ལས་རྟོག་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །རྐྱེན་ལ་རྟོག་པ་གང་ཡིན་པ་དེ་ནི་བཟོད་པའི་ འོ༑ ༑ལས་རྣམས་ཀྱི་སྤོང་བ་ལ་རྟོག་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །སྤོང་པའི་ཐབས་ལ་རྟོག་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །སྤོང་བའི་སྐྱེ་བ་མེད་ [132B] འདི་དག་ནི་འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་པའི་ལས་ཡང་དག་པར་བླང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ གོ་དེ་ཡི་འཇིག་རྟེན་གྱི་ཁམས་སྣ་ཚོགས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སེམས་ཅན་རྣམས་ཀྱི་ཁམས་ལ་རྟོག་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །ཁམས་ཐ་དད་པ་ མ་ཡིན་པ་ལ་རྟོག་པ་གང་ཡིན་བདེ་ནི་ཚུལ་ཁྲིམས་ཀྱིའོ། །ཁམས་ལ་སེམས་ཅན་མེད་པར་རྟོག་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །ཁམས་ཀྱི་སྦྱོར་བ་ལ་རྟོག་པ་ གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །ཁམས་རབ་ཏུ་སྒྲུབ་པ་ལ་རྟོག་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །ཁམས་ཀྱི་ངེས་པར་བྱུང་བ་ལ་རྟོག་པ་གང་ཡིན་པ་དེ་ ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་འཇིག་རྟེན་གྱི་ཁམས་སྣ་ཚོགས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་དབང་པོ་ཡོངས་སུ་རྫོགས་པར་མཁྱེན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ གང་ཞེ་ན། ལུས་རྟོགས་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །མིག་དང། རྣ་བ་དང། སྣ་དང། ལྕེ་རྟོགས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །སེམས་རྟོགས་ པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །ཕོའི་དབང་པོ་དང། མོའི་དབང་པོ་དང། སྲོག་གི་དབང་པོ་དང། བདེ་བའི་དབང་པོ་དང་སྡུག་བསྔལ་གྱི་དབང་པོ་དང། ཡིད་བདེ་ [133A]༄༅། །བའི་དབང་པོ་དང། ཡིད་མི་བདེ་བའི་དབང་པོ་དང་བཏང་སྙོམས་ཀྱི་དབང་པོ་སྟེ། དབང་པོ་དྲུག་པོ་འདི་དག་རྟོགས་པ་གང་ཡིན་པ་དེ་ནི་ བརྩོན་འགྲུས་ཀྱིའོ། །དད་པའི་དབང་པོ་ནས་ཤེས་རབ་ཀྱི་དབང་པོའི་བར་དུ་རྟོགས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །ཀུན་ཤེས་པའི་དབང་པོ་དང། ཀུན་ཤེས་ པ་དང་ལྡན་པའི་དབང་པོ་རྟོགས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟེ། འདི་དག་ནི་དབང་པོ་ཡོངས་སུ་རྫོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ འཇིག་རྟེན་གྱི་མོས་པ་དུ་མའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། མོས་པ་ལ་སྦྱོར་བ་ཡང་དག་པར་གྲུབ་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །སྦྱོར་བ་དེ་ལ་ཐོགས་པ་མེད་ པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །མོས་པ་ཇི་ལྟ་བ་བཞིན་དུས་ལ་རྟོག་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །ངེས་པར་རྟོག་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ ཀྱིའོ༑ ༑སྐྱེ་བ་དང། །མི་སྐྱེ་བའི་ཟད་པ་ལ་རྟོག་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །མོས་པ་དེ་ལྟ་བུར་ཉེ་བར་ཞི་བ་དང་ཐབས་ལ་རྟོག་པ་གང་ཡིན་པ་དེ་ ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་མོས་པ་དུ་མའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ཐམས་ཅད་དུ་འགྲོ་བའི་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། དཀའ་བ་བུལ་ [133B] །དཀའ་བ་མྱུར་བར་རྟོགས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །སླ་བ་བུལ་བར་རྟོགས་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། ། སླ་བ་མྱུར་བར་རྟོགས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ་།འགྲོ་བ་དང་འབྲེལ་པར་རྟོགས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །འགྲོ་བ་དང་འབྲེལ་བ་ཡོད་པ་དང་ མེད་པར་རྟོགས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ཐམས་ཅད་དུ་འགྲོ་བའི་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་དབང་པོ་དང། སྟོབས་དང་ བྱང་ཆུབ་ཀྱི་ཡན་ལག་དང། བསམ་གཏན་དང། རྣམ་པར་ཐར་པ་དང། ཏིང་ངེ་འཛིན་དང། སྙོམས་པར་འཇུག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཆོས་འདི་རྣམས་ ཀྱི་བདེ་བ་འདི་ངེས་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །ཅང་ཤེས་པ་མཚུངས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །གཞན་ལ་ཕན་པར་ཡོངས་སུ་བསྔོས་པའི་ཆོས་རྣམས་གང་ཡིན་ པ་དེ་ནི་བཟོད་པའི་འོ། །བདག་ལ་ཕན་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །སྣོད་ཇི་ལྟ་བ་བཞིན་རྟོགས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །རྒྱུ་མཐུན་པ་རྟོགས་པ་གང་ ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། དེ་དག་ནི་དབང་པོ་དང། སྟོབས་དང། བྱང་ཆུབ་ཀྱི་ཡན་ལག་དང། བསམ་གཏན་དང། རྣམ་པར་ཐར་པ་དང། ཏིང་ངེ་འཛིན་དང། སྙོམས་ [134A]༄༅། །པར་འཇུག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་སྔོན་གྱི་གནས་རྗེས་སུ་དྲན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན་སྔོན་གྱི་གནས་ལུས་ཀྱིས་རྟོགས་ པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །འགྲོ་བ་རྟོགས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །ལས་ཀྱི་མཐའ་རྟོགས་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །ཉོན་མོངས་ པ་རྟོགས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །སེམས་རྟོགས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །རྣམ་པ་ཐམས་ཅད་པའི་མྱ་ངན་ལས་འདས་པ་ཇི་སྙེད་ པ་ཀུན་ཡང་དག་པར་མཐོང་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ་འདི་དག་ནི་སྔོན་གྱི་གནས་རྗེས་སུ་དྲན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ལྷའི་མིག་གི་ཕ་རོལ་ ཏུ་ཕྱིན་པ་དྲུག་གང་ཞེ་ན། ལྷའི་མིག་དང་བ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །སྦྱོར་བ་ཁ་ན་མ་ཐོ་བ་མེད་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །ཐག་རིང་པོར་ མཐོང་བ་གང་ཡིན་པ་དེ་ནི་བཟོད་པའི་འོ། །མ་ལུས་པར་མཐོང་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །རྒྱུད་པ་དང། དར་བ་དང། བཀུར་སྟི་མེད་པ་མཐོང་བ་གང་ ཡིན་པ་དེ་ནི་བསམ་གཏན་གྱིའོ། །དེ་དག་གི་ངེས་པར་བྱུང་བ་མཐོང་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ལྷའི་མིག་གི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ [134B]ཞེ་ན། ཟག་པའི་སྐྱོན་མཐོང་བ་གང་ཡིན་པ་དེ་ནི་སྦྱིན་པའི་འོ་།ཟག་པ་རྣམས་ལ་མངོན་པར་མི་དགའ་བ་གང་ཡིན་ པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །ཟག་པ་རྣམས་ལ་མི་བལྟ་ཞིང་སེམས་ཀྱིས་གཏོང་བ་གང་ཡིན་པ་དེ་ནི་བཟོད་པའི་འོ། །ཟག་པ་རྣམས་ལ་མི་རྟོག་པར་རྟོགས་པ་གང་ཡིན་པ་དེ་ནི་ བརྩོན་འགྲུས་ཀྱིའོ། །ཟག་པ་རྣམས་ཀྱི་ཡང་དག་པར་ཡོངས་སུ་ཤེས་ནས་སྤོང་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །ཟག་པ་རྣམས་ཀྱི་བག་ཆགས་ཀྱི་ཉིད་མཚམས་སྦྱོར་ བ་ཡོངས་སུ་གཏོང་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ཟག་པ་ཟད་པའི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ ཀྱིས་ཆོས་འདི་དག་མངོན་པར་རྫོགས་པར་སངས་རྒྱས་པའོ། །ཞེས་མི་འཇིགས་པ་དང་པོའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སངས་རྒྱས་རིགས་པར་རྟོགས་པ་གང་ཡིན་ པ་དེ་ནི་སྦྱིན་པའི་འོ། །དམ་བཅས་པ་མ་ཞུམ་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །ཡང་དག་པར་རྟོགས་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །ཐམས་ཅད་ཐུགས་ སུ་ཆུད་པ་མ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐུགས་སུ་ཆུད་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །འཁོར་བརྒྱད་ཀྱི་ནང་ན་ [135A]༄༅། །བག་ཚ་བ་མི་མངའ་ཞིང་དམ་བཅས་པ་བརྟན་པོ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་མི་འཇིགས་པ་དང་པོའི་ཕ་རོལ་ཏུ་ ཕྱིན་པ་དྲུག་གོ་དེ་ལ་ཡང་དག་པར་ཟག་པ་ཟད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཟག་པ་ཟད་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །བག་ཆགས་སེལ་བ་གང་ ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །སྐྱེ་བ་མེད་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །ཡོངས་སུ་ཤེས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །དམ་བཅས་པ་ འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་མི་གཡོས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །རྣམ་པར་གྲོལ་བ་ལ་ཉམས་པ་མེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་ དག་ནི་མི་འཇིགས་པ་གཉིས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ངེས་པར་འབྱིན་པའི་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན་ལམ་ཐབས་ལ་རྟོག་པ་གང་ ཡིན་པ་དེ་ནི་སྦྱིན་པའི་འོ། །འཐོབ་པར་བྱེད་པ་ལ་རྟོག་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །འགོག་པ་ལ་རྟོག་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །འཇུག་ བར་བྱེད་པ་ལ་རྟོག་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །རབ་ཏུ་འཇོག་པར་བྱེད་པ་ལ་རྟོག་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ་།རྣམ་པར་གྲོལ་བར་བྱེད་ [135B] འདི་དག་ནི་མི་འཇིགས་པ་གསུམ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་བར་དུ་གཅོད་པའི་ཆོས་ཀྱི་གཏམ་གྱི་ཕ་རོལ་ཏུ་ཕྱིན་པ་ དྲུག་གང་ཞེ་ན། བར་དུ་གཅོད་པ་རྣམས་ལ་སྐྱེ་བ་མེད་པར་རྟོག་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །མ་སྐྱེས་པར་རྟོགས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །ཆགས་པ་ མེད་པར་རྟོག་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །བར་དུ་གཅོད་པ་རྣམས་ཀྱི་ཁ་ན་མ་ཐོ་བ་མེད་པ་ལ་རྟོག་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །བར་དུ་གཅོད་པ་ རྣམས་ལ་ཐེ་ཚོམ་མེད་པར་རྟོག་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །བར་དུ་གཅོད་པ་རྣམས་ལ་ཆུང་ངུ་དང། འབྲིང་དང། ཆེན་པོས་ངེས་པ་དང། མ་ངེས་པར་རྟོག་པ་ གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་བར་དུ་གཅོད་པའི་ཆོས་ཀྱི་གཏམ་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །།འཕགས་པ་བསྐལ་པ་བཟང་པོ་པ་ཞེས་ བྱ་བ་ཐེག་པ་ཆེན་པོའི་མདོ། །བམ་པོ་བརྒྱད་པ། །དེ་ལ་སྙིང་རྗེ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སེམས་ཅན་ལ་ཕན་པ་དང་ལྡན་པའི་སྙིང་རྗེ་ཆེན་པོ་གང་ཡིན་ པ་དེ་ནི་སྦྱིན་པའི་འོ། །སེམས་མཉམ་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །སེམས་ཅན་རྣམས་ལ་གནོད་པ་དང་དུ་ལེན་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། ། [136A]༄༅། །སེམས་ཅན་ཉེ་བར་འོང་བ་རྣམས་ཐར་པར་བྱེད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །མོས་པ་ཇི་ལྟ་བ་བཞིན་ཡོན་ཏན་ལ་འཇོག་ པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །འཁོར་བ་ལས་གྲོལ་བར་བྱེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་སྙིང་རྗེ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པ་དྲུག་ གོ་དེ་ལ་ཤའི་སྤྱན་ཡོངས་སུ་སྦྱོང་བར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སའི་ཁམས་དང། ཆུའི་ཁམས་གཉིས་དང་བ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། ། མེའི་ཁམས་དང། རླུང་གི་ཁམས་གཉིས་ཀྱིས་བརྟན་ནས་གཟིགས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །རླུང་དང། མཁྲིས་པ་དང་བད་ཀན་རྣམས་འདྲེས་ པའི་སྐྱོན་གྱིས་མ་འཁྲུགས་པ་གང་ཡིན་པ་དེ་ནི་བཟོད་པའི་འོ་།སྤྱན་བལྟ་ན་སྡུག་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ་།རིགས་པར་གཟིགས་པ་གང་ཡིན་ པ་དེ་ནི་བསམ་གཏན་གྱིའོ། །མ་ལུས་པར་གཟིགས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ཤའི་སྤྱན་ཡོངས་སུ་སྦྱོང་བར་བྱེད་པའི་ཕ་རོལ་ཏུ་ ཕྱིན་པ་དྲུག་གོ་དེ་ལ་ལྷའི་སྤྱན་ཡོངས་སུ་སྦྱོང་བར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ལྷའི་སྤྱན་གྱིས་གཟུགས་ཀྱི་ལུས་གཟིགས་པ་གང་ཡིན་པ་དེ་ནི་སྦྱིན་ [136B] ༑ནམ་མཁའི་ལུས་གཟིགས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །རྒུད་པ་གཟིགས་པ་གང་ཡིན་པ་དེ་ནི་བཟོད་པའི་འོ་།དར་བ་གཟིགས་པ་གང་ཡིན་པ་ དེ་ནི་བརྩོན་འགྲུས་ཀྱིའོ། །རྒྱུ་གཟིགས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །སོ་སོར་གཟིགས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ་འདི་དག་ནི་ལྷའི་སྤྱན་ཡོངས་ སུ་སྦྱོང་བར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ཤེས་རབ་ཀྱི་སྤྱན་ཡོངས་སུ་སྦྱོང་བར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བསྒོམས་པས་འགྲུབ་པའི་ཤེས་ རབ་ཀྱི་སྤྱན་གྱིས་གཟིགས་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །མྱ་ངན་ལས་འདས་པ་ཐར་པ་ཐོབ་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །མངོན་པར་བརྗོད་པ་ལ་གནས་ པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །གཟིགས་པ་ལ་རབ་ཏུ་གནས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །བལྟ་བར་བྱ་བ་ལ་ཡང་དག་པ་ཇི་ལྟ་བ་བཞིན་གཟིགས་པ་ གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །འཇུག་པ་བྱང་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ཤེས་རབ་ཀྱི་སྤྱན་ཡོངས་སུ་སྦྱོང་བར་བྱེད་པའི་ཕ་རོལ་ ཏུ་ཕྱིན་པ་དྲུག་གོ་དེ་ལ་ཆོས་ཀྱི་སྤྱན་ཡོངས་སུ་སྦྱོང་བར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཆོས་མ་འདྲེས་པ་བཅོ་བརྒྱད་ཐོབ་པའི་རྒྱུ་གང་ཡིན་བ་དེ་ནི་སྦྱིན་པའི་ [137A]༄༅། །འོ༑ ༑དེ་དག་ཐོབ་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །རྣམ་པར་གཟིགས་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །ངོ་བོ་གཟིགས་པ་ གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །སྦྱོར་བ་གཟིགས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །ཆུད་མི་ཟ་བར་གཟིགས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ སྟེ༑ འདི་དག་ནི་ཆོས་ཀྱི་སྤྱན་ཡོངས་སུ་སྦྱོང་བར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་སངས་རྒྱས་ཀྱི་སྤྱན་ཡོངས་སུ་སྦྱོང་བར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་ དྲུག་གང་ཞེ་ན། སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མེད་པས་གཟིགས་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །ཕན་པར་གཟིགས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །རྣམ་ པར་གཟིགས་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །ངོ་བོ་གཟིགས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །སྦྱོར་བ་གཟིགས་པ་གང་ཡིན་པ་དེ་ནི་བསམ་གཏན་ གྱིའོ༑ ༑རྣམ་པར་དབེན་པ་གཟིགས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་སངས་རྒྱས་ཀྱི་སྤྱན་ཡོངས་སུ་སྦྱོང་བར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་ དེ་ལ་རང་བྱུང་གི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། རང་བྱུང་ལྷུན་གྱིས་གྲུབ་པར་གནས་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ་།བསམ་པ་ཇི་ལྟ་བ་བཞིན་གནས་པ་གང་ [137B] །རང་གི་སྤོང་བའི་རྒྱུ་རབ་ཏུ་ཐོབ་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །རབ་ཏུ་དབྱེ་བ་ཤེས་པ་ཐོབ་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། ། རྣམ་པ་ཐམས་ཅད་ལ་ཉེ་བར་རྟོག་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །ཇི་ལྟ་བ་བཞིན་ཐམས་ཅད་ཤེས་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་རང་བྱུང་ གི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་རྣམ་པར་རོལ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། །སྦྱིན་པའི་རྣམ་པར་སྨིན་པས་རྣམ་པར་འཕྲུལ་པ་ནི། དཔེར་ན། ཆུ་བོ་གངྒཱར་གདུགས་ ལྔ་བརྒྱ་ལྟ་བུ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །གྲོང་ཁྱེར་དུ་གཤེགས་པ་ན་སེམས་ཅན་རྣམས་བདེ་བར་གྱུར་པ་དང། །སིལ་སྙན་རྣམས་མ་དཀྲོལ་བར་སྒྲ་འབྱུང་བ་གང་ ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །དབང་པོ་མ་ཚང་བ་ཚང་བ་དང། འོད་གསལ་བ་རབ་ཏུ་འཐོབ་པ་གང་ཡིན་པ་དེ་ནི་བཟོད་པའི་འོ་།འོད་ཟེར་མཐའ་ཡས་པ་འགྱེད་པ་ གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །ཡུལ་ཡངས་པ་ཅན་ཀྱི་ཕྱི་དང་ནང་ལོགས་སུ་སངས་རྒྱས་བརྒྱད་ཁྲི་གཞི་སྟོང་སྤྲུལ་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། ། འཁོར་བརྒྱད་པོ་རྣམས་ལ་དུས་སུ་ཆོས་སྟོན་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་རྣམ་པར་རོལ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་གཏིང་དཔག་དཀའ་ [138A]༄༅། །བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། །སྤྱོད་པ་ལ་ཚང་གཟུང་བར་མི་ནུས་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ་།སངས་རྒྱས་བཅོམ་ལྡན་ འདས་ལ་བསྙེན་པར་དཀའ་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ་།བསམ་པ་ཆུད་མི་ཟ་ཞིང་འཛིན་པ་ལ་ཕ་རོལ་གནོན་པ་ནི། དཔེར་ན། གནོད་སྦྱིན་འདུལ་ཞིང་ གླང་པོ་ཆེ་ནོར་སྐྱོང་དང། །སྦྲུལ་གདུག་པ་བཏུལ་ནས་འདི་ལྟར་མི་འཇིགས་པ་སྦྱིན་ནོ། ཞེས་ཚིག་གིས་སྨྲས་པ་ལྟ་བུ་གང་ཡིན་པ་དེ་ནི་བཟོད་པའི་འོ། །འོད་ཟེར་ཅན་དུ་ མཽངྒལ་གྱི་བུ་ཆེན་པོའི་མ་བཏུལ་བ་དང། ཚུར་གཤེགས་པ་ན་རྒྱལ་བུ་རྒྱལ་བྱེད་གྱི་ཚལ་ནང་དུ་ལྷུང་བཟེད་ཀྱི་ཆུ་ཕོ་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །ཤཱ་རིའི་བུས་ སྨྲས་པ༑ སེམས་བཞི་སྐྱེས་ནས་ཞིག་གོ་སྨྲས་པ། ཚད་མེད་པ་དེ་ནི་བསམ་གཏན་གྱིའོ། །འདི་ལྟ་སྟེ། །དེ་བཞིན་གཤེགས་པས་ནམ་ཕྱེད་ན་འཕྲིན་ལས་མཛད་པར་ གྱུར་པ་ནི་གནམ་ལྕགས་ཕབ་ཀྱང་གྲོང་ཁྱེར་གྱི་མ་དད་པ་རྣམས་བཏུལ་ནས་སང་ནི་ངེས་མངོན་པར་ཤེས་པ་དྲུག་གི་ཆོས་བཤད་པར་བྱའོ་ཞེས་པ་དེ་ནི་ཤེས་རབ་ཀྱི་ སྟེ༑ འདི་དག་ནི་གཏིང་དཔག་དཀའ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་།དེ་ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་དྲུག་ཚན་བཅོ་བརྒྱད་གང་ཞེ་ན། དེ་ལ་ཅ་ཅོ་མེད་ [138B] འདི་ལྟར་རྒྱ་ཆེར་སྟོན་པ་དེ་ནི་སྦྱིན་པའི་འོ། །འོད་མངོན་པར་འདུ་བྱེད་པ་རྣམ་པ་གསུམ་སྟོན་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ ཀྱིའོ༑ ༑གཞན་གྱི་རྒྱུད་དག་ལ་གནོད་སེམས་མེད་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །བསམ་པ་ཇི་ལྟ་བ་བཞིན་ཚིམ་པར་བྱེད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། ། སྦྲང་མའི་སྦྲང་རྩི་མྱོང་བར་བྱེད་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །རྗེས་སུ་ཆགས་པ་དང། ཁོང་ཁྲོ་བ་དང་བྲལ་བར་སྟོན་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ་ འདི་དག་ནི་ཅ་ཅོ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་བསྙེལ་བ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། དྲན་པ་རྒྱུན་མི་ཆད་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། ། ཇི་ལྟ་བ་བཞིན་ཡོངས་སུ་བསྔོ་བའི་དྲན་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །སྦྱོར་བ་ཁ་ན་མ་ཐོ་བ་མེད་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །ཆོས་ཐམས་ཅད་ མངོན་པར་གོ་བར་མཛད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ་།དུས་གསུམ་དུ་མ་བསྙེལ་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ་།གསུང་རབ་མ་བསྙེལ་བ་གང་ ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདེ་དག་ནི་བསྙེལ་བ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་སེམས་མཉམ་པར་བཞག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སེམས་ལ་ [139A]༄༅། །སྐྱེ་བ་མེད་པར་མཚུངས་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །ཞེན་པ་མེད་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ་།ཕྲད་པས་ཆོག་ཤེས་ པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །གཞན་ལ་ཕན་པ་རྣམ་པར་དཔྱོད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །སེམས་ཚར་བཅད་ཅིང་ཀུན་ཏུ་འཛིན་པ་ཉེ་བར་སྒྲུབ་ པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །དུས་ཐམས་ཅད་དུ་བསམ་པ་ཇི་ལྟ་བ་བཞིན་ལྷུན་གྱིས་གྲུབ་པར་གནས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ ནི་སེམས་མཉམ་པར་བཞག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་སོ་སོར་མ་བརྟགས་པའི་བཏང་སྙོམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བསམ་པ་གྲུབ་པ་བཏང་ སྙོམས་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །ཕ་རོལ་པོ་གཞན་ལ་རག་ལས་པ་ལ་བཏང་སྙོམས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །སྙིང་རྗེའི་ཡོ་བྱད་བཏང་སྙོམས་ པ་ནི༑ དཔེར་ན་བྱང་ཆུབ་ཀྱི་སྙིང་པོ་ལྟ་བུ་གང་ཡིན་པ་དེ་ནི་བཟོད་པའི་འོ། །ཐམས་ཅད་བཏང་སྙོམས་མ་གཏུགས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །ཆོས་ སྟོན་པ་ན་བཏང་སྙོམས་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ་།ཆོས་བཤད་པ་བྱས་ནས་ལུས་ཀྱིས་གདམས་ངག་སྟོན་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ [139B] །འདི་དག་ནི་སོ་སོར་མ་བརྟགས་པའི་བཏང་སྙོམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ཐ་དད་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ཞེ་ན། །ཐ་དད་པའི་འདུ་ཤེས་ ཀྱིས་མི་སྐྱེ་བ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །དེ་བཞིན་ཉིད་དུ་འདུ་ཤེས་པས་ཕྱིན་ཅི་མ་ལོག་པར་སྐྱེ་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །ཡོད་པ་མ་ཡིན་པའི་འདུ་ ཤེས་གང་ཡིན་པ་དེ་ནི་བཟོད་པའི་འོ། །བདག་གི་ལུས་དང་གཞན་གྱི་ལུས་ལ་འཁྲུལ་པ་མེད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ་།དུས་ཤེས་པ་དང་ལྡན་པ་གང་ ཡིན་པ་དེ་ནི་བསམ་གཏན་གྱིའོ། །ཐམས་ཅད་དེའི་ངོ་བོ་མ་ཡིན་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། །འདི་དག་ནི་ཐ་དད་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ འདུན་པ་ཡོངས་ཉམས་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། །ཕ་རོལ་ལ་ཕན་པར་འདུན་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ་།བདག་ལ་ཕན་པར་འདུན་པ་གང་ ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །ཆོས་ཀྱི་གཞི་ལ་འདུན་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །དུས་ཐམས་ཅད་དུ་འདུན་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །སྲེད་ པ་སྤོང་བ་ལ་འདུན་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །ཆོས་མཐོང་བ་ལ་འདུན་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་འདུན་པ་ཡོངས་སུ་ཉམས་ [140A]༄༅། །མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་བརྩོན་འགྲུས་ཡོངས་སུ་ཉམས་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། །ཐམས་ཅད་དུ་སོང་ བའི་བརྩོན་འགྲུས་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །གཞན་དད་པར་འགྱུར་བའི་བརྩོན་འགྲུས་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ་།གདུལ་བའི་དུས་ལ་སྡོད་པ་ གང་ཡིན་པ་དེ་ནི་བཟོད་པའི་འོ། །ཆོས་ལྟ་བ་མི་འདོར་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །ཡིག་འབྲུ་སྟོན་པ་ཟད་མི་ཤེས་པ་གང་ཡིན་པ་དེ་ནི་བསམ་ གཏན་གྱིའོ། །དོན་མ་གཏུགས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ་འདི་དག་ནི་བརྩོན་འགྲུས་ཡོངས་སུ་ཉམས་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ དྲན་པ་ཡོངས་སུ་ཉམས་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། དྲན་པ་ལ་རྙོག་པ་མེད་པའི་དྲན་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །ཐག་རིང་པོ་དྲན་པ་གང་ ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །རིགས་པ་ཇི་ལྟ་བ་བཞིན་དྲན་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །མོས་པ་ཇི་ལྟ་བ་བཞིན་དྲན་པ་གང་ཡིན་པ་དེ་ནི་བརྩོན་ འགྲུས་ཀྱིའོ། །འཇུག་པར་བྱེད་པའི་དྲན་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །ཡོངས་སུ་གཅོད་པའི་དྲན་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ [140B]གོ་དེ་ལ་ཏིང་ངེ་འཛིན་ཡོངས་སུ་ཉམས་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཚད་མེད་པ་ཡོངས་སུ་ འཛིན་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །ཡང་དག་པའི་སྤོང་བ་ཡོངས་སུ་འཛིན་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་དག་ནི་ཚུལ་ཁྲིམས་ཀྱིའོ། །དྲན་པ་ཉེ་ བར་གཞག་པ་ཡོངས་སུ་འཛིན་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་བཟོད་པའི་འོ། །རྫུ་འཕྲུལ་གྱི་རྐང་པ་ཡོངས་སུ་འཛིན་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ ནི་བརྩོན་འགྲུས་ཀྱིའོ། །བསམ་གཏན་ཡོངས་སུ་འཛིན་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །བདེན་པ་ཡོངས་སུ་འཛིན་པའི་ཏིང་ངེ་འཛིན་གང་ཡིན་ པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ཏིང་ངེ་འཛིན་ཡོངས་སུ་ཉམས་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ཤེས་རབ་ཡོངས་སུ་ཉམས་པ་མེད་པའི་ཕ་རོལ་ཏུ་ཕྱིན་ པ་དྲུག་གང་ཞེ་ན། དབང་པོ་ཡོངས་སུ་འཛིན་པའི་ཤེས་རབ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །སྟོབས་ཡོངས་སུ་འཛིན་པའི་ཤེས་རབ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ ཀྱིའོ༑ ༑བྱང་ཆུབ་ཀྱི་ཡན་ལག་ཡོངས་སུ་འཛིན་པའི་ཤེས་རབ་གང་ཡིན་པ་དེ་ནི་བཟོད་པའི་འོ། །ལམ་ཡོངས་སུ་འཛིན་པའི་ཤེས་རབ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། ། [141A]༄༅། །རྟེན་ཅིང་འབྲེལ་པར་འབྱུང་བ་ཡོངས་སུ་འཛིན་པའི་ཤེས་རབ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །སྟོབས་བཅུ་ཡོངས་སུ་འཛིན་ པའི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། །འདི་དག་ནི་ཤེས་རབ་ཡོངས་སུ་ཉམས་བ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་།དེ་ལ་རྣམ་པར་གྲོལ་བ་ཡོངས་ སུ་ཉམས་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ལུས་ཉམ་ཆུང་བ་ཡོངས་སུ་ཉམས་པ་མེད་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །ཚོགས་ཀྱི་ནང་ན་གནས་ པས་ཡོངས་སུ་ཉམས་པ་མེད་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ་།མ་འདྲེས་པར་གནས་པས་ཡོངས་སུ་ཉམས་པ་མེད་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། ། གཞན་ཀྱི་གནས་ཐོབ་པར་བྱེད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །ཟད་པ་ཤེས་པས་ལེགས་པར་བྱས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །མི་སྐྱེ་བ་ ཤེས་པས་བག་ཆགས་དང་བྲལ་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། །འདི་དག་ནི་རྣམ་པར་གྲོལ་བ་ཡོངས་སུ་ཉམས་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་ དེ་ལ་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཉམས་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བསམ་པ་ཇི་ལྟ་བ་བཞིན་རྣམ་པར་གྲོལ་བ་ཡེ་ཤེས་མཐོང་བ་གང་ [141B] །སྡོམ་པ་མེད་པར་མཐོང་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །འདོད་པར་འགྱུར་བ་མཐོང་བ་གང་ཡིན་པ་དེ་ནི་བཟོད་པའི་འོ། །ས་ དང་ས་པ་ཡིན་པའི་འབྲས་བུ་རྣམ་པར་གཞག་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །སྐྱེ་བ་རྣམ་པར་བཞག་པ་ལ་མི་སློབ་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། ། ཆོས་གོས་ཀྱི་ཐ་མས་ཁྱེར་བ་ན་ཡོངས་སུ་ཉམས་པ་མེད་པའི་ཤེས་རབ་རྣམ་པར་གྲོལ་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། །འདི་དག་ནི་རྣམ་པར་གྲོལ་བའི་ཡེ་ ཤེས་མཐོང་བ་ཡོངས་སུ་ཉམས་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ལུས་ཀྱི་ལས་ཡེ་ཤེས་ཀྱིས་རྗེས་སུ་འཇུག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། །ལུས་ ཀྱི་ལས་མ་འཁྲུལ་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །ལུས་ཀྱི་ལས་ངེས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །བག་ཆགས་ཀྱིས་འགྱུར་བ་མེད་པ་གང་ཡིན་ པ་དེ་ནི་བཟོད་པའི་འོ། །གཅིག་ཏུ་དགེ་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །སྐྱེ་བོ་མང་པོ་ལ་རྣམ་པར་སྨིན་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། ། ལུས་ཀྱི་རྫུ་འཕྲུལ་གྱིས་གདམས་ངག་སྟོན་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། །འདི་དག་ནི་ལུས་ཀྱི་ལས་ཡེ་ཤེས་ཀྱི་རྗེས་སུ་འཇུག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་ [142A]༄༅། །དེ་ལ་དག་གི་ལས་ཡེ་ཤེས་ཀྱི་རྗེས་སུ་འཇུག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ངག་འཁྲུལ་པ་མེད་པར་འབྱུང་བ་གང་ཡིན་པ་དེ་ནི་ སྦྱིན་པའི་འོ། །ཐམས་ཅད་དུ་སོང་བའི་དབྱངས་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །འཁོར་དགའ་བར་འགྱུར་བ་གང་ཡིན་པ་དེ་ནི་བཟོད་པའི་འོ། །ཀུན་ཏུ་སྒྲོག་པ་ གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །མོས་པར་འབྱུང་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །རེ་བ་ལ་སྟོན་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ ནི་ངག་གི་ལས་ཡེ་ཤེས་ཀྱི་རྗེས་སུ་འཇུག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ཡིད་ཀྱི་ལས་ཡེ་ཤེས་ཀྱི་རྗེས་སུ་འཇུག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཡིད་ ཀྱི་ལས་རང་བཞིན་གྱིས་རྒྱུན་མི་ཆད་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །རྗེས་སུ་ཆགས་པ་པ་དང་ཁོང་ཁྲོ་བ་སྤོང་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །སོ་སོར་ བརྟགས་པ་སྒྲུབ་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །ངའོ་སྙམ་པའི་ང་རྒྱལ་སྤོང་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ་།གཏི་མུག་དང་བྲལ་བ་གང་ཡིན་པ་དེ་ ནི་བསམ་གཏན་གྱིའོ། །ཚད་མེད་པས་གནས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ཡིད་ཀྱི་ལས་ཡེ་ཤེས་ཀྱི་རྗེས་སུ་འཇུག་པའི་ཕ་རོལ་ཏུ་ [142B]དེ་ལ་འདས་པའི་དུས་ལ་མ་ཐོགས་པའི་ཡེ་ཤེས་མཐོང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཁམས་ལ་རྟོག་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །ཕུང་ པོ་ལ་རྟོག་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །སྐྱེ་མཆེད་ལ་རྟོག་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །ལས་ལ་རྟོག་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །ཉོན་ མོངས་པ་ལ་རྟོག་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །སེམས་ལ་རྟོག་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་འདས་པའི་དུས་ལ་མ་ཐོགས་ པའི་ཡེ་ཤེས་མཐོང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་མ་འོངས་པའི་དུས་ལ་མ་ཐོགས་པའི་ཡེ་ཤེས་མཐོང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། འགྲོ་བར་ཐ་དད་པར་ རྟོག་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །ལྟ་བ་ཐ་དད་པར་རྟོག་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །གང་ཟག་ཐ་དད་པར་རྟོག་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། ། སྦྱོར་བ་ཐ་དད་པར་རྟོག་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །སྐྱེ་བ་ཐ་དད་པར་རྟོག་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །རྣམ་པར་སྨིན་པ་ཐ་དད་པར་རྟོག་ པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། །འདི་དག་ནི་མ་འོངས་པའི་དུས་ལ་མ་ཐོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ད་ལྟར་བྱུང་བའི་དུས་ལ་ [143A]༄༅། །མ་ཐོགས་པའི་ཡེ་ཤེས་མཐོང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། །ད་ལྟར་བྱུང་བའི་དུས་ཀྱི་བྱ་བ་ཤེས་པ་གང་ཡིན་པ་དེ་ནི་སྦྱིན་པའི་ འོ༑ ༑མྱ་ངན་ལས་འདས་པ་མཐོང་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །འདོད་ཆགས་དང་བྲལ་བར་མཐོང་བ་གང་ཡིན་པ་དེ་ནི་བཟོད་པའི་འོ། །འགོག་པ་ མཐོང་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །མངོན་སུམ་དུ་བྱ་བ་མཐོང་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །འདུས་བྱས་དང་འདུས་མ་བྱས་ལ་ཆུད་ཟ་ པ་མེད་པ་མཐོང་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། །འདི་དག་ནི་ད་ལྟར་བྱུང་བའི་དུས་ལ་མ་ཐོགས་པའི་ཡེ་ཤེས་མཐོང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ མཁས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། །ཐབས་མཁས་པས་དཔྱོད་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །སྐྱོན་དང་བྲལ་བར་སྦྱོར་བ་གང་ཡིན་པ་དེ་ནི་ཚུལ་ ཁྲིམས་ཀྱིའོ། །ཡོངས་སུ་བསྔོ་བ་གང་ཡིན་པ་དེ་ནི་བཟོད་པའི་འོ་།ཐམས་ཅད་དུ་ཐོགས་པ་མེད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །སེམས་ཅན་རྣམས་ ཀྱི་མོས་པ་འཛིན་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །བདེ་བ་ཚད་མེད་པ་ལ་འཇུག་བ་ཐོབ་པར་བྱེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ [143B] འདི་དག་ནི་མཁས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ཇི་ལྟ་བ་བཞིན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན་།ཆོས་ཐམས་ཅད་མཉམ་པ་ཉིད་དུ་སྦྱོར་བ་ལ་ཐོགས་ པ་མེད་པའི་ཡེ་ཤེས་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །དངོས་པོ་བརྒྱད་མཐོང་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །ལྟ་བ་གསལ་བར་མཐོང་བ་གང་ཡིན་པ་དེ་ནི་ བཟོད་པའི་འོ། །གདུལ་བར་མཐོང་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །ཉེ་བར་སྒྲུབ་པ་མཐོང་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །བརྡ་ལ་ངེས་པའི་ཚིག་ འཇུག་པར་མཐོང་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། །འདི་དག་ནི་ཇི་ལྟ་བ་བཞིན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་རང་བཞིན་མཐོང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ ཞེ་ན༑ མི་དམིགས་པས་ཡོངས་སུ་བསྔོས་པའི་སྦྱིན་པ་ནི། དཔེར་ན་མར་མེ་མཛད་ལྟ་བུའི་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །ལུས་ལ་མི་ལྟ་བ་ནི། དཔེར་ན་ཟླ་འོད་ཀྱིས་ བདེན་པ་གང་གིས་ངའི་མི་གཅེས་སྨྲས་པ་ལྟ་བུ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །ཆོས་ཐམས་ཅད་མཉམ་པ་ཉིད་དུ་མཐོང་བ་གང་ཡིན་པ་དེ་ནི་བཟོད་པའོ། །ལྗོངས་ ཀྱི་ངེས་པའི་ཚིག་མཐོང་བར་ཁོང་དུ་ཆུད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །སྙིང་བརྩེ་བ་མི་གཏོང་བར་མཐོང་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །གཉིས་སུ་ [144A]༄༅། །མེད་པས་གནས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟེ། །འདི་དག་ནི་རང་བཞིན་མཐོང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ ལ་འདོད་པ་ན་སྤྱོད་པའི་ལས་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། འདོད་པ་ན་སྤྱོད་པའི་ལས་དམན་པ་མཐོང་བ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །འབྲིང་མཐོང་བ་གང་ཡིན་པ་ དེ་ནི་ཚུལ་ཁྲིམས་ཀྱིའོ། །ཆེན་པོ་མཐོང་བ་གང་ཡིན་པ་དེ་ནི་བཟོད་པའི་འོ། །ལས་ཟད་བར་མཐོང་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །ལས་ཟད་པར་སྦྱོར་ བར་མཐོང་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །ལས་ཟད་པར་སྦྱོར་བའི་མི་སྐྱེ་བར་མཐོང་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟེ། འདི་དག་ནི་ འདོད་པ་ན་སྤྱོད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་གཟུགས་ན་སྤྱོད་པའི་ལས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། གཟུགས་ཀྱི་རྣམ་པར་སྨིན་པ་མཐོང་བ་གང་ཡིན་པ་དེ་ ནི་སྦྱིན་པའི་འོ། །གཟུགས་ཀྱི་རྒྱུ་མཐོང་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །སྐྱེ་བའི་ལས་མཐོང་བ་གང་ཡིན་པ་དེ་ནི་བཟོད་པའི་འོ། །སྐྱེ་བའི་ལས་ཀྱི་རྣམ་པར་རྟོག་ པ་མཐོང་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །རྣམ་པར་སྨིན་པ་གསལ་བ་མཐོང་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །དམན་པ་དང་དམན་པ་མ་ཡིན་པར་ [144B]པའི་སྟེ། འདི་དག་ནི་གཟུགས་ན་སྤྱོད་པའི་ལས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་གཟུགས་མེད་པ་ན་སྤྱོད་པའི་ལས་ཀྱི་ ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། གཟུགས་མེད་པའི་སྙོམས་པར་འཇུག་པའི་ས་ཡོངས་སུ་དག་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ་།རྣམ་པ་ལ་རྟོག་པ་གང་ཡིན་པ་དེ་ནི་ཚུལ་ ཁྲིམས་ཀྱིའོ། །དམིགས་པ་ལ་རྟོག་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །དམིགས་པ་མཉམ་པ་ཉིད་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ་།དམིགས་པ་ཤིན་ཏུ་སྦྱངས་པ་གང་ཡིན་ པ་དེ་ནི་བསམ་གཏན་གྱིའོ། །ཐ་དད་པ་མེད་པར་སྟོན་པར་མཐོང་བ་ནས་ངེས་པར་འབྱུང་བ་མཐོང་བའི་བར་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་གཟུགས་མེད་པ་ན་ སྤྱོད་པའི་ལས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། དེ་ལ་དཀར་པོ་རྣམ་པར་མཐོང་བའི་སའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན་དཀར་པོ་རྣམ་པར་མཐོང་བའི་ས་ལ་རེ་བ་མེད་པ་གང་ཡིན་ པ་དེ་ནི་སྦྱིན་པའི་འོ། །མཚན་མ་མེད་པར་བ་ཏུ་ཐོབ་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །རྒྱུན་མི་འཆད་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །རྣམ་པར་ལྟ་བ་གང་ཡིན་པ་དེ་ ནི་བརྩོན་འགྲུས་ཀྱིའོ། །ཀུན་དུ་འཕེལ་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །དཀར་པོ་རྣམ་པར་མཐོང་བའི་ས་ལ་ཆོས་སུ་འདུ་ཤེས་ཤིང་སེམས་ཅན་གྱི་འདུ་ཤེས་མེད་པ་གང་ཡིན་པ་ [145A]༄༅། །དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟེ། འདི་དག་ནི་དཀར་པོ་རྣམ་པར་མཐོང་བའི་སའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་།དེ་ལ་རིགས་ཀྱི་ཆོས་ཀྱི་ཕ་ རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན་རིགས་ཀྱི་ཆོས་མཐོང་བ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །འབྲིང་པོ་མཐོང་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །སྲེད་པར་མཐོང་བ་གང་ ཡིན་པ་དེ་ནི། བཟོད་པའི་འོ། །རིགས་ལས་ཉམས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །རིགས་ཡོངས་སུ་རྫོགས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །བརྒྱད་ པའི་ཆོས་རབ་ཏུ་འཐོབ་པའི་སེམས་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟེ། འདི་དག་ནི་རིགས་ཀྱི་ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་བརྒྱད་པའི་ཆོས་ཀྱི་ ཕ་རོལ་ཏུ་ཕྱིན་བ་དྲུག་གང་ཞེ་ན། བརྒྱད་པ་དད་པའི་རྗེས་སུ་འབྲང་བ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །བརྒྱད་པ་ཆོས་ཀྱི་རྗེས་སུ་འབྲང་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ ཀྱིའོ༑ ༑བརྒྱད་པ་སྐྱེ་བ་གང་ཡིན་པ་དེ་ནི་བཟོད་པའི་འོ། །བརྒྱད་པ་དགྲ་བཅོམ་པ་སྟན་གཅིག་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །བརྒྱད་པ་རྒྱུན་དུ་ཞུགས་པའི་འབྲས་བུ་ དང། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང། ཕྱིར་མི་འོང་བའི་འབྲས་བུ་ལ་རབ་ཏུ་གནས་པ་དེ་ནི་བསམ་གཏན་གྱིའོ། །གཉི་གའི་ཆ་ལས་རྣམ་པར་གྲོལ་བ་གང་གིས་སོ་ [145B]ཕ་རོལ་ཏུ་ཕྱིན་པའི་སྟེ། འདི་དག་ནི་བརྒྱད་པའི་ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་རྒྱུན་དུ་ཞུགས་པའི་ཆོས་ ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། རྒྱུན་དུ་ཞུགས་པའི་ཆོས་ཀྱི་ལམ་ལ་རྟོག་པ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་འོ། །རྣོ་བར་རྟོག་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ ཀྱིའོ། །དེ་ལྟར་ཐོགས་ན་ལན་བདུན་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །རིགས་ནས་རིགས་སུ་སྐྱེ་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །བར་ཆད་གཅིག་པ་གང་ཡིན་པ་དེ་ནི་བསམ་ གཏན་གྱིའོ། །ཞུགས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟེ། འདི་དག་ནི་རྒྱུན་དུ་ཞུགས་པའི་ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ལན་ཅིག་ཕྱིར་འོང་བའི་ ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ལན་གཅིག་ཕྱིར་འོང་བ་ལ་ཉོན་མོངས་པ་ཆུད་པར་མཐོང་པ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་འོ། །ཉོན་མོངས་པ་རྣོ་བར་ མཐོང་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །ལས་ཆུད་པར་མཐོང་བ་གང་ཡིན་པ་དེ་ནི་བཟོད་པའི་འོ། །ལས་ལ་སྲེད་པར་མཐོང་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །བུལ་ བ་ཉིད་དུ་མཐོང་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །ལྷག་པར་སྲེད་པར་མཐོང་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟེ། འདི་དག་ནི་ལན་ཅིག་ཕྱིར་འོང་ [146A]༄༅། །བའི་ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ཕྱིར་མི་འོང་བའི་ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། འདོད་པ་ན་སྤྱོད་པའི་འདོད་ཆགས་སྤོང་བ་ གང་ཡིན་པ་དེ་ནི་སྦྱིན་པའི་འོ། །མི་ལྟ་བའི་སེམས་དང་དིའི་ངོ་བོ་མ་ཡིན་པ་དང། ཕྱིར་མི་འོང་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །སྲིད་པ་བཟང་པོར་སྐྱེ་བ་གང་ཡིན་ པ་དེ་ནི་བཟོད་པའི་འོ། །ཤིན་ཏུ་མཐོང་བར་སྐྱེ་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །འོག་མིན་དུ་སྐྱེ་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །སྐྱེས་བུ་དམ་པའི་འགྲོ་ བ་དྲུག་གི་ཤེས་པ་ཐག་རིང་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟེ། འདི་དག་ནི་ཕྱིར་མི་འོང་བའི་ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་དགྲ་ བཅོམ་པའི་ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། དགྲ་བཅོམ་པ་ཡོངས་སུ་ཉམས་པའི་ཆོས་ལ་རྟོག་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །ཡོངས་སུ་ཉམས་པ་མེད་ པའི་ཆོས་ལ་རྟོག་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །དད་པས་མོས་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །ཤེས་རབ་ཀྱིས་རྣམ་པར་གྲོལ་བ་ལ་རྟོག་པ་གང་ཡིན་པ་ དེ་ནི་བརྩོན་འགྲུས་ཀྱིའོ། །ལུས་ཀྱིས་མངོན་དུ་བྱེད་པ་ལ་རྟོག་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །གཉི་གའི་ཆ་ལས་རྣམ་པར་གྲོལ་བ་ལས་རྟོག་པ་གང་ཡིན་པ་དེ་ནི་ཤེས་རབ་ [146B] འདི་དག་ནི་དགྲ་བཅོམ་པའི་ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་རང་སངས་རྒྱས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། རང་སངས་རྒྱས་ལ་ཡིད་བྱུང་བ་ཆུད་བར་ མཐོང་བ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །ཡིད་བྱུང་ནས་འབྱོལ་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །གཅིག་བུལ་དགའ་བ་གང་ཡིན་པ་དེ་ནི་བཟོད་པའི་འོ། །ཐར་པ་ལ་དགའ་བ་གང་ཡིན་པ་དེ་ ནི་བརྩོན་འགྲུས་ཀྱིའོ། །ཞི་གནས་ལ་གནས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །གཅིག་བུ་སྤོབས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་རང་སངས་རྒྱས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ གོ་དེ་ལ་བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། གཡོ་མེད་བེན་སྦྱིན་པ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་འོ། །ལྷག་པའི་བསམ་པས་ཞུགས་པའི་སྦྱར་བ་ནི་ དཔེར་ན། ངང་པའི་སྐྱེས་པའི་རབས་ལྟ་པུ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །སེམས་ཅན་ཐམས་ཅད་སེམས་མཉམ་པ་ཉིད་གང་ཡིན་པ་དེ་ནི་བཟོད་པའི་འོ། །ཤེས་པ་ཐམས་ཅད་རྣམ་ པར་དཔྱོད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །གཞན་གྱིས་བསྒྲགས་པ་ལས་བརྟེན་ནས་སྙོམས་པར་འཇུག་པ་རྟོགས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །འཁོར་བ་ན་ཡོངས་སུ་སྐྱོ་ བ་མེད་པའི་ཤེས་པ་དང། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ཟད་པ་ཤེས་ [147A]༄༅། །པས་རབ་ཏུ་ཕྱེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཟད་པ་ཤེས་པ་ལ་ཐོགས་པ་མེད་པར་སྦྱོར་བ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །སྦྱོར་བ་ཆ་ཕྲ་བ་གང་ཡིན་པ་ དེ་ནི་ཚུལ་ཁྲིམས་ཀྱིའོ། །མཚན་ཉིད་མེད་པ་ལ་སྦྱོར་བ་གང་ཡིན་པ་དེ་ནི་བཟོད་པའི་འོ། །ཡོངས་སུ་གཅོད་པའི་དམིགས་པ་ལ་སྦྱོར་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །མེ་ ལྟ་བར་སྦྱོར་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །མི་ཤེས་པ་ཐམས་ཅད་དང་བྲལ་ཞིང་ཤེས་པ་ཐམས་ཅད་རབ་ཏུ་ཐོབ་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ཟད་པ་ ཤེས་པས་རབ་ཏུ་ཕྱེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་མི་སྐྱེ་བ་ཤེས་པས་རབ་ཏུ་ཕྱེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྲིད་པའི་རྩ་བ་དགུ་པོ་དག་མི་སྐྱེ་བར་ཤེས་པ་གང་ ཡིན་པ་དེ་ནི་སྦྱིན་པའི་འོ། །གནོད་སེམས་ཀྱི་དངོས་པོ་དགུ་མི་སྐྱེ་བར་ཤེས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །འཇིག་རྟེན་གྱི་ཆོས་མ་གཏུགས་པ་གང་ཡིན་པ་དེ་ ནི་བཟོད་པའི་འོ། །རྣམ་པར་ཐར་པ་ཡོངས་སུ་མ་ཉམས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །མི་སློབ་པའི་ཤེས་པ་བཅུ་པོ་དག་མཐོང་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། ། ཡོངས་སུ་གཅོད་པ་ལ་འགྱུར་བ་མེད་པར་མཐོང་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་མི་སྐྱེ་བ་ཤེས་པས་རབ་ཏུ་ཕྱེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་བྱིན་གྱི་ [147B] དམ་པའི་ཆོས་མ་ནུབ་ཀྱི་བར་དུ་ཆོས་ཐམས་ཅད་གནས་པ་དང། བསྟན་པ་ལ་ཟང་ཟིང་གིས་མཆོད་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །བསྟན་པ་ ཟིལ་གྱིས་མི་ནོན་པ་གང་ཡིན་དེ་ནི་ཚུལ་ཁྲིམས་ཀྱིའོ། །འཇིག་རྟེན་གྱི་རིགས་བཞི་དང་པར་བྱེད་པ་གང་ཡིན་པ་དེ་ནི་བཟོད་པའི་འོ་།མངོན་པར་བརྩོན་པ་འབྲས་བུ་དང་བཅས་པར་ རྩོལ་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །བསམ་པ་དེས་པས་ཆོས་མངོན་པར་རྟོགས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །འཇིག་རྟེན་གྱི་ཆོས་ཐམས་ཅད་ཡོངས་སུ་ཤེས་ པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟེ། འདི་དག་ནི་བྱིན་གྱི་རླབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ལྷའི་མིག་སྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན་ ལྷའི་མིག་གིས་གཟུགས་ཅན་མཐོང་བ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །གཟུགས་ཅན་མ་ཡིན་པ་མཐོང་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །སྒྲོ་བཏགས་པ་མེད་པར་མཐོང་བ་ གང་ཡིན་པ་དེ་ནི་བཟོད་པའི་འོ། །འཁོར་བའི་ཉེས་དམིགས་མཐོང་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །ངེས་པར་འབྱུང་བ་མཐོང་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། ། ཉེ་བར་ཞི་བ་མཐོང་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ལྷའི་མིག་སྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ལྷའི་རྣ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྒྲ་ཆེ་བ་ཉན་པ་ [148A] །སྒྲ་ཆུད་པ་ཉན་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །བྱམས་པ་ཐམས་ཅད་ཡོངས་སུ་རྫོགས་པ་གང་ཡིན་པ་དེ་ནི་ བཟོད་པའི་འོ། །ཐབས་ཀྱི་ཚིག་སྦྱིན་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །འདུ་བྱེད་རྣམས་ཐོས་ནས་ཀུན་དུ་འཛིན་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །སྒྲ་ཐམས་ཅད་ དཔྱོད་པ་ལ་འཇུག་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ལྷའི་རྣ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་སེམས་ཀྱི་རྣམ་གྲངས་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ ཞེ་ན༑ སེམས་ཀྱི་རང་བཞིན་མཐོང་བ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །སེམས་ལ་དགེ་བ་དང་མི་དགེ་བར་མཐོང་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །སེམས་གྱི་རྒྱུ་དང་རྐྱེན་ མཐོང་བ་གང་ཡིན་པ་དེ་ནི་བཟོད་པའི་འོ། །འདས་པ་དང། མ་འོངས་པ་མཐོང་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །ད་ལྟར་འབྱུང་བ་ལ་མཉམ་པ་ཉིད་དུ་མཐོང་བ་གང་ཡིན་པ་ དེ་ནི་བསམ་གཏན་གྱིའོ། །ཐམས་ཅད་དུ་རྒྱུ་བར་མཐོང་བ་གང་ཡིན་པ་དེ་ནི་ཤེས་བར་ཀྱི་སྟེ། འདི་དག་ནི་སེམས་ཀྱི་རྣམ་གྲངས་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་སྔོན་གྱི་ གནས་མཐོང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྔོན་གྱི་གནས་ན་དབེན་པའི་དམིགས་པ་མཐོང་བ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །སྐྱེ་བ་ལ་རྟོག་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ [148B] ༑འགྲོ་བར་འཇུག་པ་མེད་པ་ལ་རྟོག་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །དེ་ལྟ་བུ་ལ་རྟོག་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །དེ་ལྟར་བདག་མེད་པར་མཐོང་བ་གང་ཡིན་པ་ དེ་ནི་བསམ་གཏན་གྱིའོ། །རྣམ་པས་ལུང་འབོག་པ་མཐོང་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་སྔོན་གྱི་གནས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་རྫུ་འཕྲུལ་གྱི་ཕ་རོལ་ ཏུ་ཕྱིན་པ་དྲུག་གང་ཞེ་ན། རྫུ་འཕྲུལ་གྱི་ཤུགས་རབ་ཏུ་ཐོབ་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །དམིགས་པ་ཐ་དད་པ་མེད་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །སེམས་ཅན་ རྣམས་ལ་སྙིང་རྗེས་རྣམ་པར་འཕྲུལ་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །ཐམས་ཅད་དུ་ཐོགས་པ་མེད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །ཡིད་ཀྱི་ལས་མི་ལྡོག་ཕ་གང་ཡིན་ པ་དེ་ནི་བསམ་གཏན་གྱིའོ། །ཟིལ་གྱིས་མི་ནོན་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་རྫུ་འཕྲུལ་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ཟག་པ་ཟད་པར་ཤེས་པའི་ཕ་རོལ་ཏུ་ ཕྱིན་པ་དྲུག་གང་ཞེ་ན། ཟག་པར་མཐོང་བ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །ཟག་པ་ཀུན་འབྱུང་བར་མཐོང་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །ཟག་པ་འགོག་པར་མཐོང་བ་གང་ ཡིན་པ་དེ་ནི་བཟོད་པའི་འོ། །ཟག་པ་འགོག་པར་འགྱུར་བའི་ལམ་མཐོང་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །འདི་ཉིད་དུ་ཟག་བ་བཅུ་མ་ལུས་པར་འགོག་པར་ལྟ་པ་གང་ཡིན་པ་དེ་ནི་ [149A]༄༅། །བསམ་གཏན་གྱིའོ། །འདི་ཉིད་དུ་ཟག་པ་བཅོམ་ནས་མི་སྣང་བར་འགྱུར་བ་གང་ཡིན་པ་དང། དེ་ལྟར་མཐོང་བ་གང་ཡིན་པ་དེ་ནི་ཤེས་རབ་གྱི་སྟེ། འདི་ དག་ནི་ཟག་པ་ཟད་པ་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་སྤྱོད་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྐྱེ་བོ་མང་པོ་དང་པར་བྱེད་པའི་སྤྱོད་ལམ་གང་ཡིན་པ་དེ་ནི་སྦྱིན་ པའི་འོ༑ ༑ཀུན་ནས་མཛེས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ་།རྒྱུན་མི་འཆད་པར་བལྟས་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །གོམ་པ་འདོར་བ་གང་ཡིན་པ་དེ་ནི་བརྩོན་ འགྲུས་ཀྱིའོ། །སྤྱོད་ལམ་མ་ཉམས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །སྤྱོད་ལམ་མ་བཅོས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ་འདི་དག་ནི་སྤྱོད་ལམ་གྱི་ཕ་རོལ་ཏུ་ ཕྱིན་པ་དྲུག་གོ་དེ་ལ་ཕན་པར་འདོད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྤྱོད་པ་ཡང་པར་ཟང་ཟིང་ལེན་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །སེམས་ཅན་མ་རུངས་བ་དག་ལ་སྐྱབས་ བྱེད་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །མུ་སྟེགས་ཅན་རྣམས་ཀྱི་གནོད་པ་གཟོད་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །འདི་ལྟར་གདུལ་ཁའི་ཕྱིར་དགའ་བོ་ལྟའི་ནང་དུ་སོན་ པ་དང། འདི་ལྟར་པད་མའི་སྙིང་པོའི་ལྟ་བུ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །གདུལ་བའི་ཕྱིར་བཟང་བརྩམས་སྒོམ་པ་ལྟ་བུ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །འདི་ལྟར་ [149B]ཆོས་བསྟན་པ་དང། འདི་ལྟར་བདེན་པ་བལྟ་བུ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ཕན་པར་འདོད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ གོ་དེ་ལ་ཉོན་མོངས་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཉོན་མོངས་པས་ཡོངས་སུ་སྐྱོ་བ་མེད་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །དབང་རབ་ཏུ་ཐོབ་པ་གང་ཡིན་པ་དེ་ནི་ཚུལ་ ཁྲིམས་ཀྱིའོ། །གནོད་སེམས་མེད་པར་གནས་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །མོས་པ་ལ་ཡོན་སྤྱོད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །མངོན་པར་ཞེན་པ་མེད་པར་རྟག་ཏུ་སྦྱོར་བ་གང་ ཡིན་པ་དེ་ནི་བསམ་གཏན་གྱིའོ། །ཇི་ལྟར་འདོད་པ་བཞིན་གནས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ཉོན་མོངས་པ་ཡིད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ཆེའི་འདུ་བྱེད་ འདོར་བ་ལ་དབང་སྒྱུར་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན་ཚེ་འདོར་བ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །བོར་ནས་གནས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །མཚམས་བཅད་པ་ གང་ཡིན་པ་དེ་ནི་བཟོད་པའི་འོ། །ལྟ་བར་སོང་བའི་སྲིད་པ་ཐམས་ཅད་སྤངས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །སེམས་ཅན་སྨིན་པར་བྱ་བའི་ཕྱིར་གཏང་བ་གང་ཡིན་པ་དེ་ནི་བསམ་ གཏན་གྱིའོ། །སེམས་ཅན་ཡིན་བྱུང་པ་རྣམས་གདུལ་བའི་ཕྱིར་བཏང་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ཚེའི་འདུ་བྱེད་འདོར་བ་ལ་དབང་སྒྱུར་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ [150A]༄༅། །གོ་དེ་ལ་མྱ་ངན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ལེན་པ་མེད་པར་མྱ་ངན་ལས་འདས་པ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །སེམས་ཀྱིས་བྱིན་ གྱིས་བརླབས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །འོད་སྲུང་ཆེན་པོ་མཐོང་བར་སྒྲུབ་པ་གང་ཡིན་པ་དེ་ནི་བཟོད་པའི་འོ་།སྟོང་གསུམ་གཡོ་བར་བྱེད་པ་གང་ཡིན་པ་དེ་ནི་བརྩོན་ འགྲུས་ཀྱིའོ། །སེམས་ལ་འཇོག་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ་།རིང་བསྲེལ་སེལ་བུད་བླགས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ་འདི་དག་ནི་མྱ་ངན་ལས་འདས་པའི་ ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་ཆོ་འཕྲུལ་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཕྱོགས་ཐ་དད་པ་དག་ཏུ་སྐུ་གདུང་རྣམས་འཐོར་བ་གང་ཡིན་པ་དེ་ནི་སྦྱིན་པའི་འོ། །སྐུ་གདུང་གི་ ཆོ་འཕྲུལ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །སེམས་ཅན་རྣམས་དང་བར་ཕྱེད་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །ཆོ་འཕྲུལ་ལ་ལྟ་རྣམས་སྤྲོ་བར་བྱེད་པ་གང་ཡིན་པ་དེ་ནི་ བརྩོན་འགྲུས་ཀྱིའོ། །སྤུ་ཟིང་ཞེས་བྱེད་ཅིང་མཆི་མ་འཇོག་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །བདེན་པའི་ཆོག་གིས་རིང་བསྲེལ་ལས་ཆོ་འཕྲུལ་འབྱུང་བ་གང་ཡིན་པ་དེ་ནི་ ཤེས་རབ་ཀྱི་སྟེ། འདི་དག་ནི་ཆོ་འཕྲུལ་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་བསྟན་པ་རྣམ་པར་དབྱེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། རྙེད་བ་རབ་ཏུ་ཐོབ་པ་གང་ཡིན་པ་དེ་ནི་སྦྱིན་ [150B] ༑ཁ་ན་མཐོ་བ་མེད་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །ཟིལ་གྱིས་མི་ནོན་པ་གང་ཡིན་པ་དེ་ནི་བཟོད་པའི་འོ་།ཇི་ཙམ་དུ་ལྟ་དང་མིས་བསྟན་པ་ཐོབ་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ ཀྱིའོ། །བདུད་ཀྱིས་བལྟར་མེད་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ་།བསྟན་པ་དང་བྲལ་བར་དགའ་ཞིང་དང་བཙམ་གྱིས་མཐར་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་བ་གང་ཡིན་པ་ དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་བསྟན་པ་རྣམ་པར་དབྱེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་དེ་ལ་རིང་བསྲེལ་རྣམ་པར་དབྱེ་བ་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། རིང་བསྲེལ་རྣམས་ལ་ཡོ་ བྱད་ཀྱིས་མཚེད་པ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་འོ། །སྐྱེ་བོ་མང་པོ་དད་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །རིང་བསྲེལ་གྱི་མཆོད་རྟེན་གཟི་བྱིན་ཅན་གང་ཡིན་པ་དེ་ ནི་བཟོད་པའི་འོ། །ལྷ་དང་མི་རྣམས་དགའ་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །རིང་བསྲེལ་གྱི་དམིགས་པ་ལས་སངས་རྒྱས་རྗེས་སུ་དྲན་པ་ཐོབ་པ་གང་ཡིན་པ་དེ་ནི་བསམ་ གཏན་གྱིའོ། །རིང་བསྲེལ་ཚོལ་བས་སྤོབས་པ་ཡོངས་སུ་མ་ཉམས་པ་ཐོབ་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟེ་འདི་དག་ནི་རིང་བསྲེལ་རྣམ་པར་དབྱེ་པའི་ཕ་རོལ་ཏུ་ ཕྱིན་པ་དྲུག་གོ་དེ་དག་ལས་ཕ་རོལ་ཏུ་ཕྱིན་པ་ཉིས་སྟོང་ཆིག་བརྒྱ་ནི་འདོད་ཆགས་སྤྱོད་པ་རྣམས་ལ་ཆོས་བསྟན་པའོ། །ཕ་རོལ་ཏུ་ཕྱིན་པ་ཉིས་སྟོང་ཆིག་བརྒྱ་ནི་ཞེ་སྡང་སྤྱོད་པ་རྣམས་ལ་ [151A]༄༅། །ཆོས་བསྟན་པའོ། །ཕ་རོལ་ཏུ་ཕྱིན་པ་ཉིས་སྟོང་ཆིག་བརྒྱ་ནི་གཏི་མུག་སྤྱོད་པ་རྣམས་ལ་ཆོས་བསྟན་པའོ། །ཕ་རོལ་ཏུ་ཕྱིན་པ་ཉིས་སྟོང་ཆིག་བརྒྱ་ནི་ཆ་ མཉམ་པར་སྤྱོད་པ་རྣམས་ལ་ཆོས་བསྟན་པ་སྟེ། དེ་དག་ནི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་བཞི་བརྒྱ་འོ། །དེ་དག་གི་ཏིང་ངེ་འཛིན་ཀྱང་བརྒྱད་སྟོང་བཞི་བརྒྱའོ། །དེ་དག་གི་རྣམ་པ་ལ་འཇུག་པའང་ སྟོང་སྟོང་སྟེ། རྣམ་པ་བརྒྱ་བརྒྱ་པོ་རེ་རེའི་སྟོང་སྟོང་པོ་དེས་ན། དེ་དག་གི་ཕ་རོལ་ཏུ་ཕྱིན་པ་བརྒྱད་ཁྲི་བཞི་སྟོང་ཞེས་བྱའོ། །དེ་དག་གི་ཏིང་ངེ་འཛིན་བརྒྱད་ཁྲི་བཞི་སྟོང་སྒྲུབ་པར་བྱེད་པ་ནི་བདག་ ལ་ཕན་པར་བརྩོན་པ་ཞེས་བྱའོ། །གཟུངས་བརྒྱད་ཁྲི་བཞི་སྟོང་ནི་གཞན་ས་ཕན་པར་བརྩོན་པ་སྟེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱིར་དེ་ནི་སངས་རྒྱས་ཀྱི་བྱང་ཆུབ་པོ། །མཆོག་ཏུ་དགའ་བའི་ རྒྱལ་པོ༑ ངེས་བྱང་ཆུབ་ཀྱི་སྙིང་པོར་བདུད་པ་ཏུལ་ཏེ་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་དེ་ཆོས་ལ་དགའ་བའི་རྣམ་པར་སྨིན་པས་ཞག་བདུན་གྱི་བར་དུ་དཀྱིལ་མོ་ཀྲུང་མ་ བཤིག་པར་འདུག་པ་ལ་ཚངས་པས་ཀྱེ་མའོ་འཇིག་རྟེན་འདི་ན་ཆ་བ་འཚལ་ཏེ། འདི་ལྟར་དེ་བཞིན་གཤེགས་པས་ན་ཆོས་རྒྱ་ཆེན་པོ་འདི་ལྟ་བུ་མངོན་པར་རྫོགས་པར་སངས་རྒྱས་ཀྱང་ ཐུགས་ལས་ཆུད་དུ་ལ་ཐུགས་མངོན་པར་གཞོལ་བར་མཛད་ཀྱི། ཆོས་བསྟན་པའི་སླད་དུ་ནི་མ་ལགས་སོ། །ཞེས་གསོལ་བ་བཏབ་བོ། །དེ་ནས་ང་བྱང་ཆུབ་ཀྱི་སྙིང་པོ་ལ་འཇུག་པའི་ [151B]ཀྱིས་མཐོང་ངོ། །ཁ་དོག་དང་ཚུལ་བཟང་པོ་དང། ཁ་དོག་དུ་མ་སྣང་བ་དང། སྐུ་དྲང་པོར་བཞུགས་པ་དང། བཀྲ་ཤིས་པ་དང་ ཐ་དད་དུ་འགྲོ་བར་འོངས་པ་དང། ཀུན་ནས་མཛེས་པ་དང། ལེགས་པར་གནས་པ་དང། འོད་ཀྱི་ཁ་དོག་མཆོག་དང་ལྡན་པ་དང། བལྟ་ན་སྡུག་པ་དང། བཀོད་པ་ཁྱད་པར་དུ་འཕགས་པ་ དང། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པ་དང། བཀོད་པ་ཡིད་དུ་འོང་བ་དང། ཡེ་ཤེས་ཀྱི་བདག་ཉིད་ཆེན་པོ་དང། བལྟ་ན་དཀོན་པ་དང། གཟི་བྱིན་མཐའ་ཡས་པ་དང་ སྙན་པར་གྲགས་པ་དང། མཁྱེན་བཞིན་དུ་ཁ་དོག་མཛེས་པར་སྣང་བ་དག་ཀྱང་མཐོང་ནས་དེའི་ཚེ་སྤྱན་སྔར་འཁོད་དེ་ཞེས་དང་བཅས་པས་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །བདུད་ བཏུལ་ཉོན་མོངས་པ་དག་རྣམ་བཅོམ་ཞིང། །སྟོང་གསུམ་པོའི་ས་གཞིག་ཡོ་མཛད་ལ། །ངན་སོང་ས་ཡི་སྡུག་བསྔལ་སྤངས་ནས་ཀྱང་།བྱང་ཆུབ་ཤིང་དྲུང་བཞུགས་པ་ཀུན་དུ་མཛེས། །ལྷུན་ པོ་རི་དང་འདྲ་བར་མི་གཡོ་བར། །དྲང་པོའི་སྐུ་ཡིས་བདེ་བར་བཞུགས་མཛད་ལ། །ཞིང་རྣམས་ཀུན་དུ་འོད་ཟེར་འགྱེད་མཛད་པ་།མགོན་པོ་ཤིང་དབང་དྲུང་ན་ལྷང་ངེར་བཞུགས། །སྐྱིལ་མོ་ཀྲུང་ མཆོག་མཉམ་བཞག་དབང་པོ་ཡིས། །སེངྒེ་ལྟ་བུ་མི་གཡོ་བ་ཞུགས་མཛད་ཅིང། །གོང་ན་མེད་པར་བདག་ཉིད་གཟིགས་པ་ན། །མགོན་པོ་རྒྱལ་བའི་གདན་ལ་ལྷང་དེར་བཞུགས། །ངན་ [152A]༄༅། །སོང་སྲོག་ཆགས་སྡུག་བསྔལ་ཞེ་མཛད་ཅིང། །མཐོ་རིས་ལམ་དག་རྒྱ་ཆེར་མཛད་པ་ན། །འཇིག་རྟེན་ལས་ནི་འདོད་པ་ཞི་མཛད་པ། །སྭ་ལའི་མཆོག་ དབང་དྲུང་ན་ལྷང་དེར་བཞུགས། །སྦྱོར་མཉམ་མཉམ་པ་ཉིད་ཀྱིས་བཞུགས་མཛད་ཅིང། །འཇིག་རྟེན་ཕན་པར་བདེན་ཚུལ་དགོངས་པ་པོ་།བདེན་པའི་དབང་ཕྱུག་བསྟན་ པ་དགོངས་པ་ན། །མགོན་པོ་རྒྱལ་བའི་གདན་ལ་ལྷང་ངེར་བཞུགས་།དུས་གསུམ་ཆོས་ཀྱི་དེ་ཉིད་དགོངས་མཛད་ཅིང། །འགྲོ་བ་ཚོགས་གསུམ་དག་ཏུ་མཛད་པ་ན་ བསྟན་པ་དགོངས་ཚེ་དུས་ཤེས་འདི་དག་ནི། །ཐུགས་ཆུད་གསུང་པ་ཟླ་བ་ལྷང་དེར་བཞུགས། །སེམས་ཅན་མཁས་པ་འཇིག་རྟེན་དམ་པ་སྟེ་།སུམ་ཅུ་གཉིས་མཚན་ལྡན་ པ་གཟུགས་མཆོག་མངའ། །དྲང་སྲོང་ཆེན་པོ་འཇིག་རྟེན་མི་སྡུག་པ་།ཚངས་པ་ཡི་ཆད་དངོས་ཀྱིས་ཉེར་མཆིས་ན། །མེ་གསུམ་ལྷུང་བའི་འཇིག་རྟེན་གཟིགས་སུ་ གསོལ༑ ༑ཁྱོད་ཀྱིས་བྱང་ཆུབ་ཡན་ལག་གྲུས་བསྟན་གསོལ། །མགོན་པོ་བྱང་ཆུབ་ཡན་ལག་བདུན་སྟོན་པ། །ཁྱོད་གྱིས་བདུད་རྩིའི་ཆར་དབབ་དུས་འདི་ལགས། །འདུ་ ཤེས་ལོག་པ་ལོང་བ་རབ་ཉམས་པའི། །སྐྱེ་རྒུ་བདུད་ལམ་གནས་པ་གཟིགས་སུ་གསོལ། །སྟོན་ཁྱོད་མིག་ལྡན་གཞན་དུ་མི་འགྱུར་བ། །ཁྱོད་ཀྱིས་དུས་འདིར་ཐུགས་ [152B] །མུ་སྟེགས་ངན་འགྲོ་གཡང་ས་ཆེན་པོ་ཡི། །སྲིད་པའི་རྒྱ་མཚོས་སྐྱེ་དགུ་འདི་ཁྱེར་རྣམས། །སེམས་ཅན་སྲིད་མཚོ་ལས་འདོན་འགྲོ་བའི་དོན། །མཛད་པས་བྱང་ ཆུབ་ཡན་ལག་གྲུས་ཀྱང་བསྒྲལ། །འཇིག་ཚོགས་ལྟས་བཅིངས་སྐྱེ་དགུ་འདི་དག་རྣམས། །ལྟ་བས་གནོད་བྱས་སྲིད་པའི་ཁོལ་པོ་དག་ཡུན་རིང་བགགས་པ་བཅིངས་ལས་ ཐར་མ་མཆིས། །སེམས་ཅན་ཁ་སྒྱུར་ཅི་སླད་གྲོལ་མི་མཛད། །ཉོན་མོངས་དབང་གིས་ལོག་པར་རབ་བསོང་ལ། །ཡུན་རིང་གཉིད་ལོག་སྒྲིབ་པས་ཁེབས་པ་རྣམས། །ཚུལ་ ཁྲིམས་བརྟུལ་ཤུགས་བསྟན་པའི་ཏིང་འཛིན་འཐོབ། །ཆོས་ཀྱི་རྔ་སྒྲ་ཅི་སླད་བསྒྲགས་མི་བགྱིད། །འཇིག་རྟེན་དག་ན་དབུལ་གྱུར་འགྲོ་བའི་རྣམས། །འགྲོ་ལྔ་རེ་ཐག་ཆང་སློང་ ཞུགས་ལ། །ཁྱོད་ཀྱིས་ནོར་བདུན་དི་རིང་བསྙེས་གྱུར་པས། །མཆོད་སྦྱིན་དམ་པ་ཅི་སླད་དེ་མི་སྩལ། །བདུད་རྩི་མེད་པའི་སེམས་ཅན་སྟོང་པ་རྣམས། །དད་པ་ཕལ་ཆེན་ས་ བོན་འཛིན་མཆིས་ན། །རྣམ་གྲོལ་གློག་དང་ཐུགས་རྗེའི་ཆར་སྤྲིན་ལས། །ཅི་སླད་བྱང་ཆུབ་ཡན་ལག་ཆང་མི་དབབ་ཟུག་རྔུས་ཟུག་པའི་ནད་པ་ཁམས་གསུམ་ན། །ཉོན་ མོངས་ཉམ་ཐག་ནང་སྙིང་ཟས་ཕོངས་ལ། །བྱང་ཆུབ་ཡན་ལག་སྨན་མཆོག་བརྙེས་པ་ཡིས། །ནད་པ་ཡུན་རིང་དེང་ཅི་གྲོལ་མི་མཛད་།མུན་པ་མུན་ནག་ཞུགས་པའི་འགྲོ་ [153A]༄༅། །བ་རྣམས། །གཏི་མུག་བསྒྲིབས་པ་མྱ་ངན་ཆེན་པོའི་ནང་།སྟོང་ཆེན་ཤེས་རབ་མར་མེས་མུན་ཆེན་པོ། །བཟོད་བརླག་ཅི་ཡི་སླད་དུ་ སེལ་མི་མཛད། །འདམ་རྫབ་ཆུ་བོ་བཞིན་ཡོངས་སྐྱོ་བའི། །སྐྱེ་བོ་གཡང་ས་ཆེན་པོར་ལྷུང་འདི་དག་ལྷར་བཅས་འཇིག་རྟེན་སྨན་སླད་ཐུགས་རྩེ་བའི། །མགོན་ པོས་དེ་ནི་ཅི་སླད་གདོན་མི་བགྱི། །ལྟ་ལ་ཆགས་པའི་མུ་སྟེགས་ཕལ་ཆེན་གྱིས། །ལྷ་མི་ཀུན་ཏུ་གློངས་པར་མཆིས་རྣམས་ལ། །དྲང་པོ་མ་ཡོ་གྱོ་མེད་པ་དེ་བ་ ཡིས༑ ༑ཅི་སླད་རིན་ཆེན་ལམ་དགང་མི་བསྟན། །མི་དབང་སེངྒེ་ལ་ནི་ཚངས་གསོལ་པས། །རྫོགས་སངས་རྒྱས་སྤྱན་འཇིག་རྟེན་གསུམ་ལ་གཟིགས། །གཟིགས་ ནས་སེམས་ཅན་རྣམས་ལ་བརྩེ་བསྐྱེད་དེ། །ནད་མེད་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ། །ལྷ་དེ་དག་གིས་ད་ལྟར་བརྟགས་ནས་ཀྱང། །བྱང་ཆུབ་སྙིང་པོར་ སེང་གདན་ང་འདུག་ལ། །བསྟོད་དེ་བསྟོད་ནས་དེ་ལྟར་དགའ་བས་དོང་།ངས་ཀྱང་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །དེ་སྐད་ཅེས་བཀའ་སྩལ་པ་དང། །བྱང་ ཆུབ་སེམས་དཔའ་མཆོག་ཏུ་དགའ་བའི་རྒྱལ་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་ [153B] གང་དག་ཏིང་ངེ་འཛིན་འདི་དང། ཕ་རོལ་ཏུ་ཕྱིན་པ་ལ་འཇུག་པ་འདི་དང་།ཏིང་ངེ་འཛིན་གྱི་སྒོ་ལ་འཇུག་པ་བརྒྱད་ཁྲི་བཞི་ སྟོང་པོ་འདི་རྣམས་ཐོབ་པ་དག་མཆིས་ལགས་སམ། །དེ་སྐད་ཅེས་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བའི་རྒྱལ་པོ་ལ་འདི་སྐད་ ཅེས་བཀའ་སྩལ་ཏོ། །མཆོག་ཏུ་དགའ་བའི་རྒྱལ་པོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་འདུས་པ་འདིའི་ནད་ན་གང་དག་བསྐལ་པ་བཟང་པོ་འདི་ལ་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བཞིན་གཤེགས་པ་བཞི་པོ་དག་མ་གཏོགས་པར་གང་དག་ཏིང་ངེ་འཛིན་འདི་ དང། ཕ་རོལ་ཏུ་ཕྱིན་པ་ལ་འཇུག་པར་དི་དག་དང། ཏིང་ངེ་འཛིན་གྱི་སྒོ་འཇུག་པ་བརྒྱད་ཁྲི་བཞི་སྟོང་པོ་འདི་དག་ཐོབ་པ་གང་དག་བསྐལ་པ་བཟང་པོ་འདི་ལ་བྱང་ ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དག་ཡོད་དོ་།དེ་སྐད་ཅེས་བཀའ་སྩལ་པ་དང། བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བའི་རྒྱལ་པོས་བཅོམ་ལྡན་ འདས་ལ་འདི་སྐད་ཅེས་གསོལ་ཏོ། །ལེགས་སོ། ལེགས་སོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་སྐྱེ་བོ་མང་པོ་ལ་སྨན་པ་དང། །སྐྱེ་བ་མང་པོ་ལ་བདེ་བ་དང། འཇིག་རྟེན་ལ་ [154A]༄༅། །ཐུགས་བརྩེ་བ་དང། ལྷ་དང། མི་རྣམས་ཀྱི་དོན་དང་སྨན་པ་དང། བདེ་བ་དང། དམ་པའི་ཆོས་ཡོངས་སུ་གཟུང་བ་དང་དམ་པའི་ཆོས་ཡུན་ རིང་དུ་གནས་པར་བགྱི་བ་དང། མ་འོངས་པ་ན་བྱང་ཆུབ་སེམས་དཔའ་རྣམས་ལ་སྣང་བ་བགྱིད་པར་འགྱུར་བ་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སླད་ དུ་སྤྱོད་པ་ན་སྒྱིད་ལུག་པར་མི་འགྱུར་བའི་སླད་དུ་བྱང་ཆུབ་སེམས་དཔའ་དེ་དག་གི་རིགས་དང། མིང་དེ་དག་བཀའ་སྩལ་དུ་གསོལ་།དེ་སྐད་ཅེས་གསོལ་བ་དང་ བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བའི་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མཆོག་ཏུ་དགའ་བའི་རྒྱལ་པོ་དེའི་ཕྱིར་ཁྱོད་ལགས་པར་ རབ་ཏུ་ཉོན་ལ་ཚུལ་བཞིན་ཡིད་ལ་ཟུངས་ཤིག་དང་བཤད་དོ། །བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བའི་རྒྱལ་པོས་བཅོམ་ལྡན་འདས། དེ་ལྟ་ལེགས་སོ། ཞེས་ གསོལ་ནས་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང། བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་མཚན་ དང། བྱང་ཆུབ་སེམས་དཔའ་དེ་དག་གི་མིང་ཚིགས་སུ་བཅད་དེ་བཀའ་སྩལ་པ། །འཕགས་པ་བསྐལ་པ་བཟང་པོ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། །བམ་པོ་ [154B] འཁོར་བ་འཇིགས་དང་གསེར་ཐུབ་དང། །འོད་སྲུང་ཤཱཀྱའི་སྐྱེས་མཆོག་དང། །བྱམས་པ་སེངྒེ་རབ་གསལ་དང། །ཐུབ་པ་མེ་ཏོག་ཅེས་བྱ་དང། །མེ་ཏོག་རྒྱུ་སྐར་བཟང་དེད་དཔོན། །ལག་ ཆེན་དང་ནི་སྟོབས་ཆེན་དང། །རྒྱུ་སྐར་རྒྱལ་པོ་རྩི་སྨན་དང་།སྙན་པ་ཏོག་དང་འོད་ཆེན་དང། །གྲོལ་བའི་ཕུང་པོ་ཞེས་བྱ་བའི། །སངས་རྒྱས་ཀྱི་ནི་སྡེ་ཚན་རྫོགས། །རྣམ་པར་སྣང་མཛད་ཉི་ མའི་སྙིང། །ཟླ་བ་འོད་འཕྲོ་འོད་བཟངས་དང། །མྱ་ངན་མེད་དང་སྐར་རྒྱལ་དང། །རབ་གསལ་ཕྲེང་ཐོགས་ཡོན་ཏན་འོད། །དོན་གཟིགས་དང་ནི་མར་མེ་དང། །མཐུ་ལྡན་སྨན་པ་དེས་པ་ དག་མཛོད་སྤུ་བརྟན་ལྡན་ལྟ་ཡི་དཔལ། །གདུལ་དཀའ་ཡོན་ཏན་རྒྱལ་མཚན་དང། །སྒྲ་གཅན་ཚོགས་ལྡན་ཚངས་པའི་དབྱངས། །ཚིགས་བརྟན་དང་ནི་སྨི་འགྱིང་དང། །འོད་མཛད་ ལྷུན་པོ་ཆེན་པོ་དང། །རྡོ་རྗེ་སྡོམ་ཅན་མི་བསྙེངས་དང། །རིན་ཆེན་པད་སྤྱན་སྟོབས་སྡེ་དང། །མེ་ཏོག་འོད་གཟེར་ཡེ་ཤེས་དགྱེས་།གཟི་ཆེན་ཚངས་པ་འོད་དཔག་མེད། །ཀླུ་སྦྱིན་དང་ནི་བརྟན་ གཤེགས་དང། །དོན་ཡོད་མཐོང་དང་བརྩོན་འགྲུས་སྦྱིན། །བཟང་སྐྱོང་དགའ་བོ་འཆི་མེད་དང། །སེངྒེའི་རྒྱལ་མཚན་རྒྱལ་བ་ཆོས། །མཆོག་དགའ་རྒྱལ་པོ་ཁ་ལོ་སྒྱུར། །དགྱེས་གཤེགས་ཆུ་ ལྷ་ཡོན་ཏན་ལག་སྤོས་ཀྱི་གླང་པོ་རྣམ་པར་གཟིགས། །འབྲུག་སྒྲ་དང་ནི་ལེགས་སེམས་དང། །ཡིད་བཟངས་དྲི་མེད་ཟླ་བ་དང། །གྲགས་ཆེན་གཙུག་ན་ནོར་བུ་དང། །དྲག་ཤུལ་སེངྒེའི་སྟོབས་ལྗོན་པ། ། [155A]༄༅། །རྣམ་པར་རྒྱལ་ཆེན་ཤེས་རབ་བརྩེགས། །ལེགས་གནས་བློ་གྲོས་ཡན་ལག་སྐྱེས། །བློ་མཐའ་ཡས་དང་གཟུགས་བཟང་དང། །མཁྱེན་ལྡན་འོད་ཟེར་ བརྟུལ་ཞུགས་བརྟན། །བཀྲ་ཤིས་དང་ནི་བདེན་པའི་ཏོག་པད་མ་དང་ནི་སྲེད་མེད་བུ། །ལག་བཟངས་ཡེ་ཤེས་འབྱུང་གནས་དང། །ཡོན་ཏན་འོད་ནི་འཕྲོ་བ་ཡིན། །ཚངས་བྱིན་རིན་ཆེན་ འབྱུང་གནས་ལྟའི་མེ་ཏོག་དང། །དོན་ལེགས་སེམས་དང་ཆོས་ཀྱི་དབང་ཕྱུག་བློ་གྲོས་པ། །སྤོབས་པ་དག་ནི་བརྩེགས་པ་རྡོ་རྗེའི་རྒྱལ་མཚན་དང། །བཅུ་པ་སྟོབས་བཅུར་ལྡན་པར་ཕན་པར་ བཞེད་པ་ཡིན། །རྣམ་པར་རོལ་པར་ལྡན་དང་མུན་དང་བྲལ་བ་སྒྲ་གཅན་ལྷ། །རི་བོའི་རྒྱལ་ཚོགས་ཅན་འོད་དང་དེ་བཞིན་རིན་ཆེན་སྙིང། །ཤིན་ཏུ་མཐོར་གཤེགས་དང་ནི་ རྒྱལ་བ་སྐར་རྒྱལ་རུ་རིང་དང། །བཅུ་པ་ཁམས་གསུམ་མགོན་པ་ཡོན་ཏན་གྲགས་ཤེས་བྱ་བ་ཡིན། །ཉི་ཟླ་ཉི་མའི་འོད་དང་སྐར་མཁན་སེངྒེའི་ཏོག་དང་ནི། །དུས་མཁྱེན་རྒྱལ་པོ་དཔལ་ གྱི་སྙིང་པོ་སྲིད་མཐའ་གཟིགས་པ་དང། །གློག་གི་འོད་དང་གསེར་གྱི་རི་བོ་སེངྒེས་བྱིན་པ་དང། །བཅུ་པ་མི་དབང་རྒྱལ་བ་གཞན་གྱིས་མི་ཐུབ་རྒྱལ་མཚན་ཡིན། །མཆོག་དགའ་གྲགས་ པ་བརྩོན་འགྲུས་བརྟན་པ་དང་ནི་གྲགས་རྫོགས་དང། །བསྙེངས་བྲལ་དང་ནི་མཆོད་འོས་ལྷ་དང་སྒྲོན་མ་ཆེན་པོ་དང། །འཇིག་རྟེན་འོད་དང་སྤོས་དྲི་ཞིམ་དང་ཡོན་ཏན་མཆོག་ [155B] །བཅུ་པ་རང་བྱུང་མཚུངས་མེད་མུན་དང་རྣམ་པར་བྲལ་བ་ཡིན། །སེངྒེའི་འགྲམ་པ་དང་ནི་རིན་ཆེན་གྲགས་དང་སྐྱོན་རབ་ཞི། །བདུད་རྩི་འཆང་དང་མི་ཡི་ཟླ་བ་དང་ནི་ཤིན་ཏུ་ གཟིགས། །རབ་ཏུ་བརྒྱན་དང་ནོར་བུ་འོད་དང་རི་བོ་བརྩེགས་པའི་ཏོག་།བཅུ་པ་ཆོས་ཀྱི་འབྱུང་གནས་དོན་ངེས་ལྡན་པ་ཡིན། །ཆོས་སྦྱིན་དང་ནི་རིན་ཆེན་འབྱུང་གནས་སྐྱེ་དབང་མཚུངས། ། སྟབས་ཀྱིས་གཤེགས་པ་དང་ནི་བློ་གནས་པ་དང་གདུགས་མཛེས་དང་།གཙོ་བོ་དང་ནི་ཤིན་ཏུ་འཕགས་དཔལ་སེངྒེའི་སྒྲ། །བཅུ་པ་སྐྱེས་བུ་གཙོ་བོ་རྣམ་པར་རོལ་ལྡན་ཡིན། ། ཀླུ་ཡི་འོད་དང་མེ་ཏོག་རི་བོ་གང་ནི་ཀླུ་དགའ་དང། །སྤོས་ཀྱི་དབང་ཕྱུག་ཤིན་ཏུ་གྲགས་དང་སྟོབས་ལྷ་ཞེས་བྱ་དང། །ཡོན་ཏན་ཕྲེང་བར་ལྡན་དང་ཀླུ་ཡི་ལག་དང་མིག་བརྒྱན་དང། །བཅུ་ པ་དྲང་སྲོང་ཆེན་པོ་ལེགས་པར་སྦྱངས་པའི་བློ་ཞེས་བྱ། །ཟིལ་ནོན་ཡེ་ཤེས་མཐའ་ཡས་སྤྱན་དང་བདེན་པར་གསུང་བ་དང། །ཉི་མའི་འོད་དང་ངེས་པའི་བློ་དང་མཐའ་ཡས་པ་ཡི་ གཟུགས། །རྣམ་པར་སྣང་མཛད་རིན་ཆེན་ཏོག་དང་ཐེ་ཚོམ་སྤངས་པ་དང། །བཅུ་པ་རང་ཉིད་བྱུང་བ་འཇིག་རྟེན་དག་ཡས་འདས་པ་ཡིན་།དོན་ཡོད་རྣམ་པར་གནོན་དང་རྟོགས་ མཛད་མི་ཏོག་རྒྱལ་མཚན་དང། །རི་དབང་རྒྱལ་པོ་དང་ནི་གཟི་བརྗིད་མེ་དང་དོན་མཛད་གཟེགས། །གྲགས་པ་མཐའ་ཡས་དང་ནི་རིན་ཆེན་ལྷ་དང་དོན་གནས་མཁྱེན། །བཅུ་པ་བློ་ནི་ [156A]༄༅། །ཡོངས་སུ་རྫོགས་པ་དམན་མིན་གྲགས་པ་ཡིན། །མྱ་ངན་མེད་ཅེས་བྱ་དང་དྲི་མ་བྲལ་དང་ཚངས་ལྷ་དང། །ས་ཡི་དབང་ཕྱུག་མེ་ཏོག་སྤྱན་དང་རྣམ་པར་ འབྱེས་པའི་སྐུ། །ཆོས་ཀྱི་འོད་དང་ཀུན་ནི་གཟིགས་དང་ཡོན་ཏན་འོད་གསལ་དང། །བཅུ་པ་འཇིག་རྟེན་གསུམ་གྱིས་མཆོད་པ་དྲི་མེད་ཟླ་བའི་ཞལ། །རིན་ཆེན་འོད་དང་རིན་ཆེན་ ཏོག་དང་ནི། །གྲགས་བླ་འོད་བྱེད་གཟི་བརྗིད་དཔག་མེད་དང། །དུས་མཁྱེན་སེངྒེའི་སྐུ་དང་མཁས་བློ་དང། །རྒྱལ་བ་དཀའ་དང་ཡོན་ཏན་ཕུང་པོ་དང། །ཟླ་བའི་ཏོག་དང་མཐུ་ནི་ཐོབ་ པ་དང། །མཐུ་རྩལ་མཐའ་ཡས་ཟླ་བ་དྲི་མེད་དང། །དོན་རྣམས་ཐམས་ཅད་གཟིགས་དང་དཔའ་བོ་དང། །འབྱོར་བར་ལྡན་དང་བསོད་ནམས་སྣོན་མ་དང། །ཡོན་ཏན་འོད་འཕྲོ་བློ་ ནི་ཡངས་པ་དང། །ལེགས་སྐྱེས་ནོར་ལྷ་ཡིད་གཉིས་སྤོང་བ་དང་།འཛིན་པ་དཔག་མེད་མཆོག་སྲེད་ཆོམས་མེད་དང། མི་གནས་པ་དང་སངས་རྒྱས་བདེར་གནས་དང། །ཚོགས་ ཅན་གཙོ་བོ་འགྲོ་བའི་འོད་ཟེར་དང། །ཕལ་ཆེན་རྒྱལ་དང་གཟི་བརྗིད་མཐའ་ཡས་དང། །དོན་གྱི་བློ་གྲོས་སྨན་པའི་རྒྱལ་པོ་དང་།ཐ་བ་སྤངས་དང་རིམས་མེད་ལེགས་བྱིན་དང། ། གྲགས་བྱིན་མེ་ཏོག་བྱིན་དང་སྐྱེས་བུས་བྱིན། །རྡོ་རྗེ་སྡེ་དང་ཕལ་ཆེན་བྱིན་པ་དང། །ཞི་བའི་བློ་གྲོས་སྤོས་ཀྱི་གླང་པོ་དང། །སྲེད་མེད་བུ་དང་ངེས་པ་མི་ཚུགས་པ། །ཉི་ཟླ་གློག་གི་ [156B] །དཔལ་སྦས་དང་ནི་ཡེ་ཤེས་ཉི་མ་དང། །དོན་གྲུབ་ལྷུན་པོ་བརྩེགས་དང་དགྲ་འདུལ་དང། །པདྨ་དང་ནི་དགྲ་བཅོམ་གྲགས་པ་ཡིན། །ཡེ་ཤེས་འགྲོས་དང་ཉོན་ མོངས་བྲལ་བ་དང། །འདམ་བུ་དང་ནི་སྤོས་བཟངས་ཡུལ་འཁོར་རངས་།ལྷ་གྲགས་སྲིད་མཐའ་གཟིགས་དང་ཟླ་བ་དང། །སྒྲ་གཅན་དང་ནི་རིན་ཆེན་ཟླ་བ་དང། །སེངྒེའི་རྒྱལ་མཚན་དང་ནི་ བསམ་གཏན་དགྱེས། །རྫོགས་ལྡན་རྣམ་རོལ་ཡོན་ཏན་རིན་ཆེན་དང་།དགྲ་བཅོམ་གྲག་ག་པ་བད་དོས་མཛོད་སྤུ་ལྡན། །སྤོབས་པ་གྲགས་པ་རྡོ་རྗེ་ནོར་བུ་དང། །ཚེ་དཔག་མེད་དང་ནོར་ བུ་བཀོད་པ་དང། །དབང་ཆེན་ཡོན་ཏན་འབྱུང་གནས་ལྷུན་པོ་གྲགས་།འོད་ཟེར་བཅུ་པ་མ་སྨད་གླང་པོའི་འགྲོས། །ཡིད་དུ་འཐད་པ་རིན་ཆེན་ཟླ་བ་དང། །ཞི་བ་རབ་གསལ་རྒྱལ་པོ་ཁ་ ལོ་སྒྱུར། །དགའ་བའི་དབང་ཕྱུག་ཙུག་ན་རིན་པོ་ཆེ། །བསྙེངས་བྲལ་རིན་ཆེན་སྙིང་པོ་ཟླ་བའི་ཞལ། །དྲི་མ་མེད་གྲགས་ཞི་བའི་བཟི་བརྗིད་དང། །དགའ་ཏོག་སྒྲ་གཅན་ལྷ་དང་ན་ཚོད་ བཟང། །ལྷ་དག་དགའ་དང་རིན་ཆེན་ཕུང་པོ་དང། །མཛེས་པར་གཤེགས་པ་སེངྒེའི་ཕྱོགས་པ་དང། །ཤིན་ཏུ་མཐོར་གཤེགས་སྐྱེ་དབང་བློ་གྲོས་བཟང། །འཇིག་རྟེན་འོད་དང་རིན་ ཆེན་གཟི་བརྗིད་དང། །སྐལ་ལྡན་ཤིང་རྟ་ཀུན་རྒྱལ་དགའ་བ་བཀོད་།སྟེགས་མཛད་དང་ནི་སྤོས་གླང་བློ་འོད་འཕྲོ། །རི་བོའི་རྒྱལ་མཚན་དང་ནི་སྤོས་བཟངས་དང། །ཆོས་བསྟན་དང་ནི་ [157A]༄༅། །གཟི་བརྗིད་དྲག་ཤུལ་ཅན། །ཆོས་ཀྱི་ནོར་བུ་བཟང་བྱིན་བདེ་གཤེགས་ཟླ། །ཚངས་པའི་དབྱངས་དང་སེངྒེའི་ཟླ་བ་དཔལ་།ལེགས་པར་སྐྱེས་དང་ཐུབ་ པ་མེད་པའི་ཚོགས། །གྲགས་པའི་བཤེས་གཉེན་བདེན་པ་ཞེས་བྱ་དང་།དཀའ་ཐུབ་ཆེན་པོ་ལྷུན་པོའི་འོད་ཟེར་དང། །ཡོན་ཏན་བརྩེགས་པ་མཆོད་གྲགས་ཆོས་གྲགས་དང། ། སྦྱིན་འོད་གློག་བྱིན་བདེན་པར་གསུང་བ་དང། །འཚོ་བྱིད་ན་ཚོང་བཟང་པ་ལེགས་ཚོགས་ཅན། །རྣམ་ངེས་བློ་གྲོས་སྲིད་མཐའ་ནོར་བུའི་སྤོས། །རྒྱལ་བས་དགྱེད་དང་སེངྒེའི་འོད་ ཟེར་དང། །རྣམ་པར་སྣང་མཛད་གྲགས་མཆོག་ཐུགས་རབ་གཞུངས་།ནོར་བུ་ཟླ་བ་དྲག་ཤུལ་འོད་ཟེར་དང། །བརྟུལ་ཞུགས་ཐུབ་མེད་འགྲོས་མཆོད་ནོར་བུའི་ཚོགས། །འཇིག་ རྟེན་བླ་མ་གླང་ཆེན་སེངྒེ་དང། །ཟླ་བ་རིན་ཆེན་འོད་ཟེར་སྒྲ་གཅན་སྦེད། །ཡོན་ཏན་རྒྱ་མཚོ་འོད་ཟེར་ལྡན་པ་དང། །རབ་ཏུ་ཞི་སྟབས་འཇིག་རྟེན་བཟང་པོ་དང། །མྱ་ངན་མེད་པ་ ཤུགས་བཅུ་སྟོབས་དགྱེས་དང། །མཐུ་ཡི་དཔལ་དང་མཐུ་ཐོབ་མཐུ་ཆེན་དང། །ཡོན་ཏན་སྙིང་པོ་བདེན་པར་སྤྱོད་པ་དང། །དགེ་མཆོག་རྒྱལ་པོ་སྐར་རྒྱལ་འོད་ཟེར་ཆེ། །གློག་ གི་འོད་དང་ཡོན་ཏན་རྒྱ་ཆེན་དང། །རིན་པོ་ཆེ་དང་དཔལ་འོད་བདུད་འདུལ་དང། །གོ་བགོས་སེངྒེའི་ཕྱག་དང་མེ་ཏོག་བཟང། །རིན་ཆེན་མཐོན་པོ་དང་ནི་རྒྱ་མཚོ་དང། །ས་འཛིན་ [157B] །ཡོན་ཏན་ཚོགས་དང་རིན་པོ་ཆེའི་མེ། །འཇིག་རྟེན་འདས་དཔའ་འཇིག་རྟེན་ཟླ་བ་དང། །དབྱངས་སྙན་ཚངས་པའི་ཏོག་དང་ཚོགས་ཅན་གཙོ། །སེངྒེའི་སྟབས་ དང་དྲག་ཤུལ་བྱིན་པ་དང། །ཆོས་ཀྱི་དབང་ཕྱུག་གཟི་འོད་འོད་ཟེར་ཆེ། །རིན་ཆེན་གྲགས་པ་ཚོགས་ཅན་གསལ་བ་དང། །གྲགས་པ་མཐའ་ཡས་འོད་ཟེར་དོན་ཡོད་དང། །ལྷའི་དྲང་སྲོང་སྐྱེ་ དབང་དགེ་འདུན་བརྟན། ཕྱོགས་བཟང་ཏོག་དང་ཡུལ་འཁོར་མེ་ཏོག་དང། །ཆོས་ཀྱི་བློ་གྲོས་རླུང་གི་ཤུགས་ལྟར་གཤེགས། །ལེགས་བསམས་གྲགས་པ་སྣང་ལྡན་ལྷ་ཚོགས་དང་ ཡོན་ཏན་བསྲུང་དོན་བློ་གྲོས་བསྙེངས་པ་མེད། །གྲོགས་བརྟན་དང་ནི་འོད་གནས་མཚུངས་པ་དང། །ནོར་ཞབས་ཐར་བའི་གཟི་བརྗིད་ངོས་བཟང་དང། །གློ་བཟང་དང་ནི་ཀུན་ཏུ་གཟི་བརྗིད་ དང། །ཡེ་ཤེས་མཆོག་མ་དང་ནི་ཚངས་པ་གནས། །བདེན་པ་གསུང་དང་བློ་བཟངས་སྟོབས་བྱིན་དང། །སེང་སྟབས་མེ་ཏོག་ཏོག་དང་ཤེས་འབྱུང་གནས། །མེ་ཏོག་བྱིན་དང་ཡོན་ ཏན་སྙིང་པོ་དང། །རིན་ཆེན་གྲགས་པ་རྨད་དུ་བྱུང་བ་དང། །མི་ཚུགས་བསྙེངས་མེད་ཉི་མའི་འོད་དག་དང། །ཚངས་གཤེགས་ལྷའི་མཐུ་རྩལ་ཡེ་ཤེས་དགྱེས། །ལྷ་ བདེན་ནོར་བུའི་སྙིང་པོ་ཡོན་ཏན་གྲགས། །ཡེ་ཤེས་དཔལ་དང་བཅིངས་པ་མེད་པ་དང། །བརྟུལ་ཤུགས་བརྟན་དང་ལྷའི་གཟི་བརྗིད་དང་།ཚངས་ཐུབ་དལ་བཞུད་བརྟུལ་ཤུགས་ [158A]༄༅། །དཀའ་ཐུབ་དང། །འོད་ཟེར་ཕུང་པོ་དང་ནི་གཟི་བརྗིད་ཆེ། །ཙམྤ་ཀ་དང་དགའ་མཛད་ཚོགས་ཅན་བཟང། །དབང་པོ་རྒྱལ་མཚན་བཅུ་པ་དགྱེས་ཆེན་ ཡིན༑ །སྣ་མའི་མེ་ཏོག་འོད་དང་ཚོགས་ཅན་འོད། །སྐྲུན་མཛད་མདངས་འགྲོ་དོན་ལེགས་ངེས་པ་དང། །ཁྱུ་མཆོག་དང་ནི་ཡག་བཟངས་འོད་ཟེར་ཆེ། །བསམ་པས་བྱིན་པ་དང་ནི་བསོད་ ནམས་འོད། །རིན་ཆེན་དབྱངས་དང་རྡོ་རྗེའི་སྡེ་དང་ནི། །འབྱོར་ལྡན་སེངྒེའི་སྟོབས་དང་དྲི་མེད་སྤྱན། །འོད་སྲུང་དང་ནི་བློ་གསལ་ཡེ་ཤེས་འབྲོས། །གཟི་བརྗིད་དྲག་ཤུལ་འོད་ཟེར་ ཆེན་པོ་དང། །ཉི་མའི་འོད་དང་དྲི་མ་མེད་པའི་འོད། །གཟི་བརྗིད་རྣམ་དབྱེས་ཁེངས་མེད་སྦྲང་རྩིའི་ཞལ། །ཟླ་འོད་གློག་སྦྱིན་དབ་ཞིར་གཤེགས་པ་དང། །མི་འཁྲུགས་པ་དང་དགྲ་ བཅོམ་གྲགས་པ་དང། །ཆོས་ཀྱི་ཡོན་ཏན་ཞིང་བཟང་བཀོད་རྒྱལ་པོ་།མངོན་པར་འཕགས་དང་སྦྱིན་བསྲེག་འོད་འཕྲོ་དང། །པད་དཔལ་རིན་ཆེན་བཀོད་དང་ཤིན་དུ་བཟང། །རིན་ ཆེན་མཆོག་དང་ཐུགས་ནི་ཤིན་ཏུ་གཞུངས། །རྒྱ་མཚོས་བྱིན་དང་ཚངས་པའི་ཏོག་དང་ཟླ་གདུགས་འོད་འཕྲོ་དང། །དྲི་མེད་རྒྱལ་པོ་ཡེ་ཤེས་གྲགས་པ་ཀུན་རྒྱལ་ཡོན་ཏན་འོད། །སྒྲ་ གྲགས་ཟླ་རྒྱལ་པདྨའི་འོད་ཟེར་བརྟུལ་ཤུགས་བཟང་པོ་དང། །སྒྲོན་རྒྱལ་གློག་གི་ཏོག་ཏང་འོད་ཟེར་རྒྱལ་པོ་སྐར་མཁན་དང། །གྲགས་པ་རྫོགས་ལྡན་པདྨའི་སྙིང་པོ་རྒྱལ་དང་སྤྱན་ [158B] །རྙོག་མ་མེད་དོན་དྲག་ཤུལ་སྡེ་དང་བསོད་ནམས་གཟི་མཐུ་རྩལ། །ཐོགས་མེད་བློ་དང་སྒྲ་གཅན་ལྷ་དང་ཤེས་ཕུང་ཁ་ལོ་སྒྱུར། །སྐྱེ་དབང་མཚུངས་དང་མེ་ཏོག་ཏོག་དང་སྒྲ་གཅན་ འཛིན་སྨན་ཆེ། །རྒྱུ་སྐར་རྒྱལ་པོ་སྨན་རྒྱལ་བསོད་ནམས་གླང་པོ་གཅོད་མཛད་དང། །རྣམ་གྲགས་རྒྱལ་པོ་ཉི་འོད་ཆོས་མཛོད་བློ་གྲོས་བཟང། ཡོན་ཏན་དབང་མཚུངས་རྡོ་རྗེ་སྡེ་དང་ཤེས་རབ་ བརྩེགས་པ་དང། །ལེགས་གནས་བློ་སྦྱངས་ཚངས་དབྱངས་ཡོན་ཏན་མཆོག་དང་འབྲུག་སྒྲ་དབྱངས། །མངོན་ཤེས་ཏོག་དང་ཏོག་འོད་དག་པ་ཚངས་པ་སྐྱེས་མཆོག་དང། །སྤྱན་སྡུག་པ་དང་ ཀླུས་བྱིན་བདེན་པའི་ཏོག་དང་བརྒྱན་པ་དང། །ཞུམ་པ་མེད་དབྱངས་རིན་ཆེན་འོད་དང་ཚངས་བྱིན་སེངྒེ་དང། །འོད་ཟེར་སྣ་ཚོགས་ཡེ་ཤེས་དཔའ་བོ་པད་ཕུང་མེ་ཏོག་རྒྱས། །མཐུ་རྩལ་སྟོབས་ དང་བསོད་ནམས་ཕུང་པོ་གཟུགས་མཆོག་སྐར་མཁན་དང། །ཟླ་སྒྲོན་གཟི་བརྗིད་ཕུང་པོ་བྱང་ཆུབ་རྒྱལ་པོ་མི་ཟད་པ། །མངོན་རྟོགས་སྤྱན་དང་ཡན་ལག་རྒྱས་དང་ཡུལ་འཁོར་ཤེས་རབ་ མཆོག་གཟི་བརྗིད་ཚིམ་མཛད་ཤེས་རབ་བྱིན་དང་མགོན་པོ་འཇམ་པའི་དབྱངས། །ཆགས་པ་མེད་མཛོད་གཙོ་བོས་བྱིན་དང་གཙོ་བོས་ཤེས་མཐུ་རྩལ། །འོད་འཕྲོ་དབང་པོ་ཤུགས་འཆང་ སྐར་རྒྱལ་འོད་བཟངས་གྲགས་པ་བྱིན། །གཟུགས་བཟང་རྒྱལ་པོ་དོན་གྲུབ་སེང་གེའི་སྡེ་དང་ནོར་ལྷའི་བུ། །གྲགས་རྒྱལ་རྒྱ་ཆེན་སྙིང་པོ་བསོད་ནམས་འོད་ཟེར་སྨྲང་འདོན་པ། །སྒྲོན་རྒྱལ་ཡེ་ཤེས་ [159A]༄༅། །བརྩེགས་དང་ལྷ་མཆོག་དང་ནི་ས་བདག་དང། །གྲོལ་བརྙེས་གཙུག་གི་གསེར་དང་སྒྲ་གཅན་བཟང་པོ་ཐུབ་པར་དཀའ། །ཐུབ་གསལ་ཟླ་བའི་འོད་ཟེར་ གསེར་གྱི་འོད་དང་ལེགས་བྱིན་ལྷའི། །ཡོན་ཏན་དབང་པོ་ཆོས་གདུགས་བསོད་ནམས་ལག་དང་ཆགས་མེད་དང། །ཡེ་ཤེས་གྱ་ནོམ་བློ་ཞིམ་གཟི་བྱིན་ཐམས་ཅད་པ་རྩི་སྨན། །རྣམ་ གྲོལ་ཏོག་དང་འོད་མཛད་ཡེ་ཤེས་རྒྱལ་པོ་འཇིགས་མཛད་དང། །ཆུ་བོ་སྤོད་དང་ཐོགས་མེད་གྲགས་པ་བདེན་ཕུར་དབྱངས་སྙན་དང། །རི་དབང་མཚུངས་དང་ཆོས་བརྩེགས་ཐར་ པའི་གཟི་བརྗིད་ལེགས་མཛད་དང། རབ་ཞིའི་སྐུ་དང་ཡིད་འོད་གསུང་བློ་སྦྱངས་དང་ཆུ་ལྷ་དང། །འགྲོས་མཆོད་སེངྒེའི་ལེགས་དང་ཆོས་ཀྱི་མཐུ་རྩལ་སྐལ་བཟང་པོ། །མི་འཁྲུགས་ མདོག་དང་གཟི་བརྗིད་རྒྱལ་པོ་རྟོགས་མཛད་སྤྱན་ལེགས་དང། །དོན་གནས་བློ་དང་སྣང་བའི་འོད་ཟེར་སྤོས་གཟི་ཀུན་དགའ་མཛད། །དོན་ཡོད་གཤེགས་དང་ཁྲོ་བ་བཅོམ་དང་ གཟུགས་མཆོག་ལེགས་གཤེགས་དང། །རབ་སྦྱིན་གྲགས་དང་འོད་གཅང་ལྷའི་ཉི་མ་ཤེས་རབ་བྱིན། །མཉམ་བཞག་བདག་ཉིད་གཟི་མདངས་རྒྱལ་རིགས་སྐལ་ལྡན་ཤིང་རྟ་ དང། །གསེར་མཆོག་རྣམ་གྲོལ་གཙུག་དང་ཆོས་ལྡན་དང་ནི་སྤོས་གནས་དང། །དྲེགས་སྤངས་ཡེ་ཤེས་མཛོད་དང་ཚངས་པར་གཤེགས་དང་ཙནྡན་དང། །མྱ་ངན་མེད་དང་ [159B] །གཟི་བརྗིད་མཐའ་ཡས་ལྷ་འོད་ཤེས་རབ་མེ་ཏོག་མཁས་པ་དང། །ཡེ་ཤེས་འབྱོར་ལྡན་ཚངས་དབྱིག་ཕྱག་ན་རིན་ཆེན་དབང་ལྡན་དང། ། རྫོགས་པར་གསུང་དང་མཆོག་གསུང་མཆོད་འོས་སྐར་རྒྱལ་ཉི་མ་དང། །འདམ་བརྒལ་ཡེ་ཤེས་བརྙེས་དང་གྲུབ་པ་རྨ་བྱ་ཆོས་སྦྱིན་དང། །ཕན་བཞེད་ཡེ་ཤེས་ལྡན་གྲགས་འོད་ཟེར་དྲ་བ་ རྣམ་བཅོམ་དང། །བཻ་ཌཱུརྱ་སྙིང་མེ་ཏོག་ལྷ་རྒྱ་བ་ཟླ་བ་དྲན་འོད་དང། །དགེ་བའི་འོད་དང་ཡོན་ཏན་མཆོག་མ་ཀུན་གྱི་འོད། །རིན་པོ་ཆེ་ཡི་དཔལ་དང་སྐྱེས་བུ་ཟ་བ་དང། །སྒྲ་གཅན་བདུད་ རྩིའི་འོད་དང་འཇིག་རྟེན་དག་གི་མཆོག་སྐར་འོད་ཞི་སྟབས་བཅུ་པ་ཡེ་ཤེས་རྒྱ་མཚོ་ཡིན། །རི་དབང་རབ་ཞི་ཡོན་ཏན་མཐུ་སྟོབས་ལྷ་དབང་དང། །དབྱངས་སྙན་ངོས་བཟངས་དང་ནི་ དོན་ལ་གནས་པ་དང། །ཡོན་ཏན་གཟི་བརྗིད་དཔལ་དང་མཁྱེན་ལྡན་ཟླ་མེད་དང། །བཅུ་པད་རོ་དཔག་མེད་རྒྱལ་བ་ཞེས་ཀྱང་བྱ། །འོད་བཟང་ཤིན་ཏུ་ཐུགས་གཞུངས་དོན་དགོངས་ གཏི་མུག་བྲལ། །དབྱངས་ཀྱི་ཡན་ལག་ཁྱད་འཕགས་མཆོག་ཏུ་མཛེས་པར་གཤེགས། །ཞི་བའི་དོན་དང་སྐྱོན་མེད་བློ་དབྱངས་དགེ་བ་དང་།པདྨའི་མཛོད་དང་བཅུ་པ་འོད་ཟེར་བཟང་པོ་ ཡིན༑ ༑སྤོབས་པའི་མདོག་དང་སྟེགས་བཟང་པོ་དང་ཚོགས་དབང་དག་བསྙེངས་པ་དང་ནི་བྲལ་བ་ཡེ་ཤེས་བཞེང་པ་དང། །བདེ་གཤེགས་སྤོབས་པའི་སྤྱན་དང་བློའི་མཆོག་མ་ [160A]༄༅། །དང། །ཟླ་བ་རིན་ཆེན་ཟླ་འོད་དང་ནི་བཅུ་པ་བསྙེངས་མེད་ཡིན། །གཟིགས་པ་ཚེ་དང་ཚངས་པའི་དབྱངས་བཟང་དང། །ཤེས་རབ་ཆེན་ པོའི་སྟེགས་དང་བློ་གྲོས་ཟླ་མེད་དང། །རྡོ་རྗེ་མཁྲེགས་དང་བྱང་ཆུབ་བློ་གྲོས་ལྗོན་ཤིང་དབང། །གདངས་སྙན་པ་དང་བཅུ་པ་བསོད་ནམས་སྟོབས་ཀྱང་ཡིན། །མཐུ་ཡི་དཔལ་ དང་འཕགས་པ་དགྱེས་དང་མཐུ་སྟོབས་དང། །སྐར་མ་ལ་ནི་དགྱེས་དང་སྤྲིན་གྱི་རྔ་སྒྲ་དང། །སྤྱན་སྡུག་ཞལ་དང་ཡེ་ཤེས་བཟང་ལྡན་འབྱོར་ལྡན་དང། །ཡོན་ཏན་ཕུང་པོ་དང་ ནི་བཅུ་པ་གསལ་བ་ཡིན། །ཆོས་ཀྱི་རྒྱལ་མཚན་ཡེ་ཤེས་ང་རོ་ནམ་མཁའ་དང། །མཆོད་སྦྱིན་ང་རོ་ཤེས་རབ་རྣམ་འགོད་ང་རོ་དང་།ཡོན་ཏན་འོད་ཟེར་གཟི་བརྗིད་དྲང་སྲོང་དབང་ པོ་དང། །བློ་ལྡན་སྤོབས་པའི་ཚོགས་དང་བཅུ་པ་མཆོད་སྦྱིན་བཟང། །ཟླ་བའི་ཞལ་དང་ཤིན་ཏུ་གཟིགས་དང་རྡུལ་བྲལ་དང་།ཡོན་ཏན་ཆོགས་དང་ཏོག་ལྡན་བསོད་ནམས་ རྒྱལ་མཚན་དང། །ཡུལ་འཁོར་སྤོབས་པ་དང་ནི་རིན་ཆེན་རབ་སྦྱིན་དང། །ཟླ་བ་དགྱེས་པ་དང་ནི་བཅུ་པ་སེངྒེའི་སྟོབས། །དབང་བསྒྱུར་རྒྱལ་པོ་དང་བདུད་རྩི་གསལ་བ་དང་ །བསམ་གཏན་སྙོམས་དང་འཁྲུག་མང་དྲི་མ་རབ་ཞི་དང། །ཕྱོགས་མ་བསླད་དང་མཛེས་པ་དང་ནི་ཞལ་བཟངས་དང། །ཤུགས་གནས་ཡེ་ཤེས་ལྡན་དང་བཅུ་པ་གསུང་དབང་ [160B]། ཡིན༑ ༑གཟི་བརྗིད་ཆེན་པོ་བློ་གྲོས་ཟབ་མོ་བདུད་རྩི་དང་།ཆོས་ཀྱི་སྟོབས་དང་མཆོད་པར་ལྡན་དང་མེ་ཏོག་འོད། །ཁམས་གསུམ་དག་གི་མཆོད་གནས་སྒྲ་བ་ཅན་ཉི་མའི་སྙིང། །ལྷ་ ཡིས་མཆོད་པ་བཅུ་པ་ཐར་པའི་རྒྱལ་མཚན་ཡིན། །དགེ་བའི་གཙུག་དང་བདུད་རྩི་འོད་དང་རྡོ་རྗེ་དང། །བརྟན་པ་དང་ནི་རིན་ཆེན་ཕུང་པོ་མཛེས་གཤེགས་དང། །ཉི་མ་ལྟ་བུར་གཤེགས་ པ་དང་ནི་དག་པའི་འོད། །ཡོན་ཏན་གཙུག་དང་བཅུ་པ་དཔལ་ནི་རྫོགས་པ་དང། །སེངྒེའི་སྟོབས་དང་གྱེན་དུ་འཕགས་པ་མེ་ཏོག་བྱིན། །འོད་འགྱེད་པ་དང་བད་མེ་དང་ནི་ཡེ་ཤེས་ དགྱེས༑ ༑བཀོད་པ་མཛེས་དང་གཏི་མུག་མེད་པར་གནས་པ་དང། རྨ་མེད་པ་དང་བཅུ་པ་ཏོག་གི་རྒྱལ་མཚན་ཡིན། །བདེ་བར་དགོངས་དང་གཏི་མུག་མེད་རྒྱལ་ཆོག་མཁྱེན། ། དག་པའི་རྒྱ་མཚོ་དང་ནི་རིན་ཆེན་མངའ་དང་མི་དམའ་བ། །སྐྱེ་བ་དགའ་མཛད་རྨ་བྱའི་ང་རོ་མ་ཞུམ་དང། །བཅུ་པ་སྲིད་པའི་སྲེད་པ་དྲི་མ་སྤངས་པ་ཡིན། །སྤྱོད་པའི་སྟེགས་ དང་ལྷ་མང་དག་གིས་སྙན་བསྒྲགས་པ། །རིན་པོ་ཆེའི་སྟོབས་དང་ཕྱག་ན་བད་བསྣམས་དཔལ། །དགྲ་ལས་རྒྱལ་དང་འབྱོར་ལྡན་གྲགས་པ་ཡུལ་འཁོར་བཟང། །མེ་ཏོག་འོད་དང་བཅུ་ པ་སེངྒེའི་ང་རོ་ཡིན། །ཟླ་ལྟར་ཤར་དང་འཇོམས་པའི་མཆོག་དང་རྨི་གཡོ་དང། །ཕན་ལྡན་གཤེགས་དང་བསོད་ནམས་སྒྲོན་མའི་རྒྱལ་བ་དང། །དབྱངས་ཀྱིས་བསྐུལ་དང་གཽ་ཏ་མི་ [161A]༄༅། །དང་མདངས་སྟོབས་དང། །བློ་གནས་རང་བཞིན་དང་ནི་བཅུ་པ་ཟླ་བ་བཟང། །བྱང་ཆུབ་ཡན་ལག་མེ་ཏོག་བཀྲ་ཤིས་ལེགས་སྟོན་དང། །ཡེ་ཤེས་གཟི་ བརྗིད་སྟོབས་དང་དགེ་བའི་སྒྲོན་མ་དང། །མཐུ་རྩལ་བརྟན་པོ་ལྷའི་སྒྲ་དང་རབ་ཞི་དང། །ཉི་མ་ཞལ་དང་བཅུ་པ་ཐར་པའི་བརྟུལ་ཞུགས་ཡིན། །ཚུལ་ཁྲིམས་འོད་དང་བརྟུལ་ ཞུགས་གནས་པ་རྟུལ་མེད་དང། །སྙིང་པོ་འཕགས་དང་མིག་སྨན་འཕེལ་བར་མཛད་པ་དང། །སྤོས་འོད་དུས་མཁྱེན་འོད་དང་དྲན་པའི་དབང་པོ་དང། །ཐོགས་མེད་རྒྱལ་མཚན་ བཅུ་པ་བྱང་ཆུབ་མཆོག་བགྲོད་ཡིན། །སྤྱོད་གསལ་རིན་ཆེན་དགྱེས་དང་ཆོས་དབང་ཕྱུག་ལྷ་འོད་ཐམས་ཅད་བཤེས་གཉེན་ཆེན་པོ་དང། །བཤེས་གཉེན་བཟང་པོ་རབ་ཏུ་ ཞི་བའི་སྟབས། །བདུད་རྩི་བདག་པོ་བཅུ་པ་ལྷུན་པོའི་འོད། །འཕགས་པས་བསྟོད་དང་སྣང་ལྡན་གཟི་བརྗིད་འབར། །སྣང་བ་གཟིགས་དང་ལེགས་སྤྱན་རྣམ་སྨིན་དང། །ལེགས་ དགྱེས་མྱ་ངན་བྲལ་དང་རིན་ཆེན་འོད། །སྤྱོད་པར་ལྡན་དང་བཅུ་པ་བསོད་ནམས་སྟོབས། །ཡོན་ཏན་རྒྱ་མཚོ་རྨད་བྱུང་ང་རྒྱལ་སྤོང། །བདུད་བརླག་མཛད་དང་བག་ཆགས་ རྒལ་སྟབས་དང། །མི་ཕྱེད་བློ་མངའ་རྒྱ་མཚོ་དག་མཛད་དང་།ཚོགས་ཅན་གྲོལ་རྒྱལ་བཅུ་པ་དགའ་བའི་འོད། །བྱང་ཆུབ་རྒྱལ་མཚན་ཡེ་ཤེས་རིན་ཆེན་དང། །ཤིན་ཏུ་ [161B] །རྫུ་འཕྲུལ་ཏོག་སྐྱེ་དབང་མཚུངས་ས་དབང་ཕྱུག་ཉི་མ་དགྱེས་དང་བཅུ་པ་སྒྲ་གཅན་ཟླ། །མེ་ཏོག་འོད་དང་སྨན་བདག་མདངས་མངའ་ དང། །བསོད་ནམས་དགྱེས་དང་དགའ་སྟོབས་དབྱངས་སྙན་དང། །ཆོས་ཀྱི་དབང་ཕྱུག་ཆངས་དབྱངས་སྤྱོད་བཟང་དང། །བཅུ་པ་རྒྱལ་བ་འཁྲུལ་བ་མེད་པའི་བློ། །དབྱངས་ཆེན་ སྙན་པར་གྲགས་དང་ཏོག་ལྡན་དང། །གཟི་བརྗིད་རྣམ་གྲགས་འགྲོ་བའི་དབང་ཕྱུག་དང། །ལྗོན་པ་གཏི་མུག་རབ་ཟད་དཔག་མེད་དང་།ཟླ་བཟང་བཅུ་པ་སྤོབས་པ་མཐའ་ཡས་ ཏོག་བརྟུལ་ཞུགས་བསྟར་དང་མཆོད་གནས་མྱ་ངན་བརྒལ། །དགེ་དགྱེས་འགྲོ་བའི་བློ་གྲོས་དགྱེས་བར་གཤེགས། །ཞབས་མཛེས་ཨུཏྤལ་དུལ་གནས་མེད་ཏོག་དང། །བཅུ་ པ་སྤོབས་པ་མཐའ་ཡས་འོད་ཟེར་ཡིན། །དྲང་སྲོང་གསལ་བ་ཡོན་ཏན་བརྩོན་འགྲུས་སྙིང། །ལྷ་བདག་རིན་ཆེན་མཐོ་གསལ་སྐལ་ཤིང་རྟ་།བསོད་ནམས་བློ་གྲོས་སྦྱིན་སྲེད་འོད་འཕྲོ་ དང། །བཅུ་པ་ཡོན་ཏན་མཐའ་ཡས་གཟི་བརྗིད་ཕུང་པོ་ཡིན། །སེངྒེའི་སྟོབས་དང་མི་གཡོ་རབ་གསལ་དང། །འོད་སྤྱོད་གླུ་དབྱངས་གླུ་དབྱངས་འཁོར་ལོ་འཛིན། །དབྱིག་མཆོག་ འཇིག་རྟེན་དགའ་བ་ཆོས་ཟླ་དང། །བཅུ་པ་དགའ་བ་མཐའ་ཡས་གྲགས་ཤེས་བྱ། །སྤྲིན་ཏོག་ཤེས་རབ་འགྲོས་དང་སྤོས་བཟངས་དང། །ནམ་མཁའི་དབྱངས་དང་ལྷ་དང་ལྷ་རྒྱལ་ [162A]༄༅། །དང། །ནོར་བུ་གསལ་དང་ནོར་བཟངས་སྒྲོན་མ་དང། །བཅུ་པ་རིན་ཆེན་ང་རོའི་དབྱངས་ཤེས་བྱ། །སྐྱེ་དབང་རྒྱལ་པོ་སྒྲ་ཅན་སྤེད་པ་དང། །དགེ་མཛད་ སེང་བློ་རིན་ཆེན་གྲགས་པ་དང། །དོན་མཛད་མཛད་མཐའ་གཟིགས་དང་སྲིད་མེ་ཏོག་མཛོད་བུ་བཅུ་པ་སྤོབས་པ་མཚུངས་མེད་རྒྱལ། །ཡེ་ཤེས་རྣམ་འབྱེད་ང་རོ་སེང་མཆེ་བ། ། མཛེས་གཤེགས་བསོད་ནམས་སྒྲོན་མ་བཀྲ་ཤིས་ལྡན། །ཡུལ་འཁོར་མྱ་ངན་མེད་བློ་སེམས་བློ་ལྡན། །ཆོས་སྒྲོན་སྤྱན་དང་བཅུ་པ་ཤིན་དུ་གཟིགས། །ཤུགས་འདོར་སྟོབས་ ཆེན་ཤེས་རབ་མེ་ཏོག་དང། །བརྟན་པའི་དབྱངས་དང་བདེ་ལྡན་དོན་གསུང་དང། །དགྱེས་པ་གསལ་བ་སེངྒེའི་ཞལ་གཙུག་ཕུད། །བཅུ་པ་སེངྒེ་ཞེས་བྱ་སྣང་མཛད་འགྱུར། །བསྐལ་ བཟངས་འདི་ལ་སངས་རྒྱས་གང་དེ་དག་དེ་དག་གི་ནི་མཚན་རྣམས་བསྒྲགས་པ་རྣམས། །འབྲས་བུ་མྱ་ངན་འདས་ཤེས་བྱ་བ་གང། །ཉན་པ་དེ་དག་འདི་ལ་རྨོངས་མི་འགྱུར། །མཁས་ པ་བག་ཡོད་ལྡན་པས་གུས་བགྱིས་ཏེ། །རྒྱལ་བ་འདི་དག་གི་ནི་མཚན་རྣམས་ཉོན། །དེ་དག་གི་ནི་མཚན་རྣམས་ལེགས་ཐོས་ནས། །ངན་སོང་སྡུག་བསྔལ་ཕྱིར་ཞིང་མྱོང་མི་འགྱུར། ། ཚུལ་ཁྲིམས་གནས་པ་སྡོམ་པའི་རྗེས་འཐུན་ཞིང། །ཐོས་ལ་མོས་པས་རྟོགས་དང་ལྡན་པ་རྣམས། །ཟབ་མོའི་བཟོད་པ་ཡོངས་སུ་རྫོགས་བྱས་ནས། །འཇིག་རྟེན་མགོན་ཀུན་དེ་དག་ [162B] །གང་ཞག་མི་ཤེས་བསྐལ་པ་བྱེ་བར་ནི་།སྡིག་པའི་ལས་བྱས་ལས་འབྲས་རྣམ་སྨིན་ཀུན། །དེས་ནི་ཟད་བྱས་རྒྱལ་བ་དེ་དག་གི་མཚན་རྣམས་བཟུང་ནས་ཀྱང་ནི་རྒྱལ་བར་ འགྱུར༑ ༑མདོ་སྡེ་ཁྲི་ཕྲག་དུ་མར་འཇུག་པ་དང། །ཏིང་འཛིན་རྫུ་འཕྲུལ་སོ་སོ་ཡང་དག་རིག་སྒྲ་སྐད་དུ་མ་རྟོགས་དང་ཡེ་ཤེས་དག་།ཏིང་ངེ་འཛིན་འདི་ཉིད་ལས་ནི་བཙལ་བར་བྱ། །འཚོ་བ་དག་ པ་གཡོ་ནི་མེད་པ་དང། །རྣམ་སྨིན་ཤས་དང་ཕྲག་དོག་མེད་པ་དང། །བསྡུ་བ་དང་ནི་གཟུངས་ལ་བརྩོན་པ་ཡིས། །ཏིང་འཛིན་འདི་ནི་རབ་ཏུ་ཤེས་པར་བྱ། །དེ་སྐད་ཅེས་བཀའ་སྩལ་པ་ དང། །བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བའི་རྒྱལ་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དེ་ནི་ལེགས་ལགས་ཏེ། །ལྷ་དང་མི་རྣམས་ དང་སྐྱེ་བོ་མང་པོ་ལ་སྨན་པ་དང། །སྐྱེ་བོ་མང་པོ་ལ་བདེ་བར་གྱར་བ་དེ་དང། །མ་འོངས་པ་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐོས་ན་ཡང་ཕྱིར་ཞིང་འདུན་པར་འགྱུར་བ་དང། །དམ་ པའི་ཆོས་ལ་ཆོག་ཁྱད་པར་དུ་འཕགས་པར་སྨོན་པར་འགྱུར་བ་དང་།ཕྱིར་ཞིང་སྣང་བར་བགྱིས་པར་འགྱུར་བའི་སླད་དུ། །བསྐལ་པ་བཟང་པོའི་སངས་རྒྱས་དེ་དག་གི་ཡུལ་དང། །རིགས་ དང། འོད་དང། ཡབ་དང། ཡུམ་དང། སྲས་དང། རིམ་གྲོ་བ་དང་མཆོག་གི་ཟུང་དང། བཟང་པོའི་ཟུང་དང། དགེ་སློང་གི་དགེ་འདུན་ཕུན་སུམ་ཚོགས་པ་དང། །སྐུ་ཚེའི་ཚད་དང་ [163A]༄༅། །དམ་པའི་ཆོས་གནས་པ་དང། །སྐུ་གདུང་འཕེལ་བར་འགྱུར་བདག་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ ཆུབ་སེམས་དཔའ་མཆོག་ཏུ་དགའ་བའི་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ། དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ། །དེ་ བཞིན་གཤེགས་པ་འཁོར་བ་འཇིག་སྐྱེས་པའི་ཡུལ་ནི་རྒྱལ་པོའི་ཕོ་བྲང་གྲོང་ཁྱེར་བཟང་པོ་ཞེས་བྱའོ། །གདུང་ནི་ཀཱ་ཤྱ་པའོ་།འོད་ནི་དཔག་ཚད་གཅིག་གོ་ཡབ་ནི་མཆོད་ སྦྱིན་ཞེས་བྱའོ། །སྐྱེད་པའི་ཡུམ་ནི་ཚངས་རྒྱལ་ཞེས་བྱའོ་།སྲས་ནི་བླ་མ་ཞེས་བྱའོ། །རིམ་གྲོ་པ་ནི་བློ་རྫོགས་ཞེས་བྱའོ་།ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དགེ་སློང་ མཁས་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བསྙེན་པ་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་དགེ་སློང་བཞི་ཁྲིའོ་།གཉིས་པ་ལ་ནི་བདུན་ཁྲིའོ། །འདུས་པ་ གསུམ་པ་ལ་ནི་ཉན་ཐོས་དྲུག་ཁྲིའོ། །སྐུ་ཚེའི་ཚད་ནི་ལོ་བཞི་ཁྲིའོ། །དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་ མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་གསེར་ཐུབ་སྐྱེས་པའི་ཡུལ་ནི་གྲོང་ཁྱེར་ལྔ་པ་ཞེས་བྱའོ། །རིགས་ནི་བྲང་ཟེའོ། །འོད་ནི་དཔག་ཚད་ཕྱེད་ [163B] ༑ཡབ་ནི་མེས་བྱིན་ཞེས་བྱའོ། །ཡུམ་ནི་བླ་མ་ཞེས་བྱའོ་།སྲས་ནི་རྣམ་པར་རྒྱལ་བའི་སྡེ་ཞེས་བྱའོ། །རིམ་གྲོ་པ་ནི་བཀྲ་ཤིས་ལྡན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ ནི་མཆོག་མ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ཞི་རྒྱལ་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་དགེ་སློང་བདུན་ཁྲིའོ་།གཉིས་པ་ལ་ནི་དྲུག་ཁྲིའོ། །འདུས་པ་གསུམ་པ་ལ་ ནི་དགེ་སློང་ལྔ་ཁྲིའོ། །སྐུ་ཚེའི་ཚད་ནི་ལོ་སུམ་ཁྲིའོ། །དམ་པའི་ཆོས་ནི་ལོ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་བརྟེན་ཡང་གཅིག་ཏུ་ ཟད་དོ༑ ༑དེ་བཞིན་གཤེགས་པ་འོད་སྲུང་སྐྱེས་པའི་ཡུལ་ནི་ཚེ་ཏན་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་རྒྱང་གྲགས་གཅིག་གོ་ཡབ་ནི་ཚངས་བྱིན་ཞེས་བྱའོ། ། ཡུམ་ནི་ནོར་བདག་མ་ཞེས་བྱའོ། །སྲས་ནི་དེད་དཔོན་ཞེས་བྱའོ། །རིམ་གྲོ་པ་ནི་ཀུན་གྱི་བཤེས་གཉེན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་པར་དཧྭ་ཛ་ཞེས་ བྱའོ༑ ༑རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྐད་རྒྱལ་ཞེས་བྱའོ་།འདུས་པ་དང་པོ་ལ་ནི་དགེ་སློང་ཉི་ཁྲིའོ། །གཉིས་པ་ལ་ནི་ཁྲི་བརྒྱད་སྟོང་ངོ། །གསུམ་པ་ལ་ནི་ཁྲི་དྲུག་ སྟོང་ངོ། །སྐུ་ཚེའི་ཚད་ནི་ལོ་ཉི་ཁྲིའོ། །དམ་པའི་ཆོས་ནི་ལོ་བདུན་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་།མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། ། [164A]༄༅། །མཆོག་ཏུ་དགའ་བའི་རྒྱལ་པོ། དེ་སྐྱེས་པའི་ཡུལ་ནི་སེར་སྐྱེའི་གནས་ཤེས་བྱའོ། །རིགས་ནི་རྒྱལ་རིགས་སོ། ། བདུང་ནི་གཽ་ཏ་མའོ། །འོད་ནི་འདོམ་གང་ངོ། །ཡབ་ནི་ཟས་གཙང་མ་ཞེས་བྱའོ། །ཡུམ་ནི་སྒྱུ་འཕྲུལ་ཞེས་བྱའོ། །སྲས་ནི་སྒྲ་ཅན་འཛིན་ཞེས་བྱའོ། །རིམ་གྲོ་བ་ནི་ཀུན་དགའ་ བོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཉེ་རྒྱལ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་པད་ནས་སྐྱེས་ཤེས་བྱའོ། །འདུས་པ་དང་པོ་ལ་ནི་དགེ་སློང་སྟོང་ ཉིས་བརྒྱ་ལྔ་བཅུའོ། །སྐུ་ཚེའི་ཚད་ནི་ལོ་བརྒྱའོ། །དམ་པའི་།ཆོས་ནི་ལོ་ལྔ་བརྒྱའི་བར་དུ་གནས་སོ། །ལོ་ལྔ་བརྒྱའི་བར་དུ་ནི་དམ་པའི་ཆོས་ལྟར་བཅོས་པར་སྣང་ངོ། །སྐུ་གདུང་ ནི༑ རྒྱས་པར་འགྱུར་རོ། །མཆོག་ཏུ་དགའ་བའི་རྒྱལ་པོ་དེ་བཞིན་གཤེགས་པ་བྱམས་པ་སྐྱེ་བའི་ཡུལ་ནི་རྒྱལ་པོའི་ཕོ་བྲང་གྲོང་ཁྱེར་ཏོག་གི་བློ་གྲོས་ཤེས་བྱའོ། །རིགས་ནི་བྲམ་ ཟེའོ༑ ༑འོད་ནི་དཔག་ཚད་གཅིག་གོ་ཡབ་ནི་ཚངས་བཟངས་ཤེས་བྱའོ་།ཡུམ་ནི་ཚངས་བདག་མ་ཞེས་བྱའོ། །སྲས་ནི་བསོད་ནམས་སྟོབས་ཤེས་བྱའོ། །རིམ་གྲོ་བ་ནི་རྒྱ་མཚོ་ ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་འོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བརྩོན་འགྲུས་བརྟན་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་དགྲ་ [164B]།གཉིས་པ་ལ་ནི་དུད་ཕྱུར་ཕྲག་དགུ་དང་བྱེ་བ་ཕྲག་བཞི་འོ་།གསུམ་པ་ལ་ནི་དུད་ཕྱུར་ཕྲག་དགུ་དང་བྱེ་བ་ཕྲག་གཉིས་སོ། ། སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲི་བཞི་སྟོང་ངོ། །དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་ གཤེགས་པ་སེང་གེ་སྐྱེ་བའི་ཡུལ་ནི་གྲོང་ཁྱེར་མེ་ཏོག་ལྟ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། འོད་ནི་དཔག་ཆད་གཅིག་གོ་ཡབ་ནི་སེངྒེ་སྟག་ཅེས་བྱའོ། །ཡུམ་ནི་དགའ་བའི་ ང་རོ་ཞེས་བྱའོ། །སྲས་ནི་སྟོབས་ཆེན་ཞེས་བྱའོ། །རིམ་གྲོ་བ་ནི་དེས་པ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་བརྩེགས་པ་ཤེས་བྱའོ། །རྫུ་འཕྲུལ་ཅན་ རྣམས་ཀྱི་མཆོག་ནི་སྤྲིན་ལྡན་ཞེས་བྱའོ། །འདུས་པ་དང་པོ་ནི་ཐེར་འབུམ་མོ། །གཉིས་པ་ལ་ནི་དུང་ཕྱུར་ཕྲག་དགུའོ། །གསུམ་པ་ལ་ནི་དུང་ཕྱུར་ཕྲག་བརྒྱད་དོ། །སྐུ་ ཚེའི་ཚད་ནི་ལོ་བདུན་ཁྲིའོ། །དམ་པའི་ཆོས་ནི་ལོ་བྱེ་བའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་རབ་གསལ་སྐྱེ་བའི་ཡུལ་ནི་རྒྱུ་སྐར་ཅན་ ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ལྔའོ་།ཡབ་ནི་ལེགས་པའི་བློ་གྲོས་ཞེས་བྱའོ། །ཡུམ་ནི་མེ་ཏོག་ཅེས་བྱའོ་།སྲས་ནི་དུས་རིགས་ཅེས་བྱའོ། ། [165A]༄༅། །རིམ་འགྲོ་བ་ནི་དགའ་བའི་དབང་པོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བཀྲ་ཤིས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འབྲུག་ སྒྲ་ཞེས་བྱ། །འདུས་པ་དང་པོ་ལ་ནི་ཉན་ཐོས་བྱེ་བ་ཕྲག་འབུམ་མོ། །གཉིས་པ་ལ་ནི་དུང་ཕྱུར་ཕྲག་དགུ་དང་བྱེ་བ་ཕྲག་དགུའོ་།འདུས་པ་གསུམ་པ་ལ་ནི་དུང་ཕྱུར་ཕྲག་དགུ་ དང་བྱེ་བ་ཕྲག་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་བྱེ་བ་ཕྲག་དགུའོ། །དམ་པའི་ཆོས་ནི་ལོ་བརྒྱད་ཁྲི་ལྔ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་ གཤེགས་པ་ཐུབ་པ་སྐྱེ་བའི་ཡུལ་ནི་གྲོང་ཁྱེར་མེ་ཏོག་བླ་མ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཆད་གཅིག་གོ་ཡབ་ནི་ལྷུན་ཆེན་ཞེས་བྱའོ། །ཡུམ་ནི་ སྣ་མའི་མེ་ཏོག་འོད་ཅེས་བྱའོ། །སྲས་ནི་རིན་ཆེན་མཆོག་ཅེས་བྱའོ་།རིམ་འགྲོ་བ་ནི་མཆོག་གི་དམ་པ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རྣམ་པར་དེས་པའི་བློ་ གྲོས་ཤེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཐུས་བྱིན་ཞེས་བྱའོ། །འདུས་པ་དང་པོ་ལ་ཆི་ཅན་ཐོས་ཁྲིའོ། །གཉིས་པ་ལ་ནི་དུང་ཕྱུར་ཕྲག་བཞིའོ། །འདུས་པ་གསུམ་ པ་ལ་ནི་དགྲ་བཅོམ་པ་དུང་ཕྱུར་ཕྲག་ལྔའོ། །སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲིའོ། །དམ་པའི་ཆོས་ནི་ལོ་སྟོང་གི་བར་དུ་གནས་སོ། སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་ [165B]བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཆད་བརྒྱད་དོ། །ཡབ་ནི་དུས་མཆོག་ཅེས་བྱའོ། །ཡུམ་ནི་མེ་ཏོག་ཅེས་བྱའོ། ། སྲས་ནི་སྐྱེ་བའི་དབང་པོ་ཞེས་བྱའོ། །རིམ་འགྲོ་བ་ནི་བྱང་ཆུབ་དགའ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཆོས་སྟོབས་ཤེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ མི་ཚུགས་པ་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་ཐར་འབུམ་ཕྲག་དྲུག་བཅུའོ། །གཉིས་པ་ལ་ནི་དུང་ཕྱུར་ཕྲག་གསུམ་དང་བྱེ་བ་ཕྲག་ལྔའོ། །གསུམ་པ་ལ་ནི་དུང་ ཕྱུར་ཕྲག་གསུམ་དང་བྱེ་བ་ཕག་བཞིའོ། །སྐུ་ཚེའི་ཚད་ནི་ལོ་ལྔ་ཁྲིའོ། །དམ་པའི་ཆོས་ནི་ལོ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་ གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་མེ་ཏོག་གཉིས་པ་སྐྱེ་བའི་ཡུལ་ནི་གཟི་བརྗིད་ཡངས་བཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་གཅིག་གོ་ཡབ་ནི་ གཙུག་ན་མེ་ཏོག་ཅེས་བྱའོ། །ཡུམ་ནི་ཆོས་ལན་མ་ཞེས་བྱའོ། །སྲས་ནི་ལུས་གཙང་མ་ཞེས་བྱའོ། །རིམ་འགྲོ་བ་ནི་བློ་གྲོས་སེམས་པ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ ནི་དགའ་བ་བཟང་པོ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དགའ་བོ་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་དུང་ཕྱུར་ཕྲག་གཅིག་དང་བྱེ་བ་ཕྲག་བཞིའོ། །གཉིས་ [166A]༄༅། །པ་ལ་ནི་དུང་ཕྱུར་ཕྲག་གཅིག་དང་བྱེ་བ་ཕྲག་ལྔའོ། །གསུམ་པ་ལ་ནི་དུང་ཕྱུར་ཕྲག་གཅིག་དང་བྱེ་བ་ཕྲག་དྲུག་གོ། །སྐུ་ཚེའི་ཚད་ནི་ལོ་བྱེ་བ་ཕྲག་ དགུའོ༑ ༑དམ་པའི་ཆོས་ནི་ལོ་དུང་ཕྱུར་གྱི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་སྤྱན་ལེགས་སྐྱེ་བའི་ཡུལ་ནི་བཟང་བྱེད་ཅེས་བྱའོ། །རིགས་ ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བཅུ་གཉིས་སོ། །ཡབ་ནི་རིན་པོ་ཆེ་ཞེས་བྱའོ། །ཡུམ་ནི་སྭ་ལ་ཅན་ཞེས་བྱའོ། །སྲས་ནི་རྒྱུ་སྐར་རྒྱལ་པོ་ཞེས་བྱའོ། །རིམ་གྲོ་པ་ནི་ཡོན་ཏན་བློ་ གྲོས་ཞེས་བྱའོ། །ཤེས་རབ་ཅན་རྣམ་ཀྱི་མཆོག་ནི་བློ་གྲོས་མཐའ་ཡས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སེངྒེ་འགྲོ་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་ སུམ་འབུམ་མོ། །གཉིས་པ་ལ་ནི་ཉིས་འབུམ་བརྒྱད་སྟོང་ངོ། །འདུས་པ་གསུམ་པ་ལ་ནི་ཉན་ཐོས་སུམ་འབུམ་དྲུག་སྟོང་ངོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲིའོ། །དམ་པའི་ཆོས་ནི་ལོ་ དུང་ཕྱུར་ཕྲག་སུམ་གྱི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །སངས་རྒྱས་བཅུ་བོ་དེ་བཞིན་གཤེགས་བ་དང་པོ་པ་དེ་དག་གིས་སེམས་ཅན་རྣམས་ཡོངས་སུ་ སྨིན་པར་མཛད་པ་ཇི་སྙེད་པ་དེ་སྙེད་ཅིག་ནི་དེ་བཞིན་གཤེགས་པ་དེ་གཅིག་བུས་ཀྱང་མཛད་པར་འགྱུར་རོ། །དེ་བཞིན་གཤེགས་པ་དེད་དཔོན་སྐྱེ་བའི་ཡུལ་ནི་རྒྱལ་པོའི་ཕོ་ [166B] །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སུམ་བཅུ་རྩ་བཞིའོ། །ཡབ་ནི་བག་ཚད་མེད་པ་ཞེས་བྱའོ། །ཡུམ་ནི་ཕན་འདོང་མ་ཞེས་བྱའོ། །སྲས་ནི་ དགའ་བ་ཞེས་བྱའོ། །རིམ་གྲོ་བ་ནི་མཚོན་ཆེན་པོ་ཞེས་བྱའོ་།ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དཔལ་མཆོག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཆོད་འོས་ཞེས་ བྱའོ༑ ༑འདུས་པ་དང་པོ་ལ་ནི་ཉན་ཐོས་བདུན་འབུམ་མོ། །གཉིས་པ་ལ་ནི་དྲུག་འབུམ་མོ། །གསུམ་པ་ལ་ནི་ལྔ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་བྱེ་བ་ཕྲག་སྟོང་ངོ། །དམ་པའི་ཆོས་ ནི་ལོ་དགུ་ཁྲོ་ཉིས་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ལག་ཆེན་སྐྱེ་བའི་ཡུལ་ནི་འགྲོ་བ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ ནི་དཔག་ཚད་ལྔའོ། །ཡབ་ནི་བརྩོན་འགྲུས་བྱིན་ཞེས་བྱའོ། །ཡུམ་ནི་དྲང་སྲོང་བྱིན་ཞེས་བྱའོ། །སྲས་ནི་རྣམ་པར་སྣང་བྱེད་ཅེས་བྱའོ། །རིམ་གྲོ་བ་ནི་ལེགས་སེམས་ཞེས་བྱའོ། ། ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དཔག་ཚད་མེད་པའི་ང་རོ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རླུང་ལྟར་འགྲོ་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་དུང་ཕྱུར་ ཕྲག་གཅིག་གོ་དེ་ཕན་ཆད་ནི་བགྲང་གིས་མི་ལང་ངོ། །སྐུ་ཚེའི་ཚད་ནི་ལོ་དུད་ཕྱུར་ཕྲག་བཞིའོ། །དམ་པའི་ཆོས་ནི་ལོ་བྱེ་བའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་ [167A]༄༅། །རོ༑ ༑དེ་བཞིན་གཤེགས་པ་སྟོབས་ཆེན་སྐྱེ་བའི་ཡུལ་ནི་གྲོང་ཁྱེར་རིན་པོ་ཆེའི་གཟི་བརྗིད་ཅེས་བྱའོ། །རིགས་ནི་བྲམ་ཟེའོ་།འོད་ནི་དཔག་ཚད་སུམ་བཅུའོ། །ཡབ་ནི་ མཛེས་ལྡན་ཞེས་བྱའོ། །ཡུམ་ནི་གཟི་བརྗིད་ཅན་མ་ཞེས་བྱའོ། །སྲས་ནི་སེང་གེའི་འགྲོས་ཤེས་བྱའོ། །རིམ་འགྲོ་བ་ནི་བཟང་དགའ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཆོག་ སྦྱིན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ལེགས་གནས་ཤེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་སུམ་འབུམ་མོ། །གཉིས་པ་ལ་ནི་དེ་ཉིད་ཉིས་འགྱུར་རོ། །འདུས་པ་ གསུམ་པ་ལ་ནི་ཉན་ཐོས་ཁྲི་འབྱུང་བར་འགྱུར་རོ། །སྐུ་ཚེའི་ཚད་ནི་ལོ་བཞི་ཁྲི་འོ། །དམ་པའི་ཆོས་ནི་ལོ་བརྒྱད་ཁྲི་བཞི་སྟེང་གི་བར་དུ་གནས་སོ། །སྐུ་དུང་ནི་རིལ་པོ་གཅིག་ཏུ་ གདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་བརྒྱུ་སྐར་རྒྱལ་པོ་སྐྱེ་བའི་ཡུལ་ནི་གྲོང་ཁྱེར་འཛམ་བུའི་ཆུ་ཀླུང་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་ དཔག་ཚད་བརྒྱའོ། །ཡབ་ནི་འོད་སྦྱིན་ཞེས་བྱའོ། །ཡུམ་ནི་ལེགས་པའི་བློ་གྲོས་མ་ཞེས་བྱའོ། །སྲས་ནི་རྒྱལ་ཞེས་བྱའོ། །རིམ་གྲོ་པ་ནི་ཡེ་ཤེས་སྟོབས་ཤེས་བྱའོ། །ཤེས་ རབ་ཅན་རྣམས་ཀྱི་མཆོག་ནི་དྲིས་ལན་དབང་ཕྱུག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བྱིན་བརླབས་ཤེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་ཐེར་འབུམ་མོ། །གཉིས་ [167B]།གསུམ་པ་ལ་ནི་ཐེར་འབུམ་ཕྲག་གཅིག་དང་དུང་ཕྱུར་ཕྲག་བརྒྱད་དོ། །དམ་པའི་ཆོས་ ནི་ལོ་བྱེ་བའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ་།དེ་བཞིན་གཤེགས་པ་རྩི་སྨན་སྐྱེ་བའི་ཡུལ་ནི་གྲོང་ཁྱེར་རྩལ་ཅན་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་ དཔག་ཚད་གཅིག་གོ་ཡབ་ནི་ན་ཚོང་བཟང་པོ་ཞེས་བྱའོ། །ཡུམ་ནི་ཡིད་འོད་བློ་གྲོས་མ་ཞེས་བྱའོ། །སྲས་ནི་རི་པོའི་རྒྱལ་མཚན་ཞེས་བྱའོ། །རིམ་གྲོ་བ་ནི་མེ་ཏོག་ཅེས་ བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཆོས་ཀྱི་འབྱུང་གནས་ཤེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་བསོད་ནམས་སྟོབས་ཤེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ ཐོས་དུང་ཕྱུར་ཕྲག་བདུན་ནོ། །གཉིས་པ་ལ་ནི་དུང་ཕྱུར་ཕྲག་དྲུག་དང་བྱེ་བ་ཕྲག་དགུའོ། །གསུམ་པ་ལ་ནི་དུང་ཕྱུར་ཕྲག་བདུན་དང་བྱེ་བ་ཕྲག་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་ བདུན་ཁྲི་བདུན་སྟོང་ངོ། །དམ་པའི་ཆོས་ནི་ལོ་དྲུག་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་སྙན་པར་ཏོག་སྐྱེ་བའི་ཡུལ་ནི་གྲོང་ཁྱེར་ གཟི་བརྗིད་གསའ་བ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་སུམ་བཅུའོ། །ཡབ་ནི་རབ་གསལ་ཤེས་བྱའོ། །ཡུམ་ནི་སྭ་ལ་ཅན་ནས་བྱའོ། །སྲས་ནི་མེ་ཏོག་ [168A]༄༅། །བླ་མ་ཞེས་བྱའོ། །རིམ་གྲོ་བ་ནི་དགའ་བའི་མིག་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱིས་མཆོག་ནི་ཤེས་རབ་སྟོབས་ཤེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ ཀྱིས་མཆོག་ནི་སེངྒེའི་སྟོབས་ཤེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་སུམ་འབུམ་ཉི་ཁྲིའོ། །གཉིས་པ་ལ་ནི་སུམ་འབུམ་ཅིག་ཁྲིའོ། །འདུས་བ་གསུམ་པ་ལ་ནི་ཉན་ཐོས་སུམ་ བུམ་མོ། །ཀུ་ཚེའི་ཚད་ནི་ལོ་བྱེ་བ་ཕྲག་གཉིས་སོ། །དམ་བའི་ཆོས་ནི་ལོ་བྱེ་བ་ཕྲག་གཉིས་ཀྱི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་ གཅིག་ཏུ་ཡང་ཟད་དོ། །དེ་བཞིན་གཤེགས་པ་འོད་ཆེན་པོ་སྐྱེ་བའི་ཡུལ་ནི་གྲོང་ཁྱེར་བདེ་དགའ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ་།འོད་ནི་དཔག་ཚད་བཞི་བཅུའོ། །ཡབ་ནི་བ་ཛིར་ཞེས་ བྱའོ། །ཡུམ་ནི་རྒྱལ་བས་བྱིན་ཞེས་བྱའོ། །སྲས་ནི་ཟླ་གདུགས་ཤེས་བྱའོ། །རིམ་གྲོང་ནི་རབ་ཏུ་ཞི་བའི་བློ་གྲོས་ཤེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སེམས་ཅན་སྙིང་པོ་ཞེས་ བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ངེས་པ་ཞེས་བྱའོ་།འདུས་པ་དང་པོ་ལ་ནི་ཉན་ཐོས་དུང་ཕྱུར་ཕྲག་དགུ་དང་བྱེ་བ་ཕྲག་བདུན་ནོ། །གཉིས་པ་ལ་ནི་དུང་ཕྱུར་ཕྲག་དགུ་ དང་བྱེ་བ་ཕྲག་ལྔའོ། །གསུམ་པ་ལ་ནི་དུང་ཕྱུར་ཕྲག་དགུ་དང་བྱེ་བ་གྲགས་སུམ་མོ། །སྐུ་ཚེའི་ཚད་ནི་ལོ་སྟོང་ངོ། །དམ་པའི་ཆོས་ནི་ལོ་དགུ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ [168B] །དེ་བཞིན་གཤེགས་པ་གྲོལ་བའི་ཕུང་པོ་སྐྱེ་བའི་ཡུལ་གྲོང་ཁྱེར་ཟླ་བ་ཅན་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་གཅིག་གོ་ཡབ་ནི་ཡིད་ བཟངས་ཤེས་བྱའོ། །ཡུམ་ནི་གློག་སྦྱིན་མ་ཞེས་བྱའོ། །སྲས་ནི་དགའ་བས་འགྲོ་ཞེས་བྱའོ། །རིམ་གྲོ་བ་ནི་ནོར་བུའི་འོད་ཅེས་བྱའོ་།ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་དཔའ་ བོ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྟོབས་བརྟན་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་དུང་ཕྱུར་ཕྲག་བརྒྱད་དང་ཁྲི་ཕྲག་གསུམ་མོ། །གཉིས་པ་ལ་ནི་ དེ་ཉིས་འགྱུར་རོ། །འདུས་པ་གསུམ་པ་ལ་ནི་ཁྲི་ཕྲག་དྲུག་གོ་སྐུ་ཚེའི་ཚད་ནི་ལོ་འབུམ་མོ། །དམ་པའི་ཆོས་ནི་ལོ་འབུམ་ལྔ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་ འགྱུར་རོ། །དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་སྐྱེ་བའི་ཡུལ་ནི་གྲོང་ཁྱེར་ཆོས་བཟང་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ་།འོད་ནི་དཔག་ཚད་དགུའོ། །ཡབ་ནི་ རྒྱལ་བ་ཞེས་བྱའོ། །ཡུམ་ནི་མེ་ཏོག་བཟང་ཞེས་བྱའོ། །སྲས་ནི་བཞིན་འདྲ་ཞེས་བྱའོ། །རིམ་གྲོ་བ་ནི་ཡུལ་འཁོར་བཟང་ཞེས་བྱའོ་།ཤེས་རབ་ཅན་རྣམས་ཀྱི་མཆོག་ ནི་ཤིན་ཏུ་བཟང་པོ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དགའ་བ་ཅན་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་དྲུག་འབུམ་ཉི་ཁྲི་འོ། །གཉིས་པ་ལ་ནི་ [169A]༄༅། །དྲུག་འབུམ་ཚིག་ཁྲི་འོ། །གསུམ་པ་ལ་ནི་དྲུག་འབུམ་མོ་།སྐུ་ཚེའི་ཚད་ནི་ལོ་ལ་བརྒྱའོ། །དམ་པའི་ཆོས་ནི་ལོ་བཞི་ཁྲི་བརྒྱད་སྟོང་གི་བར་དུ་གནས་ སོ༑ ༑སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཉི་མའི་སྙིང་པོ་སྐྱེ་བའི་ཡུལ་ནི་གྲོང་ཁྱེར་མེ་ཏོག་ཅན་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འདེ་ནི་དཔག་ཚད་ ཉིས་བརྒྱའོ། །ཡབ་ནི་འབྱོར་ལྡན་ཞེས་བྱའོ། །ཡུམ་ནི་མེ་ཏོག་ཅེས་བྱའོ། །སྲས་ནི་གར་མཁན་ཞེས་བྱའོ། །རིམ་གྲོ་བ་ནི་ཡེ་ཤེས་བླ་མ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ ཀྱི་མཆོག་ནི་ཤེས་རབ་སྡེ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རྡོ་རྗེའི་སྡེ་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་ཀྱི་དགེ་སློང་འབུམ་མོ། །གཉིས་པ་ལ་ནི་ཐེར་ འབུམ་མོ། །འདུས་པ་གསུམ་པ་ལ་ནི་ཉན་ཐོས་དགྲ་ཤིགས་ཕྲག་རྒྱའོ། །བཞི་པ་ལ་ནི་ས་ཡ་ཕྲག་དགུའོ། །སྐུ་ཚེའི་ཚད་ནི་ལ་དུང་ཕྱུར་ཕྲག་བདུན་ནོ། །དམ་པའི་ཆོས་ ནི་ལོ་དུང་ཕྱུར་ཕྲག་གསུམ་གྱི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཟླ་བ་སྐྱེ་བའི་ཡུལ་ནི་ རིན་ཆེན་མཆོག་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བརྒྱད་དོ། །ཡབ་ནི་ཙམ་པའི་མིག་ཅེས་བྱའོ། །ཡུམ་ནི་སྨན་ཅེས་བྱའོ། །སྲས་ནི་ན་པ་སོ་ [169B] །རིམ་གྲོ་བ་ནི་ཤིན་ཏུ་འཇིགས་མེད་ཅེས་བྱའོ་།ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཤེས་རབ་བླ་མ་ཞེས་བྱའོ་།རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཆོས་འཕགས་ཤེས་བྱའོ། ། འདུས་པ་དང་པོ་ལ་ནི་ཉན་ཐོས་བྱེ་བ་བརྒྱ་ཕྲག་བཅུ་གཉིས་སོ་།གཉིས་པ་ལ་ནི་བྱེ་བ་བརྒྱ་ཕྲག་བཅུ་བཞིའོ། །འདུས་པ་གསུམ་པ་ལ་ནི་ཉན་ཐོས་བྱེ་བ་བརྒྱ་ཕྲག་བཅོ་བརྒྱད་དོ། ། བཞི་པ་ལ་ནི་ཉན་ཐོས་བྱེ་བ་བརྒྱ་ཕྲག་ཉི་ཤུའོ། །སྐུ་ཚེའི་ཚད་ནི་ལོ་དྲུག་སྟོང་ངོ། །དམ་པའི་ཆོས་ནི་ལོ་ཁྲི་ཅིག་སྟོང་གི་བར་དུ་གནས་སོ། སྐུ་གདུང་ནི་རིལ་བོ་གཅིག་ཏུ་ འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་འོད་འཕྲོ་སྐྱེ་བའི་ཡུལ་ནི་གྲོང་ཁྱེར་རྡུལ་བཟངས་ཤེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ ཚད་དྲུག་ཅུའོ། །ཡབ་ནི་བསོད་ནམས་ཕུང་པོ་ཞེས་བྱའོ། །ཡུམ་ནི་ཆོས་ཀྱི་བློ་གྲོས་མ་ཞེས་བྱའོ། །སྲས་ནི་ཙམ་པའི་མཆོག་ཅེས་བྱའོ། །རིམ་གྲོ་བ་ནི་ཤིན་ཏུ་སྤོབས་པ་ ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འབྲུག་སྒྲ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་བླ་མ་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་ས་ ཡ་ཕྲག་བདུན་ནོ། །གཉིས་པ་ལ་ནི་ས་ཡ་ཕྲག་བརྒྱད་དོ། །གསུམ་པ་ལ་ནི་ས་ཡ་ཕྲག་དགུ་འོ། །སྐུ་ཚེའི་ཚད་ནི་ལོ་འབུམ་མོ། །དམ་པའི་ཆོས་ནི་ལོ་སུམ་འབུམ་ [170A]༄༅། །གྱི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ་།དེ་བཞིན་གཤེགས་པ་འོད་བཟང་སྐྱེ་བའི་ཡུལ་ནི་གྲོང་ཁྱེར་སྐར་འོད་ཅེས་བྱའོ། །རིགས་ནི་བྲམ་ ཟེའོ༑ ༑འོད་ནི་དཔག་ཚད་བཅུ་གསུམ་མོ། །ཡབ་ནི་ཉི་མའི་མཐུ་ཞེད་བྱའོ། །ཡུམ་ནི་ཟླ་ལྡན་མ་ཞེས་བྱའོ། །སྲས་ནི་དབང་ཕྱུག་ཆེན་པོ་ཞེས་བྱའོ། རིམ་གྲོ་བ་ནི་སྟོབས་བརྟན་ ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་བྱིན་ཞེས་བྱའོ། །རྫུ་ཅན་རྣམས་ཀྱི་མཆོག་ནི་ལུས་མདངས་ཅན་ཞེས་བྱའོ་།འདུས་པ་དང་པོ་ལ་ནི་ཉེན་ཐོས་ ཐེར་འབུམ་ཕྲག་ལྔའོ། །གཉིས་པ་ལ་ནི་དུང་ཕྱུར་བྲག་བཞིའོ་།གསུམ་པ་ལ་ནི་དུང་ཕྱུར་ཕྲག་གསུམ་དང་བྱེ་བ་ཕྲག་ལྔའོ་།སྐུ་ཆེའི་ཚད་ནི་ལོ་བརྒྱད་ཁྲི་ལྔ་སྟོང་ངོ། །དམ་པའི་ ཆོས་ནི་ལོ་བཞི་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་བ་མྱ་ངན་མེད་སྐྱེ་བའི་ཡུལ་ནི་གྲོང་ཁྱེར་ཤེས་རབ་བྱིན་ཞེས་བྱའོ། །རིགས་ནི་ རྒྱལ་རིགས་སོ། །འོད་ནི་དཔག་ཚད་བཅོ་བརྒྱད་དོ། །ཡབ་ནི་མེ་ཏོག་བྱིན་ཞེས་བྱའོ། །ཡུམ་ནི་ཆོས་ཅན་མ་ཞེས་བྱའོ། །སྲས་ནི་འོད་སྦྱིན་ཞེས་བྱའི། །རིམ་གྲོ་པ་ནི་དགའ་ དབྱངས་ཤེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ལྷུན་པོ་བརྩེགས་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རྒྱལ་བས་བྱིན་ཞེས་བྱའོ། །འདུས་པ་དང་པོ་ [170B] །གཉིས་པ་ལ་ནི་ཁྲིའོ། འདུས་པ་གསུམ་པ་ལ་ནི་དགུ་འབུམ་ལྔ་ཁྲིའོ། །སྐུ་ཚེའི་ཚད་ནི་ལོ་སྟོང་ངོ། །དམ་པའི་ཆོས་ནི་ལོ་སུམ་འབུམ་གྱི་བར་དུ་གནས་ སོ༑ ༑སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་སྐར་རྒྱལ་སྐྱེ་པའི་ཡུལ་ནི་གྲོང་ཁྱེར་ཙམ་པའི་མཆོག་ཅེས་བྱའོ། །རིགས་ནི་ བྲམ་ཟེའོ། །འོད་ནི་དཔག་ཚད་བརྒྱད་དོ། །ཡབ་ནི་ལྷ་བཟང་ཞེས་བྱའོ། །ཡུམ་ནི་སྦྱིན་དགའ་ཞེས་བྱའོ། །སྲས་ནི་གློག་གི་འོད་ཅེས་བྱའོ། །རིམ་གྲོ་བ་ནི་མཐོང་དགའ་ཞེས་བྱའོ། ། ཤེས་རབ་ཅན་རྣམས་ཀྱིས་མཆོག་ནི་ཡེ་ཤེས་བླ་མ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འཇིག་རྟེན་བླ་མ་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་དུང་བྱུང་ཕྲག་བརྒྱད་ དོ༑ ༑གཉིས་བ་ལ་དུང་ཕྱུར་ཕྲག་བདུན་དང་བྱེ་བ་ཕྲག་བརྒྱད་དོ། །གསུམ་པ་ལ་ནི་དུང་ཕྱུར་ཕྲག་བདུན་ནོ། །སྐུ་ཚེའི་ཚད་ནི་ལོ་སུམ་ཁྲི་ཉིས་སྟོང་ངོ། །ངམ་པའི་ཆོས་ནི་ ལོ་བདུན་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་བ་རབ་གསལ་སྐྱེ་བའི་ཡུལ་ནི་གླིང་ལྡན་ཞེས་ བྱའོ༑ ༑རིགས་ནི་བྲམ་ཟེའོ། །འོད་ནི་སྟོང་གི་འཇིག་རྟེན་གྱི་ཁམས་ཙམ་མོ། །ཡབ་ནི་ཆོས་འཕགས་ཤེས་བྱའོ། །ཡུམ་ནི་པད་མ་ཅན་ཞེས་བྱའོ། །སྲས་ནི་ཟླ་རྐང་ཞེས་བྱའོ། ། [171A]༄༅། །རིམ་གྲོ་བ་ནི་གྲགས་པའི་དབྱངས་ཤེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བསོད་ནམས་དཔལ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་ མཆོག་ནི་རྡོ་རྗེ་བྱིན་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་དུང་ཕྱུར་ཕྲག་གཅིག་དང། བྱེ་བ་ཕྲག་དྲུག་གོ་གཉིས་པ་ལ་ནི་དུང་ཕྱུར་ཕྲག་གཅིག་དང། བྱེ་བ་ཕྲག་ བདུན་ནོ། །གསུམ་པ་ལ་ནི་དུང་ཕྱུར་ཕྲག་གཅིག་དང་བྱེ་བ་ཕྲག་བརྒྱད་དོ། །སྐུ་ཚེའི་ཚང་ནི་ལོ་ཁྲི་བཞི་སྟོང་ངོ། །དམ་པའི་ཆོས་ནི་ལོ་ཉི་ཁྲི་ཅིག་སྟོང་གི་བར་དུ་ གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཕྲེང་ཐོགས་སྐྱེ་བའི་ཡུལ་ནི་གྲོང་ཁྱེར་བསོད་ནམས་ཀྱིས་འབྱུང་གནས་ཤེས་བྱའོ། །རིགས་ནི་རྒྱལ་རིགས་ སོ༑ ༑འོད་ནི་དཔག་ཚད་བརྒྱད་བཅུའོ། །ཡབ་ནི་པད་མ་དཀར་བ་ཞེས་བྱའོ། །ཡུམ་ནི་ཡོན་ཏན་བྱིན་ཞེས་བྱའོ། །སྲས་ནི་དཔལ་གྱིས་བསོད་ནམས་ཞེས་བྱའོ། །རིམ་གྲོ་པ་ནི་ གཟུགས་བཟང་ཤེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྒྲོན་མ་མཐའ་ཡས་ཤེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཚོགས་ཅན་རྒྱལ་པོ་ཞེས་བྱའོ། །འདུས་ པ་དང་པོ་ལ་ནི་ཉན་ཐོས་དགྲ་བཅོམ་པ་དུང་ཕྱུར་ཕྲག་དགུའོ་།གཉིས་པ་ལ་ནི་དུང་ཕྱུར་དགུ་དང་བྱེ་བ་ཕྲག་དགུའོ། །གསུམ་པ་ལ་ནི་དུང་ཕྱུར་ཕྲག་བརྒྱད་དང་ [171B] །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་འོ་།དམ་བའི་ཆོས་ནི་ལོ་བྱེ་བའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཡོན་ཏན་འོད་སྐྱེ་ བའི་ཡུལ་ནི་གྲོང་ཁྱེར་ཨུཏྤལ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་དྲུག་བཅུའོ། །ཡབ་ནི་སྣང་ལྡན་ཞེས་བྱའོ་།ཡུམ་ནི་བསོད་ནམས་ཕུང་པོ་ཞེས་ བྱའོ༑ ༑སྲས་ནི་ཆོས་སྤོབས་ཤེས་བྱའོ། །རིམ་གྲོ་བ་ནི་བསོད་ནམས་མཆོད་འོས་ཤེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བཻ་ཌཱུརྱའི་སྙིང་པོ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ ཀྱི་མཆོག་ནི་སྲས་བྱིན་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་བྱ་བ་བརྒྱ་ཕྲག་བཅུ་དྲུག་གོ་གཉིས་པ་ལ་ནི་བྱེ་པ་བརྒྱ་ཕྲག་བཅུ་གཉིས་སོ། །གསུམ་པ་ལ་ནི་བྱེ་བ་བརྒྱ་ཕྲག་ བཅོ་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་སུམ་སྟོང་ངོ། །དམ་པའི་ཆོས་ནི་ལོ་བྱེ་བའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་བར་འགྱུར་རོ། །དེ་བཞིན་གཤེགས་པ་དོན་གཟིགས་སྐྱེ་ བའི་ཡུལ་ནི་གྲོང་ཁྱེར་སྙིང་པོའི་མཆོག་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་དྲུག་བཅུ་རྩ་གཉིས་སོ། །ཡབ་ནི་ཡུལ་འཁོར་ཟླ་བ་ཞེས་བྱའོ། །ཡུམ་ནི་ལྷ་དགའ་ ཞེས་བྱའོ། །སྲས་ནི་ཡོན་ཏན་གྲགས་པ་ཞེས་བྱའོ། །རིམ་གྲོ་པ་ནི་ཚངས་པའི་ང་རོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཟླ་བའི་བློ་ཞེས་བྱའོ། །རྫུ་འཕྲུལ་ཅན་ [172A] །འདུས་པ་དང་པོ་ལ་ནི་དགྲ་བཅོམ་པ་དྲུག་འབུམ་ཉི་ཁྲི་འོ། །གཉིས་པ་ལ་ནི་བདུན་འབུམ་མོ། །གསུམ་པ་ ལ་ནི་བརྒྱད་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་བརྒྱ་འོ། །དམ་པའི་ཆོས་ནི་ལོ་དུང་ཕྱུར་ཀྱི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་མར་མེ་ སྐྱེ་བའི་ཡུལ་ནི་གྲོང་ཁྱེར་རིན་ཆེན་མཛེས་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ལྔ་བཅུ་འོ། །ཡབ་ནི་རིན་ཆེན་སོ་ཞེས་བྱའོ། །ཡུམ་ནི་སྐར་མདོག་གཅེས་ བྱའོ༑ ༑སྲས་ནི་རིན་ཆེན་སྙིང་བོ་ཞེས་བྱའོ། །རིམ་གྲོ་བ་ནི་བློ་གསལ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཐུབ་མེད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ སྟོབས་ཅན་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་བདུན་འབུམ་མོ། །གཉིས་པ་ལ་ནི་དགུ་འབུམ་མོ། །གསུམ་པ་ལ་ནི་ས་ཡའོ། །སྐུ་ཚེའི་ཚད་ནི་ལོ་ལྔ་ཁྲི་འོ། །དམ་པའི་ ཆོས་ནི་ལོ་ཉིས་འབུམ་གྱི་པར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་མཐུ་ལྡན་སྐྱེ་བའི་ཡུལ་ནི་ གྲོང་ཁྱེར་གཟི་བརྗིད་འོད་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་གཅིག་གོ་ཡབ་ནི་ལེགས་བྱིན་ཞེས་བྱའོ། །ཡུལ་ནི་ཡིད་ལྡན་ལེགས་ཞེས་བྱའོ། །སྲས་ [172B] །རིམ་གྲོ་པ་ནི་སེང་གེའི་སྟོབས་ཤེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མྱ་ངན་མེད་བྱིན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ རི་བརྩེགས་ཤེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་བྱེ་བ་ཕྲག་གསུམ་མོ། །གཉིས་བ་ལ་ནི་ཐེར་འབུམ་ཕྲག་གཉིས་སོ། །གསུམ་པ་ལ་ནི་ཐེར་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་བཞི་ ཁྲི་འོ༑ ༑དམ་པའི་ཆོས་ནི་ལོ་དགུ་ཁྲིའི་བར་དུག་ནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་སྨན་པ་སྐྱེ་བའི་ཡུལ་ནི་བརྟུལ་ཞུགས་གྲུབ་པ་ཞེས་བྱའོ། །རིགས་ནི་ བྲམ་ཟེའོ། །འོད་ནི་དཔག་ཚད་བདུན་བཅུ་རྩ་བདུན་ནོ། །ཡབ་ནི་འདུན་པ་ཞེས་བྱའོ། །ཡུམ་ནི་ཛམྦུའི་མཆོག་ཅེས་བྱའོ། །སྲས་ནི་དཔས་བྱིན་ཞེས་བྱའོ། །རིམ་གྲོ་པ་ནི་ཟླ་དགའ་ཞེས་ བྱའོ༑ ༑ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རྒྱ་མཚོ་ཞེས་བྱའོ་།རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གླང་པོའི་སྟོབས་ཤེས་བྱའོ་།འདུས་པ་དང་པོ་ལ་ནི། ཉན་ཐོས་ས་ཡ་ཕྲག་གཉིས་ དག་འབུམ་ཕྲག་གསུམ་མོ། །གཉིས་པ་ལ་ནི་ས་ཡ་ཕྲག་གཉིས་དང་འབུམ་ཕྲག་ལྔའོ། །གསུམ་བ་ལ་ནི་ས་ཡ་ཕྲག་གཉིས་དང་འབུམ་ཕྲག་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་ བདུན་ཁྲི་འོ། །དམ་པའི་ཆོས་ནི་ལོ་ས་ཡ་ཕྲག་གཉིས་དང། འབུམ་ཕྲག་ལྔའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་།མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་ [173A]༄༅། །བཞིན་གཤེགས་པ་ངེས་པ་སྐྱེ་བའི་ཡུལ་ནི་གྲོང་ཁྱེར་ལེགས་འབྱོར་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བཅུ་འོ། །ཡབ་ནི་དབྱིག་ མཆོག་ཅེས་བྱའོ། །ཡུམ་ནི་ཟླ་འོད་ཅེས་བྱའོ། །སྲས་ནི་ཆོས་ཀྱི་དབང་ཕྱུག་ཅེས་བྱའོ། །རིམ་གྲོང་ནི་འཇིག་རྟེན་དགའ་བ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འབྲུག་ སྒྲ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མེ་ཏོག་བྱིན་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་དུང་ཕྱུར་ཕྲག་གསུམ་མོ་།གཉིས་པ་ལ་ནི་དུང་ཕྱུར་ཕྲག་གཉིས་དང། བྱེ་ བ་ཕྲག་བརྒྱད་དོ། །གསུམ་པ་ལ་ནི་དུང་ཕྱུར་ཕྲག་གཉིས་དང་བྱེ་བ་ཕྲག་བདུན་ནོ། །སྐུ་ཚེའི་ཆད་ནི་ལོ་སུམ་ཁྲི་དྲུག་སྟོང་ངོ། །དམ་པའི་ཆོས་ནི་ལོ་སྟོང་གི་བར་དུ་གནས་ སོ༑ ༑སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་མཛོད་བུ་སྐྱེ་བའི་ཡུལ་ནི་གྲོང་ཁྱེར་གཟི་བརྗོད་གསལ་བ་ཞེས་བྱའོ་།རིགས་ནི་སྦམ་བེའོ། །འོད་ནི་དཔག་ཚད་ བརྒྱ་ཙམ་མོ། །ཡབ་ནི་ཚོགས་ཅན་རྒྱལ་པོ་ཞེས་བྱའོ། །ཡུམ་ནི་སྐལ་ལྡན་དགའ་ཞེས་བྱའོ། །སྲས་ནི་ལྷུན་བོ་སྤྱིན་ཞེས་བྱའོ་།རིམ་གྲོ་པ་ནི་ལྷའི་ཟླ་བ་ཞེས་བྱའོ། །ཤེས་ རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་དགའ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ལྷས་མཆོད་ཅེས་བྱའོ། །འདུས་བ་དང་པོ་ལ་ནི་ཉན་ཐོས་དུད་ཕྱུར་ཕྲག་དྲུག་ [173B] བྱེ་བ་ཕྲག་གཉིས་སོ། །གཉིས་པ་ལ་ནི་དུང་ཕྱུར་ཕྲག་དྲུག་དང། བྱེ་བ་ཕྲག་གཅིག་གོ་གསུམ་པ་ལ་ནི་དུང་ཕྱུར་ཕྲག་དྲུག་གོ་སྐུ་ཚའི་ཚད་ནི་ལོ་ལྔ་ཁྲི་འོ། །དམ་པའི་ཆོས་ནི་ལོ་ བདུན་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་།མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་བརྟན་ལྡན་སྐྱེ་བའི་ཡུལ་ནི་བསོད་ནམས་སྒྲ་ སྒྲོགས་ཤེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་གཅིག་གོ་།ཡབ་ནི་ས་ལའི་རྒྱལ་པོ་ཞེས་བྱའོ། །ཡུམ་ནི་སྐྱེས་བུ་བཟང་དགའ་ཞེས་བྱའོ། །སྲས་ནི་སྲིད་སྦྱིན་ཞེས་ བྱའོ༑ ༑རིམ་གྲོ་པ་ནི་དཔལ་སྟོབས་ཤེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཟླ་བའི་ཏོག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་འོད་ཅེས་བྱའོ། འདུས་ པ་དང་པོ་ལ་ནི་ཉན་ཐོས་འབུམ་མོ། །གཉིས་པ་ལ་ནི་ས་ཡ་ཕྲག་དགུ་འོ། །འདུས་པ་གསུམ་པ་ལ་ནི་ས་ཡ་ཕྲག་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་ཁྲི་ཉིས་སྟོང་ངོ། །དམ་པའི་ཆོས་ ནི་ལོ་ཉི་ཁྲི་བརྒྱད་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ལྷའི་དཔལ་སྐྱེ་བའི་ཡུལ་ནི་རིན་ཆེན་ལྡན་པ་ཞེས་བྱའོ། །རིགས་ནི་རྒྱལ་ རིགས་སོ། །འོད་ནི་དཔག་ཚད་བཅུ་གཉིས་སོ། །ཡབ་ནི་སྦྲང་རྩིའི་སྣོད་ཅེས་བྱའོ། །ཡུམ་ནི་ཆོས་ཅན་མ་ཞེས་བྱའོ། །སྲས་ནི་དགའ་བའི་ཏོག་ཅེས་བྱའོ། །རིམ་གྲོ་བ་ནི་ [174A]༄༅། །བརྩོན་འགྲུས་བརྟན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ས་སྦྱིན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཟླ་སྟོབས་པ་ནི་ཞེས་བྱའོ། ། འདུས་པ་ནི་ལང་ཅིག་སྟེ། །ཉན་ཐོས་ཐེར་འབུམ་ཕྲག་གཅིག་གོ་སྐུ་ཚེའི་ཚད་ནི་ལོ་བརྒྱའོ། །དམ་པའི་ཆོས་ནི་ལོ་བྱེ་བའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་ རོ༑ ༑དེ་བཞིན་གཤེགས་པ་གདུལ་དཀའ་སྐྱེ་བའི་ཡུལ་ནི་སྦྱོར་གྲུབ་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བྱེ་པའོ། །ཡབ་ནི་སྒྲ་གཅན་ལྷ་ཞེས་བྱའོ། ། ཡུམ་ནི་བསོད་ནམས་ཅན་ཞེས་བྱའོ། །སྲས་ནི་ཟླ་སྦེད་ཅེས་བྱའོ་།རིམ་གྲོ་བ་ནི་བདེན་དགའ་ཞེས་བྱའོ། །ཤེས་རབ་ཅན་རྣམས་གྱི་མཆོག་ནི་རིན་ཆེན་དམ་པ་ཞེས་ བྱའོ༑ ༑རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འཕྲུག་སྒྲ་ཞེས་བྱའོ། །འདུས་པ་དང་བོ་ལ་ནི་ཉན་ཐོས་སུམ་འབུམ་མོ། །གཉིས་པ་ལ་ནི་ལྔ་འབུམ་མོ། །གསུམ་པ་ལ་ནི་ བརྒྱད་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་བྱེ་བ་ཕྲག་བརྒྱད་དོ་།དམ་པའི་ཆོས་ནི་ལོ་དུང་ཕྱུར་ཕྲག་གཅིག་དང་བྱེ་བ་ཕྲག་བརྒྱད་ཀྱི་བར་ཏུ་གནས་སོ། །སྐུ་གདུང་ནི་རྒྱས་ པར་འགྱུར་རོ། །དེ་བཞིན་གཤེགས་པ་ཡོན་ཏན་རྒྱལ་མཚན་སྐྱེ་བའི་ཡུལ་ནི་ཟླ་ལྟར་ཞེས་བྱའོ། །རིགས་ནི་བྲམ་ཟེའོ་རིགས་སོ། །འོད་ནི་དཔག་ཚད་ལྔའོ། །ཡབ་ [174B] །ཡུམ་ནི་ནོར་ལྷས་བྱིན་ཞེས་བྱའོ། །སྲས་ནི་རྡོ་རྗེའི་སྡེ་ཞེས་བྱའོ། །རིམ་གྲོ་བ་ནི་རིན་ཆེན་དགའ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ ཀྱི་མཆོག་ནི་ཉི་མའི་སྙིང་པོ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཁ་ལོ་སྒྱུར་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་འབུམ་ཕྲག་སུམ་ཁྲི་འོ། །གཉིས་པ་ལ་ ནི་འབུམ་ཕྲག་ལྔ་ཁྲེ་འོ། །འདུམ་པ་གསུམ་པ་ལ་ནི་ཉན་ཐོས་འབུམ་ཕྲག་དྲུག་ཁྲི་འོ། །སྐུ་ཚེའི་ཚད་ནི་ལོ་བྱེ་བའོ། །དམ་པའི་ཆོས་ནི་ལོ་བྱེ་ བ་ཕྲག་གསུམ་ཀྱི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་སྒྲ་གཅན་སྐྱེ་པའི་ཡུལ་ནི་རིན་པོ་ ཆེའི་འོད་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བདུན་བཅུ་རྩ་དྲུག་གོ་ཡབ་ནི་མཐུ་རྩ་ལ་སྟོབས་ཤེས་བྱའོ། །ཡུམ་ནི་ཟིལ་མི་ནོན་ཅེས་བྱའོ། །སྲས་ནི་ཟླ་འོད་ ཅེས་བྱའོ། །རིམ་གྲོ་བ་ནི་བཻ་དུ་རྱའི་སྙིང་པོ་ཞེས་བྱའོ་།ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྟོབས་ལྟ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དགའ་སྲིད་ཅེས་བྱའོ། །སྐུ་ ཚེའི་ཚད་ནི་ལོ་འབུམ་མོ། །དམ་པའི་ཆོས་ནི་ལོ་ལྔ་འབུམ་གྱི་བར་དུ་གནས་སོ། །དེ་བཞིན་གཤེགས་བ་བཞི་བཅུ་པོ་དེ་དག་གིས་སངས་རྒྱས་ཀྱི་འཕྲིན་ལས་མཛད་པ་ཇི་སྙེད་ [175A]༄༅། །པ་དེ་སྙིང་པ་དེ་སྙིང་ཅིག་ནི་དེ་བཞིན་གཤེགས་པ་འདིས་སེམས་ཅན་རྣམས་གྲོལ་བར་མཛད་པར་འགྱུར་རོ། །དེ་ལྟ་བས་ན་འདེའི་འདུས་བ་རྣམས་ཀྱི་མ་སྨོས་ ལ༑ ས་གཞི་ཆེན་པོ་ཡང་རིན་པོ་ཆེ་བདུན་གྱི་རང་བཞིན་དུ་འགྱུར་རོ། །རིན་པོ་ཆེའི་ཤིང་དང། གོས་བྱུང་བའི་ཤིང་གིས་ཀྱང་རྒྱས་བར་འགྱུར་རོ། །སེམས་ཅན་རྣམས་ནི་རྫུས་ ཏེ་འབྱུང་བར་འགྱུར་རོ། །ངན་སོང་གསུམ་ཡང་གཏན་འབྱུང་བར་མི་འགྱུར་རོ། །འཕགས་པ་བསྐལ་པ་བཟང་པོ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། །བམ་ པོ་བཅུ་པ། །དེ་བཞིན་གཤེགས་བ་ཚོགས་ཅན་སྐྱེ་བའི་ཡུལ་ནི་མཛེས་ལྡན་འགྲོ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་ཕྱེད་དོ། །ཡབ་ནི་རིན་ཆེན་བླ་མ་ ཞེས་བྱའོ། །ཡུམ་ནི་རིན་ཆེན་འོད་ཅེས་བྱའོ། །སྲས་ནི་ས་འཛིན་ཅེས་བྱའོ། །རིམ་གྲོ་པ་ནི་ཡིད་ཞི་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཁྲུང་ཁྲུང་ང་རོ་ཞེས་ བྱའོ༑ ༑རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དོན་གྲུབ་ཅེས་བྱའོ་།འདུས་པ་ནི་ལན་ཅིག་སྟེ་ཉན་ཐོས་འབུམ་འབྱུང་བར་འགྱུར་རོ། །སྐུ་ཚེའི་ཚད་ནི་ལོ་སུམ་ཁྲི་འོ། །དམ་པའི་ ཆོས་ནི་ལོ་བདུན་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་བ་ཆ་དས་པའི་དབྱངས་སྐྱེ་བའི་ཡུལ་ནི་གཟི་བརྗིད་འོད་ཅེས་བྱའོ། །རིགས་ [175B] །འོད་ནི་དཔག་ཚད་བརྒྱད་བཅུའོ། །ཡབ་ནི་ཚ་དས་པའི་བླ་མ་ཞེས་བྱའོ། །ཡུམ་ནི་བདེ་ལྟ་ན་མ་ཞེས་བྱའོ་།སྲས་ནི་བསོད་ནམས་གཟི་བརྗིད་འོད་ཅེས་བྱའོ། །རིམ་གྲོ་ པ་ནི་པདྨའི་མ་གཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་གསེར་མདོག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གློག་སྦྱིན་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་དགྲ་ བཅོམ་པ་དུང་ཕྱུར་ཕྲག་བརྒྱད་དང་བྱེ་བ་ཕྲག་དྲུག་གོ་གཉིས་པ་ལ་ནི་དུང་ཕྱུར་ཕྲག་དགུའོ། །གསུམ་པ་ལ་ནི་ཐེར་འབུམ་མོ་།སྐུ་ཚེའི་ཚད་དེ་ལོ་དགུ་ཁྲེ་འོ། །དམ་པའི་ཆོས་ནི་ལོ་ སུམ་སྟོང་གི་བར་དུ་གནས་སོ། །སྐུ་གདུད་ནི་རིམ་པོ་གཅིག་ཏུ་འདུག་གོ་།མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཚིགས་བརྟེན་སྐྱེ་བའི་ཡུལ་ནི་མེ་ཏོག་རྒྱས་པ་ ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་དྲུག་བཅུའོ་།ཡབ་ནི་བསོད་ནམས་དགའ་ཞས་བྱའོ། །ཡུམ་ནི་སྐྱེད་ལྡན་མ་ཞེས་བྱའོ། །སྲས་ནི་དུས་རིང་སྦྱིན་ཞེས་ བྱའོ༑ ༑རིམ་གྲོ་བ་ནི་དོན་སྤྱད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཟླ་མཆོག་ཅས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱིས་མཆོག་ནི་གསེར་མཆོག་ཅེས་བྱའོ། །འདུས་པ་ དང་པོ་ལ་ནི་དགྲ་བཅོམ་པ་བྱེ་བ་སྟོང་ཕྲག་བདུན་བཅུའོ། །གཉེས་པ་ལ་ནི་བྱེ་བ་སྟོང་ཕྲག་བདུན་བཅུ་རྩ་བརྒྱད་དོ། །གསུམ་པ་ལ་ནི་བྱེ་བ་སྟོང་ཕྲག་བརྒྱད་བཅུའོ། །སྐུ་ཚེའི་ཚད་ནི་ལོ་ [176A]༄༅། །ལྔ་ཁྲི་ལྔ་སྟོང་ངོ། །དམ་པའི་ཆོས་ནི་ལོ་བཞི་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་།མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། ། དེ་བཞིན་གཤེགས་པ་མི་འགྱིང་བ་སྐྱེ་བའི་ཡུལ་ནི་འགྲོ་དགའ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བཅུའོ། །ཡབ་ནི་རྒྱ་མཚོ་ཞེས་བྱའོ། །ཡུམ་ནི་དྲང་ སྲོང་བྱིན་ཞེས་བྱའོ། །སྲས་ནི་མིག་སྡུག་ཅེས་བྱའོ། །རིམ་གྲོ་བ་ནི་སྐྱེ་དབང་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དོན་ལེགས་བསམ་ཤེས་བྱའོ། །རྫུ་འཕྲུལ་ཅན་ རྣམས་གྱི་མཆོག་ནི་བདེན་ཚིག་ཅན་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་དགྲ་བཅོམ་པ་བདུན་ཁྲི་བརྒྱད་སྟོང་ངོ། །གཉིས་པ་ལ་ནི་བདུན་ཁྲི་དྲུག་སྟོང་ངོ། །གསུམ་པ་ལ་ནི་ བདུན་ཁྲི་ལྔ་སྟོང་ངོ། །སྐུ་ཚེའི་ཚད་ནི་ལོ་སྟོང་ཕྲག་བརྒྱད་ཁྲི་འོ། །དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་ཏུ་གནས་སོ། །སྐུ་གདུང་ནི་རྒྱས་བར་འགྱུར་རོ། །དེ་བཞིན་གཤེགས་ པ་འོད་མཛད་སྐྱེ་བའི་ཡུལ་ནི་གསེར་གྱི་འོད་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཙམ་མོ། །ཡབ་ནི་འོད་ ཟེར་ཅན་ཞེས་བྱའོ། །ཡུམ་ནི་རིན་ཆེན་བྱིན་ཞེས་བྱའོ། །སྲས་ནི་ཡོན་ཏན་རིན་པོ་ཆེ་ཞེས་བྱའོ། །རིམ་གྲོ་པ་ནི་མེ་ཏོག་ཟླ་བ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ [176B] །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་ཞེས་བྱའོ་།འདུས་པ་དང་པོ་ལ་ནི་ཉན་ཐོས་བྱེ་བ་འབུམ་ཕྲག་ལྔ་བཅུའོ། ། གཉིས་པ་ལ་ནི་བྱེ་བ་འབུམ་ཕྲག་བཞི་བཅུའོ། །གསུམ་པ་ལ་ནི་བྱེ་བ་འབུམ་ཕྲག་སུམ་བཅུའོ། །སྐུ་ཚེའི་ཚད་ནི་ལོ་བྱེ་པ་ཕྲག་ལྔའོ། །དམ་པའི་ཆོས་ནི་ལོ་ཐེར་འབུམ་ཕྲག་བདུན་ གྱི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ལྷུན་ཆེན་སྐྱེ་བའི་ཡུལ་ནི་རིན་པོ་ཆེ་བཀོད་པ་ཞས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ ཚད་བརྒྱད་ཅུའོ། །ཡབ་ནི་ཟླ་བའི་གཟི་བརྗིད་ཅེས་བྱའོ། །ཡུམ་ཉི་མས་བྱིན་ཞེས་བྱའོ། །སྲས་ནི་ཟླ་གདུགས་ཤེས་བྱའོ། །རིམ་གྲོ་པ་ནི་རིགས་ཆན་མཆོག་ཅེས་བྱའོ། །ཤེས་རབ་ ཅན་རྣམས་ཀྱི་མཆོག་ནི་བློ་བཟངས་ཤེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རྒྱལ་དགའ་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་དགྲ་བཅོམ་པ་དུང་ཕྱུར་ཕྲག་བདུན་ནོ། ། གཉིས་པ་ལ་ནི་དུང་ཕྱུར་ཕྲག་བརྒྱད་དོ། །གསུམ་བ་ལ་ནི་དུང་ཕྱུང་ཕྲག་དགུའོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་སྟོང་ངོ། །དམ་པའི་ཆོས་ནི་ལོ་སུམ་ཁྲི་ཉིས་སྟོང་གི་བར་དུག་ནས་ སོ༑ ༑སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་རྡོ་རྗེ་སྐྱེ་པའི་ཡུལ་རི་ཤིན་ཏུ་རྣམ་པར་ཡེ་བའི་གཟི་བརྗིད་ཅེས་བྱའོ། ། [177A]༄༅། །རིགས་ནི་རྒྱལ་རིགས་སོ། །འདོད་ནི་དཔག་ཚད་བུ་དྲུག་གོ་།ཡབ་ནི་ནོར་བུའི་འོད་ཅེས་བྱའོ། །ཡུལ་ནི་ཨུཏྤལ་ལའི་མིག་ཅེས་བྱའོ། །སྲས་ནི་འཚོ་ བྱེད་ཅེས་བྱའོ། །རིམ་གྲོ་པ་ནི་རྒྱ་མཚོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དྲག་ཤུལ་སྦྱིན་ཞེས་བྱའོ་རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གྲོགས་མཆོག་ཅེས་བྱའོ། ། འདུས་བ་དང་པོ་ལ་ནི་ཉན་ཐོས་དགྲ་བཅོམ་པ་ཐེར་འབུམ་ཕྲག་བཞིའོ། །གཉིས་པ་ལ་ནི་ཐེར་འབུམ་ཕྲག་གསུམ་མོ། །གསུམ་པ་ལ་ནི་ཐེར་འབྲུམ་ཕྲག་གཉིས་སོ། །སྐུ་ ཚེའི་ནི་འབུམ་མོ། །དམ་པའི་ཆོས་ནི་ལོ་སུམ་ཁྲིའི་བར་དུ་གནས་སོ་།སྐུ་གདུང་ནི་རྒྱས་བར་འགྱུར་རོ། །དེ་བཞིན་གཤེགས་པ་སྡོམ་པ་ཅན་སྐྱེ་བའི་ཡུལ་ནི་ ཙནྡན་ཞེས་བྱའོ། །རིགས་ནི་བྲམ་ཟའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཆ་ད་བརྒྱད་བཅུའོ། །ཡབ་ནི་མེ་ཏོག་ཅེས་བྱའོ། །ཡུལ་མ་ནི་གློག་འོད་མ་ཞེས་བྱའོ། །སྲས་ནི་རིན་ཆེན་ཕུད་པོ་ཞེས་ བྱའོ༑ ༑རིམ་གྲོ་པ་ནི་རིན་ཆེན་སེམས་ཤེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འཇིགས་མེད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རི་རྒྱལ་ཞེས་བྱའོ། ། འདུས་པ་དད་པོ་ལི་ན་དགྲ་བཅོམ་པ་བདུན་འབྲམ་མོ། །གཉིས་པ་ལ་ནི་དྲུག་འབུམ་མོ། །གསུམ་པ་ལ་ནི་ལྔ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་བྱེ་བའོ། །དམ་པའི་ཆོས་ [177B] །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་མི་བསྙེངས་བསྐྱ་པའི་ཡུལ་ནི་དགྲ་འཇོམས་ཞེས་བྱའོ། །རིགས་ནི་ རྒྱལ་རགས་སོ། །འོད་ནི་དཔག་ཚད་བཅུ་དགུའོ། །ཡབ་ནི་འོད་སྦྱིན་ཞེས་བྱའོ། །ཡུལ་ནི་ཟླ་ལྡན་མ་ཞེས་བྱའོ། །སྲས་ནི་ཟླ་བའི་བླ་མ་ཞེས་བྱའོ། །རིམ་གྲོ་པ་ནི་ཟླ་བ་ཞེས་བྱའོ། ། ཤས་རབ་ཅན་རྣམས་ཀྱི་མཆོག་ནི་ཚོགས་ཅན་རྒྱལ་པ་ཞེས་བྱའོ་།རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ལྷ་བྱིན་ཞེས་བྱའོ། །འུས་པ་དང་པོ་ལ་ནི་དགྲ་བཅོམ་པ་བརྒྱད་ འབུམ་མོ། །གཉིས་པ་ལ་ནི་བདུན་འབུམ་བརྒྱད་ཁྲི་འོ། །གསུམ་པ་ལ་ནི་བདུན་འབུམ་དྲུག་ཁྲི་འོ། །སྐུ་ཆེའི་ཚད་ནི་ལོ་འབུམ་མོ། །དམ་པའི་ཆོས་ནི་ལོ་བྱེ་པའི་བར་དུ་གནས་ སོ༑ ༑སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་རིན་ཆེན་སྐྱེ་བའི་ཡུལ་ནི་མཚམས་བརྟན་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་འབུམ་ མོ༑ ༑ཡབ་ནི་དྲང་སྲོང་བྱིན་ཞེས་བྱའོ། །ཡུལ་ནི་བསོད་ནམས་བྱེད་ཞེས་བྱའོ། །སྲས་ནི་སྨན་གྱི་མེ་ཏོག་ཅེས་བྱའོ། །རིམ་གྲོ་པ་ནི་བརྩོན་འགྲུས་བྱིན་ཞེས་བྱའོ། །ཤེས་ རབ་ཅན་རྣམས་ཀྱི་མཆོག་ནི་ཐུབ་མེད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཐུ་བརྟན་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་དུང་ཕྱུར་ཕྲག་བཞིའོ། ། [178A]༄༅། །གཉིས་པ་ལ་ནི་དུང་ཕྱུར་ཕྲག་གསུམ་དང། བྱེ་བ་ཕྲག་བརྒྱད་དོ། །གསུམ་པ་ལ་ནི་དུང་ཕྱུར་ཕྲག་གཅིག་དང་བྱེ་བ་ཕྲག་དྲུག་གོ། །སྐུ་ཚེའི་ཆད་ ནི་ལོ་ཁྲི་བརྒྱད་སྟོད་ངོ། །དམ་པའི་ཆོས་ནི་ལོ་བུན་ཁྲིའི་དབང་དུ་གནས་སོ། །སྐུ་གདུང་ནི་རིམ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་ པ་པདྨའི་སྤྱན་སྐྱེ་བོའི་ཡུལ་ནི་ཡུལ་འཁོར་མེ་ཏོག་ཅེས་བྱའོ་།རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཆོད་སུམ་ཅུ་རྩ་གཉིས་སོ་ཡབ་ནི་མེ་ཏོག་བླ་མ་ཞེས་བྱའོ། །ཡུམ་ ནི་གཟུགས་ལྡན་པ་ཞེས་བྱའོ། །སྲས་ན་ལྷ་དགའ་ཞེས་བྱའོ། །རིམ་གྲོ་པ་ནི་མྱ་ངན་མེད་པའི་མེ་ཏོག་ཅས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཤེས་རབ་འདོད་ཅེས་ བྱའོ༑ ༑རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཚོགས་ཅན་བྱིན་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་དགྲ་བཅོམ་པ་དུང་ཕྱུར་ཕྲག་བཅུན་ནོ། །གཉིས་པ་ལ་ནི་དུང་ཕྱུར་ཕྲག་ གསུམ་དང་བྱེ་བ་ཕྲག་ལྔའོ། །གསུམ་པ་ལ་ནི་དུང་ཕྱུར་ཕྲག་བཞིའོ། །སྐུ་ཚེའི་ཚད་ནི་ལོ་ཁྲི་བརྒྱད་སྟོང་ངོ། །དམ་པའི་ཆོས་ནི་ལྔ་ཁྲི་དྲུག་སྟོང། གི་བར་དུ་གནས་སོ། ། སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་སྟོབས་སྡེ་སྐྱེ་བའི་ཡུལ་ནི་བཟང་མཆོག་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ་།འོད་ནི་དཔག་ཚད་དྲུག་གོ་ [178B] །ཡུམ་ནི་བདེ་སྦྱིན་མ་ཞེས་བྱའོ། །སྲས་ནི་བསོད་ནམས་འོད་ཟེར་ཞེས་བྱའོ། །རིམ་གྲོ་བ་ནི་ཆོས་སྲུང་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ ནི་རྒྱལ་བའི་རྒྱལ་པོ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱིས་མཆོག་ནི་ཤིན་ཏུ་བད་པ་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་དགྲ་བཅོམ་པ་དྲུག་ཁྲིའོ། །གཉིས་པ་ལ་ནི་ལྔ་ཁྲི་ བརྒྱད་སྟོང་ངོ། །གསུམ་པ་ལ་ནི་ལྔ་ཁྲི་བདུན་སྟོང་ངོ། །སྐུ་ཚེའི་ཚད་ནི་ལོ་ཁྲི་དྲུག་སྟོང་ངོ། །དམ་པའི་ཆོས་ནི་ལོ་བརྒྱད་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་ གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་མེ་ཏོག་འོད་ཟེར་སྐྱེ་བའི་ཡུལ་ནི་ཟླ་བ་མེ་ཏོག་བཟང་པོ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ ནི་དཔག་ཚད་བདུན་ཅུ་རྩ་བརྒྱད་དོ། །ཡབ་ནི་སྡུག་མཐོང་ཞེས་བྱའོ། །ཡུམ་ནི་རྒྱུ་སྐར་ལྡན་ཞེས་བྱའོ། །སྲས་ནི་ཆོས་བརྟན་ཞེས་བྱའོ། །རིམ་གྲོ་བ་ནི་བྱང་ཆུབ་ཅེས་བྱའོ། ། ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དོན་གྱི་བློ་གྲོས་ཞེས་བྱའོ་།རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཟླ་བའི་རྒྱལ་མཚན་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་དགྲ་བཅོམ་པ་དུང་ ཕྱུར་ཕྲག་གསུམ་མོ། །གཉིས་པ་ལ་ནི་དུང་ཕྱུར་ཕྲག་གསུམ་དང་བྱེ་བ་ཕྲག་གཉིས་སོ། །གསུམ་པ་ལ་ནི་དུང་ཕྱུར་ཕྲག་གསུམ་དང་ཕྱེ་བ་ཕྲག་གཉིས་སོ། །སྐུ་ཚེའི་ཚད་ནི་ [179A]༄༅། །ལོ་ཉི་ཁྲི་ཉིས་སྟོང་ངོ། །དམ་པའི་ཆོས་ནི་ལོ་ལྔ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཡེ་ཤེས་དགྱེས་སྐྱེ་ བའི་ཡུལ་ནི་ནོར་མཆོག་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བརྒྱད་དོ། །ཡབ་ནི་དགེ་བ་ཞེས་བྱའོ། །ཡུམ་ནི་དཔལ་བཟང་མོ་ཞེས་བྱའོ། །སྲས་ནི་ལྷས་ སྦེད་ཅེས་བྱའོ། །རིམ་གྲོ་བ་ནི་ཕན་འདོད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཟླ་གདུགས་ཤེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཙམ་པ་ཀ་ཞེས་བྱའོ། །འདུས་ པ་དང་པོ་ལ་ནི་དགྲ་བཅོམ་པ་ཐེར་འབུམ་ཕྲག་དགུའོ། །གཉིས་པ་ལ་ནི་ཐེར་འབུམ་ཕྲག་བརྒྱད་དོ། །གསུམ་པ་ལ་ནི་ཐེར་འབུམ་ཕྲག་བདུན་ནོ། །སྐུ་ཚེའི་ཚད་ནི་ལོ་འབུམ་ མོ༑ ༑དམ་པའི་ཆོས་ནི་ལོ་ལྔ་ཁྲི་བདུན་སྟོང་གི་བར་དུ་གནས་སོ་།སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་གཟི་ཆེན་སྐྱེ་བའི་ཡུལ་ནི་མཆོད་སྦྱིན་འབྱོར་ལྡན་ ཞེས་བྱའོ། །རིགས་ནི་བྲམ་ཟེའོ། འོད་ནི་དཔག་ཚད་ལྔའོ། །ཡབ་ནི་རིན་པོ་ཆེའི་མཛོད་ཅེས་བྱའོ། །ཡུམ་ནི་གཟི་ལྡན་མ་ཞེས་བྱའོ་།སྲས་ནི་འོད་ཟེར་བླ་མ་ཞེས་ བྱའོ༑ ༑རིམ་གྲོ་བ་ནི་ལག་བཟངས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མེ་འོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་པདྨའི་སྙིང་པོ་ཞེས་བྱའོ། །འདུས་པ་ [179B] །གཉིས་པ་ལ་ནི་བདུན་ཁྲི་ལྔ་སྡོང་ངོ། །གསུམ་པ་ལ་ནི་བརྒྱད་ཁྲིའོ། །སྐུ་ཚེའི་ཚད་ནི་ལོ་ལྔ་འབུམ་མོ། །དམ་པའི་ཆོས་ནི་ལོ་ཉི་ཁྲི་ ཆིག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཚངས་པ་སྐྱེ་བའི་ཡུལ་ནི་གསེར་མདོག་ཅེས་ བྱའོ༑ ༑རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་གསུམ་མོ། །ཡབ་ནི་མྱ་ངན་མེད་དགའ་ཞེས་བྱའོ། །ཡུམ་ནི་ཙན་དན་ཅན་ཞེས་བྱའོ། །སྲས་ནི་རྒྱལ་བའི་སྡེ་ཞེས་བྱའོ། །རིམ་གྲོ་པ་ ནི་དགྲ་འདུལ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ལྷ་བདག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གཙུག་གི་རྡོ་རྗེ་ཞེས་བྱའོ། །འདུས་པ་ནི་ལན་ཅིག་ ཏུ་བཟད་དོ། དགྲ་བཅོམ་པ་བྱེ་བ་ཕྲག་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་ཁྲི་ཉིས་སྟོང་ངོ། །དམ་པའི་ཆོས་ནི་ལོ་ཁྲི་བཞི་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་ གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་འོད་དཔག་མེད་སྐྱེ་བའི་ཡུལ་ནི་ཉམས་དགའ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ བདུན་བཅུ་རྩ་དྲུག་གོ་ཡབ་ནི་དབྱངས་ཀྱི་དབྱང་ཕྱུག་འོད་ཅེས་བྱའོ། །ཡུམ་ནི་ཟླ་འོད་ཅེས་བྱའོ། །སྲས་ནི་དགའ་ལྡན་ཞེས་བྱའོ་།རིམ་གྲོ་བ་ནི་དགའ་སྡེ་ཞེས་བྱའོ། །ཤེས་ [180A]༄༅། །རབ་ཅན་རྣམས་ཀྱི་མཆོག་ནི་དག་པའི་དབང་ཕྱུག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གློག་འོད་ཅེས་བྱའོ་།འདུས་པ་དང་པོ་ལ་ནི་ དགྲ་བཅོམ་པ་ཐེར་འབུམ་ཕྲག་གཉིས་སོ། །གཉིས་པ་ལ་ནི་ཐེར་འབུམ་ཕྲག་བཞིའོ། །གསུམ་པ་ལ་ནི་ཐེར་འབུམ་ཕྲག་དྲུག་གོ་སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །དམ་ པའི་ཆོས་ཀྱང་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་གླུ་སྦྱིན་སྐྱེ་བའི་ཡུལ་ནི་རིན་པོ་ཆེ་སྣ་ཚོགས་ཤེས་བྱའོ། །རིགས་ ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བྱེད་དོ། །ཡབ་ནི་རྒྱལ་བས་འཛིན་ཅེས་བྱའོ། །ཡུམ་ནི་ཆོས་ལྡན་མ་ཞེས་བྱའོ། །སྲས་ནི་བསོད་ནམས་སྟོབས་ཞེས་ བྱའོ༑ ༑རིམ་གྲོ་པ་ནི་རིན་ཆེན་སྒྲོན་མ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཙམྤ་ཀའི་མཆོག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ལྷ་མི་ཞེས་བྱའོ། ། འདུས་པ་དང་པོ་ལ་ནི་ཉན་ཐོས་བརྒྱད་ཁྲི་འོ། །གཉིས་པ་ལ་ནི་བདུན་ཁྲི་བརྒྱད་སྟོང་ངོ། །གསུམ་པ་ལ་ནི་བདུན་ཁྲི་ལྔ་སྟོང་ངོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་དྲུག་ སྟོང་ངོ། །དམ་པའི་ཆོས་ནི་ལོ་སྟོང་གི་བར་དུ་གནས་སོ། སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ་།དེ་བཞིན་གཤེགས་པ་བརྟན་ [180B]།རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ལྔ་བརྒྱའོ། །ཡབ་ནི་སེང་གེའི་མཆེ་བ་ཞེས་བྱའོ། །ཡུམ་ནི་སྡོང་བུ་བྱིན་ ཞེས་བྱའོ། །སྲས་ནི་ཆོས་སྒྲོགས་ཤེས་བྱའོ། །རིམ་གྲོ་པ་ནི་ལེགས་སྦྲུལ་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རིན་ཆེན་བྱིན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ ཟླས་བྱིན་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་དགྲ་བཅོམ་པ་ཐེར་འབུམ་མོ། །གཉིས་པ་ལ་ནི་དུང་ཕྱུར་ཕྲག་དགུ་དང་བྱེ་པ་ཕྲག་དགུའོ། །གསུམ་པ་ལ་ནི་དུང་ཕྱུར་ཕྲག་ དགུ་དང་བྱེ་བ་ཕྲག་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་ཐེར་འབུམ་མོ། །དམ་པའི་ཆོས་ནི་ལོ་བྱེ་བ་ཕྲག་བརྒྱ་ལྔ་བཅུའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་ གཤེགས་པ་དོན་ཡོད་མཐོང་སྐྱེ་བའི་ཡུལ་ནི་གསལ་བ་ཅན་ཞེས་བྱའོ་།རིགས་ནི་རྒྱལ་རིགས་སོ། །འོད་ནི་འདོམ་གང་ངོ། །ཡབ་ནི་དགེ་བས་བྱིན་ཞེས་བྱའོ། །ཡུམ་ནི་སྦྲང་ རྩི་མིག་ཅེས་བྱའོ། །སྲས་ནི་སྐར་མདོག་ཅེས་བྱའོ། །རིམ་གྲོ་བ་ནི་ཛམྦུའི་ཆུ་ཀླུ་དང་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བ་ཤེས་གཉེན་སྙིང་པོ་ཞེས་བྱའོ། །རྫུ་འཕྲུལ་ ཅན་རྣམས་ཀྱི་མཆོག་ནི་དྲང་སྲོང་བྱིན་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་དུང་ཕྱུར་ཕྲག་དགུ་དང་བྱེ་བ་ཕྲག་དྲུག་གོ་།གཉིས་པ་ལ་ནི་དུང་ཕྱུར་ཕྲག་དགུ་དང་ [181A]༄༅། །བྱེ་བ་ཕྲག་བརྒྱད་དོ། །གསུམ་པ་ལ་ནི་ཐེར་འབུམ་མོ་།སྐུ་ཚེའི་ཚད་ནི་ལོ་བརྒྱའོ། །དམ་པའི་ཆོས་ནི་ལོ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་བརྩོན་འགྲུས་སྦྱིན་སྐྱེ་བའི་ཡུལ་ནི་ཙམ་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་གཅིག་གོ་ཡབ་ནི་ཡེ་ ཤེས་བཟང་པོ་ཞེས་བྱའོ། །ཡུམ་ནི་དཔལ་བྱིན་མ་ཞེས་བྱའོ། །སྲས་ནི་མྱ་ངན་མེད་ལྷ་ཞེས་བྱའོ། །རིམ་གྲོ་པ་ནི་མཆོག་པའི་རྒྱན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་ མཆོག་ནི་དམིགས་མེད་མཆོག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཟླ་བའི་དཔལ་ཞེས་བྱའོ། །འདུས་པ་ནི་ལན་གཅིག་སྟེ། དགྲ་བཅོམ་པ་བརྒྱད་འབུམ་མོ། ། སྐུ་ཚེའི་ཚད་ནི་ལོ་སྟོང་ངོ། །དམ་པའི་ཆོས་ནི་ལོ་སུམ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟང་ངོ། །དེ་བཞིན་ གཤེགས་པ་བཟང་སྐྱོད་སྐྱེ་བའི་ཡུལ་ནི་དགའ་བ་རབ་སྦྱིན་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བཅུའོ། །ཡབ་ནི་རིན་ཆེན་སྐར་རྒྱལ་ཞེས་བྱའོ། ། ཡུམ་ནི་བསོང་ནམས་ཅན་ཞེས་བྱའོ། །སྲས་ནི་སྟག་སྦྱིན་ཞེས་བྱའོ་།རིམ་གྲོ་པ་ནི་མཆོག་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་ཁྱབ་བདག་ཅེས་ [181B] ༑རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བློ་གྲོས་རྒྱལ་མཚོ་ཞེས་བྱའོ། །འདུས་པ་ནི་ལན་གཅིག་སྟེ། །དགྲ་བཅོམ་པ་དབང་ཐོབ་པ་ཐེར་འབུམ་ཕྲག་གཅིག་དང། དུང་ཕྱུར་ཕྲག་བརྒྱད་ དོ༑ ༑སྐུ་ཚེའི་ཚད་ནི་དུང་ཕྱུར་གཅིག་གོ་དམ་པའི་ཆོས་ནི་ལོ་ཉི་ཁྲི་ཅིག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་དགའ་བོ་སྐྱེ་ བའི་ཡུལ་ནི་འབྱོར་ལྡན་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བཞི་བཅུའོ། །ཡབ་ནི་ཚངས་ལྷ་ཞེས་བྱའོ། །ཡུམ་ནི་དཔལ་རྒྱལ་ཞེས་བྱའོ། །སྲས་ནི་ གཟི་བརྗིད་ཆེན་པོ་ཞེས་བྱའོ། །རིམ་གྲོ་པ་ནི་བདེ་སྟབས་འགྲོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བསོད་ནམས་ལག་ཅེས་བྱའོ་།རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དགའ་ བའི་མིག་ཅེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་དུང་ཕྱུར་ཕྲག་བདུན་དང་བྱེ་བ་ཕྲག་གསུམ་མོ། །གཉིས་པ་ལ་ནི་དུང་ཕྱུར་ཕྲག་བདུན་དང་བྱེ་བ་ཕྲག་གཉིས་སོ། །གསུམ་ པ་ལ་ནི་དུང་ཕྱུར་ཕྲག་བདུན་དང་བྱེ་བ་ཕྲག་གཅིག་གོ་སྐུ་ཚེའི་ཚད་ནི་ལ་བརྒྱད་ཁྲི་བཞི་སྟོང་ངོ། །དམ་པའི་ཆོས་ནི་ལོ་དགུ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་ འགྱུར་རོ། །དེ་བཞིན་གཤེགས་པ་འཆི་མེད་སྐྱེ་བའི་ཡུལ་ནི་རྫུ་འཕྲུལ་གཟི་བརྗིད་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བདུན་བཅུའོ། །ཡབ་ནི་སྨན་པའི་ [182A]༄༅། །རྒྱལ་པོ་ཞེས་བྱའོ། །ཡུམ་ནི་རྒྱུ་སྐར་དཔལ་ཞེས་བྱའོ་།སྲས་ནི་མེ་ཏོག་ལྷ་ཞེས་བྱའོ། །རིམ་གྲོ་པ་ནི་མི་ཕམ་སྟོབས་ཤེས་བྱའོ། །ཤེས་རབ་ཅན་རྣམས་ ཀྱི་མཆོག་ནི་གྲགས་པ་མཐའ་ཡས་ཤེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་དཔའ་བོ་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་དུང་ཕྱུར་ཕྲག་དྲུག་གོ་ གཉིས་པ་ལ་ནི་དུང་ཕྱུར་ཕྲག་ལྔ་དང་བྱེ་བ་ཕྲག་བརྒྱད་དོ་།གསུམ་པ་ལ་ནི་དུང་ཕྱུར་ཕྲག་ལྔ་དང་བྱེ་བ་ཕྲག་བདུན་ནོ་།སྐུ་ཚེའི་ཚད་ནི་ལོ་ཉི་ཁྲི་ཅིག་སྟོང་ངོ། །དམ་ པའི་ཆོས་ནི་ལོ་དགུ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་སེངྒེའི་རྒྱལ་མཚན་སྐྱེ་ བའི་ཡུལ་ནི་མདངས་ཐོབ་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་དགུ་བཅུའོ། །ཡབ་ནི་ཆོས་ཀྱི་རྒྱལ་མཚན་ཞེས་བྱའོ་།ཡུམ་ནི་བསོད་ནམས་ བཤེས་གཉེན་ཞེས་བྱའོ། །སྲས་ནི་ཕྱུག་སྦྱིན་ཞེས་བྱའོ། །རིམ་གྲོ་པ་ནི་མཆོད་བཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྦྱོར་བས་བྱིན་ཞེས་བྱའོ། །རྫུ་ འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བརྟུལ་ཞུགས་མཛེས་ཤེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་དུང་ཕྱུར་ཕྲག་གཉིས་དང་བྱེ་བ་ཕྲག་གཉིས་སོ། །གཉིས་པ་ལ་ [182B]གསུམ་པ་ལ་ནི་དུང་ཕྱུར་ཕྲག་གཉིས་སོ། །སྐུ་ཚེའི་ཚད་ནི་ལོ་ཉི་ཁྲི་བརྒྱད་སྟོང་ངོ། །དམ་པའི་ཆོས་ནི་ལོ་བརྒྱད་ ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་རྒྱལ་བ་སྐྱེ་བའི་ཡུལ་ནི་རིན་པོ་ཆེ་སྤྱོད་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་ དཔག་ཚད་བཅུའོ། །ཡབ་ནི་ཉི་མའི་གཟི་བརྗིད་ཅེས་བྱའོ། །ཡུམ་ནི་མེ་ཏོག་མིག་ཅེས་བྱའོ། །སྲས་ནི་བདེན་དགའ་ཞེས་བྱའོ། །རིམ་གྲོ་པ་ནི་ཆོས་ཅན་ཞེས་བྱའོ། །ཤེས་རབ་ ཅན་རྣམས་ཀྱི་མཆོག་ནི་བརྟུལ་ཞུགས་བདེན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཆོས་བཟངས་ཤེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་དུང་ཕྱུར་ཕྲག་ གསུམ་དང་བྱེ་བ་ཕྲག་དྲུག་གོ་གཉིས་པ་ལ་ནི་དུང་ཕྱུར་ཕྲག་གསུམ་དང་བྱེ་བ་ཕྲག་བདུན་ནོ། །གསུམ་པ་ལ་ནི་དུང་ཕྱུར་ཕྲག་གསུམ་དང་བྱེ་བ་ཕྲག་བརྒྱད་དོ། །སྐུ་ཚེའི་ ཚད་ནི་ལོ་བརྒྱད་ཁྲིའོ། །དམ་པའི་ཆོས་ནི་ལོ་འབུམ་ཕྲག་བརྒྱད་བཅུའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་ བཞིན་གཤེགས་པ་ཆོས་སྐྱེ་བའི་ཡུལ་ནི་ལྷ་དགའ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བདུན་ནོ། །ཡབ་ནི་མི་ཕམ་ཞེས་བྱའོ། །ཡུམ་ནི་གྲགས་ [183A] །སྲས་ནི་སྐྱེ་དབང་ལྷ་ཞེས་བྱའོ་།རིམ་གྲོ་པ་ནི་ཉི་མས་བྱིན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཤིང་ རྟ་ཆེན་པོ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྨན་སྦྱིན་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་བྱེ་བ་ཕྲག་བརྒྱད་དོ། །གཉིས་པ་ལ་ནི་བྱེ་བ་ཕྲག་བདུན་ ནོ༑ ༑གསུམ་པ་ལ་ནི་བྱེ་བ་ཕྲག་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་བྱེ་བའོ། །དམ་པའི་ཆོས་ནི་ལོ་བྱེ་བ་ཕྲག་གསུམ་གྱི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། ། དེ་བཞིན་གཤེགས་པ་མཆོག་ཏུ་དགའ་བའི་རྒྱལ་པོ་སྐྱེ་བའི་ཡུལ་ནི་འགྲོ་དེན་གྲུབ་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བརྒྱད་དོ། །ཡབ་ནི་ བླ་མ་ཞེས་བྱའོ། །ཡུམ་ནི་དཔལ་འདུད་ཅེས་བྱའོ། །སྲས་ནི་གསེར་སྦྱིན་ཞེས་བྱའོ། །རིམ་གྲོ་བ་ནི་བཤེས་གཉེན་བཟང་པོ་ཞེས་བྱའོ་།ཤེས་རབ་ཅན་རྣམས་ཀྱི་མཆོག་ ནི་རིན་ཆེན་མཆོག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ལྷ་མཛེས་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་དུང་ཕྱུར་ཕྲག་བཞིའོ། །གཉིས་པ་ལ་ནི་ དུང་ཕྱུར་ཕྲག་གསུམ་དང། བྱེ་བ་ཕྲག་བརྒྱད་དོ། །གསུམ་པ་ལ་ནི་དུང་ཕྱུར་ཕྲག་གསུམ་དང། བྱེ་བ་ཕྲག་བདུན་ནོ། །སྐུ་ཚེའི་ཚད་ནི་ལོ་ལྔ་ཁྲིའོ། །དམ་པའི་ཆོས་ནི་ [183B] །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཁ་ལོ་བསྒྱུར་སྐྱེ་བའི་ཡུལ་ནི་རིན་པོ་ཆེའི་མཛོད་ ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་གཅིག་གོ་ཡབ་ནི་ལེགས་སྐྱེས་ཞེས་བྱའོ། །ཡུམ་ནི་རིན་ཆེན་ཞེས་བྱའོ། །སྲས་ནི་བསོད་ནམས་འོད་ཅེས་ བྱའོ༑ ༑རིམ་གྲོ་པ་ནི་རྒྱ་མཚོའི་མཛོད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བླ་སྦྱང་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཆོག་སྦྱིན་ཞེས་བྱའོ། ། འདུས་པ་དང་པོ་ལ་ནི་ཉན་ཐོས་དུང་ཕྱུར་ཕྲག་དགུའོ། །གཉིས་པ་ལ་ནི་དུང་ཕྱུར་ཕྲག་དགུ་དང་བྱེ་བ་ཕྲག་བརྒྱད་དོ། །གསུམ་པ་ལ་ནི་ཐེར་འབུམ་མོ། །སྐུ་ཚེའི་ཚད་ ནི་ལོ་བྱེ་བའོ། །དམ་པའི་ཆོས་ནི་ལོ་བྱ་བ་ཕྲག་གསུམ་གྱི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་དགྱེས་པར་གཤེགས་པ་སྐྱེ་བའི་ ཡུལ་ནི་འཇིག་རྟེན་མངོན་པར་དགའ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ་།འོད་ནི་དཔག་ཚད་གསུམ་མོ། །ཡབ་ནི་ཞི་བའི་བྲམ་ཞེས་བྱའོ། །ཡུམ་ནི་དགའ་ལྡན་ མ་ཞེས་བྱའོ། །སྲས་ནི་ཆངས་སྦྱིན་ཞེས་བྱའོ། །རིམ་གྲོ་པ་ནི་ཆོས་གཙོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དགེ་མཆོག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ [184A]༄༅། །ཀྱི་མཆོག་ནི་འཆི་མེད་དབྱིན་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་དུང་ཕྱུར་ཕྲག་ལྔའོ། །གཉིས་པ་ལ་ནི་དུང་ཕྱུར་ཕྲག་བཞི་དང། བྱེ་བ་ ཕྲག་བརྒྱད་དོ། །གསུམ་པ་ལ་ནི་དུང་ཕྱུར་ཕྲག་བཞི་དང་བྱེ་བ་ཕྲག་དྲུག་གོ་སྐུ་ཚེའི་ཚད་ནི་ལོ་འབུམ་མོ། །དམ་པའི་ཆོས་ནི་ལོ་བྱེ་བའི་བར་དུ་གནས་སོ། །སྐུ་གདུང་ནི་ རིལ་པོ་གཅིག་དུ་འདུག་གོ་མཆོག་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཆུ་ལྷ་སྐྱེ་བའི་ཡུལ་ནི་ཡིད་བཟང་ཤེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ ཚད་བཞི་བཅུའོ། །ཡབ་ནི་དྲང་པོར་དགའ་ཞེས་བྱའོ། །ཡུམ་ནི་ཆོས་ཀྱི་བློ་གྲོས་མ་ཞེས་བྱའོ། །སྲས་ནི་ཟླ་བའི་བླ་མ་ཞེས་བྱའོ་།རིམ་གྲོ་པ་ནི་ཏོག་གི་གཟི་བརྗིད་ཅེས་བྱའོ། ། ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྒྲ་དགའ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མྱ་དན་མེད་པ་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་བྱེ་བ་ཕྲག་བདུན་བཅུའོ། ། གཉིས་པ་ལ་ནི་བྱེ་བ་བརྒྱད་ཕྲག་དྲུག་བཅུའོ། །གསུམ་པ་ལ་ནི་བྱེ་བ་བརྒྱ་ཕྲག་ལྔ་བཅུའོ། །སྐུ་ཚེའི་ཚད་ན་ལོ་བཞི་ཁྲིའོ་།དམ་པའི་ཆོས་ནི་ལོ་ཉི་ཁྲིའོ་བར་དུ་གནས་སོ། །སྐུ་ གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཡོན་ཏན་ཡན་ལག་སྐྱེ་བའི་ཡུལ་ནི་སྤོས་ལྡན་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ་།འོད་ནི་དཔག་ཚད་ [184B] ༑ཡབ་ནི་མིས་བྱིན་ཞེས་བྱའོ། །ཡུམ་ནི་གཟི་བརྗིད་ཕུང་པོ་ཞེས་བྱའོ། །སྲས་ནི་སྐར་རྒྱལ་ཞེས་བྱའོ། །རིམ་གྲོ་པ་ནི་ཨུ་དཔལ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ ནི་དྲི་མེད་བྱིན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དགའ་བས་བྱིན་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་དུང་ཕྱུར་ཕྲག་གཅིག་དང། བྱེ་བ་ཕྲག་བཞིའོ། ། གཉིས་པ་ལ་ནི་དུང་ཕྱུར་ཕྲག་གཅིག་དང། བྱེ་བ་ཕྲག་དྲུག་གོ་།གསུམ་པ་ལ་ནི་དུང་ཕྱུར་ཕྲག་གཅིག་དང། བྱེ་བ་ཕྲག་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་ཁྲི་ལྔ་སྟོང་ངོ། །དམ་པའི་ཆོས་ ནི་ལོ་ལྔ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་སྦོས་ཀྱི་གླང་པོ་སྐྱེ་བའི་ཡུལ་ནི་བསོད་ནམས་ སྤོས་ཤེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་སུམ་བཅུ་རྩ་གཉིས་སོ། །ཡབ་ནི་སྤོས་དཔལ་ཞེས་བྱའོ། །ཡུམ་ནི་མེ་ཏོག་ཕུང་པོ་ཞེས་བྱའོ། །སྲས་ནི་དགའ་ བའི་འོད་ཅེས་བྱའོ། །རིམ་གྲོ་པ་ནི་བདེན་པའི་ཏོག་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཕྲག་དགའ་བཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྟོབས་ཐུབ་ ཅེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་དུང་ཕྱུར་ཕྲག་དྲུག་དང་བྱེ་བ་ཕྲག་དྲུག་གི་གཉིས་པ་ལ་ནི་དུང་ཕྱུར་ཕྲག་དྲུག་དང་བྱེ་བ་ཕྲག་བཞིའོ། །གསུམ་པ་ལ་ནི་དུང་ [185A]༄༅། །ཕྱུར་ཕྲག་དྲུག་དང་བྱེ་བ་ཕྲག་གཉིས་སོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་བདུན་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་ རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་རྣམ་པར་གཟིགས་སྐྱེ་བའི་ཡུལ་ནི་ཙམ་པ་མཆོག་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བརྒྱའོ། །ཡབ་ ནི་གཟུགས་བྱིན་ཞེས་བྱའོ། །ཡུམ་ནི་རིན་ཆེན་འཕགས་མ་ཞེས་བྱའོ་།སྲས་ནི་སྐྱེ་བ་པོ་ཞེས་བྱའོ། །རིམ་གྲོ་བ་ནི་ཟླ་བ་ཞེས་བྱའོ་།ཤེས་རབ་ཅན་རྣམས་ཀྱི་ མཆོག་ནི་སྣང་བ་བྱིན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བློ་གྲོས་སྣ་ཚོགས་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་དུང་ཕྱུར་ཕྲག་བདུན་ནོ། །གཉིས་པ་ ལ་ནི་དུང་ཕྱུར་ཕྲག་དྲུག་དང་བྱེ་བ་ཕྲག་བརྒྱད་དོ། །གསུམ་པ་ལ་ནི་དུང་ཕྱུར་ཕྲག་དྲུག་དང་བྱེ་བ་ཕྲག་དྲུག་གོ་སྐུ་ཚེའི་ཚད་ནི་ལོ་དུང་ཕྱུར་ཕྲག་དགུའོ། །དམ་པའི་ ཆོས་ནི་ལོ་དུང་ཕྱུར་ཕྲག་དགུའི་དང་བྱེ་བ་ཕྲག་དགུའོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་འབྲུག་སྒྲ་སྐྱེ་བའི་ཡུལ་ནི་གནས་དགའ་ཞེས་བྱའོ། ། རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བཞི་བཅུ་རྩ་བཞིའོ། །ཡབ་ནི་གློག་མཆོག་ཅེས་བྱའོ། །ཡུམ་ནི་གཟི་བྱིན་ཕུང་པོ་ཞེས་བྱའོ་།སྲས་ནི་ཆོས་ཅན་ཞེས་བྱའོ། །རིམ་ [185B] །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཟླ་བའི་སྙིང་པོ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་སྟོབས་ཞེས་བྱའོ། །འདུས་པ་དང་ པོ་ལ་ནི་ཉན་ཐོས་དུང་ཕྱུར་ཕྲག་བདུན་ནོ། །གཉིས་པ་ལ་ནི་དུང་ཕྱུར་ཕྲག་བདུན་དང། བྱེ་བ་ཕྲག་ལྔའོ། །གསུམ་པ་ལ་ནི་དུང་ཕྱུར་ཕྲག་བརྒྱད་དོ། ཀུ་ཚེའི་ཚད་ནི་ལོ་དགུ་ཁྲིའོ། ། དམ་པའི་ཆོས་ནི་ལོ་འབུམ་གྱི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ལེགས་སེམས་སྐྱེ་བའི་ ཡུལ་ནི་རིན་ཆེན་མཐའ་ཡས་ཤེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་ཕྱེད་དོ། །ཡབ་ནི་སེམས་བརྟན་ཞེས་བྱའོ། །ཡུམ་ནི་བསོད་ནམས་ལྡན་ཞེས་བྱའོ། །སྲས་ ནི་མེ་ཏོག་སྦྱིན་ཞེས་བྱའོ། །རིམ་འགྲོ་བ་ནི་སྟོབས་སྦྱིན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དཔེ་མེད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དྲང་སྲོང་ བྱིན་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་འབུམ་མོ། །གཉིས་པ་ལ་ནི་བརྒྱད་ཁྲིའོ། །གསུམ་པ་ལ་ནི་ས་ཡ་ཕྲག་བདུན་ནོ། །སྐུ་ཚེའི་ཚད་ནི་ལོ་སྟོང་ངོ། །དམ་ པའི་ཆོས་ནི་ལོ་ཁྲི་བཞི་སྟོང་གི་བར་དུ་གནས་སོ། །སྐུ་དུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཡིད་བཟངས་སྐྱེ་བའི་ཡུལ་ནི་བལྟ་ན་སྡུག་པ་ཞེས་བྱའོ། །རིགས་ [186A]༄༅། །ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བཅུ་བཞིའོ། །ཡབ་ནི་ནོར་ལྷ་ཞེས་བྱའོ། །ཡུམ་ནི་གཟི་ལྡན་མ་ཞེས་བྱའོ། །སྲས་ནི་མེ་ཏོག་ ཅེས་བྱའོ། །རིམ་གྲོ་པ་ནི་མཆོག་བདེན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སོ་མཉམ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྟོབས་ཀྱིས་འགྲོ་ ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་དུང་ཕྱུར་ཕྲག་གཉིས་དང་བྱེ་བ་ཕྲག་བརྒྱད་དོ། །གཉིས་པ་ལ་ནི་དུང་ཕྱུར་ཕྲག་གཉིས་དང་བྱེ་བ་ཕྲག་ལྔའོ། །གསུམ་པ་ ལ་ནི་དུང་ཕྱུར་ཕྲག་གཉིས་དང་བྱེ་བ་ཕྲག་གསུམ་མོ། །སྐུ་ཚེའི་ཚད་ནི་ལོ་སུམ་ཁྲིའོ། །དམ་པའི་ཆོས་ནི་ལོ་དྲུག་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་བར་འགྱུར་ རོ༑ ༑དེ་བཞིན་གཤེགས་པ་དྲི་མེད་སྐྱེ་བའི་ཡུལ་ནི་ནོར་ཅན་གཟི་ལྡན་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་ཉི་ཤུ་རྩ་བརྒྱད་དོ། །ཡབ་ནི་དཔལ་གྱི་ སྙིང་པོ་ཞེས་བྱའོ། །ཡུམ་ནི་མེ་ཏོག་ཅེས་བྱའོ། །སྲས་ནི་གཟི་བརྗིད་གྱི་ནི་མ་ཞེས་བྱའོ། །རིམ་གྲོ་བ་ནི་མཚུངས་མེད་ཅེས་བྱའོ་།ཤེས་རབ་ཅན་རྣམས་ཀྱི་མཆོག་ ནི་ས་རི་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མགུ་བ་ཅན་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་བརྒྱད་ཁྲིའོ་།གཉིས་པ་ལ་ནི་དགུ་ཁྲིའོ། །གསུམ་ [186B] །སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲི་ལྔ་སྟོང་ངོ། །དམ་པའི་ཆོས་ནི་ལོ་ཉི་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཟླ་བ་སྐྱེ་ པའི་ཡུལ་ནི་མྱ་ངན་མེད་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ་།འོད་ནི་དཔག་ཚད་བརྒྱའོ། །ཡབ་ནི་བླ་མ་ཞེས་བྱའོ། །ཡུམ་ནི་དཔག་མཆོག་ཅེས་བྱའོ། །སྲས་ནི་གཟི་ བརྗིད་བྱིན་ཞེས་བྱའོ། །རིམ་གྲོ་བ་ནི་ཆོས་འཕགས་ཤེས་བྱའོ་།ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རི་བོ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དྲང་སྲོང་དགའ་བ་ཞེས་ བྱའོ༑ ༑འདུས་པ་དང་པོ་ལ་ནི་ཉན་ཐོས་ཐེར་འབུམ་མོ། །གཉིས་པ་ལ་ནི་དུང་ཕྱུར་ཕྲག་དགུའོ། །གསུམ་པ་ལ་ནི་དུང་ཕྱུར་ཕྲག་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲིའོ། ། དམ་པའི་ཆོས་ནི་ལོ་ས་ཡ་ཕྲག་གཉིས་ཀྱི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་བར་འགྱུར་རོ། །དེ་བཞིན་གཤེགས་པ་གྲགས་ཆེན་སྐྱེ་བའི་ཡུལ་ནི་དམིགས་པ་དགའ་ཞེས་ བྱའོ༑ ༑རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བཅུ་གཉིས་སོ། །ཡབ་ནི་དཔལ་བརྩེགས་ཤེས་བྱའོ། །ཡུམ་ནི་ཉི་མས་བྱིན་ཞེས་བྱའོ་།སྲས་ནི་ཡིད་གཉིས་སྤོང་ཞེས་ བྱའོ༑ ༑རིམ་གྲོ་བ་ནི་ཐོས་པའི་དོན་སེམས་ཤེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡུལ་འཁོར་དགའ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཁྲོན་པ་བྱིན་ [187A]༄༅། །ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་ཐེར་འབུམ་ཕྲག་ལྔའོ། །གཉིས་པ་ལ་ནི་ཐེར་འབུམ་ཕྲག་གསུམ་མོ། །གསུམ་པ་ལ་ནི་ཐེར་འབུམ་ ཕྲག་གཉིས་སོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །དམ་པའི་ཆོས་ནི་ལོ་ལྡ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་གཙུག་ ན་ནོར་བུ་སྐྱེ་བའི་ཡུལ་ནི་འོད་གསལ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་སུམ་བཅུའོ། །ཡབ་ནི་རྟོགས་དགའ་ཞེས་བྱའོ། །ཡུམ་ནི་ཙམ་པ་ བདག་ཅེས་བྱའོ། །སྲས་ནི་རྣམ་པར་རྒྱལ་བའི་སྡེ་ཞེས་བྱའོ། །རིམ་གྲོ་བ་ནི་ཡོན་ཏན་མཐའ་ཡས་ཤེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རིན་ཆེན་གཟི་བརྗིད་ ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བརྟུལ་ཞུགས་དཀའ་ཐུབ་ཅེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་བྱེ་བ་བརྒྱ་ཕྲག་དགུའོ། །གཉིས་པ་ལ་ནི་བྱེ་བ་ བརྒྱ་ཕྲག་བཅུའོ། །གསུམ་བ་ལ་ནི་བྱེ་བ་བརྒྱ་ཕྲག་བཅུ་གཉིས་སོ། །སྐུ་ཚེའི་ཚད་ནི་ལོ་དགུ་ཁྲིའོ། །དམ་པའི་ཆོས་པའི་ལོ་བྱེ་བའི་བར་དུ་གནས་སོ། །སྐུ་གདུང་ནི་ རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་དྲག་ཤུལ་ཅན་སྐྱེ་བའི་ཡུལ་ནི་བདེ་སྐྱེད་ཅན་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་སྟོང་གསུམ་གྱི་སྟོང་ [187B] །ཡབ་ནི་མཆོད་རྟེན་ཞེས་བྱའོ། །ཡུལ་ནི་སལ་བདག་ཅེས་བྱའོ། །སྲས་ནི་འོད་ལྡན་ཞེས་བྱའོ། །རིམ་གྲོ་བ་ནི་ནོར་བུ་དགའ་ཞེས་བྱའོ། ། ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྐལ་ལྡན་འདོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དགྲ་འདུལ་ཞེས་བྱའོ། །འདུས་པ་དང་བལ་ནི་ཉན་ཐོས་དགྲ་བཅོམ་ པ་དུང་ཕྱུར་ཕྲག་གཅིག་དང་བྱེ་བ་ཕྲག་གསུམ་མོ། །གཉིས་པ་ལ་ནི་དུང་ཕྱུར་ཕྲག་གཅིག་དང་བྱེ་བ་ཕྲག་བརྒྱད་དོ། །གསུམ་པ་ལ་ནི་དུང་ཕྱུར་ཕྲག་གཅིག་དང། བྱེ་ བ་ཕྲག་ལྔའོ། །སྐུ་ཚེའི་ཚད་ནི་ལོ་སུམ་ཁྲིའོ། །དམ་བའི་ཆོས་ནི་ལོ་དགུ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་ དོ༑ ༑དེ་བཞིན་གཤེགས་པ་སེངྒེའི་སྟོབས་སྐྱེ་བའི་ཡུལ་ནི་བཀོད་པ་དང་ལྡན་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་སུམ་བཅུ་རྩ་གསུམ་མོ། །ཡབ་ ནི་རི་དགའ་ཞེས་བྱའོ། །ཡུམ་ནི་སྨན་ཞེས་བྱའོ། །སྲས་ནི་གྲུ་འཛིན་ཅེས་བྱའོ། །རིམ་གྲོ་བ་ནི་དལ་བར་འགྲོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ ནི་ཤིན་ཏུ་གཉིས་བཟང་ཤེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡུལ་འཁོར་གཞོལ་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་ས་ཡི་ཕྲག་གཅིག་དང། འབུམ་ [188A] །གཉིས་པ་ལ་ནིས་ཡི་ཕྲག་གཅིག་དང་འབུམ་ཕྲག་དྲུག་གོ་གསུམ་པ་ལ་ནི་ས་ཡི་ཕྲག་གཅིག་དང་འབུམ་ཕྲག་བཞིའོ། །སྐུ་ ཚེའི་ཚད་ནི་ལོ་ཉི་ཁྲི་བརྒྱད་སྟོང་ངོ། །དམ་པའི་ཆོས་ནི་ལོ་བྱེ་བ་ཕྲག་བདུན་གྱི་བདུང་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ལྗོན་པ་སྐྱེ་བའི་ ཡུལ་ནི་ཙམ་པ་མཆོག་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བྱེ་བའོ། །ཡབ་ནི་སྭ་ལའི་རྒྱལ་པོ་ཞེས་བྱའོ། །ཡུམ་ནི་བློ་གྲོས་ཏོག་ཅེས་བྱའོ། ། སྲས་ནི་འགྲོ་བར་དགའ་ཞེས་བྱའོ། །རིམ་གྲོ་བ་ནི་འོད་ཟེར་བྱིན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཐར་པ་དགའ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་ མཆོག་ནི་ཐུབ་དགའ་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་དུང་ཕྱུར་ཕྲག་བཞི་དང་བྱེ་བ་ཕྲག་བརྒྱད་དོ། །གཉིས་པ་ལ་ནི་དུང་ཕྱུར་ཕྲག་གསུམ་དང་བྱེ་བ་ཕྲག་ ལྔའོ། །གསུམ་པ་ལ་ནི་དུང་ཕྱུར་ཕྲག་གསུམ་དང་བྱེ་བ་ཕྲག་གསུམ་མོ། །སྐུ་ཚེའི་ཚད་ནི་ལོ་ཁྲི་བརྒྱད་སྟོང་ངོ། །དམ་པའི་ཆོས་ནི་ལོ་བདུན་ཁྲིའི་བར་དུ་གནས་སོ། ། སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་རྣམ་པར་རྒྱལ་བ་ཅན་སྐྱེ་བའི་ཡུལ་ནི་ཡུལ་འཁོར་སྨན་ལྡན་ཞེས་ [188B] ༑རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་དགུའོ་།ཡབ་ནི་དགའ་བས་ལྷ་ཞེས་བྱའོ། །ཡུལ་ནི་ནོར་སྦྱིན་མ་ཞེས་བྱའོ་།སྲས་ནི་དབའ་བོས་སྦྱིན་ཞེས་བྱའོ། །རིམ་གྲོ་བ་ ནི་ཆོས་སྦྱིན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཀུན་དུ་རྒྱལ་བ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཆོད་གྲགས་ཤེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ ཐོས་དུང་ཕྱུར་ཕྲག་བདུན་དང་བྱེ་བ་ཕྲག་དྲུག་གོ་གཉིས་པ་ལ་ནི་དུང་ཕྱུར་ཕྲག་བདུན་དང་བྱེ་བ་ཕྲག་བཞིའོ། །གསུམ་པ་ལ་ནི་དུང་ཕྱུར་ཕྲག་བདུན་དང་བྱེ་བ་ཕྲག་ཉིས་ སོ༑ ༑སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །དམ་པའི་ཆོས་ནི་ལོ་འབུམ་གྱི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཤེས་རབ་ བརྩེགས་སྐྱེ་པའི་ཡུལ་ནི་བཟང་སྦྱིན་ཞེས་བྱའོ། །རིགས་ནི་རྒྱལ་།རིགས་སོ། །འོད་ནི་དཔག་ཚད་བཅུ་གཅིག་གོ་ཡབ་ནི་ཐམས་ཅད་སྦྱིན་ཞེས་བྱའོ། །ཡུམ་ནི་གཟི་བརྗིད་སྤྲད་ རྩེགས་ཞེས་བྱའོ། །སྲས་ནི་ཚད་ས་ལྷ་ཞེས་བྱའོ། །རིམ་གྲོ་བ་ནི་ཆོས་ཀྱི་གྲགས་བ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དབང་པོའི་ཡིད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ ཀྱི་མཆོག་ནི་གཙོ་བོ་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་དུང་ཕྱུར་ཕྲག་བཞི་དང་བྱེ་བ་ཕྲག་ལྔའོ། །གཉིས་པ་ལ་ནི་དུང་ཕྱུར་ཕྲག་བཞི་དང་བྱེ་བ་ཕྲག་གསུམ་ [189A] ༑གསུམ་པ་ལ་ནི་དུང་ཕྱུར་ཕྲག་བཞི་དང་བྱེ་བ་ཕྲག་གཉིས་སོ། །སྐུ་ཚེའི་ཚད་ནི་ལོ་སུམ་སྟོང་ངོ། །དམ་པའི་ཆོས་ནི་ལོ་བཞི་ཁྲིའི་བར་དུ་གནས་སོ། ། སྐུ་གདུང་ནི་རིལ་བོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ལེགས་གནས་སྐྱེ་བའི་ཡུལ་ནི་ཤིང་རྟ་གཟི་བརྗིད་ཅེས་བྱའོ། །རིགས་ནི་ བྲམ་ཟེའོ། །འོད་ནི་དཔག་ཚད་བཅུའོ། །ཡབ་ནི་ཚུགས་པ་མེད་པའི་བཞིན་ཞེས་བྱའོ། །ཡུམ་ནི་དགའ་བའི་ང་རོ་ཞེས་བྱའོ། །སྲས་ནི་སྦེད་པ་པོ་ཞེས་བྱའོ། །རིམ་གྲོ་པ་ནི་དྲང་ སྲོང་བློ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བླ་མས་བྱིན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ནོར་གྱི་སྒྲོན་མ་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ ཐོས་བཞི་ཁྲི་དྲུག་སྟོང་ངོ། །གཉིས་པ་ལ་ནི་བཞི་ཁྲི་ལྔ་སྟོང་ངོ། །གསུམ་པ་ལ་ནི་བཞི་ཁྲི་སུམ་སྟོང་ངོ། །སྐུ་ཚེའི་ཚད་ནི་ལོ་ལྔ་ཁྲིའི། །དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་ བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་བློ་གྲོས་སྐྱེ་བའི་ཡུལ་ནི་ཡིད་འོང་དགའ་ཞེས་ བྱའོ་ ༑རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་གཅིག་གོ་ཡབ་ནི་ཚུལ་ཁྲིམས་སྦྱིན་ཞེས་བྱའོ། །ཡུམ་ནི་ཡན་ཏན་བློ་གྲོས་ཤེས་བྱའོ། །སྲས་ནི་ཉི་མས་བྱིན་ཞེས་ [189B] ༑རིམ་གྲོ་བ་ནི་དབང་པོས་བྱིན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ཞི་སྤྱོད་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རིན་ཆེན་སེམས་ཤེས་བྱའོ། །འདུས་ པ་དང་པོ་ལ་ནི་ཉན་ཐོས་བྱེ་བ་ཕྲག་དགུའོ། །གཉིས་པ་ལ་ནི་བྱེ་བ་ཕྲག་བདུན་ནོ། །གསུམ་པ་ལ་ནི་བྱེ་བ་ཕྲག་དྲུག་གོ་སྐུ་ཚེའི་ཚད་ནི་ལོ་སུམ་ཁྲི་བདུན་སྟོང་ངོ། །དམ་པའི་ཆོས་ནི་ ལོ་དགུ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཡན་ལག་སྐྱེས་སྐྱེ་བའི་ཡུལ་ནི་གནས་ དགའ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་གསུམ་མོ། །ཡབ་ནི་དབང་པོའི་མཚོན་ཆ་ཞེས་བྱའོ། །ཡུམ་ནི་ལྷ་མོའི་དབང་ཕྱུག་ཅེས་བྱའོ། །སྲས་ནི་ཆུ་ལྷའི་ ལྷ་ཞེས་བྱའོ། །རིམ་གྲོ་བ་ནི་ཤེས་རབ་གཙུག་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བློ་གྲོས་བླ་མ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཆོས་དཔལ་ཞེས་བྱའོ། ། འདུས་པ་དང་པོ་ལ་ནི་ཉན་ཐོས་དུང་ཕྱུར་ཕྲག་དགུའོ། །གཉིས་པ་ལ་ནི་དུང་ཕྱུར་ཕྲག་བརྒྱད་དོ། །གསུམ་པ་ལ་ནི་དུང་ཕྱུར་ཕྲག་བདུན་ནོ། །སྐུ་ཚེའི་ཚད་ནི་ལོ་སྟོང་ངོ། །དམ་ པའི་ཆོས་ནི་ལོ་ཁྲི་ཉིས་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་བློ་མཐའ་ཡས་སྐྱེ་བའི་ཡུལ་ནི་མེ་ཏོག་གི་གདུགས་ [190A]༄༅། །ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བདུན་ནོ། །ཡབ་ནི་མིག་དམར་ཞེས་བྱའོ། །ཡུམ་ནི་ཀླུས་བྱིན་ཞེས་བྱའོ་སྲས་ནི་མཛེས་ པ་ཞེས་བྱའོ། །རིམ་གྲོ་བ་ནི་ལྷ་བཟངས་ཤེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྒྲ་སྙན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དལ་འགྲོ་ཞེས་བྱའོ། ། འདུས་པ་དང་པོ་ལ་ནི་ཉན་ཐོས་དུང་ཕྱུར་ཕྲག་བདུན་ནོ། །གཉིས་པ་ལ་ནི་དུང་ཕྱུར་ཕྲག་ལྔའོ། །གསུམ་པ་ལ་ནི་དུང་ཕྱུར་ཕྲག་བཞིའོ། །སྐུ་ཚེའི་ཚད་ནི་ལོ་བྱེ་བའོ། ། དམ་པའི་མོས་ནི་ལོ་བྱེ་བ་ཕྲག་དྲུག་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་གཟུགས་བཟང་སྐྱེ་བའི་ཡུལ་ནི་གཟི་བརྗིད་ཅན་ ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བཅུ་གསུམ་མོ། །ཡབ་ནི་དགའ་བའི་དབང་ཕྱུག་ཅེས་བྱའོ། །ཡུམ་ནི་དགའ་ལྡན་མ་ཞེས་བྱའོ། །སྲས་ནི་ འགྲོ་དོན་གྲུབ་ཅེས་བྱའོ། །རིམ་འགྲོ་བ་ནི་བླ་མས་བྱིན་ཞེས་བྱའོ་།ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བསོད་ནམས་རྒྱ་ཆེན་ཞེས་བྱའོ་།རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ ནི་བག་མི་ཚ་བ་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་དུང་ཕྱུར་ཕྲག་བདུན་ནོ། །གཉིས་པ་ལ་ནི་དུང་ཕྱུར་ཕྲག་དགུའོ་།གསུམ་པ་ལ་ནི་ཐེར་འབུམ་མོ། །སྐུ་ [190B] །དམ་པའི་ཆོས་ནི་ལོ་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་།མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་ པ་མཁྱེན་ལྡན་སྐྱེ་བའི་ཡུལ་ནི་བདེ་བ་བཀོད་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བཅུ་བཞིའོ། །ཡབ་ནི་དྲང་སྲོང་བྱིན་ཞེས་བྱའོ། །ཡུམ་ནི་རྡུལ་བྲལ་ཞེས་ བྱའོ༑ ༑སྲས་ནི་དཔའ་བོ་ཞེས་བྱའོ། །རིམ་གྲོ་བ་ནི་ཀུན་དགའ་བོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྤྱོད་པ་ཞེས་བྱའོ་།རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དེས་པ་ ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་དུང་ཕྱུར་ཕྲག་གཉིས་དང་བྱེ་བ་ཕྲག་གཉིས་སོ། །གཉིས་པ་ལ་ནི་དུང་ཕྱུར་ཕྲག་གཉིས་དང་བྱེ་བ་ཕྲག་གཅིག་གོ་གསུམ་པ་ལ་ནི་ དུང་ཕྱུར་ཕྲག་གཉིས་སོ། །སྐུ་ཚེའི་ཚད་ནི་ལོ་ཉི་ཁྲི་བརྒྱད་སྟོང་ངོ། །དམ་པའི་ཆོས་ནི་ལོ་དྲུག་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་ གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་འོད་ཟེར་སྐྱེ་བའི་ཡུལ་ནི་བཻ་ཌཱུརྱའི་འོད་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བརྒྱད་ཅུ་རྩ་གསུམ་མོ། །ཡབ་ནི་ ཕན་པར་དགའ་ཞེས་བྱའོ། །ཡུམ་ནི་ཡིད་དགའ་ཞེས་བྱའོ། །སྲས་ནི་ཡིད་སྨོན་ཞེས་བྱའོ། །རིམ་གྲོ་བ་ནི་ཆོག་དགའ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འཕགས་ [191A]༄༅། །དགྱེས་དགའ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དུལ་བའི་བཤེས་གཉེན་ཞེས་བྱའོ། །འདུས་པ་དང་པོ་ལན་ཉན་ཐོས་དུང་ཕྱུར་ཕྲག་ གཉིས་དང་བྱེ་བ་ཕྲག་བརྒྱད་དོ། །གཉིས་པ་ལ་ནི་དུང་ཕྱུར་ཕྲག་བརྒྱད་དང་བྱེ་བ་ཕྲག་བདུན་ནོ། །གསུམ་པ་ལ་ནི་དུང་ཕྱུར་ཕྲག་བརྒྱད་དང་བྱེ་བ་ཕྲག་དྲུག་གོ་སྐུ་ཚེའི་ ཚད་ནི་ལོ་བརྒྱད་ཁྲིའོ། །དམ་པའི་ཆོས་ནི་ལོ་སུམ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་བརྟུལ་ཤུགས་བརྟན་སྐྱེ་བའི་ཡུལ་ནི་ ཉི་མ་འདོད་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་གཅིག་གོ་ཡབ་ནི་ལྷ་དགའ་ཞེས་བྱའོ། །ཡུམ་ནི་ང་རོ་ཡིད་བཟང་ཞེས་བྱའོ། །སྲས་ནི་དབང་ཕྱུག་བྱིན་ཞེས་ བྱའོ༑ ༑རིམ་གྲོ་བ་ནི་ཡིད་འོད་ང་རོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཉི་མས་བྱིན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྦྲང་རྩི་ཞེས་བྱའོ། །འདུས་པ་ དང་པོ་ལ་ནི་ཉན་ཐོས་ཐེར་འབུམ་མོ། །གཉིས་པ་ལ་ནི་དུང་ཕྱུར་ཕྲག་དགུ་དང་བྱེ་བ་ཕྲག་བདུན་ནོ། །གསུམ་པ་ལ་ནི་དུང་ཕྱུར་ཕྲག་དགུ་དང་བྱེ་བ་ཕྲག་ལྔའོ། །སྐུ་ཚེའི་ ཚད་ནི་ལོ་བྱེ་བའོ། །དམ་པའི་ཆོས་ནི་ལོ་དུང་ཕྱུར་ཕྲག་བཞིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་བཀྲ་ཤིས་སྐྱེ་བའི་ཡུལ་ནི་དགའ་ [191B] །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བདུན་བཅུའོ། །ཡབ་ནི་སེམས་ཀྱི་རྒྱལ་པོ་ཞེས་བྱའོ། །ཡུམ་ནི་མེ་ཏོག་འོད་ཅེས་བྱའོ། །སྲས་ནི་མཐའ་ཡས་ལག་ཅེས་ བྱའོ༑ ༑རིམ་གྲོ་པ་ནི་བཤེས་གཉེན་རྒྱལ་པོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཆོས་ཀྱི་འབྱུང་གནས་ཤེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རྣམ་པར་རྒྱལ་ བའི་བཤེས་གཉེན་ཞེས་བྱའོ། །འདུས་བ་དང་བོ་ལ་ནི་ཉན་ཐོས་དུང་ཕྱུར་ཕྲག་ལྡའོ། །གཉིས་བ་ལ་ནི་དུང་ཕྱུར་ཕྲག་བཞི་དང་བྱེ་བ་ཕྲག་བརྒྱད་དོ། །གསུམ་པ་ལ་ནི་དུང་ཕྱུར་ ཕྲག་བཞི་དང་བྱེ་བ་ཕྲག་དྲུག་གོ་སྐུ་ཚེའི་ཚད་ནི་ལོ་ལྔ་ཁྲིའོ། །དམ་པའི་ཆོས་ནི་ལོ་བྱེ་བའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་བདེན་ པའི་ཏོག་སྐྱེ་བའི་ཡུལ་ནི་དགའ་བསྒྲོགས་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་གཅིག་གོ་ཡབ་ནི་བསོད་ནམས་སྟེགས་ཤེས་བྱའོ། །ཡུམ་ནི་བཟང་ལྡན་མ་ཞེས་ བྱའོ༑ ༑སྲས་ནི་སྙན་པར་དགའ་ཞེས་བྱའོ། །རིམ་གྲོ་པ་ནི་བཤེས་གཉེན་མཆོག་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཟླ་བ་བཟང་པོ་ཞེས་བྱའོ། །རྫུ་འཕྲུལ་ཅན་ རྣམས་ཀྱི་མཆོག་ནི་སྭ་ལའི་མིག་ཅེས་བྱའོ། །འདུས་པ་དང་བོ་ལ་ནི་ཉན་ཐོས་དུང་ཕྱུར་ཕྲག་བརྒྱད་དོ། །གཉིས་པ་ལ་ནི་དུང་ཕྱུར་ཕྲག་བདུན་ནོ། །གསུམ་པ་ལ་ནི་དུང་ཕྱུར་ [192A]༄༅། །ཕྲག་དྲུག་གོ། །སྐུ་ཚེའི་ཚད་ནི་ལོ་བྱེ་བའོ། །དམ་པའི་ཆོས་ནི་ལོ་བྱེ་བ་ཕྲག་བརྒྱད་ཀྱི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་ རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་པདྨ་སྐྱེ་བའི་ཡུལ་ནི་མེ་ཏོག་རྒྱས་པའི་གཟི་བརྗིད་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ་།འོད་ནི་དཔག་ཚད་བཅུ་གཉིས་ སོ༑ ༑ཡབ་ནི་ནོར་སྦྱིན་ཞེས་བྱའོ། །ཡུམ་ནི་དགའ་བ་ཅན་ཞེས་བྱའོ་།སྲས་ནི་བསོད་ནམས་འོད་ཅེས་བྱའོ། །རིམ་གྲོ་བ་ནི་ཐུབ་དཀའ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་ མཆོག་ནི་ཆོས་འོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྨན་ཆེན་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་ཁྲིའོ་།གཉིས་པ་ལ་ནི་དགུ་ཁྲི་དགུ་སྟོང་ ངོ༑ ༑གསུམ་པ་ལ་ནི་དགུ་ཁྲི་བརྒྱད་སྟོང་ངོ། །སྐུ་ཚེའི་ཚད་ནི་ལོ་ལྔ་བརྒྱའོ། །དམ་པའི་ཆོས་ནི་ལོ་ཁྲི་ལྔ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་ གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་སྲེད་མེད་ཀྱི་བུ་སྐྱེ་བའི་ཡུལ་ནི་མཚམས་བརྟན་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ ཚད་ལྔའོ། །ཡབ་ནི་དགའ་བའི་མིག་ཅེས་བྱའོ། །ཡུམ་ནི་ཡིད་བཟང་སྦྱིན་ཞེས་བྱའོ། །སྲས་ནི་བཟང་པོ་ཞེས་བྱའོ། །རིམ་གྲོ་བ་ནི་གཙུག་ན་ནོར་བུ་ཞེས་བྱའོ། ཤེས་ [192B]བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཟླ་བའི་བཞིན་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་དུང་ཕྱུར་ཕྲག་ དྲུག་གོ་གཉིས་པ་ལ་ནི་དུང་ཕྱུར་ཕྲག་ལྔའོ། །གསུམ་པ་ལ་ནི་དུང་ཕྱུར་ཕྲག་དགུའོ། །སྐུ་ཚེའི་ཚད་ནི་ལོ་ཁྲི་ཉིས་སྟོང་ངོ། །དམ་པའི་ཆོས་ནི་ལོ་སུམ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ ནི་རྒྱས་བར་འགྱུར་རོ། །དེ་བཞིན་གཤེགས་པ་ལག་བཟངས་སྐྱེ་བའི་ཡུལ་ནི་ཡིད་དགའ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་གསུམ་མོ། །ཡབ་ནི་རིན་ཆེན་མཐའ་ ཡས་ཤེས་བྱའོ། །ཡུམ་ནི་བློ་གྲོས་མ་ཞེས་བྱའོ། །སྲས་ནི་གཟུངས་ཀྱི་དབང་ཕྱུག་ཅེས་བྱའོ། །རིམ་གྲོ་བ་ནི་དྲག་ཤུལ་ཅན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འོད་ ཟེར་ཟླ་བ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སེངྒེའི་ཏོག་ཅེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་དུང་ཕྱུར་ཕྲག་དགུ་དང་བྱེ་བ་ཕྲག་དྲུག་གོ་གཉིས་པ་ལ་ནི་ དུང་ཕྱུར་ཕྲག་དགུ་དང། བྱེ་བ་ཕྲག་བཞིའོ། །གསུམ་པ་ལ་ནི་དུང་ཕྱུར་ཕྲག་དགུ་དང། བྱེ་བ་ཕྲག་གཉིས་སོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲི་བཞི་སྟོང་ངོ། །དམ་པའི་ཆོས་ཀྱང་ལོ་ བརྒྱད་ཁྲི་བཞི་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །སངས་རྒྱས་ཡེ་ཤེས་འབྱུང་གནས་སྐྱེ་བའི་ཡུལ། །གྲོང་ཁྱེར་བསོད་ནམས་འབྱོར་དང་ལྡན་ [193A]༄༅། །ཞེས་བྱ༑ ༑དེ་ཡི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་བཅུ་ཡོད་ཡབ་ནི་མྱ་ངན་མེད། །དགའ་བ་རྒྱ་མཚོ་ཞེས་བྱ་ཡུམ་ཡིན་ནོ། །སྲས་ནི་ཡིད་ གཞུངས་ལེགས་བྱིན་རིམ་གྲོ་བ། །ཡེ་ཤེས་ཡང་དག་འཕགས་པ་མཁས་པ་སྟེ། །བསོད་ནམས་དགའ་ཞེས་བྱ་བརྫུ་འཕྲུལ་ཅན། །འདུས་པ་དང་པོར་བྱེ་བ་ཕྲག་སྟོང་ཡོད། ། གཉིས་པར་བྱེ་བརྒྱད་གསུམ་པར་བྱེ་བ་བདུན། །སྐུ་ཚེ་ལོ་གྲངས་སྟོང་ཕྲག་བརྒྱད་བཅུ་སྟེ། །ལྔ་གྱུར་དག་ཏུ་དམ་པའི་ཆོས་གྱང་གནས། །རྒྱལ་བ་དེ་ཡི་སྐུ་གདུང་རྒྱས་འགྱུར་ལ། ། སྐད་ཅིག་དེ་ལ་བདེ་བར་གཤེགས་པ་དེའི། །མཚན་ནི་གང་དག་ཉན་པར་བྱེ་བ་རྣམས། །བྱང་ཆུབ་ལ་ནི་མྱུར་དུ་རེག་པར་འགྱུར། །དེ་བཞིན་གཤེགས་པ་ཡོན་ཏན་འོད་ འཕྲོ་ཡི། །སྐྱེ་བའི་ཡུལ་ནི་གྲོང་ཁྱེར་སྨན་ཅེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བཅུ་ཡོད་ཡུལ་འཁོར་བཟང་པོ་ཡབ། །མྱ་ངན་མེད་ལྡན་ཡུམ་ཡིན་གྲགས་ པ་སྲས། །མཛེས་དང་ལྡན་ཞེས་བྱ་བ་རིམ་གྲོ་བ། །ཏོག་མཁས་ཐོས་རིག་རབ་གསལ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་བྱེ་སྟོང་བརྒྱད་བཅུ་སྟེ། །གཉིས་པར་བྱེ་སྟོང་བདུན་བཅུ་རྩ་བརྒྱད་ ཡོད༑ ༑འདུས་པ་གསུམ་པར་བྱེ་སྟོང་བདུན་བཅུ་ལྔ། །མི་རྣམས་དག་གི་ཚེ་ལོ་བྱེ་བ་ཕྲག་སྟོང་དུ་ནང་བ་ཉི་ཤུ་རྩ་གཉིས་ཡོད་།དམ་ཆོས་ལོ་གྲངས་སྟོང་ཕྲག་བདུན་བཅུ་གསུམ། །གནས་ [193B] །གྲགས་པ་མཐའ་ཡས་དེ་ཡི་སྐུ་གདུང་དག་རྣམ་པར་རྒྱས་བདག་ཏུ་འགྱུར་བ་ཡིན། །བདེ་བར་གཤེགས་པ་ཚངས་པས་བྱིན་པ་ཡི། །སྐྱེ་ཡུལ་ གྲོང་ཁྱེར་དགའ་བ་སྒྲོགས་ཤེས་བྱ། །རྒྱལ་བདེ་ཡི་རིགས་ནི་བྲམ་ཟེ་ཡིན། །འོད་ནི་དཔག་ཚད་བདུན་བཅུ་རྩ་དྲུག་ཡོད། །ཚངས་པ་ཡབ་ཡིན་ཡུམ་ནི་ཚངས་བླ་མ། །སྲས་པོ་དགའ་བྱེད་རིམ་གྲོ་ན་ཚོད་བཟང། ། ཟླ་བའི་འོད་ཅེས་བྱ་བ་མཁས་པ་སྟེ། །སྦྱིན་པ་སྒྲོགས་ཤེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་དགྲ་བཅོམ་པ་ཡི་ཚོགས། །བྱེ་བ་སྟོང་ཕྲག་དགུ་བཅུ་རྩ་དགུ་ཡོད། །གཉིས་པར་བྱེ་བ་སྟོང་ཕྲག་ དགུ་བཅུ་དྲུག་གསུམ་བར་བྱེ་བ་སྟོང་ཕྲག་དགུ་བཅུ་ལྔ། །རྒྱལ་བ་དེ་ཡི་སྐུ་ཚེའི་ལོ་གྲངས་ནི། །སྟོང་ཕྲག་བདུན་བཅུ་རྩ་གཉིས་དག་ཏུ་འགྱུར། །དམ་པའི་ཆོས་ཀྱང་ལོ་གྲངས་བྱེ་བར་གནས། །སྐུ་ གདུང་མཆོད་རྟེན་གཅིག་གཅིག་འབྱུང་བར་འགྱུར། །དེ་བཞིན་གཤེགས་པ་རིན་ཆེན་འབྱུང་གནས་ཀྱི། །སྐྱེ་ཡུལ་གྲོང་ཁྱེར་བཟང་པོ་ཞོས་ཀྱང་བྱ། །འོད་ཀྱི་ཚད་ནི་དཔག་ཚད་དྲུག་བཅུ་ཡོད། ། སྨན་པ་ཡབ་ཡིན་ཡུམ་ནི་ཟླ་ཉི་བཟང། །རིན་ཆེན་མཆོག་མ་ཞེས་བྱ་སྲས་ཡིན་ལ། །རིམ་གྲོ་པ་ནི་བློ་གྲོས་བཟང་པོ་ཡིན། །མཐོང་དགའ་མཁས་པ་ཟླ་བརྫུ་འཕྲུལ་ཅན། །དེ་ཡི་འདུས་པ་དང་ བོར་ཁྲི་ཕྲག་གཅིག་གཉིས་པར་དྲུག་བཅུ་རྩ་དྲུག་གསུམ་པར་ནི་།དྲུག་བཅུ་ཐམ་པ་རྒྱལ་དེའི་སྐུ་ཚེའི་ཚད། །ལོ་གྲངས་སྟོང་ཕྲག་དགུ་བཅུ་རྩ་ཡང་གཉིས། །ལྔ་འགྱུར་དུ་ནི་དམ་པའི་ [194A]༄༅། །ཆོས་ཀྱང་གནས། །དེ་ཡི་སྐུ་གདུང་དག་ཀྱང་རྒྱས་འགྱུར་ཞིང། །དེ་ནི་དཔལ་གྱིས་རྒྱས་པར་གྱུར་པ་སྟེ། །རི་དགས་ཁྱུ་མཆོག་སེངྒེའི་སྟངས་གཤེགས་པ། ། དེ་ཡི་སྐུ་གདུང་རྣམས་ལའང་མཆོད་པར་འགྱུར། །སྟོན་པ་ལྷ་ཡི་མེ་ཏོག་སྐྱེ་བའི་ཡུལ། །གྲོང་ཁྱེར་མེ་ཏོག་གདུགས་ཤེས་བྱ་བ་ཡིན་།རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། ། དཔག་ཚད་ཉི་ཤུ་རྩ་གཉིས་བློ་བཟངས་ཡབ། །ཡུམ་ནི་བདེ་ལྡན་སྲས་པོ་སྐྱེ་དབང་ཡིན། །སྙིང་པོ་མཛོད་འཆད་རིམ་གྲོ་པ་ཡང་ཡིན། །ཟླ་མཆོག་སྐྱེ་བོས་མཆོད་འགྱུར་ཞེས་ ཅན་དེ༑ ༑ཟླ་འོད་ཅེས་བྱ་རྫུ་འཕྲུལ་ཅན་ཡང་ཡིན། །འདུས་པ་དང་བོར་བྱེ་བ་བརྒྱ་ཕྲག་གསུམ། །གཉིས་པར་བྱེ་བ་བརྒྱ་ཕྲག་གཉིས་གསུམ་པར། །བྱེ་བ་བྲག་བརྒྱ་སྐུ་ཚེའི་ ལོ་གྲངས་ནི། །ཁྲི་ཕྲག་སྟོང་ཡིན་སུམ་གྱུར་དམ་ཆོས་གནས་།འདྲེན་པ་ཡི་ནི་མཆོད་རྟེན་གཅིག་འབྱུང་ལ། །དེ་ལ་གང་དག་སྐྱེས་པ་བུད་མེད་རྣམས། །བསྟོད་མཆོག་ མཆོད་པ་རྒྱ་ཆེན་བྱེད་དེ་དག་བྱང་ཆུབ་མཆོག་རབ་ལ་ནི་རེག་པར་འགྱུར། །དེ་བཞིན་གཤེགས་པ་དོན་ལགས་སེམས་པ་ཡི། །སྐྱེ་བའི་ཡུལ་ནི་བསོད་ནམས་རབ་ གསལ་ཡིན། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་རྩ་གཉིས་བསོད་ནམས་བཟང་པོ་ཡབ། །དད་པ་ཅན་ཞེས་བྱ་བ་ཡུམ་ཡིན་ནོ་།རྣམ་འཕྲུལ་སྲས་ཡིན་ [194B] །རྒྱ་མཚོའི་མཛོད་ཅེས་བྱ་བ་མཁས་པ་སྟེ། །བསོད་ནམས་སྟོབས་ཤེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་ཁྲི་ཕྲག་བཅུ་ཡོད་ལ། །གཉིས་པར་བརྒྱད་ཁྲི་གསུམ་པར་ དྲུག་ཁྲི་ཡོད། །མ་ནི་རྣམས་དག་གི་ཚེ་ཚད་ལོ་གྲངས་ནི། །བརྒྱད་བཅུ་རྩ་བཞི་ཐམ་སྟ་དེའི་ཡབ་ཡིན། །དེ་ཡི་དམ་ཆོས་ལོ་གྲངས་སྟོང་ཕྲག་ནི། །དགུ་བཅུ་རྩ་གཉིས་པར་དུ་གནས་འགྱུར་ལ། ། སྲིད་པ་མཐར་མཛད་གྲངས་པ་མཐའ་ཡས་དེའི། །སྐུ་གདུང་རྣམས་ཀྱང་རྒྱས་བདག་ཏུ་འགྱུར། །དེ་བཞིན་གཤེགས་པ་ཆོས་ཀྱི་དབང་ཕྱུག་གི་སྐྱེ་བའི་ཡུལ་ནི་བློའི་ཏོག་ཅེས་བྱ་ །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བཅུ་ཡོང་ཡབ་ནི་ལེགས་བྱིན་ཡིན། །མཁས་པའི་ང་རོ་ཞེས་བྱ་ཡུམ་ཡིན་ནོ། །བསོད་ནམས་ཅན་སྲས་ལེགས་དགའ་རིམ་གྲོ་བ། ། ཤེས་རབ་ཅན་གྱི་མཆོག་དང་རྫུ་འཕྲུལ་ཅན། །ཤིན་ཏུ་མཐོང་ཞེས་བྱ་བ་འབྱུང་བར་འགྱུར། །ཚོགས་འདུས་དང་པོ་བྱེ་བ་སུམ་བཅུ་གཉིས། །གཉིས་པར་བྱེ་བ་ཕྲག་ནི་ཉི་ཤུ་གཅིག་གསུམ་ པར་བྱེ་ཕྲག་སུམ་བཅུ་སྐུ་ཚེའི་ཚད། །ལོ་གྲངས་སྟོང་ཕྲག་གསུམ་བཅུ་རྩ་དྲུག་ཡིན། །གསུང་བའི་མཆོག་གི་དམ་པའི་ཆོས་དག་ཀྱང་།ལོ་གྲངས་སྟོང་ཕྲག་བདུན་བཅུ་ཐམ་པར་གནས། །རྒྱལ་བ་ མཚན་དང་གཟི་བརྗིད་དཔལ་རྒྱས་པའི། །མཆོད་རྟེན་དག་ཀྱང་ཉི་ཤུ་རྩ་གཅིག་འབྱུང། །དེ་བཞིན་གཤེགས་པ་བློ་གྲོས་གྲགས་པ་ཡི་།སྐྱེ་བའི་ཡུལ་ནི་བསོད་ནམས་འོད་ཅེས་བྱ། །རྒྱལ་ [195A]༄༅། །བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་གཉིས་ཡོད་ཡབ་ནི་ན་ཚོང་བཟང། །དེ་ཡི་ཡུམ་ནི་གསེར་གྱི་ཕྲེང་ཞེས་བྱ་།སྲས་པོ་ལེགས་འབྱོར་བློ་ལྡན་རིམ་ གྲོ་པ༑ ༑ཚོགས་ཅན་རྒྱལ་པོ་མཁས་ཤིང་འཛངས་པ་སྟེ། །རྒྱལ་བས་བྱིན་པ་རྫུ་འཕྲུལ་ཅན་ཡང་ཡིན། །ཚོགས་བདག་དམ་པའི་འདུས་པ་དང་པོ་ལ། །དགྲ་བཅོམ་སུམ་ཁྲི་གཉིས་པར་ ཉི་ཁྲི་ཡོད། །གསུམ་པར་ཚིག་ཁྲི་སྐུ་ཚེ་ལོ་སྟོང་ཡིན། །དམ་ཆོས་ལོ་གྲངས་བྱེ་བ་ཕྲག་གཉིས་གནས། །ཡེ་ཤེས་འབྱུང་གནས་འཇིག་རྟེན་མཁྱེན་པ་པོ། །ཡོན་ཏན་ཐམས་ཅད་ བསགས་པར་གྱུར་པ་དེའི། །སྐུ་གདུང་རྒྱས་པར་འགྱུར་ལ་མཆོད་རྟེན་ཡང། །དྲུག་བཅུ་གཉིས་ཏེ་དེ་ཡི་དེ་འདར་འགྱུར། །མི་ཡིག་ཆོག་མ་སྤོབས་པ་བརྩེགས་པ་ཡི། །སྐྱེ་ཡུལ་ གྲོང་ཁྱེར་རྡུལ་བྲལ་ཅན་ཞེས་བྱ། །རིགས་ནི་རྒྱལ་རིགས་ཆེན་པོ་འོད་ཀྱི་ཚད། །དཔག་ཚད་དྲུག་བཅུ་རྩ་གཉིས་དང་དཔལ་ཡབ། །དགའ་མགུ་ཞེས་བྱ་ཡུམ་ཡིན་འབྱུང་མེད་སྲས། ། གློག་དང་ལྡན་ཞེས་བྱ་བ་རིམ་གྲོ་པ། །ཟླ་འོད་ཕ་རོལ་ཕྱིན་དེ་མཁས་པ་སྟེ། །གོ་ཆ་སྲ་བརྟན་ཞེས་བྱ་རྫུ་འཕྲུལ་ཅན། །དྲང་སྲོང་ཚོགས་པ་འདུས་པ་དང་པོ་ལ། །བྱེ་ཁྲི་བརྒྱད་བཅུ་ གཉིས་ཡོད་གཉིས་པར་ཡང། །བྱེ་ཁྲི་བརྒྱད་བཅུ་གཅིག་ཡོད་གསུམ་པར་ནི། །བྱེ་ཁྲི་བརྒྱད་བཅུ་སྐུ་ཚེ་ལོ་དགུ་སྟོང། །དམ་ཆོས་ལོ་གྲངས་བྱེ་བ་ཕྲག་གཉིས་གནས། །དེ་ཡི་སྐུ་ [195B] །གང་ཚེ་རྨི་ལམ་ན་ཡང་དྲན་བྱེད་གང། །དེ་དག་ཐམས་ཅད་ཏིང་འཛིན་འདི་ཐོབ་འགྱུར། །།འཕགས་པ་བསྐལ་པ་བཟང་པོ་པ་ཞེས་བྱ་བ་ཐེག་པ་ ཆེན་པོའི་མདོ། །བམ་པོ་བཅུ་གཅིག་པ། །མི་ཡི་སྐྱེ་མཆོག་རྡོ་རྗེ་རྒྱལ་མཚན་གྱི། །སྐྱེ་བའི་ཡུལ་ན་གསེར་དང་ལྡན་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དག་ཀྱང། །སྐུ་ལས་དཔག་ ཚད་དགུ་འབྱུང་ཟླ་ཉི་ཡབ། །ཡུམ་ནི་ཟླ་བཟངས་སྲས་པོ་མཐོང་དགའ་ཡིན། །ནོར་བུའི་འོད་ཟེར་ཞེས་བྱ་རིམ་གྲོ་པ། །མཐུ་ཆེན་འགྲོ་བའི་ང་རོ་ཤེས་རབ་ཅན། །སེམས་གནས་ཆོས་ འཛིན་རྫུ་འཕྲུལ་ལྡན་པ་ཡིན། །དེ་ཡི་འདུས་པ་དང་པོར་དགྲ་བཅོམ་པ། །ཁྲི་ཕྲག་སྟོང་པོ་བརྒྱ་ཕྲག་སུམ་བཅུ་དྲུག་གཉིས་པར་སུམ་བཅུ་བཞི་ཡོད་གསུམ་པར་ཡང། །སུམ་བཅུ་གསུམ་ ཡོད་རྒྱལ་བའི་ཚེ་ལོ་ཁྲི། །མི་ཡི་མཆོག་མའི་དམ་བའི་ཆོས་རྣམས་ཀྱང། །ལོ་གྲངས་སུམ་སྟོང་ཅིག་བརྒྱའི་བར་དུ་གནས། །འདྲེན་པ་ཡི་ནི་མཆོད་རྟེན་གཅིག་འབྱུང་ལ། །འོད་ ཀྱིས་དཔག་ཚད་བཅུ་གསུམ་ཁྱབ་པར་འགྱུར། །འཇིག་རྟེན་རྣམ་པར་འདྲེན་པ་ཕན་བཞེད་པའི། །སྐྱེ་བའི་ཡུལ་ནི་མཐོང་ན་དགའ་ཞེས་བྱ། །དེ་བཞིན་གཤེགས་པའི་རིགས་ནི་ བྲམ་ཟེ་ཡིན། །འོད་ནི་དཔག་ཚད་གཉིས་ཡོད་ལག་བཟངས་ཡབ། །ཨུཏྤལ་པད་མིག་ཡུམ་ཡིན་སྲས་པོ་ནི། །གཙུག་ན་རིན་ཆེན་གྲགས་ལྡན་རིམ་གྲོ་བ། །གསེར་མཆོག་གཟི་བརྗིད་ [196A]༄༅། །ལྡན་པ་ཤེས་རབ་ཅན། །དགེ་སློང་སྤྲིན་འོད་རྫུ་འཕྲུལ་ལྡན་པ་ཡིན། །འདུས་པ་དང་པོར་ཉན་ཐོས་ཟག་མེད་རྣམས། །བྱེ་བ་ཕྲག་ནི་བཅོ་བརྒྱད་སྙེད་ཅིག་འབྱུང། ། གཉིས་པར་དེ་སྙེད་གསུམ་པར་བྱེ་བ་ཕྲག་ཉི་ཤུ་ཚེ་ལོ་སྟོང་ཕྲག་བཅུ་གཉིས་ཡིན། །འདྲེན་པ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲགས་ལྔ་ཁྲིའི་བར་དུ་གནས་པར་འགྱུར། །དེ་ ཡི་སྐུ་གདུང་རྒྱས་འགྱུར་མཆོད་རྟེན་ཡང། །བྱེ་བ་བརྒྱ་ཕྲག་བདུན་བཅུ་རྩ་བཞི་འབྱུང། །དེ་བཞིན་གཤེགས་པ་རྣམ་པར་རོལ་ལྡན་གྱི། །སྐྱེ་བའི་ཡུལ་ནི་ལྷ་ཡིས་མཆོད་ཅེས་བྱ། །རིགས་ ནི་རྒྱལ་རིགས་འོད་ཀྱི་དྲ་བ་དག་དཔག་ཚད་བཅུ་བཞི་དེ་ཡབ་ལེགས་བཟང་ཡིན། །དེ་ཡི་ཡུམ་ནི་ཡིད་འཕྲོག་མ་ཞེས་བྱ། །བསྙེན་པའི་བླ་མ་སྲས་ཡིན་རིམ་གྲོ་མཆོག་སྤྱོད་ལམ་ལྡན་ ཞེས་བྱ་བ་ཤེས་རབ་ཅན། །ནོར་བུའི་ཟླ་བ་ཞེས་བྱ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་དགེ་སློང་བསམ་གཏན་པ། །ཚོགས་པ་ལྔ་ཁྲི་འདུས་པ་གཉིས་པར་ཡང། །དྲུག་ཁྲི་གསུམ་ པར་དྲུག་ཁྲི་ལྔ་སྟོང་ཡོད། །མི་རྣམས་དག་གི་ཚེ་ལོ་ཉིས་སྟོང་ཡིན། །དེ་བཞིན་གཤེགས་པའི་དམ་པའི་ཆོས་དག་ཀྱང། །ལོ་གྲངས་སྟོང་ཕྲག་བཅུ་གཅིག་ཚང་བར་གནས་ །མྱ་ངན་འདས་པའི་མཆོད་རྟེན་གཅིག་ཡིན་ལ། །དཔག་ཚད་གསུམ་པའི་གདུགས་སྟོང་དག་གིས་ཁྱབ། །དེ་བཞིན་གཤེགས་པ་མུན་དང་བྲལ་བ་ཡི། །སྐྱེ་བའི་ཡུལ་ནི་ [196B] །རིགས་ནི་རྒྱལ་རིགས་འོད་ནི་དཔག་ཚད་བཅུ། །བསོད་ནམས་དགའ་ཡབ་ཡུམ་ནི་ཡོན་ཏན་འོད། །སྲས་ནི་ཟླ་བས་བྱིན་ཞེས་བྱ་བ་ཡིན། །རིམ་གྲོ་པ་ནི་དེས་པ་ཞེས་ ཀྱང་བྱ༑ ༑ཟླ་བ་དགའ་ཞེས་བྱ་བ་ཤེས་རབ་ཅན། །རིན་ཆེན་རྒྱལ་མཚན་ཞེས་བྱ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་ཉན་ཐོས་ཚོགས་པ་དག་བྱེ་བ་ཕྲག་ནི་ཉི་ཤུ་གསུམ་གཉིས་པར། །ཉི་ ཤུ་གཅིག་ཡོད་གསུམ་པར་ཉི་ཤུ་ཡོད། །སྐུ་ཚེ་ལོ་གྲངས་སྟོང་ཕྲག་ཉི་ཤུ་ལྔ། །ཡོངས་སུ་མྱ་ངན་འདས་ནས་ཆོས་ཚུལ་དག་ལོ་གྲངས་སྟོང་ཕྲག་ལྔ་བཅུ་ཚད་པར་གནས། །དེ་ཡི་སྐུ་གདུངས་ རྣམས་ནི་རྒྱས་འགྱུར་ལ། །མཆོད་རྟེན་བྱེ་བ་བརྒྱ་ཕྲག་དགུ་བཅུ་བཞི། །རྒྱལ་པ་སྒྲ་གཅན་ལྷ་ཞེས་བྱ་བ་ཡི། །སྐྱེ་ཡུལ་བཟང་པོའི་བྱུང་གནས་ཞེས་ཀྱང་བྱ། །དེའི་རིགས་བྲམ་ཟེ་ཡིན་ཏེ་འོད་ ཀྱི་ཚད། །དཔག་ཚད་ཕྱེད་དང་གསུམ་ཡོང་གྲགས་བཟང་ཡབ། །སྐལ་ལྡན་འདོད་མ་དེ་བཞིན་གཤེགས་པའི་ཡུམ། །རིན་ཆེན་འོད་ཅེས་བྱ་བ་སྲས་ཡིན་ནོ། །མཐའ་ཡས་གཟུགས་ཞེས་ བྱ་བ་རིམ་གྲོ་བ། །སྟོབས་བརྩོན་ཞེས་ནི་བྱ་བ་ཤེས་རབ་ཅན་།ཟླ་བའི་ཞལ་ཞེས་བྱ་བ་རྫུ་འཕྲུལ་ཅན། །དེ་ཡི་འདུས་པ་དང་པོར་དགྲ་བཅོམ་ཚོགས། །བྱེ་བ་ཚང་པར་ཡོད་དེ་གཉིས་པར་ ཡང། །བྱེ་བ་ཕྲག་དྲུག་གསུམ་པར་བྱེ་ཕྲག་ལྡན། །སྐུ་ཚེ་ལོ་གྲངས་སྟོང་ཕྲག་བརྒྱད་བཅུ་ཡིན། །གཞན་ཡང་དམ་ཆོས་ཕལ་ཆེན་ཕྱིར་ཞིང་གནས། །འདྲེན་པ་ཡིན་མཆོད་རྟེན་གཅིག་ [197A]༄༅། །འབྱུང་ལ། །དཔག་ཚད་གཅིག་པའི་གདུགས་ནི་ལྔ་བརྒྱས་ཁྱབ། །ཆོས་ཀྱི་རྒྱལ་པོར་བོའི་རྒྱལ་མཚན་གྱི། །སྐྱེ་བའི་ཡུལ་ནི་རྒྱལ་བ་ཅན་ཞེས་བྱ། །རིགས་ནི་ རྒྱལ་རིགས་ཡིན་ཏེ་སྐུའི་འོད། །རྒྱང་གྲགས་གཉིས་ཡོད་གཟི་བཟངས་ཡབ་ཡིན་ལ། །བདེ་བའི་འོད་ཅེས་བྱ་བ་ཡུམ་ཡིན་ལ། །ཆོས་བཟངས་སྲས་ཡིན་སེང་གེའི་རིམ་གྲོ་བ། །སྤྱོད་པའི་ འོད་ཅེས་བྱ་བ་ཤེས་རབ་ཅན། །མྱ་ངན་མེད་དབལ་ཞེས་བྱ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་བྱེད་བརྒྱ་ཕྲག་བཅུ། །གཉིས་པར་དགུ་ཡོད་གསུམ་པར་བྱེ་བ་བརྒྱད། །དེ་ཡི་ཚེ་ན་སྐྱེས་པ་ བུད་མེད་ཀྱི། །ཚེ་ལོ་སྟོང་ཕྲག་ཉི་ཤུ་རྩ་ཡང་གཉིས། །འཇིག་རྟེན་རྣམ་འདྲེན་མྱ་ངན་འདས་ནས་ཀྱང། །དམ་པའི་ཆོས་ནི་ལོ་གྲངས་བྱེ་བར་གནས། །སྐུ་གདུང་རིན་ཆེན་བདག་ཉིད་རིལ་པོ་ གཅིག་མཆོད་རྟེན་གཅིག་ལ་སྣ་ཚོགས་གདུགས་སྟོང་ཡོད། །བདེ་བར་གཤེགས་པ་ཚོགས་ཅན་འོད་སྐྱེ་བའི། །ཡུལ་ནི་ཡུལ་འཁོར་བདེ་དང་ལྡན་ཞེས་བྱ། །རྒྱལ་བའི་རིགས་ ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་སུམ་བཅུ་ལེགས་པའི་ལྷ་ནི་ཡབ། །དགའ་བྱེད་གཟི་བརྗིད་ཡུམ་ཡིན་སྔོས་དས་སྲས། །ལེགས་སེམས་གྲགས་པ་ཞེས་བྱ་རིམ་གྲོ་པ། །ང་རོ་ ཡོད་པ་དེ་ནི་མཁས་པ་སྟེ། །རིགས་པར་དགའ་བ་རྫུ་འཕྲུལ་ཅན་ཡིན་ནོ། །འདུས་པ་དང་པོར་དགྲ་བཅོམ་བྱེ་བ་བརྒྱ། །གཉིས་པར་དགུ་བཅུ་གསུམ་པར་བརྒྱད་བཅུ་ཡོད། །དེ་ཚེ་མི་ [197B] །ལོ་གྲངས་སྟོང་ཕྲག་བདུན་བཅུ་རྩ་བཞི་ཡིན། །དེ་བཞིན་གཤེགས་པ་མྱ་ངན་འདས་ནས་ཆོས། །ལོ་གྲངས་བྱེ་ཕྲག་གསུམ་དུ་འཇིག་མི་འགྱུར། །རྒྱལ་བའི་སྐུ་ གདུང་དག་ཀྱང་རྒྱས་འགྱུར་ལ། །མཆོད་རྟེན་བྱེ་བ་ཕྲག་ནི་དྲུག་བཅུ་ཐམ། །དེ་བཞིན་གཤེགས་མཆོག་རིན་ཆེན་སྙིང་པོ་ཡི། །སྐྱེ་ཡུལ་ཟླ་བ་མེ་ཏོག་བཟང་ཞེས་བྱ། །དེ་ཡི་རིགས་ནི་རྒྱལ་ རིགས་འོད་ཀྱི་ཚད། །དཔག་ཚད་བཅུ་གཉིས་ཡོད་དོ་ལྷུན་བཟངས་ཡིག་།དེ་ཡི་ཡུམ་ནི་ཟླ་དཔལ་མ་ཞེས་བྱ། །གསེར་འོད་སྲས་ཡིན་རྒྱ་མཚོ་རིམ་གྲོ་བ། །སེང་གེའི་སྟོབས་ཤེས་བྱ་བ་ཤེས་ རབ་ཅན། །བསོད་ནམས་དགའ་ཞེས་བྱ་བ་རྫུ་འཕྲུལ་ཅན། །དེ་ཡི་འདུས་པ་དང་པོར་ཉན་ཐོས་གྲངས། །ཁྲི་ཕྲག་སྟོང་པོ་བརྒྱད་བཅུ་གཉིས་པར་ཡང། །དེ་སྙེད་གསུམ་པར་ཁྲི་སྟོང་ དགུ་བཅུ་དྲུག་དེ་འོག་དགེ་སློང་ཚོགས་ནི་བསམ་མི་ཁྱབ། །སྐུ་ཚེའི་ཚད་ནི་ལོ་གྲངས་བརྒྱད་ཁྲི་ཡིན། །དམ་ཆོས་ལོ་གྲངས་བདུན་ཁྲི་ཐམ་པར་གནས། །དེ་ཡི་སྐུ་གདུང་དག་ཀྱང་ རྒྱས་འགྱུར་ལ། །མཆོད་རྟེན་བྱེ་བ་གདུགས་སྟོང་དག་གིས་ཁྱག་དེ་བཞིན་གཤེགས་པ་ཤིན་ཏུ་མཐོར་གཤེགས་ཀྱི། །སྐྱེ་བའི་ཡུལ་ནི་མཆོག་ཏུ་བཟང་ཞེས་བྱ། །རིགས་ནི་ བྲམ་ཟེ་དཔག་ཚད་དྲུག་བའི་འོད། །ཀུན་ཏུ་ཁྱབ་པ་ཡབ་ནི་ལེགས་ཡིད་གཞུངས། །དེའི་ཡུམ་བསོད་ནམས་ལྡན་ཡིན་སྲས་པོ་ནི། །མུ་སྟེགས་བཟང་པོ་སྟོབས་ཅན་རིམ་གྲོ་པ། ། [198A]༄༅། །ལེགས་པར་སེམས་ཤེས་བྱ་བཤེས་རབ་ཅན། །ཁ་ལོ་སྒྱུར་དགའ་ཞེས་བྱ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་དགྲ་བཅོམ་བྱེ་བ་ཕྲག་དགུ་བཅུ་ རྩ་བཞི་གཉིས་པར་བྱེ་བ་གསུམ། །གསུམ་པར་ཚོགས་པ་བྱེ་བ་བརྒྱད་བཅུ་ཐམ། །མི་རྣམས་དག་གི་ཚེ་ཚད་ལོ་སྟོང་ཡིན། །མྱ་ངན་འདས་ནས་དམ་པའི་ཆོས་དག་ཀྱང། །ལོ་ གྲངས་སྟོང་ཕྲག་དྲུག་བཅུ་ཐམ་པར་གནས། །དཔག་ཚད་གཉིས་པའི་མཆོད་རྟེན་གཅིག་འབྱུང་ལ། །གདུགས་ནི་བྱེ་བདག་གིས་ཀུན་དུ་ཁྱབ་།མི་ཡི་མཆོག་མ་བདག་པོ་སྐར་ རྒྱལ་གྱི། །སྐྱེ་བའི་ཡུལ་ནི་རིན་ཆེན་སྒྲོན་ཞེས་བྱ། །དེ་བཞིན་གཤེགས་པའི་རིགས་ནི་རྒྱལ་རིགས་འོད། །དཔག་ཚད་བརྒྱད་ཡོད་ཡབ་ནི་མུ་སྟེགས་བཟང། །གཟུགས་བཟང་ ཡུམ་ཡིན་སྲས་ནི་དྲང་སྲོང་ཡིན། །ཆོས་འཛིན་དབྱངས་བཟངས་རིམ་གྲོ་པ་ཡང་ཡིན། །རིན་ཆེན་དགའ་ཞེས་བྱ་བ་ཤེས་རབ་ཅན། །བརྟན་པས་བྱིན་ཞེས་བྱ་བ་རྫུ་འཕྲུལ་ཅན། ། འདུས་པ་དང་པོར་དྲི་གསུམ་བྲལ་བའི་ཚོགས། །བྱེ་བ་གསུམ་བཅུ་རྩ་དྲུག་གཉིས་པར་ཡང། །སུམ་བཅུ་རྩ་ལྔ་གསུམ་པར་སུམ་བཅུ་བཞི་།སྐུ་ཚེ་ལོ་གྲངས་སྟོང་ཕྲག་བདུན་བཅུ་བདུན་ །སྐྱེས་མཆོག་ཡོངས་སུ་མྱ་ངན་འདས་ནས་ཀྱང། །དམ་ཆོས་ལོ་བྱེ་དྲུག་བཅུ་གཉིས་སུ་གནས། །མྱ་ངན་འདས་པའི་མཆོད་རྟེན་གཅིག་འབྱུང་ལ། །རྒྱལ་མཚན་བྱེ་བ་བརྒྱ་ཡིས་ [198B] །དེ་བཞིན་གཤེགས་པ་དུ་རིངས་སྐྱེ་བ་ཡི་།ཡུལ་ནི་དཔལ་ལྡན་གསལ་བ་ཞས་ཀྱང་བྱ། །དེའི་རིགས་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་སུམ་བཅུ་རྩ་གཉིས་འབྱོར་ ལྡན་ཡབ། །ཡོན་ཏན་མཐའ་ཡས་ཡུམ་ཡིན་སྲས་པོ་ནི། །བྱང་ཆུབ་དགའ་ཡིན་དཔལ་ཅན་རིམ་གྲོ་བ། །སོ་རིངས་ཞེས་ནི་བྱ་བ་ཤེས་རབ་ཅན་།སྣ་མའི་མེ་ཏོག་འོད་ནི་རྫུ་འཕྲུལ་ཅན། ། འདུས་པ་དང་པོར་ཉན་ཐོས་བསམ་གཏན་པ། །སྟོང་ཕྲག་བཞི་བཅུ་རྩ་དྲུག་གཉིས་པར་ཡང། །སུམ་ཁྲི་ལྔ་སྟོང་གསུམ་པར་དྲུག་ཁྲི་ཡོད། །དེ་ཚེ་མི་ཚེ་ལོ་གྲངས་བརྒྱད་ཁྲི་ཡིན། །རྐང་གཉིས་ །མཆོག་མ་མྱ་ངན་འདས་ནས་ཀྱང། །དམ་བའི་ཆོས་ནི་ལོ་གྲངས་བྱེ་བར་གནས། །དེ་ཡི་སྐུ་གདུང་དག་ཀྱང་རྒྱས་འགྱུར་ལ། །མཆོད་རྟེན་བྱེ་བ་བརྒྱ་ཕྲག་སུམ་བཅུ་ལྔ། །གང་ཟག་མཚུངས་ མེད་ཡོན་ཏན་གྲགས་པ་ཡི། །སྐྱེ་བའི་ཡུལ་ནི་རིན་ཆེན་སྒྲོན་ཞེས་བྱ། །འདྲེན་པའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་གསུམ་ཡོད་ཡབ་ནི་ལེགས་པའི་ལྷ། །ཤིན་ཏུ་ མཛེས་ཤེས་བྱ་བ་ཡུམ་ཡིན་ནོ། །སྲས་པོ་རིན་ཆེན་དྲང་སྲོང་རིམ་གྲོ་པ། །སྤོབས་དགའ་ཞེས་བྱ་ཤེས་རབ་ཅན་གྱི་མཆོག་ཡེ་ཤེས་དབང་ཕྱུག་རྫུ་འཕྲུལ་ཅན་གྱི་མཆོག་འདུས་པ་ དང་པོར་བྱེ་བ་བརྒྱ་ཕྲག་དྲུག་གཉིས་པར་བདུན་ཡོང་གསུམ་པར་བྱེ་བ་བརྒྱད། །སྐུ་ཚེ་ལོ་གྲངས་སྟོང་ཕྲག་ཉི་ཤུ་གཅིག་མྱ་ངན་འདས་ནས་དམ་ཆོས་པོ་ལྔར་སྒྱུར། །རྐང་ [199A]༄༅། །གཉིས་མཆོག་མ་མྱ་ངན་འདས་པ་ཡི། །མཆོད་རྟེན་བྱེ་བ་བརྒྱ་ཕྲག་དགུ་བཅུ་དྲུག་གསུང་རབ་དག་ནི་འདི་འདྲར་འགྱུར་བ་སྟེ། །སྐྱེ་པོ་སུ་ཡང་ངན་འགྲོར་འགྲོ་མི་ འགྱུར༑ ༑དེ་བཞིན་གཤེགས་པ་འོད་ལྡན་ཉི་ཟླ་ཡི། །སྐྱེ་བའི་ཡུལ་ནི་འབྱོར་བའི་སྒྲ་ཞེས་བྱ། །དེ་རིགས་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བཅོ་བརྒྱད་ཡབ་ནི་ཟླ་བ་ཡིན། ། ཏོག་གི་འོད་ཅེས་བྱ་བ་དེ་ཡུམ་ཡིན། །སྲས་པོ་ལེགས་སེམས་ཚོགས་ཅན་རིམ་གྲོ་བ། །སྲིད་མཐར་བྱེད་ཅེས་བྱ་བ་ཤེས་རབ་ཅན། །མེ་ཏོག་འོད་ཅེས་བྱ་བ་རྫུ་འཕྲུལ་ཅན། །འདུས་ པ་དང་པོར་དགྲ་བཅོམ་ཚོགས་བྱེ་བ། །གཉིས་པར་བྱེ་ལྔ་གསུམ་པར་བྱེ་བ་བཅུ། །སྐུ་ཚེ་ལོ་གྲངས་སྟོང་ཕྲག་བདུན་བཅུ་དྲུག་འདྲེན་པ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་ བྱེད་བ་ཕག་གཉིས་པར་དུ་གནས། །དེ་ཡི་སྐུ་གདུང་དག་ཀྱང་རྒྱས་འགྱུར་ལ། །ཕྱོགས་རྣམས་མཆོད་རྟེན་འབུམ་ཕྲག་དགུ་བཅུ་དགུ། །མཆོད་རྟེན་རེ་རེ་གདུགས་ནི་སྟོང་སྟོང་ཡོད། ། རྒྱལ་པ་ཉི་མའི་འོད་ཅེས་བྱ་བ་ཡི། །སྐྱེ་བའི་ཡུལ་ནི་འོད་ཟེར་བཅུ་ཞེས་བྱ། །དེ་རིགས་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བརྒྱད་བཅུ་རྩ་བརྒྱད་སྐྱེ་དབང་ཡབ། །དེའི་ཡུམ་ གསེར་མདོག་ཅེས་ནི་བྱ་བ་ཡིན། །མཆོད་པ་སྲས་ཡིན་ལྷུན་པོ་རིམ་གྲོ་བ། །བསོད་ནམས་འབྱུང་གནས་ཞེས་བྱ་ཤེས་རབ་ཅན། །བཟང་པོ་དགའ་ཞེས་བྱ་བ་རྫུ་འཕྲུལ་ཅན། ། [199B] །ཁྲི་ཕྲག་བདུན་བཅུ་རྩ་དྲུག་གཉིས་པར་ཡང། །ཁྲི་ཕྲག་བརྒྱད་བཅུ་གསུམ་པར་ཁྲི་དགུ་བཅུ། །སྐུ་ཚེ་ལོ་གྲངས་སྟོང་ཕྲག་དགུ་བཅུ་གཉིས་ །རྐང་གཉིས་མཆོག་མ་མྱ་ངན་འདས་ནས་ཀྱང། །དམ་པའི་ཆོས་ནི་ལོ་གྲངས་བྱེ་བར་གནས། །མཆོད་རྟེན་གཅིག་ཏུ་ཟད་ལ་གདུགས་ཀྱི་གྲངས། །སྟོང་ཕྲག་བརྒྱད་བཅུས་དཔག་ཚད་བཞིར་ ཡང་ཁྱབ། །མི་ཡི་འདྲེན་པ་སྐར་མཁན་ཞེས་བྱ་བ། །སྐྱེ་ཡུལ་དེ་ཚེ་དགའ་བས་ལྟ་ཞེས་བྱ། །དེ་བཞིན་གཤེགས་རིགས་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་དགུ་ཡོད་ཡབ་ནི་ལེགས་ པའི་ལྷ༑ ༑བསོད་ནམས་བློ་གྲོས་ཞེས་བྱ་སྐྱེད་པའི་ཡུམ། །དེ་ཡི་སྲས་སྐྱེ་དབང་མཆོག་རིམ་གྲོ་བ། །ལྷ་དགའ་ཞེས་ནི་བྱ་བ་ཤེས་རབ་ཅན། །རྫུ་ཕྲུལ་ཅན་གྱི་མཆོག་མ་ལེགས་བཟངས་ ཡིན༑ ༑འདུས་པ་དང་པོར་ཉན་ཐོས་ཐེར་འབུམ་ཕྲག་ཁྲི་ཕྲག་དགུ་བཅུ་རྩ་དགུ་འབྱུང་བར་འགྱུར། །དེ་ཡི་ཕྱིན་ཆད་ཉན་ཐོས་ཚོགས་མཐའ་ཡས། །སྐུ་ཚེའི་ཚད་ནི་ལོ་གྲངས་བྱེ་བ་ ཡིན༑ ༑འདྲེན་པ་ཡོངས་སུ་མྱ་ངན་འདས་ནས་ཀྱང། །དམ་ཆོས་ལོ་གྲངས་བྱེ་བ་གསུམ་དུ་གནས། །མི་ཡི་འདྲེན་པའི་མཆོད་རྟེན་གཅིག་འབྱུང་ལ། །གདུགས་ནི་བརྒྱ་ཕྲག་ཉི་ཤུ་གཉིས་ ཀྱིས་ཁྱབ། །དེ་བཞིན་གཤེགས་པ་སེང་གེའི་ཏོག་དག་གི་སྐྱེ་བའི་ཡུལ་ནི་དགའ་བའི་རྒྱུད་ཅེས་བྱ། །དེའི་རིགས་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་ཡབ་ནི་རི་དགས་ [200A]༄༅༑ ༑འཛིན། །དེ་ཡི་ཡུམ་ནི་པད་མ་དཀར་ཞེས་བྱ། །མཛེས་བ་ཞེས་བྱད་ཡི་སྲས་ཡིན་ནོ། །གཟི་བརྗིད་འོད་འཕྲོ་ཞེས་བྱ་རིམ་གྲོ་པ། །མྱ་ངན་མེད་པའི་རི་བོ་ཤེས་རབ་ ཅན༑ ༑དགེ་བའི་དཔལ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་ཉན་ཐོས་དྲུག་སྟོང་ཡོད། །གཉིས་པར་ལྡན་སྟོང་གསུམ་པར་བཞི་སྟོང་ཡོད། །ཚེ་ཚད་ལོ་གྲངས་སྟོང་ཕྲག་བདུན་ ཅུ་གཅིག་མྱ་ངན་འདས་ནས་དེ་ཡི་དམ་ཆོས་དག་ལོ་གྲངས་བྱེ་བ་ཕྱེད་དང་གཉིས་སུ་གནས། །རྒྱལ་བ་དེ་ཡི་སྐུ་གདུང་རྒྱས་འགྱུར་ལ། །མཆོད་རྟེན་བྱེ་བ་བརྒྱ་ཕྲག་དགུ་བཅུ་གཉིས། །མི་ ཡི་བདག་པོ་དུས་མཁྱེན་རྒྱལ་པོ་ཡི། །སྐྱེ་བའི་ཡུལ་ནི་མཐོང་ན་དགའ་ཞེས་བྱས། །དེ་བཞིན་གཤེགས་རིགས་བྲམ་ཟེའི་འོད་ཀྱི་ཚད་།དཔག་ཚད་དྲུག་ཡོད་ཡབ་ནི་ལྷ་སྦྱིན་ཡིན། །དེ་ཡི་ ཡུམ་ནི་མ་སྨད་པ་ཞེས་བྱ། །སྲས་པོ་སྤྲིན་ཡིན་དཔལ་ནི་རིམ་གྲོ་བ། །འབར་བ་ཞེས་བྱ་མཁས་པའི་མཆོག་མ་སྟེ། །བསམ་གཏན་སྟོབས་ཤེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དང་ པོར་དགྲ་བཅོམ་ཟག་ཟད་པ། །ཉོན་མོངས་མེད་པ་བྱེ་བ་ཉི་ཤུ་གཉིས། །གཉིས་པར་ཉི་ཤུ་གསུམ་ཡོད་གསུམ་པར་ཡང། །གཉིས་ཡོད་མི་རྣམས་ཚེ་ཚད་ལོ་ལྔ་བརྒྱ། །འཁོར་བ་ འཇིག་མཛད་མྱ་ངན་འདས་ནས་ཀྱང། །དམ་ཆོས་ལོ་གྲངས་ཉིས་སྟོང་བར་དུ་གནས། །དེ་ཡི་སྐུ་གདུང་རིལ་གཅིག་མཆོད་རྟེན་གཅིག་།གསེར་གྱི་སྲོག་ཤིང་དཔག་ཚད་གཅིག་ཏུ་ [200B] །སྲིད་མཐའ་མཛད་པ་དཔལ་གྱི་སྙིང་པོ་ཡི། །སྐྱེ་བའི་ཡུལ་ནི་སྐྱ་བོ་དགའ་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་དཔག་ཚད་གཅིག་དེ་ཡི་ཡབ་ནི་ཟླ་བའི་སྟོབས་ཞེས་བྱ། །ཨུ་བེ་ཞེས་ བྱ་ཡུམ་ཡིན་ཟླ་བའི་སྲས། །བརྩོན་འགྲུས་བདེ་བའི་དབང་པོ་རིམ་གྲོ་བ། །ནོར་གྱི་འབྱུང་གནས་ཞེས་བྱ་ཞེས་རབ་ཅན། །བསམ་གཏན་དབང་ཕྱུག་ཞེས་བྱ་རྫུ་འཕྲུལ་ཅན། །དགོངས་བ་དྲི་མ་ མེད་པའི་དགེ་སློང་དག་འདུས་པ་དང་པོར་ལྔ་ཁྲི་བཞི་སྟོང་ཡོད། །གཉིས་པར་དྲུག་ཁྲི་གསུམ་པར་བརྒྱད་ཁྲི་ཡོད། །སྐུ་ཚེ་ལོ་གྲངས་སྟོང་ཕྲག་ལྔ་བཅུ་ཡིན། །དམ་པའི་ཆོས་ནི་ལོ་གྲངས་འབུམ་ དུ་གནས། །རྐང་གཉིས་མཆོག་མ་དེ་ཡི་མཆོད་རྟེན་ཡང། །གཅིག་འབྱུང་དཔག་ཚད་བཞི་ཙམ་ཁོར་ཡུག་ཏུ། །གདུགས་བཀབ་དྲིལ་བ་གཡེར་ཁའི་དྲ་བས་ཁྱབ། །དེ་བཞིན་གཤེགས་པ་སྲིད་ མཐའ་གཟིགས་པ་ཡི། །སྐྱེ་བའི་ཡུལ་ནི་དགའ་བས་མཐོང་ཞེས་བྱ་།རིགས་ནི་རྒྱལ་རིགས་འོད་བཟངས་དཔག་ཚད་དག་སུམ་བཅུ་གསུམ་ཡོད་ཡབ་ནི་རྣམ་པར་གནོན། །དེ་ཡི་ཡུམ་ནི་ཟླ་བའི་མདངས་ ལྡན་མ༑ ༑སྲས་པོ་རྗེ་བཙན་སྦེད་པ་རིམ་གྲོ་པ། །སྐྱེ་བའི་འོད་ཅེས་བྱ་བ་མཁས་པའི་མཆོག་དྲུང་ལྟར་འགྲོ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་དགེ་སློང་བརྒྱད་ཁྲི་ཡོད། །གཉིས་པར་ དགུ་ཁྲི་གསུམ་པར་བྱེད་པ་ཡོད། །སྐུ་ཚེ་ལོ་གྲངས་སྟོང་ཕྲག་བརྒྱ་ཡང་ཡིན། །མྱ་ངན་འདས་ནས་དམ་པའི་ཆོས་རྣམས་ཀྱང། །ལོ་གྲངས་བྱེ་བ་བར་དུ་གནས་པར་འགྱུར། །དེ་བཞིན་གཤེགས་པ་ [201A]༄༅། །ཐེ་ཙོམ་མི་མདའ་བ། །དེ་ཡི་སྐུ་གདུང་རྣམས་ཀྱང་རྒྱས་འགྱུར་ལ། །མཆོད་རྟེན་བྱེ་བ་བརྒྱ་ཕྲག་དགུ་བཅུ་གཅིག་དེ་བཞིན་གཤེགས་པ་གློག་གི་འོད་དག་གི་སྐྱེ་བའི་ཡུལ་ ནི་སྨན་ཅེས་བྱ་བ་ཡིན། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་གྱི་ཚད་།དཔག་ཚད་གཉིས་ཡོད་བདེ་བའི་དབང་པོ་ཡབ། །དེའི་ཡུམ་ནི་ཡན་ལག་དགའ་ཞེས་བྱ། །སྲས་པོ་སྟོབས་བསྟན་ ཆོས་ནི་རིམ་གྲོ་པ། །ནོར་ལྷ་ཞེས་ནི་བྱ་བ་མཁས་པ་སྟེ། །སྙན་པར་སེམས་ཤེས་བྱ་བ་རྫུ་འཕྲུལ་ཅན། །དེ་ཡི་འདུས་པ་དང་པོར་དགྲ་བཅོམ་པ། །ཉོན་མོངས་ཟད་པ་བརྒྱད་བཅུ་གཉིས་ པར་ཡང། །ཉིས་གྱུར་གསུམ་པ་དག་ཏུ་སུམ་གྱུར་ཡོད། །དེ་ཡི་སྐུ་ཚེ་ལོ་གྲངས་ཉིས་སྟོང་ཡིན། །རྒྱལ་བ་དེ་ནི་མྱ་ངན་འདས་ནས་ཀྱང། །དམ་ཆོས་ལོ་གྲངས་སྟོང་ཕྲག་བཅུར་ ཡང་གནས། །མྱ་ངན་འདས་པའི་མཆོད་རྟེན་གཅིག་འབྱུང་ལ། །གདུགས་གྲངས་རྒྱ་ཕྲག་དྲུག་བཅུ་གཉིས་ཀྱིས་ཁྱབ། །འཇིག་རྟེན་མགོན་པོ་གསེར་གྱི་རི་བོ་དེའི། །སྐྱེ་བའི་ཡུལ་ནི་ དྲེགས་པར་བྱེད་ཅེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད་།དཔག་ཚད་གཉིས་ཡོད་ཡབ་ནི་གསལ་བ་ཡིན། །དེ་ཡི་ཡུམ་ནི་དགེ་མཆོག་མ་ཞེས་བྱ། །ཤིན་ཏུ་བཀྲ་ཤིས་ སྲས་མཆོག་རིམ་གྲོ་པ། །ཆོས་འཕགས་ཤེས་ནི་བྱ་བ་མཁས་པ་སྟེ་།མི་ཡི་ཏོག་ཅེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དང་བོར་དགྲ་བཅོམ་པ་ཡི་ཚོགས། །སྟོང་ཕྲག་སུམ་བཅུ་དག་ནི་ [201B] །འདུས་པ་གཉིས་པར་ཉི་ཤུ་རྩ་བརྒྱད་ཡོད། །འདུས་པ་གསུམ་པར་ཚོགས་པ་ཉི་ཤུ་ཡོད། །དེ་ཡི་སྐུ་ཚེ་ལོ་གྲངས་དགུ་སྟོང་ཡིན། །དམ་པའི་ཆོས་ནི་ལོ་གྲངས་སྟོང་ཕྲག་ ནི༑ ༑སུམ་བཅུ་རྩ་གཉིས་ཐམ་པར་གནས་འགྱུར་ཞིང། །དེ་ཡི་སྐུ་གདུང་རྣམས་ཀྱང་རྒྱས་པར་འགྱུར། །སྤྱན་དང་ལྡན་པ་སེང་གེས་བྱིན་པ་ཡི། །སྐྱེ་བའི་ཡུལ་ནི་རིན་ཆེན་མཆོག་ཅེས་ བྱ༑ ༑མགོན་པོའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་དྲུག་བཅུ་རྩ་ལྔ་ཆོས་ལྡན་ཡབ། །ཡུམ་ནི་ཟླ་ལྡན་སྲས་ནི་རིན་པོ་ཆེ་།རིམ་གྲོ་པ་ནི་གློག་འགྱུར་ཞེས་ཀྱང་བྱ། །དེ་ཚེ་ མཁས་གྱུར་དགའ་བའི་བློ་ཞེས་བྱ། །དགའ་ཆེན་ཞེས་བྱ་དེ་ཡི་རྫུ་འཕྲུལ་ཅན། །འདུས་པ་དང་པོར་ཡང་སྲིང་ཟད་པ་ཡི། །དགེ་སློང་ཚོགས་པ་འབུམ་ཕྲག་བཞི་བཅུ་ཡོད། ། འདུས་པ་གཉིས་པར་འབུམ་ཕྲག་བཞི་བཅུ་གཉིས། །འདུས་པར་སུམ་པར་འབུམ་ཕྲག་བཞི་བཅུ་གསུམ། །མི་རྣམས་ཚེ་ཚད་ལོ་གྲངས་སྟོང་ཕྲག་བཅུ། །དེ་བཞིན་གཤེགས་ པ་མྱ་ངན་འདས་ནས་ཀྱང། །དམ་ཆོས་ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས། །མྱ་ངན་འདས་པའི་མཆོད་རྟེན་གཅིག་ཏུ་ཟད། །བདེ་གཤེགས་གཞན་གྱིས་མི་ཐུབ་རྒྱལ་མཚན་ གྱི༑ ༑སྐྱེ་བའི་ཡུལ་ནི་མེ་ཏོག་ལྡན་ཞེས་བྱ། །དེའི་རིགས་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་གཅིག་ཡོད་ཡབ་ནི་ཚོགས་དབང་པོ། །དེའི་ཡུམ་ལུས་མཆོག་ཅེས་ནི་ [202A]༄༅། །བྱ་བ་ཡིན། །ཡོན་ཏན་སྟོབས་སྲས་སྒྲ་ཅན་རིམ་གྲོ་པ་།ཁ་ལོ་སྒྱུར་ཞེས་བྱ་བ་མཁས་པ་སྟེ། །སྤྲིན་པོ་ཆེ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ དང་པོར་དྲང་སྲོང་མཆོག་དགྲ་བཅོམ། །ཚོགས་པ་བྱེ་བ་བརྒྱ་ཕྲག་གསུམ་ཡང་ཡོད། །གཉིས་བར་གཉིས་ཡོད་གསུམ་པར་བྱེ་བརྒྱ་གཅིག་།དེ་ཚེ་མི་ཚེ་གྲངས་སྟོང་ ཡིན་ནོ༑ ༑མྱ་ངན་འདས་པ་དེ་ཡི་དམ་ཆོས་དག་ལོ་གྲངས་སུམ་སྟོང་བར་དུ་གནས་པར་འགྱུར། །མྱ་ངན་འདས་བའི་མཆོད་རྟེན་བྱེ་བ་སྟེ་།སྐུ་གདུང་དམ་པ་རྣམས་ ཀྱང་འཕེལ་བར་འགྱུར། །དེ་བཞིན་གཤེགས་པ་མཆོག་དགའ་གྲགས་པ་ཡི། །སྐྱེ་བའི་ཡུལ་ནི་བསོད་ནམས་ལྡན་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་ འོད་ཀྱི་ཚད། །དཔག་ཚད་བཅུ་ཡོད་ཡབ་ནི་འགྲོན་བཟངས་ཡིན། །དེ་ཡི་ཡུམ་ནི་སྤྲིན་ལྡན་མ་ཞེས་བྱ། །སྲས་ནི་རྒྱལ་པོ་སྐྱེ་ལྡན་རིམ་གྲོ་པ། །ཚུལ་ཁྲིམས་དགའ་ ཞེས་བྱ་བ་ཤེས་རབ་ཅན། །བདུང་རྩི་སྟོབས་ཤེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་བྱེ་བ་ཕྲག་དྲུག་ཡོད། །གཉིས་པར་ལྔ་ཡོད་གསུམ་པར་གཉིས་ཡོད་ དོ༑ ༑དེ་ཡི་ཚེ་ན་འདྲེན་པའི་སྐུ་ཚེའི་ཚད། །ལོ་གྲངས་སྟོང་ཕྲག་བརྒྱད་བཅུ་རྩ་གཉིས་ཡིན། །འདྲེན་པ་ཡོངས་སུ་མྱ་ངན་འདས་ནས་ཀྱང། །དམ་ཆོས་ལོ་གྲངས་བྱེ་བ་ [202B] །མཆོད་རྟེན་འབུམ་ཕྲག་བདུན་བཅུ་རྩ་གཉིས་ཏེ། །རྒྱལ་མཚན་གྱིས་བརྒྱན་གདུགས་སྟོང་དག་གིས་ཁྱབ་།ཡོན་ཏན་མཐའ་ཡས་བརྩོན་འགྲུས་ བརྟན་པ་ཡི། །སྐྱེ་བའི་ཡུལ་ནི་དགའ་སྡུག་ཅེས་ཀྱང་བྱ། །དེ་བཞིན་གཤེགས་རིགས་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་གཅིག་ཡོད་ཡབ་ནི་མྱ་ངན་མེད། །དེ་ཡི་ཡུམ་ནི་ མེ་ཏོག་ལྡན་ཞེས་བྱ། །སྲས་པོ་འབྱོར་ལྡན་གྲགས་པ་རིམ་གྲོ་པ་།འོད་བྱེད་རྒྱལ་པོ་ཞེས་བྱ་ཤེས་རབ་ཅན། །ལེགས་དོན་སྤྱོད་ཅེས་བྱ་བ་རྫུ་འཕྲུལ་ཅན། །དགེ་སློང་ཚོགས་པ་བྱེ་བརྒྱ་ལྔ་བཅུ་ དྲུག་དེ་ཚེ་འདུས་པ་གཉིས་པར་ལྔ་བཅུ་ཡོད། །འདུས་པ་གསུམ་པར་ལྔ་བཅུ་རྩ་བཞི་ཡོད། །མི་རྣམས་ཚེ་ཚད་ལོ་གྲངས་སྟོང་ཕྲག་གསུམ། །མྱ་ངན་འདས་ནས་དམ་པའི་ཆོས་ཀྱི་ཚུལ། །ལོ་གྲངས་ བྱེ་བ་ཕྲག་ནི་བཅུ་བཞིར་གནས། །མྱ་ངན་འདས་པའི་མཆོད་རྟེན་གཅིག་འབྱུང་ལ། །དཔག་ཚད་གསུམ་ཙམ་ཁོར་ཡུག་གདུགས་ཀྱིས་བརྒྱན་།དེ་བཞིན་གཤེགས་པ་གྲགས་པ་རྫོགས་པ་ ཡི༑ ༑སྐྱེ་བའི་ཡུལ་ནི་ཡུལ་བཟངས་དབུས་ཤེས་བྱ། །རྒྱལ་པའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་གཅིག་ཡོད་ཡབ་ནི་སྡོང་བུ་ཡིན། །དཔེ་མེད་མ་ཞེས་བྱ་བ་ཡུམ་ཡིན་ནོ། །ལྷ་དགའ་ ཞེས་ནི་བྱ་བ་སྲས་པོ་ཡིན། །བདེ་བར་འཚོ་ལྡན་ཞེས་བྱ་རིམ་གྲོ་བ། །མཁས་པ་ཏོག་ཡིན་གླང་པོ་རྫུ་འཕྲུལ་ཅན། །འདུས་པ་དང་པོ་དག་ཏུ་དགྲ་བཅོམ་པ། །བྱེ་བ་བརྒྱ་ཕྲག་ཉི་ཤུ་གཉིས་པར་ཡང་།ཉིས་ [203A]༄༅། །འགྱུར་གསུམ་པ་དག་ཏུ་སུམ་འགྱུར་རོ། །མི་རྣམས་ཚེ་ཚད་ལོ་གྲངས་སྟོང་ཕྲག་བཅུ། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་ཚུལ། །ལོ་གྲངས་ ལྔ་ཁྲི་དྲུག་སྟོང་པར་དུ་གནས། །དེ་ཡི་སྐུ་གདུང་རྣམས་ཀྱང་རྒྱས་འགྱུར་ལ། །མཆོད་རྟེན་བྱེ་བ་བརྒྱ་ཕྲག་གསུམ་བཅུ་གཉིས་།དེ་བཞིན་གཤེགས་པ་བསྙེངས་དང་བྲལ་བ་ཡི། ། སྐྱེ་བའི་ཡུལ་ནི་མེ་ཏོག་བརྒྱན་ཅེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་ཁྲི་ཡོད་ཡབ་ནི་ལེགས་ཡིད་གཞུངས་།ཆོས་ཀྱི་དབང་ཕྱུག་ཅེས་བྱ་དེ་ ཡི་ཡུམ༑ ༑སྲས་བོ་རྣམ་འཕྲུལ་རྒྱལ་ནི་རིམ་གྲོ་པ། །ཐེ་ཙོམ་གཅོད་ཅེས་བྱ་བ་ཤེས་རབ་ཅན། །བརྟུལ་ཞུགས་མི་གཡོ་བ་ནི་རྫུ་འཕྲུལ་ཅན། །འདུས་པ་དང་པོར་ བསམ་གཏན་པ་ཚོགས་པ། །ཐེར་འབུམ་ཁྲི་ཕྲག་བརྒྱད་བཅུ་འདུས་པར་འགྱུར། །གཉིས་པར་བདུན་བཅུ་གསུམ་པར་དྲུག་བཅུ་ཡོད། །གཞན་རྣམས་ཀུན་ཏུ་བྱེ་བརྒྱ་ ཚད་བར་འགྱུར། །མི་རྣམས་དག་གི་ཚེ་ཚད་ལོ་གྲངས་ནི། །བྱེ་བ་སུམ་བཅུ་རྩ་དྲུག་ཐམ་པ་ཡིན། །དམ་ཆོས་བརྒྱད་འགྱུར་གནས་ཤིང་སྐུ་གདུག་ནི། །རིལ་གཅིག་མཆོད་ རྟེན་དཔག་ཚད་ལྔ་ཙམ་མོ། །དེ་བཞིན་གཤེགས་པ་མཆོད་འོས་ལྟ་དག་གི་སྐྱེ་བའི་ཡུལ་ནི་དགའ་བའི་བློ་ཞེས་བྱ། །རིགས་ནི་རྒྱལ་རིགས་འོད་ནི་དཔག་ཚད་ [203B]སྤྱིན་བསྲེག་འོད་འཕྲོ་ཡབ་ཡིན་ཆོས་བཟང་ཡུམ། །ལེགས་པའི་ལྟ་ཞེས་བྱ་བ་སྲས་ཡིན་ནོ། །སྙིང་སྟོབས་མཆོག་ཅེས་བྱ་བ་རིམ་གྲོ་བ། །བླ་སྡུག་ཅེས་ནི་བྱ་བ་ཤེས་རབ་ཅན། ། ཐུབ་མེད་སྟོབས་ཤེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་འཇིགས་མེད་ཚོགས་པ་དག་སྟོང་ཕྲག་ལྔ་བཅུ་རྩ་དྲུག་གཉིས་པར་ཡང། །དྲུག་ཅུ་གསུམ་པ་དག་ཏུ་དྲུག་ཅུ་ལྔ། ། སྐུ་ཚེ་ལོ་གྲངས་སྟོང་ཕྲག་ཉི་ཤུ་གཉིས། །ས་བདག་ཡོངས་སུ་མྱ་ངན་འདས་ནས་ཀྱང། །དམ་ཆོས་ལོ་གྲངས་སྟོང་ཕྲག་བརྒྱད་བཅུར་གནས། །མཆོད་རྟེན་བྱེ་བ་དྲུག་ཅུ་ཐམ་པ་ལ། ། གདུགས་དང་རྒྱལ་མཚན་ཟླ་གམ་དག་གིས་བརྒྱན། །དེ་བཞིན་གཤེགས་པ་སྒྲོན་མ་ཆེན་པོ་ཡི། །སྐྱེ་བའི་ཡུལ་ནི་དགའ་བ་བཟང་ཞེས་བྱ་།དེའི་རིགས་བྲམ་ཟེ་ཡིན་ཏེ་འོད་ ཀྱི་ཚད༑ ༑དཔག་ཚད་བདུན་བཅུ་ཡབ་ནི་སྤྱན་ལེགས་ཡིན། །དེ་ཡི་ཡུམ་ནི་ཡན་ལག་མཆོག་ཅེས་བྱ། །སྲས་པོ་དབྱངས་སྙན་དགེ་བ་རིམ་གྲོ་པ། །དོན་ལེགས་སྤྱན་ཞེས་བྱ་བ་ ཤེས་རབ་ཅན། །དྲང་སྲོང་བྱིན་ཞེས་བྱ་བ་རྫུ་འཕྲུལ་ཅན་།དྲང་སྲོང་དགེ་འདུན་བྱེ་བ་བརྒྱ་ཕྲག་གསུམ། །གཉིས་པར་གཉིས་ཡོད་གསུམ་པ་གཅིག་ཡོད་དོ། །དེ་ཚེ་མི་དེ་ དག་གི་ཚོའི་ཚད། །ལོ་གྲངས་སྟོང་ཕྲག་བརྒྱད་བཅུ་རྩ་ཡང་དྲུག་དེ་ཡི་དམ་ཆོས་ལོ་གྲངས་བྱེ་བར་གནས། །སྐུ་གདུང་རིལ་གཅིག་མཆོད་རྟེན་གཅིག་འབྱུང་ལ། །དཔག་ [204A]༄༅། །ཚད་གསུམ་ཙམ་ཁོར་ཡུག་གདུགས་སྟོང་གིས། །བརྒྱན་ཅིང་རིན་ཆེན་དྲ་བ་དག་གིས་ཁྱབ། །དེ་བཞིན་གཤེགས་པ་འཇིག་རྟེན་འོད་ དག་གི་སྐྱེ་བའི་ཡུལ་ནི་འཇིག་རྟེན་དགའ་ཞེས་བྱ། །རིགས་ནི་བྲམ་ཟེ་འོད་ནི་དཔག་ཚད་གཅིག་དེ་ཡི་ཡབ་ནི་བཟང་པོ་དཔལ་ཞེས་བྱ་།སྣ་མའི་མེ་ཏོག་དྲི་ལྡན་ དེ་ཡི་ཡུམ། །སྐྱེ་བོ་དགའ་བ་སྲས་མེ་རིམ་གྲོ་བ། །ཚོགས་རྒྱལ་དགའ་བ་དྲང་སྲོང་ཤེས་རབ་ཅན། །སྙེན་པར་གྲགས་ཞེས་བྱ་བ་རྫུ་འཕྲུལ་ཅན། །རྐང་གཉིས་མཆོག་ མའི་འདུས་པ་དང་པོར་ནི། །དགེ་སློང་སྟོང་ཕྲག་དགུ་བཅུ་རྩ་དགུ་ཐམ། །འདུས་པ་གཉིས་པར་དགུ་བཅུ་རྩ་བརྒྱད་དོ། །གསུམ་པར་འཁོར་ནི་དགུ་བཅུ་རྩ་ཡང་བདུན། ། སྐུ་ཚེ་ལོ་གྲངས་སྟོང་ཕྲག་ཉི་ཤུ་ལྔ། །དམ་པའི་ཆོས་ནི་དེ་ཡི་ལྔ་འགྱུར་གནས། །སྐུ་གདུང་རྒྱས་འགྱུར་མཆོད་རྟེན་ཕལ་ཆེ་སྟེ། །བྱེ་བ་དགུ་བཅུ་རྩ་གཉིས་རྒྱན་གྱིས་ བརྒྱན༑ ༑དེ་བཞིན་གཤེགས་པ་སྤོས་དྲི་ཞིམ་པ་ཡི། །སྐྱེ་བའི་ཡུལ་ནི་སྤོས་ཀྱིས་བརྒྱན་ཞེས་བྱ། །རིགས་ནི་རྒྱལ་རིགས་འོད་ནི་གླིང་ཆེན་དག་སྟོང་ཕྲག་གསུམ་ ཁྱབ་ཡབ་ནི་བསོད་ནམས་བཟང། །འགྲོ་བ་འཛིན་ཞེས་བྱ་བ་ཡུམ་ཡིན་ནོ། །སྲས་པོ་ལེགས་མཐོང་ལྷུན་པོ་རིམ་གྲོ་བ། གང་ཟག་མཆོག་ཅེས་བྱ་བ་མཁས་པ་སྟེ། ། [204B] །དགྲ་བཅོམ་འདུས་པ་བྱེ་བ་ཕྲག་བཞི་ཡོད། །གཉིས་པར་གསུམ་ཡོད་གསུམ་པར་གཉིས་ཡོད་དོ། །དེ་ན་མི་དེ་དག་གི་ཚེ་ཡི་ ཚད༑ ༑ལོ་གྲངས་སྟོང་ཕྲག་དགུ་བཅུ་རྩ་ཡང་གཉིས། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག་སངས་རྒྱས་ཞིང་དུ་ལོ་བྱེ་གཉིས་སུ་གནས། །མཆོད་རྟེན་གཅིག་ འབྱུང་དཔག་ཚད་དྲུག་ཙམ་གྱི། །ཁྱོན་ཀུན་རིན་པོ་ཆེ་ཡིས་ཁྱབ་པར་འགྱུར། །དེ་བཞིན་གཤེགས་པ་ཡོན་ཏན་མཆོག་འཛིན་གྱི། །སྐྱེ་བའི་ཡུལ་ནི་དགའ་བས་བརྒྱན་ ཅེས་བྱ༑ ༑མི་མཆོག་རྒྱལ་བའི་རིགས་ནི་རྒྱལ་རིགས་ཏེ། །འོད་ནི་རྒྱང་གྲགས་གསུམ་ཡོད་མེ་ཏོག་ཡབ། །དེ་ཡི་ཡུམ་ནི་བདེ་བར་བྱེད་ཅེས་བྱ། །སྲས་པོ་འབྱོར་ལྡན་འབྲུག་ སྒྲ་རིམ་གྲོ་པ། །དེ་ཚེ་གྲགས་མཆོག་ཅེས་བྱ་ཤེས་རབ་ཅན། །འོད་བྱེད་ཅེས་བྱ་རྫུ་འཕྲུལ་ལྡན་པ་ཡིན། །དགྲ་བཅོམ་འདུས་པ་བྱེ་བ་བརྒྱ་ཕྲག་གཉིས། །དེ་ཚེ་འདུས་པ་གཉིས་ པར་དེ་ལྔ་འགྱུར། །གསུམ་པར་ཆོགས་པ་བྱེ་སྟོང་བཅུ་གསུམ་ཡོད། །དེ་ཚེ་སྐུ་ཚེ་ལོ་གྲངས་བྱེ་བ་གསུམ། །དམ་པའི་ཆོས་དག་ལོ་གྲངས་ལྔ་བརྒྱར་གནས། །དེ་ཡི་སྐུ་ གདུང་རིལ་གཅིག་མཆོད་རྣམ་ཡང། །དཔག་ཚད་གཉིས་པ་གདགས་ནི་སྟོང་ཕྲག་བརྒྱས། །བརྒྱན་ཅིང་རིན་ཆེན་མེ་ཏོག་དག་གིས་གང་།དེ་བཞིན་གཤེགས་པ་ [205A]༄༅། །མུན་དང་བྲལ་བ་ཡི། །སྐྱེ་བའི་ཡུལ་ནི་བསོད་ནམས་ལྡན་ཞེས་བྱ། །དེའི་རིགས་བྱམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བཅུ་བཞི་དྲང་སྲོང་ ཆེན་པོ་ཡབ། །ཤིན་ཏུ་བཀྲ་ཤིས་ཞེས་བྱ་ཡུམ་ཡིན་ནོ། །སྲས་པོ་ཆོས་སྨྲ་དོས་བཟངས་རིམ་གྲོ་བ། །དཔལ་བཟང་ཞེས་བྱ་མཁས་པ་ཆེན་པོ་སྟེ། །ཡོན་ཏན་འབྱུང་གནས་ ཞེས་བྱ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་བྱེ་བ་དགུ་བཅུ་གཉིས་།འདུས་པ་གཉིས་པར་བྱེ་བ་བདུན་བཅུ་ཡོད། །གསུམ་པར་བྱེ་བ་བདུན་བཅུ་རྩ་དྲུག་ཡོད། །སྐུ་ཚེ་ལོ་གྲངས་ ལྔ་བརྒྱ་ཐམ་པ་ཡིད། །འཇིག་རྟེན་རྣམ་པར་འདྲེན་པའི་དམ་ཆོས་དག་ལོ་གྲངས་སྟོང་ཕྲག་བཞི་བཅུ་དྲུག་ཏུ་གནས། །དེ་ཡི་སྐུ་གདུང་རྣམས་ཀྱང་རྒྱས་འགྱུར་ལ། ། རྒྱལ་མཚན་བཟང་པོ་བྱེ་བ་བརྒྱད་ཅུས་གང། །དེ་བཞིན་གཤེགས་པ་སེངྒེའི་འགྲེ་མ་པ་ཡི། །སྐྱེ་བའི་ཡུལ་ནི་དགེ་དང་ལྡན་ཞེས་བྱ་།དེའི་རིགས་རྒྱལ་རིགས་ཡིན་ཏེ་ འོད་ཀྱི་ཆད། །དཔག་ཚད་བཅུ་གཉིས་ཡབ་ནི་ལེགས་ཡིད་གཞུངས། །བདེ་འོད་ཅེས་བྱ་ཡུམ་ཡིན་སྲས་པོ་ནི། །ཡོན་ཏན་རྒྱལ་མཚན་བདེན་པ་རིམ་གྲོ་བ། །ཆོས་ འདོད་ཅེས་ནི་བྱ་བ་མཁས་པ་སྟེ། །འགྲོ་བའི་མཆོད་རྟེན་ཞེས་བྱ་རྫུ་འཕྲུལ་ཅན། །དྲང་སྲོང་ཡིད་ཞི་དགེ་འདུན་འདུས་པ་རྣམས་།སྟོང་ཕྲག་བརྒྱད་ཅུ་དག་ནི་འབྱུང་བར་ [205B] ༑དམ་པའི་ཆོས་ནི་ལོ་གྲངས་བདུན་ཁྲིའི་པར། །གནས་པར་འགྱུར་རོ་སྐུ་གདུང་འཕེལ་བར་འགྱུར། །དེ་བཞིན་གཤེགས་པ་རིན་ཆེན་གྲགས་པ་ཡི། །སྐྱེ་བའི་ ཡུལ་ནི་བསོད་ནམས་སྙིང་པོ་ཡིན། །དེའི་རིགས་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བདུན་བཅུ་ཡབ་ནི་ལེགས་བཟངས་ཡིན། །རིན་ཆེན་གཙུག་ཏོར་ཞེས་བྱ་ཡུམ་ཡིན་ ནོ༑ ༑རི་མཆོག་སྲས་ཡིན་རྒྱལ་ནི་རིམ་གྲོ་བ། །ཤེས་རབ་སྒྲོན་མ་ཞེས་བྱ་མཁས་པ་སྟེ། །གཙུག་ན་ནོར་བུ་ཞེས་བྱ་རྫུ་འཕྲུལ་ཅན་།འདུས་པ་དང་པོར་སྲིད་པ་བདེ་བ་དག་ ཐེར་འབུམ་ཡོད་དོ་གཉིས་པར་ཁང་ཡང་ཡོད། །གསུམ་པ་དག་ཏུ་ཐེར་འབུམ་ཕྲག་ཀྱང་དགུ་སྐུ་ཚེའི་ཚད་ནི་ལོ་གྲངས་སྟོང་ཡང་ཡིན་།འཇིག་རྟེན་མཁྱེན་པ་མྱ་ངན་འདས་ནས་ ཀྱང༑ །དམ་ཆོས་ལོ་གྲངས་སྟོང་ཕྲག་བཅུར་ཡང་གནས། །རིན་ཆེན་བདུན་པོ་ཀུན་གྱི་རྒྱུས་བྱུང་བ། །མཆོད་རྟེན་བྱེ་བ་བརྒྱ་ཕྲག་བཅུ་ཡང་འབྱུང། །དེ་བཞིན་གཤེགས་པ་ སྐྱོན་རབ་ཞི་བ་ཡི། །སྐྱེ་བའི་ཡུལ་ནི་དགའ་བར་བྱེད་ཅེས་བྱ་།རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་དགུ་བཅུ་གཉིས་ཡོད་འབྱོར་ལྡན་ཡབ། །དེ་ཡི་ཡུམ་ནི་ བཟང་ལྡན་མ་ཞེས་བྱ། །དབྱངས་སྙན་སྲས་པོ་གསལ་བ་རིམ་གྲོ་བ། །ཆོས་དཔལ་འོད་ཅེས་བྱ་བ་མཁས་པ་སྟེ། །དོན་སྨྲ་ཞེས་ནི་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་རྫུ་འཕྲུལ་ [206A]༄༅། །སྟོབས་ཅན་དག་དགྲ་བཅོམ་སྟོང་ཕྲག་དྲུག་ཅུ་རྩ་གསུམ་ཡོད། །གཉིས་པར་དྲུག་བཅུ་རྩ་གཉིས་ཐམ་པར་ཡོད། །འདུས་པ་གསུམ་པར་ དྲུག་ཅུ་རྩ་ཡང་གཅིག་དེ་ཚེ་ལོ་ནི་སྟོང་ཕྲག་དགུ་བཅུ་དྲུག་དེ་སྲིད་དུས་སུ་དམ་པའི་ཆོས་ནི་ལོ། །བྱེ་ཕྲག་གཉིས་གནས་སྟོན་པ་མྱ་ངན་འདས། །སྐུ་གདུང་རིལ་གཅིག་ མཆོད་རྟེན་གཅིག་བྱུང་དོ། །དེ་བཞིན་གཤེགས་པ་བདུད་རྩི་འཆད་པ་ཡི། །སྐྱེ་བའི་ཡུལ་ནི་བཟང་དང་ལྡན་ཞེས་བྱ། །དེའི་རིགས་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། ། དཔག་ཚད་བཅུ་དྲུག་ཡབ་ནི་ཚངས་དབང་ཡིན། །མེ་ཏོག་ཅན་ཞེས་བྱ་བ་ཡུམ་ཡིན་ནོ། །སྲས་པོ་ཟླས་བྱིན་རྒྱལ་དབང་རིམ་གྲོ་པ། །ཡེ་ཤེས་འོད་གསལ་ཞེས་བྱ་ མཁས་པ་སྟེ། །འོད་པོ་ཆེ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་དགྲ་བཅོམ་ཐེར་འབུམ་དགུ། །གཉིས་པར་བརྒྱད་ཡོད་གསུམ་པ་དག་ཏུའང་བརྒྱད། །དེ་ཚེ་ སངས་རྒྱས་མཆོག་མའི་སྐུ་ཚེའི་ཚད། །ལོ་གྲངས་སྟོང་ཕྲག་བདུན་ཅུ་རྩ་དྲུག་ཡིན། །བདེ་གཤེགས་ཡོངས་སུ་མྱ་ངན་འདས་ནས་ཀྱང། །དམ་པའི་ཆོས་ནི་ལོ་གྲངས་ བྱེ་བར་གནས། །མཆོད་རྟེན་བྱེ་བ་སྟོང་ཕྲག་དགུ་བཅུ་དགུ། །རིན་པོ་ཆེ་ཡི་གདུགས་ཀྱིས་བརྒྱན་པར་འགྱུར། །དེ་བཞིན་གཤེགས་པ་མི་ཡི་ཟླ་བ་ཡི། །སྐྱེ་བའི་ཡུལ་ [206B] །དེའི་རིགས་བྲམ་ཟེ་འོད་ནི་དཔག་ཚད་གཅིག་བདེ་བར་གཤེགས་པའི་ཡབ་ནི་བཟང་པོ་ཡིན། །སྤྲིན་ལྡན་མ་ཞེས་བྱ་བ་ཡུམ་ཡིན་ནོ། །སྲས་ པོ་ལེགས་མཐོང་ལྷུན་པོ་རི་མ་གྲོ་བ། །རིན་ཆེན་མཆོག་མ་ཤེས་རབ་གཏམ་ལྡན་ཏེ། །འཛམ་བུའི་ཆུ་བོ་ཞེས་བྱ་རྫུ་འཕྲུལ་ཅན། །དགྲ་བཅོམ་བྱེ་བ་སྟོང་ཕྲག་བཅུ་ཡོད་དེ། །གཉིས་ པར་བརྒྱད་ཡོད་གསུམ་པར་དགྲ་བཅོམ་པ། །དེ་དག་བྱེ་བརྒྱ་ལྔ་བཅུ་རྩ་ལྔ་ཡོད། །སྐུ་ཚེ་ལོ་གྲངས་སྟོང་ཕྲག་བརྒྱ་དྲུག་བཅུ་།བདེ་བར་གཤེགས་པ་མྱ་ངན་འདས་ནས་ ཀྱང། །དམ་ཆོས་ལོ་གྲངས་བྱེ་བ་གཉིས་སུ་གནས། །རྒྱལ་བའི་མཆོད་རྟེན་བྱ་བ་བདུན་བཅུ་དྲུག། །འཇིག་རྟེན་གསུམ་དུ་སིལ་སྙན་བརྒྱ་ཡང་གྲགས། །དེ་བཞིན་གཤེགས་པ་ ཤིན་ཏུ་གཟིགས་པ་ཡི། །སྐྱེ་བའི་ཡུལ་ནི་སྐྱིད་པར་ལྡན་ཞེས་བྱ་།རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བཅུ་ཡོད་བསོད་ནམས་བཟང་པོ་ཡག་དེ་ཡི་ ཡུམ་ནི་སྙན་པར་སྨ་ཞེས་བྱ། །སྲས་པོ་ཆོས་བཟང་ཟླ་བ་རིམ་གྲོ་བ། །ཤེས་རབ་མཐར་ཕྱིན་ཞེས་བྱ་མཁས་པ་སྟེ། །གཏམ་ལྡན་གཙོ་བོ་ཞེས་བྱ་རྫུ་འཕྲུལ་ཅན། །འདུས་པ་དང་ པོར་རྒ་ནད་སེལ་བ་པོ། །དགྲ་བཅོམ་བྱེ་བ་ཕྲག་ནི་དགུ་བཅུ་ཡོད་།འདུས་པ་གཉིས་པར་བྱེ་བ་བརྒྱད་བཅུ་ཡོད། །གསུམ་པར་ཚོགས་པ་བྱེ་བ་བརྒྱད་བཅུ་བདུན། །མི་རྣམས་ཚེ་ཚད་ [207A]༄༅། །བྱེ་བ་ཕྲག་བརྒྱ་ཡིན། །དམ་ཆོས་ལོ་གྲངས་བྱེ་བ་བརྒྱད་དུ་གནས། །སྟོན་པ་མྱ་ངན་འདས་པའི་མཆོད་རྟེན་དང། །བྱེ་བ་སྟོང་ཕྲག་བདུན་ཅུ་རྩ་ གསུམ་འབྱུང། །དེ་བཞིན་གཤེགས་པ་རབ་ཏུ་བརྒྱན་པ་ཡི། །སྐྱེ་བའི་ཡུལ་ནི་མཆོད་པའི་རྟེན་ཞེས་བྱ། །རྒྱལ་བ་དེའི་རིགས་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བདུན་ ཡོད་ཡབ་ནི་ལྷ་བཟང་ཡིན། །གཟི་ལྡན་མ་ནི་ཡུམ་ཡིན་སྲས་པོ་ནི་།མྱ་ངན་མེད་པ་ཐུབ་མེད་རིམ་གྲོ་བ། །གཞན་འཇོམས་པ་ཞེས་བྱ་བ་མཁས་པ་སྟེ། །ང་རོ་སྙན་ཞེས་བྱ་ བ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་སིང་པ་མཐར་བྱེད་པ། །ཞི་བར་སོང་བ་བྱེ་བ་བདུན་བཅུ་གཉིས། །གཉིས་པར་བྱེ་བ་བདུན་བཅུ་རྩ་གཅིག་ཡོད། །གསུམ་པར་ང་རྒྱལ་ གཅོད་པ་བདུན་བཅུ་ཡོད། །འཇིག་རྟེན་མཁྱེན་པའི་སྐུ་ཚེའི་ཚད་དག་ནི། །ལོ་གྲངས་སྟོང་ཕྲག་དགུ་བཅུ་རྩ་དགུ་ཡིན། །མྱ་ངན་འདས་ནས་དམ་ཆོས་ལོ་གྲངས་དག་བྱེ་བར་ གནས་འགྱུར་སྐུ་གདུང་དབྱེར་མེད་དོ། །དེ་བཞིན་གཤེགས་པ་ནོར་བུའི་འོད་སྐྱེ་བའི། །ཡུལ་ནི་མེ་ཏོག་ལེགས་རྒྱས་གཟི་བརྗིད་ཡིན། །དེའི་རིགས་རྒྱལ་རིགས་ཡིན་ ཏེ་འོད་ཀྱི་ཚད། །དཔག་ཚད་བཅུ་ཡོད་ཡབ་ནི་ཟླ་བཟང་ཡིན། །དེ་ཡི་ཡུམ་ནི་རིན་ཆེན་ཟླ་ཞེས་བྱ། །སྲས་པོ་སྐལ་འདོད་ཏོག་ནི་རིམ་གྲོ་པ། །སྨན་གྱི་རྒྱལ་པོ་ཞེས་བྱ་མཁས་ [207B] ༑སྐྱེ་བོ་དགའ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་དྲང་སྲོང་དགྲ་བཅོམ་པ། །དགེ་སློང་བྱེ་བ་སྟོང་ཕྲག་དགུ་ཡོད་དོ། །གཉིས་པར་བརྒྱད་ཡོད་གསུམ་པར་ བདུན་ཡང་ཡོད། །སྐུ་ཚེའི་ཚད་ནི་ལོ་གྲངས་བྱེ་བ་ཡིན། །བདེ་གཤེགས་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་བྱེ་བ་གསུམ་དུ་ཉམས་མེད་གནས། །མཆོད་རྟེན་ བྱེ་བ་སྟོང་ཕྲག་དགུ་བཅུ་དགུ། །འབྱུང་བར་འགྱུར་ལ་ཅོད་པན་དག་གིས་རྒྱས། །སངས་རྒྱས་རི་བོ་བརྩེགས་པའི་ཏོང་དག་གི་སྐྱེ་བའི་ཡུལ་ནི་ཙན་དན་ཞེས་ཀྱང་བྱ། །དེའི་རིགས་ བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བདུན་ཅུ་ཡབ་ནི་ན་ཚོང་བཟང། །མེ་ཏོག་མཆོག་ཅེས་བྱ་བ་ཡུམ་ཡིན་ནོ། །སྲས་པོ་འོད་འཆད་ཆོས་བཟང་རིམ་གྲོ་བ། །ཆོས་ཀྱི་སྒྲོན་མ་ ཞེས་བྱ་མཁས་པ་སྟེ། །འོད་འགྲོ་ཞེས་ནི་བྱ་བ་རྫུ་འཕྲུལ་ཅན་།འདུས་པ་དང་པོར་ལུས་ནི་སེལ་བ་པོ། །བྱེ་བ་སྟོང་ཕྲག་བདུན་བཅུ་རྩ་བཞི་འབྱུང། །གཉིས་པར་གསུམ་ཡོད་ གསུམ་པར་གཉིས་འབྱུང་ངོ། །སྐུ་ཚེ་ལོ་གྲངས་སྟོང་ཕྲག་བདུན་བཅུ་ཡིན། །སངས་རྒྱས་འཇིག་རྟེན་ཕན་པར་མཛད་པ་པོ། །དེ་ནི་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་ སྟོང་ཕྲག་དགུ་བཅུ་དྲུག་གནས་ཤིང། །མཆོད་རྟེན་དབྱེར་མེད་པ་ནི་གཅིག་ཅིག་འབྱུང། །དེ་བཞིན་གཤེགས་པ་ཆོས་ཀྱི་འབྱུང་གནས་ཀྱི་།སྐྱེ་བའི་ཡུལ་ནི་མེ་ཏོག་ལྡན་ [208A]༄༅། །ཞེས་བྱ༑ ༑རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད་།ཉི་ཤུ་གཉིས་ཡོད་བསོད་ནམས་བཟང་པོ་ཡབ། །བསོད་ནམས་ལྡན་པ་ཡུམ་ཡིན་ སྲས་པོ་ནི། །སྭ་ལའི་དྲི་ལྡན་བྱང་ཆུབ་རིམ་གྲོ་བ། །སྨྲ་བ་འཇོམས་བྱེད་ཅེས་བྱ་མཁས་པ་སྟེ། །བརྟུལ་ཞུགས་བརྟན་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་གང་དག་ དགྲ་བཅོམ་པ། །བྱེ་བ་དགུ་བཅུ་རྩ་བཞི་ཐམ་པ་ཡོད། །གཉིས་པར་གསུམ་ཡོད་གསུམ་པར་བཞི་ཡོད་དོ། །དེ་ཡི་སྐུ་ཚེ་ལོ་གྲངས་བརྒྱད་ཁྲི་ཡིན། །རྒྱལ་བ་མྱ་ངན་འདས་ པའི་དམ་ཆོས་དག་ལོ་གྲངས་སྟོང་ཕྲག་བཅུའི་བར་དུ་གནས་།མཆོད་རྟེན་བྱེ་བ་དགུ་བཅུ་རྩ་དྲུག་སྟེ། །ཐམས་ཅད་རིན་ཆེན་དྲ་བས་རྣམ་པར་བརྒྱན། །དེ་བཞིན་ གཤེགས་པ་ཚེམས་སྦྱིན་སྐྱེ་བའི་ཡུལ། །མེ་ཏོག་རྣམ་པར་བརྒྱན་ཞེས་བྱ་བ་ཡིན། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །ཁྲི་བརྒྱ་སུམ་ཅུ་གཉིས་ཡོད་ལེགས་ སྐྱེ་ཡབ། །སྭ་ལའི་འོད་ཅེས་བྱ་བ་ཡུམ་ཡིན་ནོ། །སྲས་པོ་ལེགས་ལྡན་འོད་འཕྲོ་རིམ་གྲོ་བ། །དཔལ་རྒྱས་ཞེས་ནི་བྱ་བ་མཁས་པ་སྟེ་།འོད་བྱེད་སྦྱིན་ཞེས་བྱ་བ་རྫུ་འཕྲུལ་ ཅན༑ ༑འདུས་པ་དང་པོར་སྐྱེ་བ་འཇོམས་བྱེད་པ། །དགྲ་བཅོམ་སྟོང་ཕྲག་སུམ་བཅུ་རྩ་གཉིས་ཡོད། །འདུས་པ་གཉིས་པར་ཉི་ཤུ་རྩ་དགུ་ཡོད། །གསུམ་པར་ཉི་ཤུ་རྩ་བརྒྱད་ [208B] །དེ་ན་མི་རྣམས་དག་གི་ཚེ་ཡི་ཚད། །ལོ་གྲངས་སྟོང་ཕྲག་ཉི་ཤུ་རྩ་གཉིས་ཡིན། །མྱ་ངན་འདས་ནས་དམ་ཆོས་སུམ་གྱུར་གནས། །བདེ་གཤེགས་སྐུ་ གདུང་རིལ་གཅིག་མཆོད་རྟེན་གཅིག་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་གནས་ཀྱི། །སྐྱེ་བའི་ཡུལ་ནི་ཟླ་བ་ཅན་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། ། དཔག་ཚད་གཉིས་ཡོད་ཡབ་ནི་མྱ་ངན་མེད། །བསོད་ནམས་ལྡན་ཞེས་བྱ་བ་ཡུན་ཡིན་ནོ། །སྲས་པོ་ལེགས་མཐོང་མཆོག་མ་རིམ་གྲོ་པ། །བློ་སྦྱིན་ཞེས་བྱ་ཤེས་རབ་གཙོ་ བོ་སྟེ༑ ༑སེངྒེ་དགའ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་སྐྱེ་རྒ་འཆི་བ་དག་མཐར་བྱེད་བྱེ་བ་བརྒྱ་ཕྲག་དགུ་བཅུ་ཡོད། །འདུས་པ་གཉིས་པར་དགུ་བཅུ་རྩ་ལྔ་ཡོད། ། གསུམ་པར་ཚོགས་པ་དགུ་བཅུ་རྩ་དྲུག་ཐམ། །མི་རྣམས་དག་གི་ཚེ་ཚད་ལོ་བརྒྱ་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་སྟོང་ཕྲག་བདུན་ཅུའི་བར་ དུ་གནས། །དེ་ཡི་མཆོད་རྟེན་དཔག་ཚད་གཅིག་པ་གཅིག་དེ་བཞིན་གཤེགས་པ་སྐྱེ་དབང་མཚུངས་པ་ཡི། །སྐྱེ་བའི་ཡུལ་ནི་རྣམ་པར་བལྟས་ཤེས་བྱ། །རྒྱལ་བའི་རིགས་ ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་སུམ་བཅུ་ཡབ་ནི་སྤོས་བཟངས་ཡིན། །རིན་ཆེན་ལྡན་ཞེས་བྱ་བ་ཡུམ་ཡིན་ནོ། །སྲས་པོ་སྡུག་དགའ་འདུན་པ་རིམ་གྲོ་བ། །རྒྱ་མཚོའི་བློ་ཞེས་ [209A]༄༅། །བྱ་བ་ཤེས་རབ་ཆེ། །འོད་བྱེད་སྦྱིན་ཞེས་བྱ་བ་རྫུ་འཕྲུལ་ཅན། །དང་པོར་ཚོགས་པ་ཐེར་འབུམ་དགུ་བཅུ་ཡོད། །བར་མ་གཉིས་པར་ཚོགས་ པ་བརྒྱད་ཅུ་བརྒྱད། །ཐ་མར་ཐེར་འབུམ་བརྒྱད་ཅུ་རྩ་དྲུག་ཡོད་།དེ་དག་ཚེ་ཚད་ལོ་གྲངས་སྟོང་ཕྲག་བརྒྱ། །དམ་ཆོས་ལོ་གྲངས་བྱེ་བ་བཅུར་ཡང་གནས། །མཆོད་ རྟེན་བྱེ་བ་དགུ་བཅུ་རྩ་བརྒྱད་དེ། །རིན་ཆེན་རྒྱལ་མཚན་གདུགས་དང་འཕན་གྱིས་བརྒྱན། །མཆོད་རྟེན་རེ་རེ་འང་གདུགས་ནི་བྱེ་བ་ཡོད། །དེ་བཞིན་གཤེགས་པ་ སྟབས་ཀྱིས་གཤེགས་པ་ཡི། །སྐྱེ་བའི་ཡུལ་ནི་མེ་ཏོག་འོད་ཅེས་བྱ་།རིགས་ནི་བྲམ་ཟེ་འོད་ཟེར་དྲ་བའི་ཚད། །དཔག་ཚད་ཉི་ཤུ་གཉིས་ཡོད་རི་དབང་ཡབ། །རྒྱལ་ དེའི་ཡུམ་ནི་དགའ་བ་ཞེས་ཀྱང་བྱ། །དེ་ཡི་སྲས་པོ་ཡོན་ཏན་སེམས་ཤེས་བྱ། །སྲིད་པའི་བཤེས་གཉེན་དེ་ཡི་རིམ་གྲོ་བ། །ཉེ་སྡེ་ཤེས་ཅན་རྐང་སྟོབས་རྫུ་འཕྲུལ་ ཅན༑ ༑མི་མཆོག་དེ་ཡི་འདུས་པ་དང་པོར་ནི། །དགྲ་བཅོམ་བརྒྱ་ཕྲག་སུམ་བཅུ་རྩ་གཉིས་ཡོད། །གཉིས་པར་བརྒྱ་ཕྲག་སུམ་ཅུ་རྩ་གསུམ་ཡོད། །གསུམ་པར་ཚོགས་པ་ ཕལ་ཆེར་ཐེར་འབུམ་ཡོད། །མིའི་འདྲེན་པ་དེ་ཡི་སྐུ་ཚེའི་ཚད། །ལོ་གྲངས་སྟོང་ཕྲག་དགུ་བཅུ་རྩ་བཞི་ཡོད། །དེ་ཚེ་དེ་ཡི་སུམ་འགྱུར་དམ་ཆོས་གནས། །དེ་ཡི་སྐུ་ [209B]འཇིག་རྟེན་རྣམ་པར་འདྲེན་པ་བློ་གནས་ཀྱི། །སྐྱེ་ཡུལ་རིན་ཆེན་གཟི་བརྗིད་དགའ་ཞེས་བྱ། །རིགས་ནི་རྒྱལ་རིགས་འོད་ནི་དཔག་ཚད་ གཅིག་བསོད་ནམས་དཔལ་ཡབ་དགའ་བ་བཟང་མོ་ཡུམ། །སྲས་པོ་ཆུ་ལྷ་དགའ་བ་རིམ་གྲོ་བ། །བསོད་ནམས་སྒྲོན་ཞེས་བྱ་བ་ཤེས་རབ་ཅན་།འབྲུག་སྒྲ་རྫུ་འཕྲུལ་ཅན་གྱི་མཆོག་ མ་ཡིན༑ ༑འདུས་པ་དང་པོར་དགྲ་བཅོམ་བྱེ་བ་བརྒྱ། །འདུས་པ་གཉིས་པར་ཡང་སྲིད་ཟད་པ་དག་བརྒྱད་བཅུ་གསུམ་པར་དྲུག་བཅུ་འབྱུང་བར་འགྱུར། །དེར་ནི་མི་དེ་དག་གི་ཚེ་ཡི་ ཚད༑ ༑ལོ་གྲངས་སྟོང་ཕྲག་ཉི་ཤུ་རྩ་བཞི་ཡིན། །མྱ་ངན་འདས་ནས་དེ་ན་དམ་ཆོས་དག། །ལོ་གྲངས་སྟོང་ཕྲག་ལྔ་བརྒྱའི་བར་དུ་གནས། །མཆོད་རྟེན་བྱེ་བ་བརྒྱ་ཕྲག་ལྔ་ཡོད་དེ། ། ཐམས་ཅད་རིན་ཆེན་གདུགས་ཀྱིས་མཛེས་ཁེབས་བྱས། །དེ་བཞིན་གཤེགས་པ་གདུགས་མཛེས་པ་དག་གི་སྐྱེ་བའི་ཡུལ་ནི་རིན་ཆེན་ཕུང་པོ་ཡིན་།རིགས་ནི་རྒྱལ་ རིགས་འོད་གཟི་དཔག་ཚད་ནི། །བྱེ་བ་ཐམ་པ་ཡབ་ནི་སྒྲ་གཅན་ལྷ་།མེ་ཏོག་ཅན་ཞེས་བྱ་བ་དེ་ཡི་ཡུམ། །དེའི་སྲས་རྒྱལ་བ་བློ་བཟངས་རིམ་གྲོ་བ། །ལྷ་ཡིས་མཆོད་ཅེས་བྱ་བ་ ཤེས་རབ་ཅན། །མ་གང་ཞེས་བྱ་བ་རྫུ་འཕྲུལ་ཅན། །དགྲ་བཅོམ་བྱེ་བ་བརྒྱ་ཕྲག་གསུམ་བཅུ་གསུམ། །གཉིས་པར་ཆགས་མེད་སུམ་བཅུ་རྩ་གཉིས་ཡོད། །གསུམ་པར་ཟད་མེད་ [210A]༄༅། །སུམ་བཅུ་རྩ་གཅིག་ཡོད། །མི་ཚེ་ལོ་གྲངས་སྟོང་ཕྲག་ཉི་ཤུ་ལྔ། །འཇིག་རྟེན་རྣམ་འདྲེན་མྱ་ངན་འདས་ནས་ཀྱང། །དམ་པའི་ཆོས་དག་ལོ་གྲངས་བྱེ་ བར་གནས། །མཆོད་རྟེན་དཔག་ཚད་ཕྱེད་པ་བྱེ་བ་ཕྲག་བརྒྱད་བཅུ་རིན་ཆེན་བདུན་ཡིན་རྒྱས་པར་འགྱུར། །འཇིག་རྟེན་དག་གི་མགོན་པོ་གཙོ་བོ་ཡི། །སྐྱེ་བའི་ཡུལ་ནི་བསོད་ ནམས་ལྡན་ཞེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད་།དཔག་ཚད་གཉིས་ཡོད་ཡབ་ནི་ཟླ་བཟངས་ཡིན། །དེའི་ཡུམ་ནི་མེ་ཏོག་བསགས་ཤེས་བྱ། །སྲས་པོ་ མཛེས་པ་དཔལ་ཅན་རིམ་གྲོ་བ། །བློ་སྦྱངས་ཞེས་ནི་བྱ་བ་ཤེས་རབ་ཅན། །མཐའ་ཡས་དཔལ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་དབང་དུ་གྱུར་པ་རྣམས། །སྟོང་ ཕྲག་བརྒྱད་ཅུ་གཉིས་པར་དགུ་བཅུ་ཡོད། །གསུམ་པར་དྲི་མ་མེད་པ་བྱེ་བ་བརྒྱ། །སྐུ་ཚེ་ལོ་གྲངས་བྱེ་བ་གཉིས་ཀྱང་ཡིན། །དམ་ཆོས་ལོ་གྲངས་བྱེ་བ་བཅུར་ཡང་གནས། ། རྒྱང་གྲགས་སུམ་བཅུ་པ་ཡི་མཆོད་རྟེན་གཅིག་རིན་ཆེན་བདུན་པོ་དག་གིས་དེ་རྒྱས་ཤིང། །གདུགས་གྲངས་བྱེ་བ་བརྒྱ་ཕྲག་བདུན་བཅུ་གཉིས། །བདེ་བར་གཤེགས་པ་ ཤིན་ཏུ་འཕགས་དཔལ་གྱི། །སྐྱེ་བའི་ཡུལ་ནི་ཡེ་ཤེས་ལྡན་ཞེས་བྱ་།བདེ་གཤེགས་དེའི་རིགས་བྲམ་ཟེ་འོད་ཀྱི་ཚད། །རྒྱང་གྲངས་བཅུ་ཡོད་བཤེས་གཉེན་བཟང་པོ་ [210B] ༑སྐྱེ་བོའི་མཆོད་རྟེན་ཞེས་བྱ་བ་སྐྱེད་པའི་ཡུམ་།སྲས་པོ་མཆོག་མ་མིག་བཟངས་རིམ་གྲོ་བ། །སེངྒེའི་སྒྲ་སྒྲོགས་པ་ནི་མཁས་པ་སྟེ། །བླ་མ་ཞེས་ནི་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ དང་པོར་དགྲ་བཅོམ་བྱེ་ཕྲག་བཅུ། །གཉིས་པར་བཅུ་གཉིས་གསུམ་པར་བརྒྱད་ཡོད་དོ། །དེ་ན་མི་རྣམས་དག་གི་ཚེ་ཡི་ཚད། །ལོ་གྲངས་སྟོང་ཕྲག་ཉི་ཤུ་རྩ་བཞི་ཡིན། །རྒྱལ་ བ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་བྱེ་བར་གནས་ཤིང་སྐུ་གདུང་འཕེལ། །མཆོད་རྟེན་བྱེ་བ་བརྒྱ་ཕྲག་དགུ་ཡོད་དེ་།ཐམས་ཅད་རྒྱང་གྲགས་བདུན་པ་རིན་ ཆེན་གདུགས། །དེ་བཞིན་གཤེགས་པ་སེངྒེའི་སྒྲ་དག་གི་སྐྱེ་བའི་ཡུལ་ནི་སྭ་ལའི་བདག་ཅེས་བྱ། །བདེ་གཤེགས་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །རྒྱང་གྲགས་ དགུ་ཡོད་ཡབ་ནི་ལུས་མཛེས་ཡིན། །སྨྲ་བ་གྲུབ་ཅེས་བྱ་བ་དེ་ཡི་ཡུམ་།སྲས་པོ་ནད་མེད་ཏོག་ནི་རིམ་གྲོ་བ། །ཤེས་རབ་གདོན་མི་ཟ་བ་མཁས་པ་སྟེ། །ཆོས་དགའ་ཞེས་ ནི་བྱ་བ་རྫུ་འཕྲུལ་ཅན། །དང་པོར་ཚོགས་པ་སྟོང་ཕྲག་དྲུག་ཅུ་ཡོད། །གཉིས་པར་བདུན་ཅུ་གསུམ་པར་བརྒྱད་ཅུ་ཡོད། །དགྲ་བཅོམ་ཀུན་ཀྱང་ང་རྒྱལ་དྲེགས་ལས་གྲོལ། ། སྐུ་ཚེ་རིང་སྟེ་ལོ་གྲངས་སྟོང་ཕྲག་བཅུ། །རྡུལ་དང་རྣམ་བྲལ་མྱ་ངན་འདས་ནས་ཀྱང། །དམ་པའི་ཆོས་དག་ལོ་གྲངས་སྟོང་དུ་གནས། །དེ་ཚེ་བདེ་བར་གཤེགས་པའི་མཆོད་ [211A]༄༅། །རྟེན་གཅིག་དཔག་ཚད་བདུན་ཙམ་ཁོར་ཡུག་རིན་ཆེན་གང་།བདེ་བར་གཤེགས་པ་རྣམ་རོལ་ལྡན་པ་ཡི། །སྐྱེ་བའི་ཡུལ་ནི་བསོད་ནམས་ དཔལ་ཞེས་བྱ། །བདེ་གཤེགས་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །རྒྱང་གྲགས་གསུམ་ཡོད་གཟི་བརྗིད་བཟང་པོ་ཡབ། །བསོད་ནམས་ང་རོ་ཞེས་བྱ་ཡུམ་ཡིན་ནོ། །སྲས་པོ་ བལྟ་སྡུག་ཞི་བ་རིམ་གྲོ་བ། །ཆོས་འཕགས་ཞེས་ནི་བྱ་བ་མཁས་པ་སྟེ། །སྨྲ་བའི་མཆོག་ཅེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་འདོད་ཆགས་རྡུལ་རྣམས་ནི། །མ་ ལུས་བཅོམ་པ་སྟོང་ཕྲག་བརྒྱད་ཅུ་ཡོད། །འདུས་པ་གཉིས་པར་བདུན་ཅུ་རྩ་བརྒྱད་ཡོད། །གསུམ་པར་གཏི་མུག་སྤངས་པ་བདུན་ཅུ་དྲུག་དེ་ཚོ་མི་རྣམས་དག་གི་ཚེ་ ཡི་ཚད། །ལོ་གྲངས་སྟོང་ཕྲག་བདུན་བཅུ་རྩ་བཞི་ཡིན། །གཉིས་གྱུར་དག་ཏུ་དེའི་དམ་ཆོས་གནས། །དྲང་སྲོང་ཆེན་པོའི་མཆོད་རྟེན་གཅིག་གཅིག་འབྱུང། །དེ་བཞིན་ གཤེགས་པ་ཀླུའི་འོད་དག་གི་སྐྱེ་བའི་ཡུལ་ནི་གླང་པོས་མཐོང་ཞེས་བྱ། །དེའི་རིགས་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བདུན་བཅུ་ཡབ་ནི་ཡུལ་འཁོར་ བཟང༑ ༑ཤིན་ཏུ་དགའ་ཞེས་བྱ་བ་ཡུམ་ཡིན་ནོ། །སྲས་པོ་འཕན་བྱེད་ལྷུན་པོར་མ་གྲོ་བ། །རྒྱུའི་སྟོབས་ཤེས་བྱ་བ་མཁས་པ་སྟེ་།དྲང་སྲོང་བྱིན་དགའ་ཞེས་བྱ་བ་རྫུ་ [211B] །འདུས་པ་དང་པོར་རྒྱལ་བ་དགྲ་བཅོམ་པ། །ཚོགས་པ་བྱེ་བ་སྟོང་ཕྲག་བདུན་ཅུ་གཉིས། །གཉིས་པ་དག་ཏུ་བདུན་ཅུ་རྩ་གཅིག་ཡོད། །གསུམ་པར་བྱེ་བ་སྟོང་ ཕྲག་བདུན་ཅུ་ཡོད། །དེ་ཚེ་སྐད་ཅིག་དེ་ལ་སྐུ་ཚེའི་ཚད། །ལོ་གྲངས་བརྒྱའི་བར་དུ་གནས་འགྱུར་རོ། །དམ་ཆོས་ལོ་གྲངས་བརྒྱ་ཕྲག་བཅུ་གཉིས་གནས། །རྒྱལ་བའི་མཆོད་ རྟེན་གཅིག་གཅིག་འབྱུང་བར་འགྱུར། །དེ་བཞིན་གཤེགས་པ་མེ་ཏོག་རི་བོ་ཡི། །སྐྱེ་བའི་ཡུལ་ནི་རི་ཡིས་མཐོང་ཞེས་བྱ། །རིགས་ནི་བྲམ་ཟེ་འོད་ཀྱི་དཀྱིལ་འཁོར་དག་ དཔག་ཚད་སུམ་བཅུ་ཡབ་ནི་ལེགས་ཡིད་གཞུངས། །ཡོན་ཏན་བསགས་ཤེས་བྱ་བ་ཡུམ་ཡིན་ནོ། །སྲས་པོ་བདེ་སྟོབས་དྲག་ཤུལ་རིམ་གྲོ་བ། །བློ་རྫོགས་འོད་ཟེར་ཞེས་བྱ་ མཁས་པ་སྟེ། །གློག་མཆོག་ཅེས་བྱ་བ་ནི་རྫུ་འཕྲུལ་ཅན། །དགྲ་བཅོམ་འདུས་པ་སྟོང་ཕྲག་དྲུག་ཅུ་དྲུག་གཉིས་པར་རྡུལ་མེད་དྲུག་ཅུ་རྩ་ཡང་ལྔ། །གསུམ་པར་སྟོང་ཕྲག་དྲུག་ ཅུ་རྩ་བཞི་ཡོད། །སྐུ་ཚེ་ལོ་གྲངས་སྟོང་ཕྲག་བརྒྱད་ཅུ་ཡིན་།བདེ་བར་གཤེགས་པ་མྱ་ངན་འདས་ནས་ཀྱང། །དམ་ཆོས་ལོ་གྲངས་བྱེ་བ་གསུམ་དུ་གནས། །རྒྱལ་བའི་ མཆོད་རྟེན་ཁྲི་ཕྲག་བཅུ་ཡོད་དེ། །མུ་ཏིག་དྲ་བ་མཆོག་དག་སྦྱངས་པས་ཁྱབ། །དེ་བཞིན་གཤེགས་པ་ཀླུ་ནི་དགའ་བ་ཡི། །སྐྱེ་བའི་ཡུལ་ནི་མེ་ཏོག་འོད་ཅེས་བྱ། །རྒྱལ་བ་ [212A]༄༅། །རྒྱལ་རིགས་དེ་ནི་དེའི་འོད་ཚད་དཔག་ཚད་དྲུག་བཅུ་རྩ་བདུན་འཕྲོས་པར་འགྱུར། །རི་དགས་འགྲོ་ཞེས་བྱ་བ་ཡབ་ཡིན་ལ་།གཟུགས་བཟང་ མ་ཞེས་བྱ་བ་ཡུམ་ཡིན་ནོ། །དེ་ཡི་སྲས་པོ་ཀླུ་ཞེས་བྱ་བ་སྟེ་།གླིང་འགྲོ་ཞེས་བྱ་དེ་ཡི་རིམ་གྲོ་བ། །འགྲོ་བའི་གཟི་བརྗིད་ཅེས་བྱ་མཁས་པ་སྟེ། །དགའ་ཆེན་ཞེས་ནི་བྱ་བ་རྫུ་ འཕྲུལ་ཅན། །དང་པོར་ཚོགས་པ་བྱེ་བ་སྟོང་ཕྲག་ཡོད། །གཉིས་པར་བརྒྱད་ཡོད་གསུམ་པ་དག་ཏུ་ལྔ། །སྐུ་ཚེ་ལོ་གྲངས་དག་ནི་སུམ་ཁྲི་ཡིན། །དམ་ཆོས་ལོ་གྲངས་སྟོང་ ཕྲག་བདུན་བཅུར་གནས། །རྒྱལ་བའི་མཆོད་རྟེན་སྟོང་ཕྲག་བརྒྱད་བཅུ་སྟེ། །རྒྱལ་མཚན་མཐོན་པོ་དཔག་ཚད་གཅིག་པས་བརྒྱན། །དེ་བཞིན་གཤེགས་པ་སྤོས་ཀྱི་དབང་ ཕྱུག་གོ་སྐྱེ་བའི་ཡུལ་ནི་དགའ་བས་མཐོང་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་སུམ་བཅུ་ཡབ་ནི་ལེགས་སྐྱེས་ཡིན། །ཟླ་འོད་ཡུམ་ཡིན་ སྲས་པོ་ཛམྦུ་འགྲོ། །ལེགས་གཙོ་ཞེས་ནི་བྱ་བ་རིམ་གྲོ་བ། །ཤེས་རབ་འོད་ཅེས་བྱ་བ་མཁས་པ་སྟེ། །དཔལ་དྲེགས་ཞེས་ནི་བྱ་བ་རྫུ་འཕྲུལ་ཅན། །དང་པོར་དགྲ་བཅོམ་ བྱེ་བ་དགུ་བཅུ་ཡོད། །གཉིས་པར་བརྒྱད་བཅུ་གསུམ་པར་བདུན་ཅུ་དྲུག་།དེ་ཚེ་མི་རྣམས་དག་གི་ཚེ་ཡི་ཚད། །ལོ་གྲངས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ཡིན། །དེ་ཡི་དམ་པའི་ [212B] །འབུམ་ཕྲག་བརྒྱ་ཡི་བར་དུ་གནས་པར་འགྱུར། །མཆོད་རྟེན་བྱེ་བ་སྟོང་ཕྲག་བདུན་ཅུ་གཅིག་གསེར་མཆོག་དམ་པ་དག་གིས་ལེགས་པར་སྤྲས། ། བདེ་བར་གཤེགས་པ་ཤིན་ཏུ་གྲགས་པ་ཡི། །སྐྱེ་བའི་ཡུལ་ནི་དགའ་ར་དགའ་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་ལྔ་ཡོད་ཡབ་ནི་ཚོགས་ དབང་ཡིན། །གསེར་ལྡན་མ་ཞེས་བྱ་བ་ཡུམ་ཡིན་ནོ། །སྲས་པོ་སྐལ་འདོད་ཉི་མ་རིམ་གྲོ་པ། །ཆོས་འོད་ཅེས་ནི་བྱ་བ་མཁས་པ་སྟེ་།ཐོས་པ་རྟོགས་ཤེས་བྱ་བ་རྫུ་འཕྲུལ་ཅན། ། འདུས་པ་དང་པོ་དག་ཏུ་དགྲ་བཅོམ་པ། །བྱེ་བ་སྟོང་ཕྲག་བཞི་བཅུ་རྩ་དྲུག་ཡོད། །གཉིས་པར་བཞི་བཅུ་རྩ་གསུམ་ཐམ་པ་ཡོད། །གསུམ་པར་ཉི་ཤུ་རྩ་གསུམ་ཐམ་པ་འབྱུང། ། སྐུ་ཚེ་ལོ་གྲངས་སྟོང་ཕྲག་གཉིས་ཀྱང་ཡིན། །སྟོན་པ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་བདུན་ཁྲིར་གནས་འགྱུར་སྐུ་གདུང་གཅིག་དཔག་ཚད་ལྔ་པའི་མཆོད་ རྟེན་གཅིག་གཅིག་འབྱུང། །དེ་བཞིན་གཤེགས་པ་སྟོབས་ཀྱི་ལྷ་དེ་ཡི་།སྐྱེ་བའི་ཡུལ་ནི་འོད་པོ་ཆེ་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་ཉི་ཤུ་ གཉིས་ཡོད་ལེགས་བཟང་ཡབ། །ཟླ་འོད་ཅེས་ནི་བྱ་བ་ཡུམ་ཡིན་ནོ་།སྲས་པོ་དབང་འོད་དགའ་བོ་རིམ་གྲོ་པ། །སེངྒེའི་བློ་གྲོས་ཞེས་བྱ་མཁས་པ་སྟེ། །སྲིད་པའི་བཤེས་གཉེན་ [213A]༄༅། །ཞེས་བྱ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་རྡུལ་རྣམས་བཅོམ་པ་པོ། །བྱེ་བ་སྟོང་ཕྲག་དགུ་བཅུ་རྩ་གསུམ་ཡོད། །འདུས་པ་གཉིས་པར་ དགུ་བཅུ་རྩ་གཉིས་ཡོད། །འདུས་པ་གསུམ་པར་དགུ་བཅུ་རྩ་ཅིག་ཡོད་།སྐུ་ཚེ་ལོ་གྲངས་དག་ནི་དགུ་སྟོང་ཡིན། །དམ་ཆོས་ལོ་གྲངས་སྟོང་ཕྲག་བདུན་ཅུར་གནས། ། དེ་ཡི་སྐུ་གདུང་དག་ཀྱང་རྒྱས་འགྱུར་ལ། །མཆོད་རྟེན་བྱེ་བ་སྟོང་ཕྲག་བརྒྱད་ཅུ་ཐམ། །མཚུངས་པ་མེད་པ་ཡོན་ཏན་ཕྲེད་ལྡན་གྱི། །སྐྱེ་བའི་ཡུལ་ནི་དགའ་བ་སྡུག་ཅེས་ བྱ༑ ༑རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །བདུན་བཅུ་རྩ་དྲུག་ཡབ་ནི་ན་ཚོད་བཟང། །སྐལ་ལྡན་ང་རོ་ཞེས་བྱ་ཡུམ་ཡིན་ནོ། །དེ་ཚེ་རྒྱལ་བའི་སྲས་བོ་ཚངས་བདག་ ཡིན༑ ༑བློ་རྫོགས་ཞེས་ནི་བྱ་བ་རིམ་གྲོ་པ། །ལག་བཟངས་མཁས་པ་བཞིན་བཟངས་རྫུ་འཕྲུལ་ཅན། །དང་པོར་ཚོགས་པ་དགྲ་བཅོམ་བྱེ་བ་སྟོང། །གཉིས་པ་དག་ཏུའང་ དེ་སྙེད་ཡོད་གྱུར་ལ། །འདུས་པ་གསུམ་པ་དག་ཏུ་ལྔ་འགྱུར་ཡོད་།སྐུ་ཚེ་ལོ་གྲངས་སྟོང་ཕྲག་བརྒྱད་ཅུ་ཡིན། །མཚུངས་མེད་མྱ་དན་འདས་ནས་དམ་ཆོས་དག་ ལོ་གྲངས་བྱེ་བ་ཕྲག་ནི་གསུམ་དུ་གནས། །མཆོད་རྟེན་བྱེ་བ་དགུ་བཅུ་རྩ་དགུ་སྟེ། །ཐམས་ཅད་གསེར་དག་གིས་ནི་ཁྱབ་པར་འགྱུར་།བདེ་བར་གཤེགས་པ་ཀླུ་ཡི་ [213B] །སྐྱེ་བའི་ཡུལ་ནི་དགའ་བ་ཞེས་ཀྱིས་བྱ། །མགོན་པོའི་རིགས་ནི་བྲམ་ཟེ་དག་ཏུ་འགྱུར། །གླིང་ཕྲན་སྟོང་ཕྲག་བདུན་བཅུ་རྩ་གཉིས་རྣམས། །དེ་ཡི་འོད་ཀྱིས་རྟག་པ་དག་ཏུ་ ཁྱབ༑ ༑དེ་ཡི་ཡབ་ནི་ཚོགས་ཅན་འོད་ཡིན་ལ། །དེ་ཡི་ཡུམ་ནི་སྤོས་ལྡན་མ་ཞེས་བྱ། །སྲས་པོ་དེས་པ་འོད་འཕྲོ་རིམ་གྲོ་པ། །ཡེ་ཤེས་རྣམ་ལྟ་ཞེས་བྱ་མཁས་པ་སྟེ། །བདེན་པར་ སྨྲ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་བྱེ་བ་བཅུ་དྲུག་ཡོད། །གཉིས་པར་བཅྭ་བརྒྱད་གསུམ་པར་ཉི་ཤུ་ཡོད། །སྐུ་ཚེའི་ཚད་ནི་ལོ་གྲངས་སྟོང་ཕྲག་བཅུ། །བདེ་བར་ གཤེགས་པ་མྱ་ངན་འདས་ནས་ཀྱང། །དམ་ཆོས་ལོ་གྲངས་བྱེ་བ་ཕྲག་བརྒྱད་གནས། །དེ་ཡི་མཆོད་རྟེན་བྱེ་བ་དགུ་བཅུ་དགུ། །བདེ་བར་གཤེགས་པ་མིག་ནི་བརྒྱན་བ་ཡི། །སྐྱེ་ བའི་ཡུལ་ན་མཆོད་རྟེན་མཆོག་ཅེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བདུན་ཡོད་ཡབ་ནི་གྲོགས་བཟང་ཡིན། །ཡུམ་ནི་དྲ་བ་ཅན་གྱི་འོད་ཅེས་བྱ། ། སྲས་བོ་ཤུགས་དགའ་གྲོལ་བ་རིམ་གྲོ་པ། །ཆོས་མཐོང་ཞེས་ནི་བྱ་བ་མཁས་པ་སྟེ། །མཉམ་པར་བཞག་ཅེས་བྱ་བ་རྫུ་འཕྲུལ་ཅན་།འདུས་པ་དང་པོར་དགྲ་བཅོམ་བྱེ་སྟོང་ བརྒྱ༑ ༑འདུས་པ་གཉིས་པར་དགྲ་བཅོམ་ཚོགས་པ་དག་བྱེ་སྟོང་དགུ་བཅུ་གསུམ་པར་བརྒྱད་ཅུ་ཡོད། །སྐུ་ཚེ་ལོ་གྲངས་སྟོང་ཕྲག་ཉི་ཤུ་དྲུག་སངས་རྒྱས་ཡོངས་སུ་མྱ་ངན་ [214A]༄༅། །འདས་ནས་ཀྱང། །དམ་ཆོས་ལོ་གྲངས་བྱེ་བའི་བར་དུ་གནས། །མཆོད་རྟེན་བཟང་པོ་གྲངས་ནི་བྱེ་བ་སྟེ། །རིན་ཆེན་བརྒྱ་ཡི་དྲ་བས་རྣམ་པར་ སྤྲས༑ ༑སངས་རྒྱས་ལེགས་པར་སྦྱངས་པའི་བློ་དག་གི་སྐྱེ་བའི་ཡུལ་ནི་བཅུ་ལྡན་ཞེས་ཀྱང་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་གཉིས་ཡོད་ཡབ་ ནི་དབང་ཆེན་ཡིན། །ཏོག་འོད་ཅེས་བྱ་ཡུམ་ཡིན་སྲེས་པོ་ནི། །སྐྱེ་བའི་ཁྱུ་མཆོག་རྒྱན་ནི་རིམ་གྲོ་པ། །སྨན་གྱི་རྒྱལ་བོ་ཞེས་བྱ་མཁས་པ་སྟེ། །ཚིག་གི་ཁ་ལོ་སྒྱུར་བ་རྫུ་ འཕྲུལ་ཅན། །དགྲ་བཅོམ་སྟོང་ཕྲག་ཉི་ཤུ་རྩ་གཉིས་ཡོད། །གཉིས་པར་དེ་ན་སུམ་བཅུ་ཡོད་པར་འགྱུར། །འདུས་པ་གསུམ་པར་ཉི་ཤུ་རྩ་ཡང་བརྒྱད། །སྐུ་ཚེའི་ཚད་ནི་ ལོ་གྲངས་སྟོང་ཡིན་ནོ། །སངས་རྒྱས་ཡོངས་སུ་མྱ་ངན་འདས་ནས་ཀྱང། །དམ་ཆོས་ལོ་གྲངས་སྟོང་ཕྲག་བཅུ་བཞིར་སྤྱོད། །མཚུངས་པ་མེད་པའི་སྐུ་གདུང་མཆོད་རྟེན་ ནི༑ ༑གཅིག་ཡིན་དཔག་ཚད་རེངས་པ་གཅིག་ཙམ་མོ། །སངས་རྒྱས་ཟིལ་གྱིས་གནོན་པ་ཡེ་ཤེས་ཀྱི། །སྐྱེ་བའི་ཡུལ་ནི་དགའ་བ་འདོད་ཅེས་བྱ་།རྒྱལ་བའི་རིགས་ནི་རྒྱལ་ རིགས་འོད་ཀྱི་ཚད། །དཔག་ཚད་གཉིས་ཡོད་ཡབ་ནི་མཐུ་ལྡན་ཡིན་།བརྟུལ་ཞུགས་བདེན་པ་ཡུམ་ཡིན་སྲས་པོ་ནི། །དྲང་སྲོང་སྡུག་པ་དགའ་བོ་རིམ་གྲོ་པ། །ཆོས་ [214B] །ཟླ་བའི་འོད་ཅེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་བྱེ་བྲག་བཅུ་གསུམ་ཡོད། །གཉིས་པར་བཅུ་གཉིས་གསུམ་པ་དག་ཏུ་བརྒྱད་ །སྐུ་ཚེ་ལོ་གྲངས་བརྒྱ་ཕྲག་གཉིས་ཀྱང་ཡིན། །དམ་ཆོས་ལོ་གྲངས་བྱེ་བ་སྟོང་དུ་གནས། །དེ་ཡི་སྐུ་གདུང་དག་ཀྱང་རྒྱས་འགྱུར་ལ། །མཆོད་རྟེན་བྱེ་བ་བརྒྱ་ཕྲག་སུམ་ཅུ་ གཉིས༑ ༑མཆོད་རྟེན་ཀུན་ཀྱང་དཔག་ཚད་གཉིས་པ་སྟེ། །ཐམས་ཅད་གདུགས་གྲངས་སྟོང་ཕྲག་བརྒྱད་བཅུའི་ཁྱབ། །སངས་རྒྱས་མཐའ་ཡས་པ་ཡི་སྤྱན་དག་གི་སྐྱེ་བའི་ ཡུལ་ནི་བསོད་ནམས་འོད་གསལ་ཡིན། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བཅུ་ཡོད་ཡབ་ནི་བརྟུལ་ཞུགས་ཞེས། །ཆོས་གནས་ཞེས་བྱ་ཡུམ་ཡིན་སྲས་པོ་ ནི༑ ༑རྒྱལ་བར་དགའ་བ་སྙིང་པོ་རིམ་གྲོ་བ། །མེ་ཏོག་ཚོགས་ཤེས་བྱ་བ་མཁས་པ་སྟེ། །གླང་པོའི་འགྲོས་ཤེས་བྱ་བ་རྫུ་འཕྲུལ་ཅན། །དགྲ་བཅོམ་བྱེ་བ་བརྒྱ་ཕྲག་དྲུག་བཅུ་དྲུག་གཉིས་ པར་ལྔ་ཡོད་གསུམ་པ་དག་དུ་བདུན། །ཐུགས་རྗེ་ཅན་གྱི་སྐུ་ཚེའི་ཚད་དག་ནི། །ལོ་གྲངས་སྟོང་ཕྲག་ཉི་ཤུ་རྩ་ཡང་གསུམ། །བདུད་རྣམས་རླག་མཛད་དེ་ཡི་དམ་ཆོས་ དག་ལོ་གྲངས་སྟོང་ཕྲག་བཅུ་ཡི་བར་དུ་གནས། །མཆོད་རྟེན་བྱེ་བ་ཕྲག་བཅུ་ཚང་བ་སྟེ། །མེ་ཏོག་རྒྱན་དང་རྟ་བབས་དག་གིས་བརྒྱན། །དེ་བཞིན་གཤེགས་པ་བདེན་པར་ [215A]༄༅། །གསུང་པ་ཡི། །སྐྱེ་བའི་ཡུལ་ནི་མདངས་དང་ལྡན་ཞེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་དགུ་ཡོད་ཡབ་ནི་བསོད་ནམས་ བཟང། །ལྷ་འོད་ཅེས་ནི་བྱ་བ་ཡུམ་ཡིན་ནོ། །སྲས་པོ་དོན་ཆེན་འོད་ལྡན་རིམ་གྲོ་པ། །ཡེ་ཤེས་ཡང་དག་འཕགས་པ་མཁས་པ་སྟེ། །སྲིད་པར་འགྲོ་ཞེས་བྱ་བ་རྫུ་འཕྲུལ་ཅན། ། དགྲ་བཅོམ་བྱ་བ་བརྒྱ་ཕྲག་ཉི་ཤུ་སྟེ། །གཉིས་པར་བྱ་བ་བརྒྱ་ནི་ཚད་པར་ཡོད། །འདུས་པ་གསུམ་པར་བྱེ་བ་དགུ་བཅུ་ཡོད། །སྐུ་ཚེ་ལོ་གྲངས་སྟོང་ཕྲག་བརྒྱད་བཅུ་ཡིན། །ཞི་བར་ གྱུར་པའི་དམ་པའི་ཆོས་དག་ཀྱང། །ལོ་གྲངས་སྟོང་ཕྲག་ཉི་ཤུ་གཉིས་སུ་གནས། །མཆོད་རྟེན་དམ་བ་བྱེ་བ་དྲུག་བཅུ་སྟེ། །གསེར་ལས་བྱས་པའི་རྒྱལ་མཚན་དག་གིས་གང། ། དེ་བཞིན་གཤེགས་པ་ཉི་མའི་འོད་དག་གི་སྐྱེ་བའི་ཡུལ་ནི་སྨན་ཞེས་བྱ་བ་ཡིན། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད་།དཔག་ཚད་གསུམ་ཡོད་ཡབ་ནི་མིག་ བཟང་ཡིན། །ཚུལ་ཁྲིམས་ལྡན་ཞེས་བྱ་བ་ཡུམ་ཡིན་ནོ། །སྲས་པོ་ཐར་དགའ་ཞི་བ་རིམ་གྲོ་པ། །ནོར་གྲགས་ཞེས་ནི་བྱ་བ་མཁས་པ་སྟེ། །རྙོག་པ་མེད་ཅེས་བྱ་བ་རྫུ་འཕྲུལ་ ཅན༑ ༑འདུས་པ་དང་པོར་བྱེ་ཕྲག་སུམ་ཅུ་གཉིས། །འདུས་པ་གཉིས་པར་བྱེ་ཕྲག་ཉི་ཤུ་གཅིག་འདུས་པ་གསུམ་པར་བྱེ་ཕྲག་སུམ་བཅུ་ཐམ་།སྐུ་ཚེ་ལོ་གྲངས་འབུམ་ཕྲག་ [215B] །དམ་ཆོས་ལོ་གྲངས་ས་ཡ་ཕྲག་གཅིག་དང་།འབུམ་ཕྲག་གསུམ་གྱི་བར་དུ་གནས་པར་འགྱུར། །མཆོད་རྟེན་བྱེ་བ་བརྒྱ་ཕྲག་དགུ་ཡོད་དེ། །གསེར་ལས་བྱས་པའི་ རྒྱལ་མཚན་དག་གིས་གང། །དེ་བཞིན་གཤེགས་པ་དེས་པའི་བློ་དག་གི་།སྐྱེ་བའི་ཡུལ་ནི་དགའ་བ་སྡུག་ཅིས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བཅུ་ ཡོད་ཡབ་ནི་ཁྱད་པར་འཕགས། །བདེ་ལྡན་མ་ཞེས་བྱ་བ་ཡུམ་ཡིན་ནོ་།གང་པོ་སྲས་ཡིན་སྐར་མ་རིམ་གྲོ་བ། །ལྷག་ཤེས་ཞེས་ནི་བྱ་བ་མཁས་པ་སྟེ། །བདུད་སྤོང་ཞེས་ནི་བྱ་བ་རྫུ་ འཕྲུལ་ཅན། །འདུས་པ་དང་པོར་ཕལ་ཆེན་བྱེ་བ་བརྒྱ། །གཉིས་པར་བརྒྱད་ཅུ་གསུམ་པར་དྲུག་ཅུ་ཡོད། །མི་རྣམས་ཚེ་ཚད་ལོ་གྲངས་སྟོང་ཕྲག་བཅུ། །དེ་ཡི་ལྔ་འགྱུར་དུ་ནི་དམ་ ཆོས་ནས། །ཛམྦུའི་གླིང་ན་སྐུ་གདུང་རྒྱས་གྱུར་ལ། །མཆོད་རྟེན་བྱེ་བ་བརྒྱ་ཕྲག་བརྒྱད་བཅུ་བརྒྱད། །མཆོད་རྟེན་རེ་རེ་དག་གི་ཐང་ན་ཡང། །མར་མི་བྱེ་བ་བརྒྱ་ཕྲག་ཉིན་མཚན་ འབར༑ ༑དེ་བཞིན་གཤེགས་པ་མཐའ་ཡས་གཟིགས་དག་གི་སྐྱེ་བའི་ཡུལ་ནི་མཆོད་བ་ཞེས་ཀྱང་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་ཉི་ཤུ་རྩ་ བཞི་གྲོགས་བཟང་ཡབ། །བཟང་ལྡན་མ་ཞེས་བྱ་བ་ཡུམ་ཡིན་ནོ་།སྲས་པོ་འཇིགས་མེད་འོད་ལྡན་རིམ་གྲོ་པ། །གསང་སྔགས་གདོན་མི་ཟ་བ་མཁས་པ་སྟེ། །བདེ་བའི་འོད་ [216A]༄༅། །ཅེས་བྱ་བ་རྫུ་འཕྲུལ་ཅན། །ཤིན་ཏུ་དགའ་བའི་བློ་ཅན་དགྲ་བཅོམ་པ། །བྱེ་བ་ལྔ་བཅུ་རྩ་དྲུག་གཉིས་པར་ལྔ། །འདུས་པ་སུམ་བར་ལྔ་བཅུ་རྩ་ཡང་ བཞི༑ ༑སྐུ་ཚེའི་ཚད་ནི་ལོ་གྲངས་བྱེ་བ་ཡིན། །བདེ་བར་གཤེགས་པ་མྱ་ངན་འདས་ནས་ཀྱང། །དམ་ཆོས་ལོ་གྲངས་བྱེ་བའི་བར་དུ་ནས་།མཆོད་རྟེན་བྱེ་བ་བརྒྱ་ཕྲག་སུམ་ཅུ་ ཉིས། །རིན་ཆེན་པདྨ་དག་གིས་རྣམ་པར་སྤྲས། །བདེ་བར་གཤེགས་པ་རྣམ་པར་སྣང་མཛད་ཀྱི། །སྐྱེ་བའི་ཡུལ་ནི་མེ་ཏོག་རྫོགས་ཤེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་ འོད་ཀྱི་ཚད། །དཔག་ཚད་ལྔ་ཡོད་ཡབ་ནི་ན་ཚད་བཟང་།གངྒཱའི་མཆོད་ཅེས་བྱ་བ་ཡུམ་ཡིན་ནོ། །སྲས་པོ་འོད་མཐའ་གང་པོ་རིམ་གྲོ་པ། །གཏི་མུག་རྣམ་པར་སེལ་བ་མཁས་ པ་སྟེ༑ ༑ཉོན་མོངས་སྤོང་ཞེས་བྱ་བ་རྫུ་འཕྲུལ་ཅན། །ཤེས་ལྡན་སྲིད་ལས་རྒྱལ་བ་དགྲ་བཅོམ་པ། །འདུས་པ་དང་བོར་བྱེ་བ་དྲུག་ཅུ་ཡོད། །གཉིས་པར་བདུན་ཅུ་སུམ་པར་ བརྒྱད་ཅུ་ཡོད། །སྐུ་ཚེའི་ཚད་ནི་ལོ་གྲངས་བྱེ་བ་ཡིན། །མཚུངས་པ་མེད་པ་མྱ་ངན་འདས་ནས་ཀྱང། །དམ་ཆོས་ལོ་གྲངས་བྱེ་བ་སུམ་དུ་ནས། །དེ་ཡི་མཆོད་རྟེན་དག་ ཀྱང་གཅི་འབྱུང་ལ། །དཔག་ཚད་ཕྱེད་དང་སུམ་ཁྱོན་རིན་ཆེན་ཁེབས། །དེ་བཞིན་གཤེགས་པ་རིན་ཆེན་ཏོག་དག་གི་སྐྱེ་བའི་ཡུལ་ནི་དགའ་བ་ཞེས་ཀྱང་བྱ། །རིགས་ [216B] །ཉི་ཤུ་ཉིས་ཡོད་ཡབ་ནི་རྣམ་པར་གནོན། །ཐམས་ཅད་དགའ་ཞེས་བྱ་བ་ཡུམ་ཡིན་ནོ། །སྲས་པོ་བཟང་གྲགས་དྲི་མེ་རིམ་གྲོ་བ། །ནམ་ མཁའི་བློ་ཞེས་བྱ་བ་ཁས་པ་སྟེ། །རི་བོའི་འོད་ཅེས་བྱ་བ་རྫུ་འཕྲུལ་ཅན་དགྲ་བཅོམ་དུས་པ་བྱེ་བ་དགུ་བཅུ་བཞི། །འདུས་པ་ཉིས་པར་བྱེ་བ་དགུ་བཅུ་སུམ། །འདུས་པ་སུམ་ པར་བྱེ་བ་དགུ་བཅུ་ཉིས། །དེ་ཡི་སྐུ་ཚེ་ལོ་གྲངས་དགྲ་ཁྲི་ཡིན་།སྲིད་སུམ་མཆོད་པ་མྱ་ངན་འདས་ནས་ཀྱང། །དམ་པའི་ཆོས་ནི་ལོ་གྲངས་བྱེ་བ་ནས། །སྐུ་གདུང་དག་ ཀྱང་ལེགས་པར་རྒྱས་གྱུར་ལ། །མཆོད་རྟེན་བྱེ་བ་དགུ་བཅུ་རྩ་ཉིས་འབྱུང། །མགོན་པོ་ཐེ་ཚོམ་རྣམ་པར་སྤངས་བ་ཡི། །སྐྱེ་བའི་ཡུལ་ནི་བཀྲ་ཤིས་ཅན་ཞེས་བྱ། །རྒྱལ་བའི་ རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་དགུ་ཡོད་ཡབ་ནི་མྱ་ངན་མེད། །བློ་གྲོས་བཟང་མོ་ཞེས་བྱ་ཡུམ་ཡིན་ནོ། །སྲས་པོ་རྙོག་མེད་ཤེས་རབ་རིམ་གྲོ་པ། །ངེས་པའི་ཤུགས་ ཞེས་བྱ་བ་མཁས་པ་སྟེ། །རྫུ་འཕྲུལ་དགའ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་བྱ་བ་ཕྲག་དགུ་ཡོད། །གཉིས་པར་བྱེ་བརྒྱད་གསུམ་པར་བྱེ་བ་བདུན། །དེ་ཡི་ཚེ་ན་རྒྱལ་ པའི་སྐུ་ཚེའི་ཚད། །ལོ་གྲངས་སུམ་བརྒྱ་དག་ཏུ་འགྱུར་བ་ཡིན་།རྒྱལ་པའི་འགོག་པར་ཕྱིན་པའི་དམ་ཆོས་དག་ལོ་གྲངས་ཉིས་སྟོང་བར་དུ་གནས་པར་འགྱུར། །དེ་ཡི་མཆོད་རྟེན་ [217A]༄༅། །གཅིག་སྟེ་རིན་པོ་ཆེ། །བདུན་བར་གྲུབ་པའི་ཕང་དུ་དཔག་ཚད་གཅིག་བདེ་བར་གཤེགས་པ་འཇིག་རྟེན་འདེས་པ་ཡི། །སྐྱེ་བའི་ཡུལ་ནི་རྟག་ ཏུ་དགའ་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་དཔག་ཚད་།དྲུག་ཡོད་ཡབ་ནི་སྲིད་པའི་ཟླ་བ་ཡིན། །ཚངས་འོད་ཅེས་བྱ་ཡུམ་ཡིན་སྲས་པོ་ནི། །ཚངས་བཟངས་གཙུག་ བུད་འཕྱང་བ་རིམ་གྲོ་པ། །ཉི་མའི་འོད་ཅེས་བྱ་བ་མཁས་པ་སྟེ་།ཕྲག་མེད་ཅེས་ནི་བྱ་བ་རྫུ་འཕྲུལ་ཅན། །དགྲ་བཅོམ་བྱེ་བ་ཕྲག་ནི་བཅུ་བཞི་སྟེ། །འདུས་པ་གཉིས་པར་བློ་ལྡན་ སུམ་ཅུ་ཡོད། །དེ་ཚེ་གསུམ་པར་བྱེ་བ་ཉི་ཤུ་ཡོད། །སྐུ་ཚེའི་ཚད་ནི་ལོ་གྲངས་བྱེ་བ་ཡིན། །འཇིག་རྟེན་འོད་མཛད་མྱ་ངན་འདས་ནས་ཀྱང། །དམ་ཆོས་ལོ་གྲངས་བྱེ་བ་གསུམ་ དུ་གནས། །མྱ་ངན་འདས་པའི་མཆོད་རྟེན་རིན་ཆེན་སྤྲས། །གྲངས་ནི་བྱེ་བ་བརྒྱད་ཅུ་ཚང་བར་འབྱུང། །སངས་རྒྱས་དོན་ཡོད་རྣམ་པར་གནོན་པ་ཡི། །སྐྱེ་བའི་ཡུལ་ནི་སྤྲིན་ དང་ལྡན་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་དཔག་ཚད་།བདུན་ཡོད་ཡབ་ནི་དྲང་སྲོང་དབང་པོ་ཡིན། །ཚངས་པའི་དབྱངས་ཤེས་བྱ་བ་ཡུམ་ཡིན་ནོ། །སྲས་པོ་ བདེ་འོད་བརྟན་པ་རིམ་གྲོ་པ། །ཡུལ་འཁོར་ཡེ་ཤེས་ཞེས་བྱ་མཁས་པ་སྟེ། །ཡིད་དུ་འོང་བའི་ང་རོ་རྫུ་འཕྲུལ་ཅན། །དགྲ་བཅོམ་ང་མེད་བྱེ་བ་དགུ་བཅུ་དགུ། །གཉིས་པ་ [217B] །གསུམ་པ་དག་ཏུ་དགུ་བཅུ་རྩ་དྲུག་ཡོད། །དེའི་ཚེ་ལོ་ནི་དགུ་ཁྲི་ལྔ་སྟོང་ཡིན། །བདེ་བར་གཤེགས་པ་མྱ་ངན་འདས་ནས་ཀྱང། །དམ་པའི་ཆོས་ ནི་ལོ་གྲངས་བྱེ་བར་གནས། །དེ་ཡི་སྐུ་གདུང་དག་ཀྱང་རྒྱས་འགྱུར་ལ། །མཆོད་རྟེན་བྱེ་བ་བརྒྱ་ཕྲག་སུམ་ཅུ་གཉིས། །བདེ་བར་གཤེགས་པ་རྟོགས་པ་མཛད་པ་ཡི། །སྐྱ་བའི་ཡུལ་ནི་ དགའ་བའི་སྤྲིན་ཞེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་སུམ་བཅུ་ཡབ་ནི་དབང་ཆེན་ཡིན། །རིན་ཆེན་དགའ་བ་ཡུམ་ཡིན་སྲས་པོ་ནི། །སྐྱེ་བོ་དགའ་བ་ཐུབ་ པ་རིམ་གྲོ་པ། །ཆོས་ཀྱི་སྟོབས་ཤེས་བྱ་བ་མཁས་པ་སྟེ། །མཁས་པ་ཤེས་རབ་ལྡན་པ་རྫུ་འཕྲུལ་ཅན། །ཡིད་གཉིས་སྤོང་བར་བྱེད་པ་དགྲ་བཅོམ་པ། །འདུས་པ་དང་པོར་བྱེ་བ་བརྒྱ་ ཕྲག་དགུ་གཉིས་པར་བརྒྱད་ཡོད་གསུམ་པར་བདུན་ཡང་ཡོད། །སྐུ་ཚེ་ལོ་གྲངས་སྟོང་ཕྲག་བརྒྱད་བཅུ་ཡིན། །བདེ་བར་གཤེགས་པ་ཟད་མཐར་ཕྱིན་པ་ཡི། །དམ་ཆོས་ལོ་གྲངས་ བྱེ་བ་གཉིས་སུ་གནས། །སྐུ་གདུང་རིལ་གཅིག་མཆོད་རྟེན་གཅིག་འབྱུང་ལ། །དཔག་ཚད་གསུམ་ཁྱོན་གསེར་གྱི་རྒྱལ་མཚན་བརྒྱན། །འཕགས་པ་བསྐལ་པ་ བཟངས་པོ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། །བམ་པོ་བཅུ་གཉིས་པ། །བདེ་བར་གཤེགས་པ་མེ་ཏོག་རྒྱལ་མཚན་གྱི། །སྐྱེ་བའི་ཡུལ་ནི་མཆོག་མ་ཞེས་ཀྱང་བྱ། །རྒྱལ་བའི་རིགས་ [218A]༄༅། །ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་ལྔ་ཡོད་ཡབ་ནི་ངོ་ཚ་ཤེས། །ཛམྦུའི་ཆུ་བོ་ཞེས་བྱ་ཡུམ་ཡིན་ནོ། །སྲས་པོ་བརྟན་ལྡན་དགའ་བ་རིམ་གྲོ་ པ༑ ༑འཇིག་རྟེན་འོད་ཅེས་བྱ་བ་མཁས་པ་སྟེ། །ཡེ་ཤེས་ལྡན་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་བྱེ་བ་བདུན་བཅུ་ཡོད་།གཉིས་པ་དག་ཏུ་སེམས་གྲོལ་བརྒྱད་ཅུ་ ཡོད༑ ༑འདུས་པ་གསུམ་པར་བྱེ་བ་དགུ་བཅུ་ཡོད། །སྐུ་ཚེ་ལོ་གྲངས་སྟོང་ཕྲག་དགུ་བཅུ་དགུ། །མྱ་ངན་འདས་ནས་དམ་པའི་ཆོས་དག་ཀྱང། །ལོ་གྲངས་བྱེ་བ་ཕྲག་བཅུའི་ བར་དུ་གནས། །དེ་ཡི་མཆོད་རྟེན་བཟང་པོ་སྐུ་གདུངས་བཅས། །བྱེ་བ་ཕྲག་ནི་སུམ་བཅུ་རྩ་གཉིས་འབྱུང། །དེ་བཞིན་གཤེགས་པ་རི་དབང་རྒྱལ་པོ་ཡི། །སྐྱེ་བའི་ཡུལ་ནི་དགའ་ བས་མཐོང་ཞེས་བྱ། །དེ་ཡི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད་།དཔག་ཚད་བཅུ་དྲུག་ཡབ་ནི་བརྟུལ་ཞུགས་བཟང། །སྦྱིན་ལ་དགའ་ཞེས་བྱ་བ་ཡུམ་ཡིན་ནོ། །སྲས་པོ་ ཙམ་ཀ་འོད་དཔང་རིམ་གྲོ་པ། །ཤེས་རབ་སྒྲ་སྐད་ཅེས་བྱ་མཁས་པ་སྟེ། །ཟླ་སྡུག་ཅེས་ནི་བྱ་བ་རྫུ་འཕྲུལ་ཅན། །དགྲ་བཅོམ་དག་ནི་སྟོང་ཕྲག་བརྒྱད་ཅུ་སྟེ། །གཉིས་ པར་བདུན་ཅུ་གསུམ་པར་དྲུག་ཅུ་ཡོད། །མི་དེ་དག་གི་ཚེ་ཡི་ཚད་དག་ནི། །ལོ་ཡི་གྲངས་དག་བྱེ་བ་ཚད་པར་འགྱུར། །བདེ་བར་གཤེགས་པ་མྱ་ངན་འདས་ནས་ [218B] །དམ་པའི་ཆོས་ནི་ལོ་གྲངས་བྱེ་བར་གནས། །དེ་ཡི་མཆོད་རྟེན་གཅིག་འབྱུང་འཕང་དག་ཏུ། །དཔག་ཚད་གཅིག་ཡོད་རིན་པོ་ཆེ་ཡིས་སྦྲས། །དེ་བཞིན་གཤེགས་པ་གཟི་ བརྗིད་ཆེན་པོ་ཡི། །སྐྱེ་བའི་ཡུལ་ནི་རྟག་ཏུ་མཐོང་ཞེས་བྱ་།རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་གཉིས་ཡོད་ཡབ་ནི་མུ་སྟེགས་བཟང། །འབྲུག་སྒྲ་ཞེས་ནི་བྱ་བ་ ཡུམ་ཡིན་ནོ། །སྲས་པོ་འཇམ་དགའ་འོད་ལྡན་རིམ་གྲོ་བ། །སྐར་མདའ་འཕགས་ཤེས་བྱ་བ་མཁས་པ་སྟེ། །དབའ་བར་གྲགས་ཞེས་བྱ་བ་རྫུ་འཕྲུལ་ཅན། །དགྲ་བཅོམ་ང་མེད་སྟོང་ ཕྲག་སུམ་ཅུ་གཉིས། །གཉིས་པ་དག་ཏུ་སྟོང་ཕྲག་སུམ་ཅུ་གཅིག་།འདུས་པ་གསུམ་པར་སྟོང་ཕྲག་སུམ་ཅུ་ཡོད། །དེ་ཚེ་སྐུ་ཚེའི་ལོ་གྲངས་དྲུག་ཁྲི་ཡིན། །རྒྱལ་བ་མྱ་ངན་འདས་ ནས་དམ་ཆོས་དག་ལོ་གྲངས་སྟོང་ཕྲག་བརྒྱད་ཅུ་ཚད་པར་གནས་།དེ་ཡི་སྐུ་གདུང་དག་ཀྱང་རྒྱས་འགྱུར་ལ། །མཆོད་རྟེན་བྱེ་བ་སྟོང་ཕྲག་བདུན་ཅུ་དྲུག་དེ་བཞིན་གཤེགས་ པ་དོན་མཛད་གཟིགས་པ་ཡི། །སྐྱེ་བའི་ཡུལ་ནི་ཨུཏྤལ་འདབ་ཅེས་བྱ་།རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །དུང་ཕྱུར་བརྒྱད་ཡོད་ཡབ་ནི་འཇིགས་མེད་ཡིན། །དཔལ་གྱི་ གཟི་བརྗིད་ཅེས་བྱ་ཡུམ་ཡིན་ནོ། །སྲས་བོ་རྣམ་སྒྲོགས་ཆོས་ལྡན་རིམ་གྲོ་པ། །འོད་བཟང་ཤེས་ནི་བྱ་བ་མཁས་པ་སྟེ། །བློ་གྲོས་མཆོག་ཅེས་བྱ་བ་རྫུ་འཕྲུལ་ཅན། །དགྲ་བཅོམ་བྱེ་བ་བཞི་ [219A]༄༅། །བཅུ་རྩ་གསུམ་སྟེ། །འདུས་པ་གཉིས་པར་བྱེ་བ་བཞི་བཅུ་གཉིས། །འདུས་པ་གསུམ་པར་བྱེ་བ་བཞི་བཅུ་གཅིག་སྐུ་ཚེ་ལོ་གྲངས་སྟོང་ཕྲག་ བཞི་བཅུ་དྲུག་ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་སྟོང་ཕྲག་བརྒྱད་བཅུ་དྲུག་ཏུ་གནས། །སྐུ་གདུང་རིལ་གཅིག་མཆོད་རྟེན་གཅིག་འབྱུང་ལ། ། གདུགས་གྲངས་སྟོང་ཕྲག་བརྒྱད་ཅུ་དག་གིས་ཁེབས། །དེ་བཞིན་གཤེགས་པ་གྲགས་པ་མཐའ་ཡས་ཀྱི། །སྐྱེ་བའི་ཡུལ་ནི་པདྨ་ངེས་ཞེས་བྱ། །རྒྱལ་བ་རྒྱལ་རིགས་ ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་དགུ་ཡོད་ཡབ་ནི་སྒྱུ་མེད་ཡིན། །བདེ་བར་སེམས་ཤེས་བྱ་བ་ཡུམ་ཡིན་ནོ། །སྲས་པོ་གྲགས་དགའ་ཀླུ་ནི་རིམ་གྲོ་པ། །གདོན་མི་ཟ་ བའི་བློ་ནི་མཁས་པ་སྟེ། །དགའ་བའི་ང་རོ་ཞེས་བྱ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་དགྲ་བཅོམ་བྱེ་བ་ཕྲག་བདུན་ཅུ་གཉིས་པར་བྱ་བ་དྲུག་ཅུ་ཡོད། །གསུམ་པ་དག་ ཏུ་བྱེ་བ་ལྔ་བཅུ་ཡོད། །སྐུ་ཚེའི་ཚད་ནི་ལོ་གྲངས་དྲུག་འབུམ་ཡིན། །བདེ་བར་གཤེགས་པ་ཟད་མཐར་ཕྱིན་ནས་ཀྱང། །དམ་ཆོས་ལོ་གྲངས་བྱེ་བ་གསུམ་དུ་གནས། །སྐུ་ གདུང་རྒྱས་པའི་མཆོད་རྟེན་དུང་ཕྱུར་བདུན། །གདུགས་དང་རྒྱལ་མཚན་བ་དན་དག་གིས་བརྒྱན། །དེ་བཞིན་གཤེགས་པ་རིན་ཆེན་ལྟ་དག་གི་སྐྱེ་བའི་ཡུལ་ནི་ཨུཏྤལ་ [219B] །རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད་།དཔག་ཚད་གཉིས་ཡོད་ཡབ་ནི་དཔའ་བོ་ཡིན། །སྭ་ལའི་འོད་ཅེས་བྱ་བ་ཡུམ་ཡིན་ནོ། །སྲས་པོ་བཟང་དགའ་རྒྱལ་ བ་རིམ་གྲོ་པ། སྐར་འོད་ཅེས་མཁས་པ་སྟེ། །གསེར་གྱི་འོད་ཅེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་བྱེ་བ་བརྒྱ་བཅུ་ཡོད་།གཉིས་པར་ལྔ་བཅུ་གསུམ་པར་སུམ་ ཅུ་ཡོད། །དེ་ན་མི་རྣམས་དག་གི་ཚེ་ཡི་ཚད། །ལོ་གྲངས་སྟོང་ཕྲག་ཉི་ཤུ་རྩ་གཉིས་ཡིན། །དེ་ཚེ་འགོག་པར་ཕྱིན་པའི་དམ་ཆོས་དག་ལོ་གྲངས་སྟོ་ཕྲག་དགུ་བཅུའི་ བར་དུ་གནས། །མཆོད་རྟེན་དཔག་ཚད་གཉིས་ཀྱི་ཁྱོན་ཙམ་ལ་།གདུགས་གྲངས་བྱེ་བ་ཕྲག་ནི་བརྒྱ་ཡིས་བསྐོར། །དེ་བཞིན་གཤེགས་པ་དོན་གནས་མཁྱེན་པ་ཡི། ། སྐྱེ་བའི་ཡུལ་ནི་བརྒྱན་པ་ཞེས་ཀྱང་བྱ། །དེའི་རིགས་རྒྱལ་རིགས་ཡིན་ཏེ་འོད་ཀྱིང་ཚད། །དཔག་ཚད་བཅུ་གཉིས་ཡབ་ནི་དོན་གནས་ཡིན་།ཟླ་ལྡན་མ་ཞེས་བྱ་བ་ཡུམ་ཡིན་ ནོ༑ ༑སྲས་པོ་ཟླ་སྡུག་དགའ་བ་རིམ་གྲོ་བ། །དཔལ་རྒྱལ་ཞེས་ནི་བྱ་བ་མཁས་པ་སྟེ། །བརྟུལ་ཞུགས་སྙིང་པོ་ཞེས་བྱ་རྫུ་འཕྲུལ་ཅན་།དགྲ་བཅོམ་བྱེ་བ་ཉི་ཤུ་རྩ་གཉིས་ཏེ། ། འདུས་པ་གཉིས་པར་ཉི་ཤུ་རྩ་ཡང་གཅིག་འདུས་པ་གསུམ་པར་ཉི་ཤུ་ཐམ་པ་ཡོད། །མི་ཡི་ཚེ་ཚད་ལོ་གྲངས་བྱེ་བ་ཡིན། །རྡུལ་དང་བྲལ་བའི་དམ་པའི་ཆོས་དག་ཀྱང། ། [220A]༄༅། །ལོ་གྲངས་སྟོང་ཕྲག་དགུ་བཅུ་རྩ་དགུར་གནས། །དེའི་མཆོད་རྟེན་དཔག་ཚད་བཞི་པ་ལ། །གདུགས་གྲངས་བྱེ་བ་དག་གིས་ལེགས་པར་ བརྒྱན༑ ༑དེ་བཞིན་གཤེགས་པ་བློ་ནི་རྫོགས་པ་ཡི། །སྐྱེ་བའི་ཡུལ་ནི་བསོད་ནམས་འོད་ཅེས་བྱ། །དེའི་རིགས་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་དྲུག་ཡོད་ ཡབ་ནི་བློ་བཟངས་ཡིན། །པདྨ་ཅན་ཞེས་བྱ་བ་ཡུམ་ཡིན་ནོ། །སྲས་པོ་སྙན་དགའ་དོ་ཤལ་རིམ་གྲོ་པ། །བསོད་ནམས་ཡང་དག་འཕགས་པ་མཁས་པ་སྟེ། །ཟླ་བའི་སྟོབས་ ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་བྱེ་བ་བརྒྱད་བཅུ་ཡོད། །འདུས་པ་གཉིས་པར་འཇིགས་བྲལ་བདུན་བཅུ་ཡོད། །འདུས་པ་གསུམ་པར་བྱེ་བ་ཕྲག་སྟོང་ཡོད། །སྐུ་ ཚེ་ལོ་གྲངས་སྟོང་ཕྲག་བདུན་བཅུ་དྲུག་འཇིག་རྟེན་མཁྱེན་པའི་དམ་པའི་ཆོས་དག་ཀྱང། །ལོ་གྲངས་བྱེ་བ་ཉི་ཤུ་གསུམ་དུ་གནས་།རྡུལ་བྲལ་མཆོད་རྟེན་བྱེ་བརྒྱ་དྲུག་ ཅུ་བཞི༑ ༑ཐམས་ཅད་རྒྱང་གྲགས་གསུམ་གྱི་ཚད་ཙམ་ཡིན། །དེ་བཞིན་གཤེགས་པ་མྱ་ངན་མེད་པ་ཡི། །སྐྱེ་བའི་ཡུལ་ནི་མདངས་འཕགས་ཞེས་ཀྱང་བྱ། །རིགས་ནི་ བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བཅུ་བཞི་ཡབ་ནི་ཟླ་རི་ཡིན། །ལེགས་སེམས་མ་ནི་ཡུམ་ཡིན་སྲས་པོ་ནི། །ཡིད་འོད་སྡུག་པ་ཡོན་ཏན་རིམ་གྲོ་བ། །ཆོས་མཐོང་ [220B] །སེངྒེའི་སྟོབས་ཤེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་སྟོང་ཕྲག་སུམ་ཅུ་ཡོད། །འདུས་པ་གཉིས་པར་ཉི་ཤུ་རྩ་བརྒྱད་ཡོད། །སྐུ་ཚེའི་ཚད་ ནི་ལོ་གྲངས་སྟོང་ཡང་ཡིན། བདེ་བར་གཤེགས་པ་མྱ་ངན་འདས་ནས་ཀྱང། །དམ་ཆོས་ལོ་གྲངས་དགུ་ཁྲིའི་བར་དུ་གནས། །དཔག་ཚད་གཅིག་པའི་མཆོད་རྟེན་ ཐ་དད་པ། །རིན་ཆེན་མཆོག་མ་སྣ་བདུན་རང་བཞིན་ཡིན། །དེ་བཞིན་གཤེགས་པ་དྲི་མ་བྲལ་བ་ཡི། །སྐྱེ་བའི་ཡུལ་ནི་རིན་ཆེན་བརྒྱན་ཅེས་བྱ། །དེའི་རིགས་བྲམ་ཟེ་ཡིན་ ཏེ་འོད་ཀྱི་ཚད། །དཔག་ཚད་གསུམ་ཡོད་ཡབ་ནི་ལྟ་ལེགས་ཡིན། །རབ་ཏུ་ཞི་ལྡན་ཡུམ་ཡིན་སྲས་པོ་ནི། །ཟླ་སྡུག་ཡོན་ཏན་ཅན་ནི་རིམ་གྲོ་བ་།གླང་པོ་བསྒྱིངས་ཞེས་ བྱ་བ་མཁས་པ་སྟེ། །བདེན་པར་སྨྲ་མས་བྱེ་བ་རྫུ་འཕྲུལ་ཅན་།དགྲ་བཅོམ་བྱེ་བ་བརྒྱ་ཕྲག་ལྔ་ཡོད་དེ། །གཉིས་པར་བྱེ་བ་བརྒྱ་ཕྲག་གཉིས་ཀྱང་ཡོད། །གསུམ་པ་དག་ ཏུ་བྱེ་བ་བརྒྱ་ཕྲག་གསུམ། །སྐུ་ཚེའི་ལོ་གྲངས་བརྒྱད་ཁྲི་བཞི་སྟོང་ཡིན། །རྐང་གཉིས་མཆོག་མ་མྱ་ངན་འདས་ནས་ཀྱང། །དམ་ཆོས་ལོ་གྲངས་བྱེ་བ་སྟོང་དུ་ནས། །མཆོད་ རྟེན་གཅི་སྟེ་འཕང་དུ་དཔག་ཚད་གཅིག་གདུགས་མཆོག་སྟོང་ཕྲག་བཅུ་ཡིས་ཁྱབ་པར་འགྱུར། །དེ་བཞིན་གཤེགས་པ་ཚངས་ལྷ་སྐྱེ་བའི་ཡུལ། །བསོད་ནམས་དག་ [221A]༄༅། །གིས་རྣམ་པར་བརྒྱན་ཅེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །ཀུན་དུ་སུམ་བཅུ་ཡབ་ནི་ལེགས་ཡིད་གཞུངས། །ཡུམ་ནི་མེ་ཏོག་ འོད་ཡིན་སྲས་པོ་ནི། །ཡོན་ཏན་བསྩགས་པ་འཛམ་པ་རིམ་གྲོ་པ། །རྟ་དབང་ལྷ་ཞེས་བྱ་བ་མཁས་པ་སྟེ། །སྒྲ་གནས་འཛིན་ཅེས་བྱ་བརྫུ་འཕྲུལ་ཅན། །ཡང་སྲིད་ཟད་པ་དགྲ་ ནི་བཅོམ་པ་དག་འདུས་པ་དང་པོར་འབུམ་ཕྲག་ལྔ་ཡོད་དོ། །གཉིས་པར་དྲུག་ཅུ་གསུམ་པར་བདུན་ཅུ་བདུན། །སྐུ་ཚེའི་ཚད་ནི་ལོ་གྲངས་སྟོང་ཡིན་ནོ། །རྒྱལ་བ་དམ་པ་ མྱ་ངན་འདས་ནས་ཀྱང། །དམ་ཆོས་ལོ་གྲངས་སུམ་སྟོང་བར་དུ་གནས། །དེ་ཡི་སྐུ་གདུངས་རིལ་པོ་གཅིག་ཡིན་ལ། །མཆོད་རྟེན་འཕང་དུ་དཔག་ཚད་གསུམ་ཙམ་འཕགས། ། དེ་བཞིན་གཤེགས་པ་སའི་དབང་ཕྱུག་གི་སྐྱེ་བའི་ཡུལ་ནི་གཟི་དང་ལྡན་ཞེས་བྱ། །རྒྱལ་བའི་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་དྲུག་ཅུ་ཡབ་ནི་གཟུགས་ བཟང་ཡིན། །ཆོས་ཀྱི་འོད་ཅེས་བྱ་བ་ཡུམ་ཡིན་ནོ། །སྲས་པོ་བདེ་དགའ་དགེ་བ་རིམ་གྲོ་བ། །གཏི་མུག་སེལ་ཞེས་བྱ་བ་མཁས་པ་སྟེ། །དགའ་རྒྱལ་ཞེས་ནི་བྱ་བ་རྫུ་ འཕྲུལ་ཅན། །དགྲ་བཅོམ་སྟོང་ཕྲག་དྲུག་བཅུ་རྩ་བཞི་སྟེ། །འདུས་པ་གཉིས་པར་དྲུག་བཅུ་རྩ་ཡང་ལྔ། །འདུས་པ་གསུམ་པར་སྟོང་ཕྲག་དྲུག་བཅུ་ཡོད། །སྐུ་ཚེའི་ཚད་ནི་ལོ་གྲངས་ [221B] །མཚུངས་པ་མེད་པར་བདེ་བར་གཤེགས་པའི་ཆོས་།ལོ་གྲངས་བྱེ་བ་ཕྲག་ནི་གསུམ་དུ་གནས། །དེ་ཡི་སྐུ་གདུང་དག་ཀྱང་རྒྱས་འགྱུར་ལ། །མཆོད་རྟེན་བྱེ་བ་བརྒྱ་ ཕྲག་དྲུག་ཅུ་གཉིས། །དེ་བཞིན་གཤེགས་པ་མེ་ཏོག་སྤྱན་དག་གི་།སྐྱེ་བའི་ཡུལ་ནི་སེམས་དང་འབྲེལ་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །དྲུག་བཅུ་རྩ་ གཉིས་ཡབ་ནི་སྐྱེ་དབང་ཡིན། །བློ་གྲོས་སེམས་མ་ཞེས་བྱ་ཡུམ་ཡིན་ནོ། །སྲས་པོ་བདེ་འགྲོ་མི་ནི་རིམ་གྲོ་བ། །མྱ་ངན་སེལ་ཞེས་བྱ་བ་མཁས་པ་སྟེ། །འགྲོ་བ་འཛིན་ཞེས་བྱ་ བ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་སྟོང་ཕྲག་དྲུག་བཅུ་ཡོད་།གཉིས་པར་བདུན་བཅུ་གསུམ་པར་བརྒྱད་ཅུ་ཡོད། །དེ་ཚེ་རྒྱལ་བ་དེ་ཡི་སྐུ་ཚེའི་ཚད། །ལོ་གྲངས་སྟོང་ཕྲག་དགུ་ བཅུ་དག་ཀྱང་ཡིན། །མྱ་ངན་འདས་པ་དེའི་དམ་ཆོས་དག་ལོ་གྲངས་བྱེ་བ་ཕྲག་ནི་གཉིས་སུ་གནས། །མཆོད་རྟེན་བྱེ་བ་ཕྲག་ནི་བཅུ་ཡོད་ལ། །གསེར་གྱིས་བརྒྱན་ཅིང་ རིན་པོ་ཆེ་ཡིས་སྤྲས། །དེ་བཞིན་གཤེགས་པ་རྣམ་པར་འབྱེས་པའི་སྐུ། །སྐྱེ་བའི་ཡུལ་ནི་རིན་ཆེན་སྣ་ཚོགས་ཡིན། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་ ཕྱེད་ཡོད་ཡབ་ནི་གྲགས་དབང་པོ། །རྣམ་པར་སྣང་མཛད་ཅེས་བྱ་ཡུམ་ཡིན་ནོ། །སྲས་པོ་རབ་འཕགས་མུ་སྟེགས་རིམ་གྲོ་པ། །ཕལ་ཆེན་སྦྱིན་པོ་བདེན་སྨ་མཁས་པ་སྟི། ། [222A]༄༅། །སེངྒེའི་ང་རོ་ཞེས་བྱ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་དྲང་སྲོང་དགྲ་བཅོམ་པ། །བྱེ་བ་སྟོང་ཕྲག་དག་ནི་བཅུ་ཡོད་དོ། །གཉིས་པར་བརྒྱད་ ཡོད་གསུམ་པར་བདུན་ཡོད་དོ། །སྐུ་ཚེའི་ཚད་ནི་ལོ་གྲངས་བྱེ་བ་ཡོན། །སངས་རྒྱས་ཡོངས་སུ་མྱ་ངན་འདས་ནས་ཀྱང། །དམ་ཆོས་ལོ་གྲངས་བྱེ་བ་ཕྲག་ལྔར་གནས། ། མྱ་ངན་འདས་པའི་སྐུ་གདུང་རིལ་པོ་གཅིག་མཆོད་རྟེན་དཔག་ཚད་བདུན་པ་གཅིག་ཅི་ཡོད། །བདེ་བར་གཤེགས་པ་ཆོས་བྱི་འོད་དག་གི་སྐྱེ་བའི་ཡུལ་ནི་ མདངས་མཐོང་ཞེས་ཀྱང་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་ལྔ་ཡོད་ཡབ་ནི་ཁྱད་པར་འཕགས། །རིན་ཆེན་ཆེན་མོ་ཡུམ་ཡིན་སྲས་པོ་ནི། །རབ་ འཕགས་ངོ་ཚ་ཤེས་པར་རི་མ་གྲོ་པ། །སེངྒེ་རྣམ་པར་སྒྲོགས་པ་མཁས་པ་སྟེ། །འཇམ་པའི་འོད་ཅེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་བྱེ་བ་དགུ་བཅུ་ཡོད། །གཉིས་ པར་བརྒྱད་ཅུ་གསུམ་པར་དྲུག་ཅུ་ཡོད། །དེ་ན་མི་རྣམས་དག་གི་ཚེ་ཡི་ཚད། །ལོ་ཡི་གྲངས་ནི་བདུན་ཁྲི་བཞི་སྟོང་ཡིན། །དངོས་པོ་མེད་པར་ཕྱིན་པའི་དམ་ཆོས་དག་ལོ་ གྲངས་བྱེ་བ་ཕྲག་ན་ཉི་ཤུར་གནས། །རྒྱལ་པའི་མཆོད་རྟེན་སྐུ་གདུང་བཅས་པའི་གྲངས། །བྱེ་བ་སྟོང་ཕྲག་དགུ་བཅུ་རྩ་བཞི་འབྱུང། །དེ་བཞིན་གཤེགས་པ་ཀུན་ནི་ [222B] །སྐྱེ་བའི་ཡུལ་ནི་འཇིག་རྟེན་ལྟ་ཞེས་བྱ་།རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་གསུམ་ཡོད་ཡབ་ནི་ལག་བཟངས་ཡིན། །སེངྒེའི་བློ་གྲོས་ཡུམ་ཡིན་ སྲས་པ་ནི། །ཡོན་ཏན་འོད་ཡིན་མྱ་ངན་རིམ་གྲོ་པ། །མྱ་ངན་སེལ་ཞེས་བྱ་བ་མཁས་པ་སྟེ། །གྲགས་ཆེན་ཞེས་ནི་བྱ་བ་རྫུ་འཕྲུལ་ཅན། །དགྲ་བཅོམ་བྱེ་བ་བདུན་ཅུ་རྩ་བཞི་སྟེ། ། འདུས་པ་གཉིས་པར་བདུན་ཅུ་རྩ་ལྔ་ཡོད་འདུས་པ་གསུམ་པར་བདུན་བཅུ་རྩ་ཡང་དྲུག་སྐུ་ཚེ་ལོ་གྲངས་བྱེ་བ་བདུན་ཅུ་ཡིན། །རྡུལ་དང་བྲལ་བཟད་མཐར་མཛད་པ་ཡི། །དམ་ ཆོས་ལོ་གྲངས་བྱེ་བ་ཕྲག་དགུར་གནས། །མཆོད་རྟེན་བྱེ་བ་བརྒྱ་ཕྲག་གསུམ་ཡོད་དེ། །གསེར་གྱིས་བརྒྱན་ཅིང་རིན་པོ་ཆེ་ཡིས་སྦྲས་།བདེ་བར་གཤེགས་པ་ཡོན་ཏན་ འོད་གསལ་གྱི། །སྐྱེ་བའི་ཡུལ་ནི་བྱང་ཆུབ་མཐོང་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །ཀུན་དུ་བྱེ་བ་ཡབ་ནི་དགྲ་ཐུལ་ཡིན། །བརྟུལ་ཞུགས་དྲག་ལྡན་ཞེས་ བྱ་ཡུམ་ཡིན་ནོ། །སྲས་པོ་བདེ་དགའ་དགའ་བོ་རིམ་གྲོ་པ། །ལྟ་སེམས་ཞེས་ནི་བྱ་བ་མཁས་པ་སྟེ། །འོད་པོ་ཆེ་ཞེས་བྱ་བ་རྫུ་འཕྲུལ་ཅན། །དགྲ་བཅོམ་བྱེ་བ་བརྒྱ་ཕྲག་གཅིག་ ཚང་སྟེ༑ ༑གཉིས་པར་དགུ་བཅུ་རྩ་གསུམ་པར་ཡང། །བརྒྱད་ཅུ་ཡོད་དེ་དེ་ཚེ་སྐུ་ཚེའི་ཚད། །འཇིག་རྟེན་དག་ན་དེ་ཚེ་ལོ་སྟོང་ཡིན་།ཟད་མཐར་ཕྱིན་པའི་དམ་པའི་ [223A]༄༅། །ཆོས་དག་ཀྱང། །ལོ་གྲངས་དགུ་ཁྲི་དྲུག་སྟོང་བར་དུ་གནས། །མཆོད་རྟེན་ཁྱད་པར་འཕགས་པ་དུང་ཕྱུར་ལྔ། །ནོར་བུ་རིན་ཆེན་མཆོག་ མ་དག་གིས་སྲས། །དེ་བཞིན་གཤེགས་པ་ཟླ་བའི་ཞལ་དག་གི་སྐྱེ་བའི་ཡུལ་ནི་བསོད་ནམས་ཚོགས་ཤེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། ། བྱེ་བ་གསུམ་ཡོད་ཡབ་ནི་རྒྱ་མཚོ་ཡིན། །མེ་ཏོག་ལྡན་ཞེས་བྱ་བ་ཡུམ་ཡིན་ནོ། །སྲས་པོ་ཚོགས་དགའ་ནི་ཁུམ་རིམ་གྲོ་བ། །སེངྒེས་བལྟས་ཞེས་བྱ་བ་མཁས་པ་སྟེ། ། ཤིན་ཏུ་དགའ་ཤེས་བྱ་བ་རྫུ་འཕྲུལ་ཅན། །དགྲ་བཅོམ་བྱེ་བ་སྟོང་ཕྲག་བརྒྱད་ཅུ་སྟེ། །གཉིས་པར་བདུན་ཅུ་གསུམ་པར་སུམ་ཅུ་ཡོད། །མི་དེ་དག་གི་ཚེ་ཡི་ཚད་ དག་ནི། །ལོ་གྲངས་སྟོང་ཕྲག་བཞི་བཅུ་རྩ་དྲུག་ཡིན། །ཟད་མཐར་ཕྱིན་པ་དམ་པའི་ཆོས་དག་ཀྱང། །ལོ་གྲངས་སྟོང་ཕྲག་བཅུ་ནི་ཚང་བར་གནས། །མཆོད་རྟེན་ བྱེ་བ་སྟོང་ཕྲག་དགུ་བཅུ་དགུ། །རིན་ཆེན་དག་གིས་རྣམ་པར་སྤྲས་པར་འགྱུར། །དེ་བཞིན་གཤེགས་པ་རིན་ཆེན་འོད་སྐེ་བའི་ཡུལ་ནི་གཙུག་ན་རིན་པོ་ཆེ་ཞེས་ བྱའོ༑ ༑རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བརྒྱད་ཅུའོ་།ཡབ་ནི་སྐལ་ལྡན་འདོད་ཅེས་བྱའོ། །ཡུམ་ནི་གྲགས་ལྔ་ཞེས་བྱའོ་།སྲས་ནི་སྙན་པར་ [223B] །རིམ་གྲོ་པ་ནི་འགྲོ་བ་དགའ་ཞེས་བྱའོ་།ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཚོགས་ཅན་གཙོ་བོ་ཞེས་བྱའོ་།རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གདུལ་ དཀའ་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་ཚོགས་པ་དུང་ཕྱུར་ཕྲག་དགུའོ། །གཉེས་པ་ལ་ནི་དུང་ཕྱུར་ཕྲག་གཅིག་དང་བྱེ་བ་ཕྲག་གཉིས་སོ། །གསུམ་པ་ ལ་ནི་དུང་ཕྱུར་ཕྲག་གཅིག་དང་བྱེ་བ་ཕྲག་ལྔའོ། །སྐུ་ཚེའི་ཚད་ནི་ལོ་བྱེ་བའོ། །དམ་པའི་ཆོས་ནི་ལོ་བྱེ་བ་ཕྲག་གསུམ་གྱི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་ གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་རིན་ཆེན་ཏོག་སྐྱེ་བའི་ཡུལ་ནི་སྣ་ཚོགས་བརྩེགས་པ་ཞེས་བྱའོ་།རིགས་ནི་བྲམ་ ཟེའོ༑ ༑འོད་ནི་དཔག་ཚད་འབུམ་མོ། །ཡབ་ནི་རྒྱ་མཚོའི་བློ་ཞེས་བྱའོ། །ཡུམ་ནི་རྫོགས་སྨས་ཤེས་བྱའོ། །སྲས་ནི་འཇིག་རྟེན་དགའ་ཞེས་བྱའོ། །རིམ་གྲོ་པ་ནི་ང་ རོ་ཅན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བློའི་སྒྲོན་མ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གཟི་བརྗིད་དཔལ་ཞེས་བྱའོ། །སྐུ་ཚེའི་ཚད་ནི་ལོ་ བྱེ་བ་ཕྲག་འབུམ་མོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་དུང་ཕྱུར་ཕྲག་དྲུག་གོ་གཉིས་པ་ལ་ནི་དུང་ཕྱུར་ཕྲག་བརྒྱད་དོ། །གསུམ་པ་ལ་ནི་ཐེར་འབུམ་མོ། །དམ་པའི་ [224A]༄༅། །ཆོས་ནི་ལོ་བྱེ་བའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །མཆོད་རྟེན་ནི་འབུམ་འགྱུར་བར་འགྱུར་རོ། །དེ་བཞིན་གཤེགས་ པ་གྲགས་པའི་བླ་མ་སྐྱེ་བའི་ཡུལ་ནི་མེ་ཏོག་མཆོག་ཅེས་བྱའོ་།རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་དྲུག་བཅུའོ། །ཡ་བ་ནི་བླ་མ་ཞེས་བྱའོ། །ཡུམ་ནི་ མཆོག་ལྡན་ཞེས་བྱའོ། །སྲས་ནི་གཟི་བརྗིད་མཛེས་པ་ཞེས་བྱའོ་།རིམ་གྲོ་བ་ནི་ཡོན་ཏན་ལྷག་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བདེན་པ་ཞེས་ བྱའོ༑ ༑རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འགྲོ་བ་བརྟན་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་ཐེར་འབུམ་མོ། །གཉིས་པ་ལ་ནི་བྱེ་བ་ཕྲག་ལྔའོ། །གསུམ་པ་ ལ་ནི་ཐེར་འབུམ་ཕྲག་བཅུའོ། །སྐུ་ཚེའི་ཚད་ནི་ལོ་ཁྲི་བརྒྱད་སྟོང་ངོ། །དམ་པའི་ཆོས་ནི་ལོ་བཞི་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་ བཞིན་གཤེགས་པ་འོད་བྱེད་སྐྱེ་བའི་ཡུལ་ནི་རབ་ཏུ་བརྒྱན་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ཁྲིའོ། །ཡབ་ནི་ཏོག་གི་རྒྱལ་མཚན་ ཞེས་བྱའོ། །ཡུམ་ནི་དྲི་མ་མེད་པའི་འོད་ཅེས་བྱའོ། །སྲས་ནི་གློག་སྦྱིན་ཞེས་བྱའོ། །རིམ་གྲོ་བ་ནི་དགྲ་བཅོམ་དགའ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ [224B] །རྫུ་འཕྲུལ་ཅན་རྣམས་ཀྱིས་མཆོག་ནི་མཐུ་མེད་ཅེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་དུང་ཕྱུར་ཕྲག་བདུན་ནོ། །གཉིས་པ་ལ་ནི་ དུང་ཕྱུར་ཕྲག་བརྒྱད་དོ། །གསུམ་པ་ལ་ནི་དུང་ཕྱུར་ཕྲག་དགུའོ། སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲི་འོ། །དམ་པའི་ཆོས་ནི་ལོ་བྱེ་བའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་ གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་གཟི་བརྗིད་དཔག་མེད་སྐྱེ་བའི་ཡུལ་ནི་བལྟ་བར་བྱ་བ་ཞེས་བྱའོ། །རིགས་ནི་རྒྱལ་ རིགས་སོ། །འོད་ནི་དཔག་ཚད་ས་ཡ་ཕྲག་གཅིག་དང་འབུམ་ཕྲག་གཉིས་སོ། །ཡབ་ནི་བདེ་བར་འདོད་ཅེས་བྱའོ། །ཡུམ་ནི་བཟབ་སྦྱིན་མ་ཞེས་བྱའོ། །སྲས་ནི་ ཚུལ་ཁྲིམས་སྦྱིན་ཞེས་བྱའོ། །རིམ་གྲོ་བ་ནི་མཉམ་པར་སེམས་ཤེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འཇིགས་མེད་ཅེས་བྱའོ་།རྫུ་འཕྲུལ་ཅན་རྣམས་ཀྱི་ མཆོག་ནི་འཇིགས་བྲལ་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་དུང་ཕྱུར་ཕྲག་དགུའོ། །གཉིས་པ་ལ་ནི་དུང་ཕྱུར་ཕྲག་དགུ་དང་བྱེ་བ་ཕྲག་བརྒྱད་དོ། །གསུམ་ པ་ལ་ནི་དུང་ཕྱུར་ཕྲག་དགུ་དང་བྱེ་བ་ཕྲག་དགུའོ། །སྐུ་ཚེའི་ཚད་ནི་ལོ་ཁྲི་བརྒྱད་སྟོང་ངོ། །དམ་པའི་ཆོས་ཀྱང་ལོ་ཁྲི་བརྒྱད་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ [225A]༄༅། །ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅི་ཏུ་ཟད་དོ། །དེ་བཞིན་གཤེགས་པ་དུས་མཁྱེན་སྐྱེ་བའི་ཡུལ་ནི་སྐར་མ་དགའ་ ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་ཛམྦུའི་གླིང་ཙམ་མོ་།ཡབ་ནི་དབྱིག་མཆོག་ཅེས་བྱའོ། །ཡུམ་ནི་བློ་གྲོས་བཟང་མོ་ཞེས་བྱའོ། །སྲས་ནི་བཟང་ སྦྱིན་ཞེས་བྱའོ། །རི་མ་གྲོ་པ་ནི་དཔག་མེད་འགྲོ་ཞེས་བྱའོ་།ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཟླ་གདུགས་ཤེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ མཚུངས་མེད་ཅེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་ཚོགས་པ་དུང་ཕྱུར་ཕྲག་བརྒྱད་དོ། །གཉིས་པ་ལ་ནི་དུང་ཕྱུར་ཕྲག་བརྒྱད་དང་བྱེ་བ་ཕྲག་ལྔའོ། །གསུམ་ པ་ལ་ནི་དུང་ཕྱུར་ཕྲག་དགུའོ། །སྐུ་ཚེའི་ཚད་ནི་ལོ་གྲངས་དྲུག་ཁྲི་འོ། །དམ་པའི་ཆོས་ནི་ལོ་ལྔ་ཁྲིའི་བར་དུ་གནས་སོ་།སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་ གཤེགས་པ་སེངྒེའི་སྐུ་སྐྱེ་བའི་ཡུལ་ནི་ཉམས་དགའ་བ་སྡུག་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་གླིང་བ་ཞི་བ་ཙ་མ་མོ། །ཡབ་ནི་ལྷའི་མེད་ཏོག་ ཅེས་བྱའོ། །ཡུམ་ནི་མཚུངས་མེད་མཉམ་ཞེས་བྱའོ། །སྲས་ནི་བློ་ལྡན་ཞེས་བྱའོ། །རིམ་གྲོ་པ་ནི་བློ་རྫོགས་ཤེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བསམ་ [225B] །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རྣམ་པར་འབྱེད་པའི་སྟེ་ཞེས་བྱའོ། །འདུས་པ་ནི་ལན་བཅོ་བརྒྱད་དེ། ཐམས་ཅད་ལའང་ཐེར་འབུམ་ཐེར་འབུམ་ མོ༑ ༑སྐུ་ཚེའི་ཚད་ནི་ལོ་བྱེ་བའོ། །དམ་པའི་ཆོས་ཀྱང་ལ་བྱེ་བའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་བྲད་དོ། །དེ་བཞིན་ གཤེགས་པ་མཁས་པའི་བློ་སྐྱེ་བའི་ཡུལ་ནི་མཆོག་བསུ་ཤེས་བྱའོ་།རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་ལྔ་བརྒྱའོ། །ཡབ་ནི་བློ་མཆོག་ཅེས་བྱའོ། ། ཡུམ་ནི་ཚངས་མཆོག་ཅེས་བྱའོ། །སྲས་ནི་བརྟུལ་ཞུགས་གྲུབ་ཅེས་བྱའོ། །རིམ་གྲོ་བ་ནི་ནོར་ལྷ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འཇིག་རྟེན་དགའ་ ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་བརྟན་པོ་ཞེས་བྱའོ། །འདུས་པ་ནི་ལན་བཅུ་སྟེ། ཐམས་ཅད་ལའང་བྱེ་བ་སྟོང་ཕྲག་བཅུ་བཅུ་འོ། །སྐུ་ཚེའི་ཚད་ ནི་ལོ་བདུན་ཁྲི་འོ། །དམ་པའི་ཆོས་ནི་ལོ་དྲུག་ཁྲིའི་བར་དུ་གནས་སོ། །སྐུ་གདུང་རི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་རྒྱལ་བར་དགའ་སྐྱེ་བའི་ཡུལ་ནི་འོད་ ལྡན་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ཉི་ཤུའོ། །ཡབ་ནི་མེ་ཏོག་སྦྱིན་ཞེས་བྱའོ། །ཡུམ་ནི་མེ་ཏོག་ཕྲེང་ཞེས་བྱའོ། །སྲས་ནི་གཙུག་ན་ [226A]༄༅། །རིན་པོ་ཆེ་ཞེས་བྱའོ། །རིམ་གྲོ་པ་ནི་མཛོད་འཛིན་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཁྱད་མར་འཕགས་ཞེས་བྱའོ། ། རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ངེས་པ་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་ཁྲི་འོ། །གཉིས་པ་ལ་ནི་སུམ་ཁྲི་འོ་།གསུམ་པ་ལ་ནི་ལྔ་ཁྲིའོ། ། སྐུ་ཚེའི་ཚད་ནི་ལོ་སྟོང་ངོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ་།དམ་པའི་ཆོས་ནི་ལོ་དགུ་ཁིའི་བར་དུ་གནས་སོ། །དེ་བཞིན་གཤེགས་པ་ཡོན་ཏན་ཕུང་པོ་སྐྱེ་ བའི་ཡུལ་ནི་རྟག་ཏུ་བལྟ་བ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་ས་ཡ་ཕྲག་དྲུག་གོ་ཡབ་ནི་མཚོན་ཆ་བཟང་པོ་ཞེས་བྱའོ། །ཡུམ་ནི་ བཟང་སྦྱིན་མ་ཞེས་བྱའོ། །སྲས་ནི་མྱ་ངན་མེད་ཅེས་བྱའོ། །རིམ་གྲོ་བ་ནི་མྱ་ངན་དང་བྲལ་བ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ལེགས་ སེམས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩ་ལག་ཡོ་མེད་ཅེས་བྱའོ། །འདུས་པ་ནི་ལན་བརྒྱད་ཅུ་སྟེ། ཐམས་ཅད་ལའང་དུང་ཕྱུར་ཕྲག་ བརྒྱད་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲི་འོ། །དམ་པའི་ཆོས་ནི་ལོ་དུང་ཕྱུར་ཕྲག་གཅིག་དང་བྱེ་བ་ཕྲག་བརྒྱད་ཀྱི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་ [226B] །དེ་བཞིན་གཤེགས་པ་ཟླ་བའི་ཏོག་སྐྱེ་བའི་ཡུལ་ནི་བཟང་མཆོག་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་ཡ་ཕྲག་གཅིག་དང་ འབུམ་ཕྲག་བརྒྱད་དོ། །ཡབ་ནི་ལེགས་བཟང་ཞེས་བྱའོ། །ཡུམ་ནི་གནས་མོ་ཞེས་བྱའོ། །སྲས་ནི་སྲོག་ལྡན་ཞེས་བྱའོ། །རིམ་གྲོ་པ་ནི་བློ་ལྡན་ཞེས་བྱའོ། །ཤེས་རབ་ ཅན་རྣམས་ཀྱི་མཆོག་ནི་མིག་ལྟ་ཞིས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་བློ་གྲོས་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་ཐེར་འབུམ་དྲུག་ཅུའོ། ། གཉིས་པ་ལ་ནི་ཐེར་འབུམ་བདུན་ཅུའོ། །གསུམ་པ་ལ་ནི་ཐེར་འབུམ་བརྒྱད་ཅུའོ། །བཞི་པ་ལ་ནི་ཐེར་འབུམ་དགུ་བཅུའོ། །ལྔ་པ་ལ་ནི་ཐེར་འབུམ་བརྒྱད་འོ། །སྐུ་ ཚེའི་ཚད་ནི་ལོ་སུམ་ཁྲི་དྲུག་སྟོང་ངོ། །དམ་པའི་ཆོས་ནི་ལོ་བདུན་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། །མཆོད་རྟེན་ནི་བརྒྱད་ཁྲི་བཞི་སྟོང་འབྱུང་བར་འགྱུར་རོ། །དེ་བཞིན་ གཤེགས་པ་མཐུ་ཐོབ་སྐྱེ་བའི་ཡུལ་ནི་བཀོད་པ་མཐའ་ཡས་ཤེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་སུམ་བརྒྱའོ་།ཡབ་ནི་སའི་དབང་ཕྱུག་ ཅེས་བྱའོ། །ཡུམ་ནི་མིག་བཟངས་མ་ཞེས་བྱའོ། །སྲས་ནི་ཡེ་ཤེས་དཔལ་ཞེས་བྱའོ། །རིམ་གྲོ་བ་ནི་བསོད་ནམས་འདོད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ [227A]༄༅། །ནི་ཡེ་ཤེས་འབྱུང་གནས་ཤེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ན་བློ་བརྟན་ཞེས་བྱའོ། །འདུས་པ་ནི་ལན་སུམ་ཅུ་སྟེ། ཐམས་ ཅད་ལའང་ཐེར་འབུམ་ཐེར་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲི་དྲུག་སྟོང་ངོ། །དམ་པའི་ཆོས་ནི་ལོ་བདུན་ཁྲི་ཅིག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་ པར་འགྱུར་རོ། །དེ་བཞིན་གཤེགས་པ་མཐུ་རྩལ་མཐའ་ཡས་སྐྱེ་བའི་ཡུལ་ནི་ཆོས་ཀྱི་བཀོད་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་དྲུག་ ཅུའོ༑ ༑ཡབ་ནི་ཁ་ལོ་སྒྱུར་དགའ་ཞེས་བྱའོ། །ཡུམ་ནི་གྲགས་སྦྱིན་མ་ཞེས་བྱའོ། །སྲས་ནི་མཚན་ཆ་བཟང་པོ་ཞེས་བྱའོ། །རིམ་གྲོ་པ་ནི་གནས་འཕགས་ཅེས་ བྱའོ༑ ༑ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བློ་གྲོས་འབར་བ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དཔལ་འོད་ཅེས་བྱའོ་།འདུས་པ་དང་པོ་ལ་ནི་ཉན་ ཐོས་དྲུག་འབུམ་མོ། །གཉིས་པ་ལ་ལྔ་འབུམ་མོ། །གསུམ་པ་ལ་ནི་བཞི་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །དམ་པའི་ཆོས་ནི་ལོ་ཉིས་ཁྲི་ཉིས་ སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཟླ་བ་སྐྱེ་བའི་ཡུལ་ནི་འོད་གྱིས་བརྒྱན་པ་ཞེས་བྱའོ། །རིགས་ནི་རྒྱལ་ [227B] །འོད་ནི་དཔག་ཚད་དུང་ཕྱུར་ཕྲག་གསུམ་མོ། །ཡབ་ནི་དྲི་མེད་འོད་འཕྲོ་ཞེས་བྱའོ། །ཡུམ་ནི་གཟི་བརྗིད་ཕུང་པོ་ཞེས་བྱའོ། །སྲས་ནི་གཟི་བརྗིད་ སྒྲོན་མ་ཞེས་བྱའོ། །རིམ་གྲོ་བ་ནི་ཡོན་ཏན་གྱིས་ཚོགས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྒྲིབ་པ་མེད་པའི་བློ་གྲོས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ ཀྱི་མཆོག་ནི་མཆོག་སྦྱིན་ཞེས་བྱའོ། །འདུས་པ་ནི་ལན་བརྒྱད་ཅུ་སྟེ། ཐམས་ཅད་ལ་ཡང་ཐེར་འབུམ་ཐེར་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་དུང་ཕྱུར་ཕྲག་དྲུག་གོ་ དམ་པའི་ཆོས་ནི་ལོ་བྱེ་བ་ཕྲག་བརྒྱད་ཀྱི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ་།དེ་བཞིན་གཤེགས་ པ་དྲི་མེད་སྐྱེ་བའི་ཡུལ་ནི་བཀོད་པ་ཆེན་པོ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བཅུའོ། །ཡབ་ནི་ཡུལ་འཁོར་བཟང་པོ་ཞེས་ བྱའོ༑ ༑ཡུམ་ནི་ཆོས་ཀྱི་བློ་གྲོས་ཤེས་བྱའོ། །སྲས་ནི་ན་བ་སོ་ཞེས་བྱའོ། །རིམ་གྲོ་པ་ནི་མཆོད་འོས་ཤེས་བྱའོ། །ཞེས་རབ་ཅན་རྣམས་ཀྱི་མཆོག་ནི་ཐུབ་མེད་ཅེས་བྱའོ། ། རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རིན་ཆེན་དགའ་བ་ཞེས་བྱའོ་།འདུས་པ་དང་པོ་ལ་ནི་ཉན་ཐོས་ཐེར་འབུམ་མོ། །གཉིས་པ་ལ་ནི་དུང་ཕྱུར་ཕྲག་དགུ་དང། བྱེ་བ་ [228A]༄༅། །ཕྲག་དགུའོ། །གསུམ་པ་ལ་ནི་དུང་ཕྱུར་ཁྲིག་བརྒྱད་དང། བྱེ་བ་ཕྲག་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་དགུ་གྲི་དྲུག་སྟོང་ངོ། །དམ་ པའི་ཆོས་ནི་ལོ་བྱེ་བའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་རུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་དོན་ཐམས་ ཅད་གཟིགས་པ་སྐྱེ་བའི་ཡུལ་ནི་གཟི་བརྗིད་ཕུང་པོ་ཞེས་བྱའོ་།རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བྱེ་བ་ཕྲག་གཉིས་དང་ས་ཡ་ཕྲག་ལྔའོ། །ཡབ་ ནི་རྡོ་རྗེའི་སྡེ་ཞེས་བྱའོ། །ཡུམ་ནི་རྒྱ་མཚོས་བྱིན་ཞེས་བྱའོ་།སྲས་ནི་དགའ་བའི་དབྱངས་ཤེས་བྱའོ། །རིམ་གྲོ་བ་ནི་དོན་དགའ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ ཀྱི་མཆོག་ནི་རྒོལ་པ་ཚར་གཅོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གྲགས་པའི་མངོན་པར་འཕགས་ཤེས་བྱའོ། །འདུས་པ་ནི་ལན་ཉི་ཤུ་སྟེ། ཐམས་ ཅད་ལའང་འབུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་བདུན་སྟོང་ངོ། །དམ་པའི་ཆོས་ནི་ལོ་སུམ་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་ འགྱུར་རོ། །དེ་བཞིན་གཤེགས་པ་དཔའ་བོ་སྐྱེ་བའི་ཡུལ་ནི་ཚུགས་པ་མེད་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བརྒྱའོ་།ཡབ་ནི་དགའ་ [228B] །ཡུམ་ནི་བསོད་ནམས་ཅན་ཞེས་བྱའོ། །སྲས་ནི་མཛེས་པ་ཞེས་བྱའོ། །རིམ་གྲོ་པ་ནི་དབྱངས་སྙན་ཞེས་བྱའོ་།ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ ཡིད་འོང་སེམས་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཆོག་སྨྲས་ཞེས་བྱའོ། །འདུས་པ་ནི་ལན་དྲུག་བཅུ་སྟེ་ཐམས་ཅད་ལ་ཡང་བྱེ་བ་ཕྲག་བཅུ་བཞི་བཅུ་ བཞིའོ། །སྐུ་ཚེའི་ཚད་ནི་ལོ་བྱེ་བ་ཕྲག་སྟོང་ངོ། །དམ་པའི་ཆོས་ནི་ལོ་བཞི་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་འབྱོར་ ལྡན་སྐྱེ་བའི་ཡུལ་ནི་བསམས་བཞིན་སྡེར་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བཞི་ཁྲིའོ། །ཡབ་ནི་སྭ་ལའི་རྒྱལ་པོ་ཞེས་བྱའོ། །ཡུམ་ནི་དེས་པར་ དགའ་ཞེས་བྱའོ། །སྲས་ནི་དོན་སེམས་ཤེས་བྱའོ། །རིམ་གྲོ་བ་ནི་ཆོས་སེམས་ཤེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཆོས་ཅན་ཞེས་བྱའོ། །རྫུ་འཕྲུལ་ཅན་ རྣམས་ཀྱི་མཆོག་ནི་ཟླ་བའི་ཏོག་ཅེས་བྱའོ། འདུས་པ་ནི་ལན་པ་ཞི་བཅུ་སྟེ། །ཐམས་ཅད་ལ་ཡང་ཐེར་འབུམ་ཕྲག་བཅུ་བཅུའོ། །སྐུ་ཚེའི་ཚད་ནི་ལོ་ཐེར་འབུམ་མོ། །དམ་ པའི་ཆོས་ནི་ལོ་ཐེར་འབུམ་ཕྲག་བཞི་བཅུའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ་།དེ་བཞིན་གཤེགས་ [229A]༄༅། །བསོད་ནམས་སྐྱེ་བའི་ཡུལ་ནི་སྐྱེ་བོས་མཆོད་ཅེས་བྱའོ་།རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་དགུ་ཁྲི་དགུ་སྟོང་ངོ་།ཡབ་ནི་ལྷ་དགའ་ཞེས་ བྱའོ། །ཡུམ་ནི་སྙན་པར་དགའ་ཞེས་བྱའོ། །སྲས་ནི་དགའ་བོ་ཞེས་བྱའོ། །རིམ་གྲོ་བ་ནི་སྐྱེ་བོ་ཕལ་ཆེན་དགའ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་ ལག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཆོས་སྟོབས་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་བྱེ་བ་སྟོང་ཕྲག་བདུན་བཅུའོ། །གཉིས་པ་ལ་ནི་བྱེ་བ་སྟོང་ཕྲག་ དྲུག་ཅུ་རྩ་ལྔའོ། །གསུམ་པ་ལན་བྱེ་བ་སྟོང་ཕྲག་དྲུག་ཅུའོ་།སྐུ་ཚེའི་ཚད་ནི་ལོ་སུམ་ཁྲི་འོ། །དམ་པའི་ཆོས་ནི་ལོ་བདུན་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་ འགྱུར་རོ། །དེ་བཞིན་གཤེགས་པ་སྒྲོན་མ་སྐྱེ་བའི་ཡུལ་ནི་རིན་པོ་ཆེའི་མཛོད་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་དགུ་སྟོང་བརྒྱད་བརྒྱའོ། །ཡབ་ ནི་ཙནྡན་ཞེས་བྱའོ། །ཡུམ་ནི་སྤོབས་ལྡན་མ་ཞེས་བྱའོ། །སྲས་ནི་ཙམ་པའི་མཆོག་ཅེས་བྱའོ། །རིམ་གྲོ་བ་ནི་སྤྲང་རྩི་སྦྱིན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་ མཆོག་ནི་ཚིག་སྙན་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སེམས་གསལ་ཞེས་བྱའོ། །འདུས་པ་ནི་ལན་བཞི་བཅུ་སྟེ་ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་བདུན་ [229B] །སྐུ་ཚེའི་ཚད་ནི་ལོ་དགུ་སྟོང་ངོ། །དམ་པའི་ཆོས་ནི་ལོ་ཁྲི་ཉིས་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་ དོ། །དེ་བཞིན་གཤེགས་པ་ཡོན་ཏན་འོད་འཕྲོ་སྐྱེ་བའི་ཡུལ་ནི་དོན་སྣང་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བརྒྱད་ཅུའོ། །ཡབ་ནི་བདེ་བར་གཞོལ་ཞེས་ བྱའོ། །ཡུམ་ནི་བློ་གྲོས་བཟང་མོ་ཞེས་བྱའོ། །སྲས་ནི་རིན་པོ་ཆེ་ཞེས་བྱའོ། །རིམ་གྲོ་བ་ནི་འབྱོར་ལྡན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་མཆོག་ཅེས་ བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རིན་ཆེན་མཆོག་ཅེས་བྱའོ། །འདུས་པ་ནི་ལན་བཅུ་དྲུག་སྟེ། ཐམས་ཅད་ལའང་དུང་ཕྱུར་ཕྲག་གསུམ་དང་བྱེ་བ་ཕྲག་དྲུག་ དྲུག་གོ་སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲི་བཞི་སྟོང་ངོ། །དམ་པའི་ཆོས་ནི་ལོ་ས་ཡ་ཕྲག་དགུའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་ རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་བློ་ཡངས་ཀྱེ་བའི་ཡུལ་ནི་རྒྱ་མཚོ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་ བརྒྱའོ། །ཡབ་ནི་ལེགས་ཡིད་གཞུངས་ཤེས་བྱའོ། །ཡུམ་ནི་བོ་གནས་ཤེས་བྱའོ། །སྲས་ནི་ལེགས་འབྱུང་ཞེས་བྱའོ། །རིམ་གྲོ་པ་ནི་ [230A]༄༅། །ཡོན་ཏན་འབྱུང་གནས་ཤེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཛོད་དབྱངས་ཤེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ ནི་མཐུ་རྩ་ལ་གཞིན་གྱིས་མི་ཐུབ་པ་ཞེས་བྱའོ། །འདུས་པ་ནི་ལན་དགུ་སྟེ་ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་གསུམ་གསུམ་མོ། །སྐུ་ཚེའི་ཚད་ནི་ལོ་དགུ་ཁྲི་འོ། །དམ་ པའི་ཆོས་ནི་ལོ་དགུ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ལེགས་སྐྱེས་སྐྱེ་བའི་ཡུལ་ནི་བསོད་ནམས་དགའ་ཞེས་བྱའོ། ། རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སྟོང་ངོ། །ཡབ་ནི་ཚངས་པ་ཞེས་བྱའོ། །ཡུམ་ནི་ཆོས་ལྡན་མ་ཞེས་བྱའོ། །སྲས་ནི་རྒྱུ་སྐར་རྒྱལ་པོ་ཞེས་བྱའོ། ། རིམ་གྲོ་བ་ནི་རྣམ་པར་སྣང་བྱེད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འཇིག་རྟེན་དགའ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཐུབ་མེད་ཅེས་ བྱའོ༑ ༑འདུས་པ་དང་པོ་ལ་ནི་ཉན་ཐོས་ཐེར་འབུམ་མོ། །གཉིས་པ་ལ་ནི་དུང་ཕྱུག་ཕྲག་དགུ་དང་བྱེ་བོ་ཕྲག་བརྒྱད་དོ། །གསུམ་པ་ལ་ནི་དུང་ཕྱུར་ཕྲག་དགུ་དང་ བྱེ་བ་ཕྲག་དྲུག་གོ་སྐུ་ཚེའི་ཚད་ནི་ལོ་འབུམ་མོ། །དམ་པའི་ཆོས་ནི་ལོ་དྲུག་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ [230B] །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་དྲུག་བཅུ་རྩ་གཉིས་སོ། །ཡབ་ནི་བཟང་པོ་ཞེས་བྱའོ། །ཡུམ་ནི་སོ་རིང་མ་ཞེས་ བྱའོ༑ ༑སྲས་ནི་ཟླ་བ་ཞེས་བྱའོ། །རིམ་གྲོ་བ་ནི་སྦྲང་རྩི་སྦྱིན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མདངས་སྟོབས་ཤེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ བློ་མཉམ་ཞེས་བྱའོ། །འདུས་པ་ནི་ལན་བཅུ་བཞི་སྟེ། །ཐམས་ཅད་ལ་ལང་དུང་ཕྱུར་ཕྲག་གཅིག་དང་བྱེ་བ་ཕྲག་བཞི་བཞིའོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་འོ། །དམ་པའི་ ཆོས་ནི་ལོ་བདུན་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཡིད་གཉིས་སྤོང་སྐྱེ་བའི་ ཡུལ་ནི་ཉམས་དགའ་ཡོན་ཏན་ཅན་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ་།འོད་ནི་དཔག་ཚད་བྱེ་པའོ། །ཡབ་ནི་བེའུ་དགའ་ཞེས་བྱའོ། །ཡུམ་ནི་བཟང་ལྡན་མ་ཞེས་ བྱའོ༑ ༑སྲས་ནི་མེ་ཏོག་དགའ་ཞེས་བྱའོ། །རིམ་གྲོ་བ་ནི་བློ་གྲོས་ལེགས་གནས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཛེས་འགྲོ་ཞེས་བྱའོ། །རྫུ་འཕྲུལ་ཅན་ རྣམས་ཀྱི་མཆོག་ནི་མཐུ་རྩ་ལ་མཛེས་པ་ཞེས་བྱའོ། །འདུས་པ་ནི་ལན་དགུ་སྟེ་ཐད་ལ་ཡང་དུང་ཕྱུར་ཕྲག་བརྒྱད་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་དགུ་ཁྲིའོ། །དམ་ [231A]༄༅། །པའི་ཆོས་ནི་ལོ་དགུ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་འཛིན་པ་དཔག་མེད་སྐྱ་བའི་ཡུལ་ ནི་རྟག་ཏུ་མཐོང་ཞེ་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སུམ་ཅུ་རྩ་དྲུག་གོ་ཡབ་ནི་ཡུམ་འཁོར་བཟང་པོ་ཞེས་བྱའོ་།ཡུམ་ནི་སྨོན་སེམས་ཞེས་ བྱའོ༑ ༑སྲས་ནི་ལྷ་དགའ་ཞེས་བྱའོ། །རིམ་གྲོ་བ་ནི་མིག་པོ་ཆི་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཁས་དགའ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་ མཆོག་ནི་བག་མི་ཚ་བ་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་བྱེ་བའོ། །གཉིས་པ་ལ་ནི་ཐེར་འབུམ་མོ། །གསུམ་པ་ལ་ནི་ཐེར་འབུམ་ཕྲག་སྟོང་ངོ། །སྐུ་ཚེའི་ ཚད་ནི་ལོ་དྲུག་ཁྲི་སུམ་སྟོང་ངོ། །དམ་པའི་ཆོས་ནི་ལོ་ལྔ་ཁྲི་ལྔ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་རིལ་པོ་གཅིག་དུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ ཟད་དོ༑ ༑དེ་བཞིན་གཤེགས་པ་མཆོག་སྲེད་སྐྱེ་བའི་ཡུམ་ནི་བདེ་གསལ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་དྲུག་བཅུ་རྩ་དྲུག་གོ་ཡབ་ནི་མཆོག་ སྨྲ་ཞེས་བྱའོ། །ཡུམ་ནི་བློ་མཆོག་ན་ཞེས་བྱའོ། །སྲས་ནི་འོད་འཕྲོ་ཞེས་བྱའོ། །རིམ་གྲོ་བ་ནི་མཆོད་བ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ནོར་ལྷའི་བུ་ [231B] །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བློ་མཆོག་ཅེས་བྱའོ། །འདུས་པ་ནི་ལན་དགུ་བཅུ་སྟེ། ཐམས་ཅད་ལ་ཡང་སུམ་ཁྲི་སུམ་ཁྲིའོ། །སྐུ་ཚེའི་ཚད་ནི་ལོ་ཉི་ཁྲི་ཉིས་ སྟོང་ངོ། །དམ་པའི་ཆོས་ཀྱང་ལོ་ཉི་ཁྲི་ཉིས་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཚོམས་མེད་སྐྱེ་བའི་ཡུལ་ནི་གདུལ་དཀའ་ ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་ལྔའོ། །ཡབ་ནི་མདངས་སྟོབས་ཤེས་བྱའོ། །ཡུམ་ནི་བདེ་འོད་བློ་གྲོས་མ་ཞེས་བྱའོ་།སྲས་ནི་ཨུཏྤལ་ལའི་དྲི་ཞེས་བྱའོ། ། རིམ་གྲོ་བ་ནི་ཡོན་ཏན་འོད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རིན་ཆེན་མཛོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གཡོ་བ་མེད་པའི་བློ་ཞེས་བྱའོ། ། འདུས་པ་ནི་ལན་གསུམ་སྟེ་ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་བདུན་བདུན་ནོ། །སྐུ་ཚེའི་ཚད་ནི་ལོ་དགུ་ཁྲི་དྲུག་སྟོང་ངོ། །དམ་པའི་ཆོས་ནི་ལོ་དགུ་ཁྲི་དྲུག་སྟོང་གི་བར་ དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་མི་གནས་པ་སྐྱེ་བའི་ཡུལ་ནི་རྒྱལ་མཆོག་ཅེས་བྱའོ། ། རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ཉི་ཤུ་རྩ་བརྒྱད་དོ་།ཡབ་ནི་དྲང་སྲོང་ལྷ་ཞེས་བྱའོ། །ཡུམ་ནི་དྲི་མེད་བློ་གྲོས་མ་ཞེས་བྱའོ། །སྲས་ནི་རྒྱུ་སྐར་རྒྱལ་ཞེས་བྱའོ། ། [232A]༄༅། །བྱའོ༑ ༑རིམ་གྲོ་བ་ནི་སྲེད་མེད་ཀྱི་བུ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དགའ་བོ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ ནི་ཤིན་ཏུ་དགའ་ཞེས་བྱའོ། །འདུས་པ་ནི་ལན་བཅུ་སྟེ་ཐམས་ཅད་ལ་ཡང་ཐེར་འབུམ་ཐེར་འབུམ་མོ། །སྐུ་ཚེའི་ཚད་ནི་སུམ་ཁྲི་ལྔ་སྟོང་ངོ། །དམ་པའི་ཆོས་ ནི་ལོ་ལྔ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་བདེར་གནས་སྐྱེ་བའི་ཡུལ་ནི་རིན་པོ་ཆེའི་འབྱུང་གནས་ཞེས་བྱའོ། །རིགས་ ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བརྒྱད་དོ། །ཡབ་ནི་གཙོ་མཆོག་ཅེས་བྱའོ། །ཡུམ་ནི་མེ་ཏོག་ཅན་ཞེས་བྱའོ། །སྲས་ནི་དོན་སེམས་ཤེས་བྱའོ། །རིམ་གྲོ་པ་ ནི་ཡང་དག་འཕགས་ཤེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་ཚོགས་ཤེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བདུང་རྩིའི་བློ་ཞེས་བྱའོ། ། འདུས་པ་ནི་ལན་བརྒྱད་ཅུ་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་རེ་རེའོ། །སྐུ་ཚེའི་ཚད་ནི་ལོ་དྲུག་སྟོང་ངོ། །དམ་པའི་ཆོས་ནི་ལོ་ཁྲི་བརྒྱད་སྟོང་གི་བར་དུ་གནས་ སོ༑ ༑སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཚོགས་ཅན་གཙོ་བོ་སྐྱེ་བའི་ཡུལ་ནི་གཟི་བརྗིད་གསལ་བ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ [232B] །ཡབ་ནི་ཏོག་གི་རྒྱལ་མཚན་ཞེས་བྱའོ། །ཡུམ་ནི་མཁས་པའི་སྙིང་པོ་ཞེས་བྱའོ། །སྲས་ནི་དོན་གྱི་སྙིང་པོ་ཞེས་བྱའོ། །རིམ་གྲོ་བ་ནི་རྣམ་པར་ སྣང་བྱེད་བྱིན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དཔག་ཏུ་མེད་པར་སེམས་ཤེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རྒོལ་བ་རབ་འཇོམས་ཤེས་བྱའོ། །འདུས་ པ་ནི་ལན་གཅིག་ཏུ་ཟད་དོ་བརྒྱད་འབུམ་མོ། །སྐུ་ཚེའི་ཚད་ནི་ཉིན་གཅིག་གོ་དམ་པའི་ཆོས་ནི་ལོ་དུང་ཕྱུར་ཕྲག་བཞི་དང། བྱེ་བ་ཕྲག་དྲུག་གི་བར་དུ་གནས་སོ། །སྐུ་ གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་འགྲོ་བའི་འོད་ཟེར་སྐྱེ་བའི་ཡུལ་ནི་འོད་མཐའ་ཡས་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ ཚད་སྟོང་ངོ། །ཡབ་ནི་མཐའ་ཡས་འོད་ཅེས་བྱའོ། །ཡུམ་ནི་གཟི་རྒྱལ་མ་ཞེས་བྱའོ། །སྲས་ནི་ཡོན་ཏན་འོད་ཅེས་བྱའོ། །རིམ་གྲོ་བ་ནི་ཐོས་འོད་ཅེས་བྱའོ། །ཤེས་ རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་འོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བརྩོན་འགྲུས་འོད་ཅེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་ཉི་ཤུ་རྩ་གཅིག་ སྟེ༑ ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་གཅིག་དང། བྱེ་བ་ཕྲག་བརྒྱད་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་བཞི་ཁྲི་དྲུག་སྟོང་ངོ་།དམ་པའི་ཆོས་ནི་ལོ་དུང་ཕྱུར་ཕྲག་བཞིའི་བར་ [233A]༄༅། །དུ་གནས་སོ། །སྐུ་གདུང་ནི་རིལ་པ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཕལ་ཆེན་སྐྱེ་བའི་ཡུལ་ ནི་ཉམས་དགའ་ཡོན་ཏན་ཅན་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བཅ་བརྒྱད་དོ། །ཡབ་ནི་རྒྱལ་མཆོག་ཅེས་བྱའོ། །ཡུམ་ནི་ཙམ་པ་ མཆོག་ཅེས་བྱའོ། །སྲས་ནི་མཆོག་སེམས་ཤེས་བྱའོ། །རིམ་གྲོ་བ་ནི་ཞུམ་མེད་སེམས་ཤེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བློ་གྲོས་ཡོན་ཏན་ཅན་ ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བློ་གྲོས་མཐུ་རྩ་ལ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བཅོ་བརྒྱད་དེ་ཐམས་ཅད་ཡངས་ཡ་ཕྲག་གཉིས་དང། འབུམ་ ཕྲག་ལྔ་ལྔའོ། །སྐུ་ཚེའི་ཚད་ནི་ལོ་ཉི་ཁྲི་གཅིག་སྟོང་ངོ་།དམ་པའི་ཆོས་ནི་ལོ་འབུམ་གྱི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ རྒྱལ་བ་སྐྱེ་བའི་ཡུལ་ནི་མཆོད་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་ཉི་ཤུ་རྩ་བརྒྱད་དོ། །ཡབ་ནི་རྒྱུ་སྐར་རྒྱལ་པོ་ཞེས་བྱའོ། །ཡུམ་ནི་རྩི་སྨན་ ཅེས་བྱའོ། །སྲས་ནི་སྒྲ་གཅན་གཟི་བརྗིད་མཐའ་ཡས་ཅེས་བྱའོ། །རིམ་གྲོ་བ་ནི་འོད་ཟེར་གཞལ་མེད་ཁད་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་ [233B] །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འཇིགས་བྲལ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་ལྔ་སྟེ་ཐམས་ཅད་ལ་ཡང་འབུམ་ཕྲག་རེ་རེའོ། །སྐུ་ཚེའི་ཚད་ནི་ལོ་ བརྒྱའོ༑ ༑དམ་པའི་ཆོས་ནི་ལོ་ཁྲི་ཉིས་སྟོང་གི་བར་དུ་གནས་སོ་།སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་གཟི་བརྗིད་མཐའ་ཡས་སྐྱེ་པའི་ཡུལ་ནི་འོད་ལྡན་ ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཙམ་མོ། །ཡབ་ནི་ཏོག་གི་རྒྱལ་མཚན་ཞེས་བྱའོ་།ཡུམ་ནི་དབང་པོའི་མཚོན་ཆ་ ཞེས་བྱའོ། །སྲས་ནི་ཉི་མའི་འོད་ཟེར་ཞེས་བྱའོ། །རིམ་གྲོ་བ་ནི་ཟླ་བ་ཞིན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དྲི་མེད་བློ་གྲོས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ ཀྱི་མཆོག་ནི་ཟིལ་གྱིས་མི་ནོན་པའི་འོད་ཅེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་ཉི་ཤུ་རྩ་གཉིས་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་རེ་རེའོ། །སྐུ་ཚེའི་ཚད་ནི་ལོ་བརྒྱའོ། ། དམ་པའི་ཆོས་ནི་ལོ་བདུང་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་དོན་གྱི་བློ་ གྲོས་སྐྱེ་བའི་ཡུལ་ནི་འབྱོར་བའི་གཟི་བརྗིད་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་སྟོང་གི་འཇིག་རྟེན་གྱི་ཁམས་ཙམ་མོ། །ཡབ་ནི་སྤོབས་པ་ཅན་ཞེས་བྱའོ། ། [234A]༄༅། །ཡུམ་ནི་ཡོན་ཏན་གྱི་རྗེ་སུ་སོར་བ་ཞེས་བྱའོ། །སྲས་ནི་མེ་ཏོག་དགའ་ཞེས་བྱའོ། །རིམ་གྲོ་བ་ནི་ངེས་པ་ཞེས་བྱའོ། །ཤེས་རབ་ཅན་ རྣམས་ཀྱི་མཆོག་ནི་མི་མཉམ་པ་མེད་པའི་བློ་གྲོས་ཞེས་བྱའོ་།རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་མི་ཡོག་པ་ཞེས་བྱའོ། །འདུས་པ་ནི་དང་པོ་ལ་ནི་ཉན་ཐོས་ འབུམ་ཕྲག་བརྒྱད་དོ། །གཉིས་པ་ལ་ནི་འབུམ་ཕྲག་དགུའོ། །གསུམ་པ་ལ་ནི་ས་ཡའོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །དམ་པའི་ཆོས་ནི་ལོ་དུང་ཕྱུར་ཕྲག་ དྲུག་གོ་སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་སྨན་པའི་རྒྱལ་བ་སྐྱེ་བའི་ཡུལ་ནི་དབེན་ཞིང་སྐྱེད་པ་ ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སུམ་ཅུ་རྩ་བཞིའོ། །ཡབ་ནི་དབང་པོའི་སྟོབས་ཤེས་བྱའོ། །ཡུམ་ནི་ཙནྡན་སྲུང་ཞེས་བྱའོ། །སྲས་ནི་རྡོ་རྗེ་ སྦྱིན་ཞེས་བྱའོ། །རིམ་གྲོ་བ་ནི་གསོ་བྱེད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མིག་པོ་ཆེ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དཔའ་བརྟན་ཞེས་ བྱའོ༑ ༑འདུས་པ་ནི་ལན་བཅུ་སྟེ། ཐམས་ཅད་ལ་ཡང་ཐེར་འབུམ་ཐེར་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་འོ། །དམ་པའི་ཆོས་ནི་ལོ་ཁྲི་དྲུག་སྟོང་གི་བར་དུ་གནས་ [234B] ༑སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐབ་སྤངས་པ་སྐྱི་བའི་ཡུལ་ནི་སྐྱོན་དང་བྲལ་བ་ཞེས་བྱའོ་།རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་ལྔ་ བརྒྱའོ༑ ༑ཡབ་ནི་ཕན་པར་སེམས་ཤེས་བྱའོ། །ཡུམ་ནི་བྱམས་ལྡན་མ་ཞེས་བྱའོ། །སྲས་ནི་རྒྱལ་བའི་དབྱངས་ཤེས་བྱའོ། །རིམ་གྲོ་བ་ནི་ཉེར་སེམས་ཤེས་བྱའོ། །ཤེས་ རབ་ཅན་རྣམས་ཀྱི་མཆོག་ནི་སྟོབས་ཀྱི་མཛོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རི་པོ་བརྩིགས་ཤེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བཅུ་བདུན་ཏེ། ཐམས་ ཅད་ལའང་ས་ཡ་ཕྲག་གསུམ་དང་འབུམ་ཕྲག་དྲུག་དྲུག་གོ་སྐུ་ཚེའི་ཚད་ནི་ལོ་སྟོང་ངོ། །དམ་པའི་ཆོས་ཀྱང་ལོ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་ གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་རིམས་ནང་མེད་སྐྱོ་བའི་ཡུལ་ནི་བག་ཆགས་ཆུང་བ་ཞེས་བྱའོ་།རིགས་ནི་བྲམ་ཟེའོ། ། འོད་ནི་དཔག་ཚད་སུམ་བཅུའོ། །ཡབ་ནི་མདངས་ཡོད་ཅེས་བྱའོ། །ཡུམ་ནི་བསོད་ནམས་བློ་གྲོས་ཞེས་བྱའོ། །སྲས་ནི་བྱམས་སེམས་ཤེས་བྱའོ་།རིམ་གྲོ་པ་ནི་མཉམ་ སེམས་ཤེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་གདོན་མི་ཟབ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཟིལ་གྱིས་མི་ནོན་ཅེས་བྱའོ། །དགྲ་བཅོམ་ [235A]༄༅། །པ་འདུས་པ་ནི་ལན་བཅུ་གཅིག་སྟི། ཐམས་ཅད་ལ་ཡང་ཐེར་འབུམ་ཕྲག་སུམ་ཅུ་སུམ་ཅུའོ། །སྐུ་ཚེའི་ཚད་ནི་ལོ་བདུན་སྟོང་ངོ་།དམ་པའི་ ཆོས་ནི་ལོ་སུམ་ཁྲི་བ་ཞི་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ལེགས་ བྱིན་སྐྱེ་བའི་ཡུལ་ནི་སྡུག་ཅིང་ཉམས་དགའ་བ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཙམ་མོ། །ཡབ་ནི་བཟང་ སྐྱོང་ཞེས་བྱའོ། །ཡུམ་ནི་ངེས་དགའ་ཞེས་བྱའོ། །སྲས་ནི་ཚིག་སྙན་ཞེས་བྱའོ། །རིམ་གྲོ་བ་ན་འབྱོར་བའི་གཟི་བརྗིད་ཅེས་བྱའོ་།ཤེས་རབ་ཅན་རྣམས་ཀྱི་མཆོག་ ནི་ཡོན་ཏན་རིན་ཆེན་འོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་འོད་ཅེས་བྱའོ། །དགྲ་བཅོམ་འདུས་པ་ནི་ལན་སུམ་ཅུ་སྟེ། ཐམས་ཅད་ ལའང་ཐེར་འབུམ་ཐེར་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་སུམ་སྟོང་ངོ། །དམ་པའི་ཆོས་ཀྱང་ལོ་སུམ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་ བཞིན་གཤེགས་པ་གྲགས་བྱིན་སྐྱེ་བའི་ཡུལ་ནི་ཡེ་ཤེས་བྱིན་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་དྲུག་ཅུ་རྩ་གསུམ་མོ། །ཡབ་ནི་ལྷ་ [235B] །ཡུམ་ནི་གྲགས་བྱིན་ཞེས་བྱའོ། །སྲས་ནི་སྤྱོད་པའི་བློ་གྲོས་ཞེས་བྱའོ། །རིམ་གྲོ་བ་ནི་སེམས་བརྟན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ འགྲོགས་བདེ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ན་བན་བར་སེམས་ཤེས་བྱའོ། །དགྲ་བཅོམ་པ་འདུས་པ་ནི་ལན་སུམ་ཅུ་རྩ་དྲུག་སྟེ། ཐམས་ཅད་ལའང་འབུམ་ ཕྲག་བཅུ་བཅུའོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །དམ་པའི་ཆོས་ནི་ལོ་བརྒྱད་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ མེ་ཏོག་བྱིན་སྐྱེ་བའི་ཡུལ་ནི་དགའ་བའི་འོད་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་གསུམ་མོ། །ཡབ་ནི་མེ་ཏོག་བྱིན་ཞེས་བྱའོ། །ཡུམ་ནི་སྤོབས་ ལྡན་མ་ཞེས་བྱའོ། །སྲས་ནི་རིན་ཆེན་ལྷ་ཞེས་བྱའོ། །རིམ་གྲོ་བ་ནི་དབྱངས་བྱིན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡིད་འོད་དབྱངས་ཤེས་བྱའོ། །རྫུ་འཕྲུལ་ ཅན་རྣམས་ཀྱི་མཆོག་ནི་དཔལ་དབྱངས་ཤེས་བྱའོ། །འདུས་པ་ནི་ལན་བཅུ་ཅིག་སྟེ། ཐམས་ཅད་ལ་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་འབུམ་འབུམ་ མོ༑ ༑སྐུ་ཚེའི་ཚད་ནི་ལོ་འབུམ་མོ། །དམ་པའི་ཆོས་ནི་ལོ་བྱེ་བའི་བར་དུ་གནས་སོ། །བསྟན་པ་ལ་ནི་ཕྱིར་མི་ལྡོག་པའི་ཚོགས་འབྱུང་བར་འགྱུར་རོ། །སྐུ་གདུང་ནི་རྒྱས་ [236A]༄༅། །པར་འགྱུར་རོ། །དེ་བཞིན་གཤེགས་པ་སྐྱེས་བུས་བྱིན་སྐྱེ་བའི་ཡུལ་ནི་བསོད་ནམས་འབྱུང་གནས་ཞེས་བྱའོ། །རིགས་ནི་བྲམ་ཟེའོ་།འོད་ ནི་དཔག་ཚད་དགུ་ཁྲི་དགུ་སྟོང་ངོ། །ཡབ་ནི་རྡོ་རྗེ་འཛིན་ཅེས་བྱའོ། །ཡུམ་ནི་སྐལ་ལྡན་འོད་ཅེས་བྱའོ། །སྲས་ནི་དྲང་སྲོང་བྱིན་ཞེས་བྱའོ། །རིམ་གྲོ་པ་ནི་འཕགས་ པ་དགྱེས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཐར་པ་སེམས་ཤེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཕན་པར་འགྲོ་ཞེས་བྱའོ། །འདུས་པ་ནི་ལན་ གཉིས་ཏེ། དུང་ཕྱུར་ཕྲག་གསུམ་དང། བྱེ་བ་ཕྲག་དྲུག་དྲུག་གོ་།སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །དམ་པའི་ཆོས་ནི་ལོ་ནི་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། །སྐུ་ གདུང་ནི་ཀྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་རྡོ་རྗེ་སྡེ་སྐྱ་བའི་ཡུལ་ནི་བཀོད་པ་མཐའ་ཡས་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ་།འོད་ནི་དཔག་ ཚད་བརྒྱད་དོ། །ཡབ་ནི་དྲི་མེད་བྱིན་ཞེས་བྱའོ། །ཡུམ་ནི་འོད་ལྡན་མ་ཞེས་བྱའོ། །སས་ནི་སྙན་པར་གྲགས་ཤེས་བྱའོ། །རིམ་གྲོ་བ་ནི་ཡེ་ཤེས་འགྲོས་ཞེས་ བྱའོ༑ ༑ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཐོང་བ་སེམས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་གཟི་བརྗིད་ཅེས་བྱའོ། །འདུས་པ་ནི་ལན་ [236B] ཐམས་ཅད་ལ་ཡང་སུམ་འབུམ་སུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་སུམ་ཁྲི་ལྔ་སྟོང་ངོ། །དམ་པའི་ཆོག་ནི་ལོ་བཞི་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་ པར་འགྱུར་རོ། །དེ་བཞིན་གཤེགས་པ་ཕལ་ཆེན་བྱིན་སྐྱེ་བའི་ཡུལ་ནི་བསོད་ནམས་སྦོས་ལྡན་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཏུ་མེད་དོ། །ཡབ་ ནི་བློ་མཆོག་ཅེས་བྱའོ། །ཡུམ་ནི་སྣ་མའི་མེ་ཏོག་མཆོག་ཅེས་བྱའོ་།སྲས་ནི་ཡོན་ཏན་བྱིན་ཞེས་བྱའོ། །རིམ་གྲོ་བ་ནི་འབྱོར་པའི་བློ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ ཀྱི་མཆོག་ནི་ལེགས་པར་གནས་པའི་སེམས་ཤེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བདུང་ཟིལ་གྱིས་གནོན་པ་ཞེས་བྱའོ། །འདུས་པ་ནི་ལན་ཉི་ཤུ་སྟེ། ཐམས་ ཅད་ལའང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཐེར་འབུམ་ཕྲག་ལྔ་ལྔའོ། །སྐུ་ཚེའི་ཚད་ནི་ལོ་སུམ་སྟོང་ངོ། །དམ་པའི་ཆོས་ནི་ལོ་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། །བསྟན་ པ་ལ་ནི་ཕྱིར་མི་ལྡོག་པའི་ཚོགས་འབྱུང་བར་འགྱུར་རོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཞི་བའི་བློ་གྲོས་སྐྱེ་བའི་ཡུལ་ནི་རབ་ཏུ་ནི་བར་ཉམས་དགའ་ བ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སྟོང་ངོ་།ཡབ་ནི་ཆོས་ལྷ་ཞེས་བྱའོ། །ཡུམ་ནི་བསོད་ནམས་བློ་གྲོས་ཤེས་བྱའོ། །སྲས་ནི་སྣ་ཚོགས་ཅན་ཞེས་ [237A]༄༅། །བྱའོ༑ ༑རིམ་གྲོ་བ་ནི་མཆོད་འོས་ཤེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རིན་ཆེན་ལག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ ནི་མུན་པ་བྲལ་ཞེས་བྱའོ། །འདུས་པ་ནི་ལན་བཅུ་དྲུག་སྟེ་ཐམས་ཅད་ལ་ཡང་ཐེར་འབུམ་ཐེར་འབུམ་མོ། །སྐུ་ཚེའི་ཚད་ར་ལོ་ཁྲིའོ་།དམ་པའི་ཆོས་ནི་ལོ་བྱེ་ བའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་སྤོས་ཀྱི་གླང་པོ་སྐྱེ་བའི་ཡུལ་ནི་སྤོས་ལྡན་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། ། འོད་ནི་དཔག་ཚད་སུམ་མོ། །ཡབ་ནི་སྤོས་ཀྱི་དབང་ཕྱུག་ཅེས་བྱའོ་།ཡུམ་ནི་ཡིད་འོད་སྤོས་ཤེས་བྱའོ། །སྲས་ནི་ཡོན་ཏན་སྤོས་ཤེས་བྱའོ། །རིམ་གྲོ་པ་ནི་འོད་ འཕྲོ་ཅན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱིས་མཆོག་ནི་འདམ་ལས་རྒལ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བསམ་པ་བྱིན་ཞེས་བྱའོ། །ཉན་ཐོས་ འདུས་པ་ནི་ལན་དྲུག་སྟེ། ཐམས་ཅད་ལའང་དུང་ཕྱུར་ཕྲག་དྲུག་དྲུག་གོ་སྐུ་ཚེའི་ཚད་ནི་ལོ་ཉི་ཁྲི་ལྔ་སྟོང་ངོ། །དམ་པའི་ཆོས་ཀྱང་ལོ་ཉི་ཁྲི་ལྔ་སྟོང་གི་བར་དུ་ གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་སྲེད་མེད་ཀྱི་བུ་སྐྱེ་བའི་ཡུལ་ནི་གཟི་བརྗིད་བརྟན་པ་ཞེས་བྱའོ་།རིགས་ནི་རྒྱལ་རིགས་སོ། ། [237B] །ཡབ་ནི་དཔའ་བོ་ཞེས་བྱའོ་།ཡུམ་ནི་མཚོན་ཆ་བཟང་ཞེས་བྱའོ། །སྲས་ནི་མཐུ་རྩ་ལ་སྟོབས་ཤེས་བྱའོ། །རིམ་གྲོ་པ་ནི་སྒྱིད་མི་ལུག་པ་ ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བློ་སྟོབས་སྐྱེད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཕས་ཀྱི་རྒོལ་བ་ཚར་གཅོད་ཅེས་བྱའོ། །འདུས་པ་ནི་ལན་ བརྒྱད་ཅུ་རྩ་བཞི་སྟེ་ཐམས་ཅད་ལ་ཡང་བྱེ་བ་ཕྲག་སྟོང་སྟོང་ངོ། །སྐུ་ཚེའི་ཚད་ནི་ལོ་དགུ་ཁྲི་ཉིས་སྟོང་ངོ། །དམ་པའི་ཆོས་ནི་ལོ་དགུ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་དེས་པ་སྐྱེ་བའི་ཡུལ་ནི་དགའ་བའི་གཟི་བརྗིད་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། ། འོད་ནི་དཔག་ཚད་བཅུ་དགུའོ། །ཡབ་ནི་ཁུང་མེད་ཅེས་བྱའོ། །ཡུམ་ནི་དགའ་བའི་དབང་ཕྱུག་ཅེས་བྱའོ། །སྲས་ནི་ཡིད་འོང་བྱིན་ཞེས་བྱའོ། །རིམ་གྲོ་པ་ནི་ཕན་ པའི་བློ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཟླ་བའི་ཏོག་གི་རྒྱལ་མཚན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བརྩོན་འགྲུས་བརྟན་པ་ཞེས་བྱའོ། །འདུས་ པ་ནི་ལན་གསུམ་སྟེ། ཐམས་ཅད་ལ་ཡང་སུམ་འབུམ་སུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་སྟོང་ངོ། །དམ་པའི་ཆོས་ནི་ལོ་ཁྲི་སྟོང་གི་བར་དུ་གནས་སོ། །སྐུ་ [238A]༄༅། །གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་མི་ཚུགས་པ་སྐྱེ་བའི་ཡུལ་ནི་ཚུགས་ པ་མེད་པའི་འཁོར་ལོ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བརྒྱའོ། །ཡབ་ནི་ཉི་མའི་གདུགས་ཤེས་བྱའོ། །ཡུམ་ནི་ཆོས་ཀྱི་བླ་མ་ཞེས་བྱའོ། ། སྲས་ནི་མདངས་སྡུག་ཅེས་བྱའོ། །རིམ་གྲོ་བ་ནི་ཆོས་ཀྱི་མཛོད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དྲན་གྲོགས་ཤེས་བྱའོ་།རྫུ་འཕྲུལ་ཅན་རྣམས་ཀྱི་ མཆོག་ནི་ལྷ་གསལ་ཞེས་བྱའོ། །འདུས་པ་ནི་ལན་དྲུག་སྟེ་ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་གཅིག་དང་བྱེ་བ་ཕྲག་བརྒྱད་བརྒྱད་དོ་།སྐུ་ཚེའི་ཚད་ནི་ལོ་སུམ་ སྟོང་ངོ། །དམ་པའི་ཆོས་ནི་ལོ་ཁྲི་བཞི་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཉི་ཟླ་སྐྱེ་བའི་ཡུལ་ནི་རིན་པོ་ཆེའི་ འོད་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་དྲུག་གོ་།ཡབ་ནི་ཟླ་བ་ཞེས་བྱའོ། །ཡུམ་ནི་རིན་ཆེན་གཟི་བརྗིད་ཅེས་བྱའོ་།སྲས་ནི་ཟླས་ བྱིན་ཞེས་བྱའོ། །རིམ་གྲོ་བ་ནི་འཇམ་པའི་དབྱངས་ཤེས་བྱའོ་།ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བློ་ནས་ཤེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཚུལ་ [238B] །འདུས་པ་ནི་ལན་བརྒྱད་བཅུ་རྩ་བཞི་སྟེ་ཐམས་ཅད་ལ་ཡང་བྱེ་བ་ཕྲག་འབུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །དམ་པའི་ཆོས་ ཀྱང་ལོ་བརྒྱད་ཁྲིའི་བར་དུ་ཆོག་ནི་བརྟུལ་ཞུགས་ཡང་དག་པར་འཕགས་ཤེས་བྱའོ། །འདུས་པ་ལན་གི་ཏོག་སྐྱེ་བའི་ཡུལ་ནི་འོད་རྟག་ཅེས་བྱའོ། །རིགས་ནི་བྲམ་ ཟེའོ༑ ༑འོད་ནི་དཔག་ཚད་སུམ་བརྒྱའོ། །ཡབ་ནི་དབང་པོའི་ཏོག་ཅེས་བྱའོ། །ཡུམ་ནི་ནོར་ལྟའི་བུའི་འོད་ཅེས་བྱའོ། །སྲས་ནི་ཉི་མའི་སྒྲོན་མ་ཞེས་བྱའོ། །རིམ་གྲོ་ པ་ནི་བློ་གྲོས་ལེགས་སེམས་ཤེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཆོགས་ཅན་གཙོ་བོ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡིད་འོང་སེམས་ ཞེས་བྱའོ། །དགྲ་བཅོམ་པ་འདུས་པ་ནི་ལན་དྲུག་ཅུ་སྟེ། ཐམས་ཅད་ལའང་འབུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲི་ལྔ་སྟོང་ངོ། །དམ་པའི་ཆོས་ནི་ལོ་ཁྲི་ བཞི་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ་།དེ་བཞིན་གཤེགས་པ་མཆོད་པ་སྐྱེ་བའི་ཡུལ་ནི་བལྟ་ན་ཡིད་དུ་འོང་བ་ཞེས་བྱའོ། །རིགས་ནི་བྲམ་ ཟེའོ༑ ༑འོད་ནི་དཔག་ཚད་ཕྱེད་དང་གསུམ་མོ། །ཡབ་ནི་ཡུམ་འཁོར་བཟང་པོ་ཞེས་བྱའོ། །ཡུམ་ནི་ཡེ་ཤེས་འོད་ཟེར་ཞེས་བྱའོ། །སྲས་ནི་བསོད་ནམས་འདོད་ཅེས་ [239A]༄༅། །བྱའོ༑ ༑རིམ་གྲོ་བ་ནི་ཐར་པའི་སེམས་ཤེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཟིལ་གྱིས་ནོན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ ཀྱི་མཆོག་ནི་འཇིག་རྟེན་མངོན་དགའ་ཞེས་བྱའོ། །དགྲ་བཅོམ་པ་འདུས་པ་ནི་ལན་བཅུ་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་དྲུག་དྲུག་གོ་སྐུ་ཚེའི་ཚད་ནི་ལོ་ བརྒྱད་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་དྲུག་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་དཔལ་སྦས་སྐྱེ་བའི་ཡུལ་ནི་ཟླ་བའི་ ཏོག་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་བཅུ་ཙམ་མོ། །ཡབ་ནི་བློ་བཟངས་ཤེས་བྱའོ་།ཡུམ་ནི་རིན་ཆེན་ བློ་ཞེས་བྱའོ། །སྲས་ནི་ཆོས་ཀྱི་མཐུ་རྩལ་ཞེས་བྱའོ། །རིམ་གྲོ་བ་ནི་བློ་དབྱངས་ཤེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་གནས་པ་མེད་པའི་བློ་ཞེས་བྱའོ། ། རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བརྟུལ་ཞུགས་ཡང་དག་པར་འཕགས་ཞེས་བྱའོ། །འདུས་པ་ནི་ལན་བཅུ་དྲུག་སྟེ། ཐམས་ཅད་ལའང་ཐེར་འབུམ་ཕྲག་སུམ་ཅུ་ སུམ་ཅུའོ། །སྐུ་ཚེའི་ཚད་ནི་ལོ་འབུམ་མོ། དམ་པའི་ཆོས་ནི་ལོ་བྱེ་བ་ཕག་བདུན་གྱི་བར་དུ་གནས་སོ། སྐུ་གདུང་ནི་རྒྱས་པར་འགྱུར་རོ་།དེ་བཞིན་གཤེགས་ [239B]བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་འཇིག་རྟེན་གྱི་ཁམས་སུམ་ཅུ་རྩ་གཉིས་ཙམ་མོ། །ཡབ་ནི་བཟང་ པོ་ཞེས་བྱའོ། །ཡུམ་ནི་བཟང་མཆོག་མ་ཞེས་བྱའོ། །སྲས་ནི་ཉི་མའི་གདོང་ཞེས་བྱའོ། །རིམ་གྲོ་བ་ནི་བརྟུལ་ཞུགས་བཟང་པོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ ནི་སྟོན་པ་མཐའ་ཡས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་ཅན་ཞེས་བྱའོ། །འདུས་པ་ནི་ལན་བཅུ་དྲུག་སྟེ། ཐམས་ཅད་ལའང་ཕྱིར་མི་ལྡོག་ པའི་བྱང་ཆུབ་སེམས་དཔའ་དུང་ཕྱུར་ཕྲག་བརྒྱད་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་བརྒྱའོ། །དམ་པའི་ཆོས་ནི་ལོ་ཁྲིའི་བར་དུ་གནས་སོ། །བསྟན་པ་ལ་ནི་ཕྱིར་མི་ ལྡོག་པའི་ཚོགས་འགྱུར་བར་འགྱུར་རོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་དོན་གྲུབ་སྐྱེ་བའི་ཡུལ་ནི་བསམ་པ་ཇི་ལྟ་བ་བཞིན་འབྱུང་བར་ཞེས་ བྱའོ༑ ༑རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་ཁྲི་ཉིས་སྟོང་ངོ་།ཡབ་ནི་གཽ་ཏ་མ་ཞེས་བྱའོ། །ཡུམ་ནི་ཡིད་དུ་འོང་བའི་ང་རོ་ཞེས་བྱའོ། །སྲས་ནི་ཟླས་ བྱིན་ཞེས་བྱའོ། །རིམ་གྲོ་བ་ནི་བརྟན་པས་བྱིན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྙིང་པོ་མཆོག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བློ་ [240A]༄༅། །དགའ་ཞེས་བྱའོ། །འདུས་པ་ནི་ལན་བཅུ་བདུན་ཏི་ཐམས་ཅད་ལའང་དུང་ཕྱུར་ཕྲག་གཅིག་དང། བྱེ་བ་ཕྲག་བརྒྱད་བརྒྱད་དོ་།སྐུ་ཚེའི་ ཚད་ནི་ལོ་སྟོང་ངོ། །དམ་པའི་ཆོས་ནི་ལོ་ཉི་ཁྲི་བརྒྱད་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ལྷུན་པོ་བརྩེགས་ སྐྱེ་བའི་ཡུལ་ནི་རིན་པོ་ཆེ་བཀོད་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བྱེ་བའོ། །ཡབ་ནི་བློ་གྲོས་གནས་ཤེས་བྱའོ། །ཡུམ་ནི་མཉམ་ སེམས་ཞེས་བྱའོ། །སྲས་ནི་བློ་འོད་ཅེས་བྱའོ། །རིམ་གྲོ་བ་ནི་ཆོས་ཀྱི་དབང་ཕྱུག་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཚོགས་ཅན་འོད་ཅེས་བྱའོ། །རྫུ་ འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཆོས་ཀྱི་ཆོ་འཕྲུལ་ཞེས་བྱའོ་།དགྲ་བཅོམ་པ་འདུས་པ་ནི་ལན་བཅུ་དྲུག་སྟེ་ཐམས་ཅད་ལ་ཡང་ཁྲི་ཕྲག་རེ་རེའོ། །སྐུ་ཚེའི་ཚད་ནི་ ལོ་བྱེ་བའོ། །དམ་པའི་ཆོས་ཀྱང་ལོ་བྱེ་བའི་བར་དུ་གནས་སོ་།སྐུ་གདུང་ནི་རྒྱས་པར་འགྱུར་རོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ དགྲ་འདུལ་སྐྱེ་བའི་ཡུལ་ནི་འཇིགས་པ་དང་བྲལ་བ་ཞེས་བྱའོ་།རིགས་ནི་བྲམ་ཟེའོ། །འོད་ནི་གླིང་བཞི་བའི་འཇིག་རྟེན་གྱི་ཁམས་དྲུག་ཅུ་ཙམ་མོ། །ཡབ་ [240B] །ཡུམ་ནི་བློ་གྲོས་གྲགས་ཞེས་བྱའོ། །སྲས་ནི་བློ་གྲོས་མཛེས་ཞེས་བྱའོ། །རིམ་གྲོ་བ་ནི་གདངས་སྙན་ཅེས་བྱའོ། །ཞེས་རབ་ཅན་རྣམས་ཀྱི་མཆོག་ ནི་ཙམ་པའི་དཔལ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྟོངས་ཆེན་ཞེས་བྱའོ། །དགྲ་བཅོམ་པ་འདུས་པ་ནི་ལན་སུམ་བཅུ་རྩ་དྲུག་སྟེ། །ཐམས་ཅད་ལའང་བྱེ་བ་ཕྲག་སྟོང་ སྟོང་ངོ། །སྐུ་ཚེའི་ཚད་ནི་ལོ་སྟོང་ངོ། །དམ་པའི་ཆོས་ནི་ལོ་དུང་ཕྱུར་ཕྲག་གཅིག་དང་བྱེ་བ་ཕྲག་བཞིའི་བར་དུ་གནས་སོ་།སྐུ་གདུང་ནི་རྒྱས་པར་འགྱུར་རོ། ། འཕགས་པ་བསྐལ་པ་བཟང་པོ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་།བམ་པོ་བཅུ་གསུམ་པ། །དེ་བཞིན་གཤེགས་པ་པདྨ་མ་སྐྱེ་བའི་ཡུལ་ནི་པདྨ་དཀར་པོ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། ། འོད་ནི་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་བཅུ་བརྒྱད་ཙམ་མོ། །ཡབ་ནི་མེ་ཏོག་ཅེས་བྱའོ། །ཡུམ་ནི་ཨུཏྤལ་ཕྲེང་ཞེས་བྱའོ། །སྲས་ནི་མེ་ཏོག་ཕུང་པོ་ཞེས་ བྱའོ༑ ༑རིམ་གྲོ་བ་ནི་ཡོན་ཏན་རྒྱ་མཚོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཀུན་ཏུ་མཛེས་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི། སྐྱེ་བའི་མཆོད་ རྟེན་ཞེས་བྱའོ། །དགྲ་བཅོམ་པ་འདུས་པ་ནི་ལན་བདུན་བཅུ་རྩ་དྲུག་སྟེ། །ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་དགུ་དང། བྱེ་བ་ཕྲག་བཞི་བཞིའོ། །སྐུ་ཚེའི་ཚད་ནི་བྱེ་བ་ཁྲི་དྲུག་ [241A]༄༅། །སྟོང་ངོ། །དམ་པའི་ཆོས་ནི་ལོ་འབུམ་གྱི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་དགྲ་བཅོམ་གྲགས་པ་ སྐྱེ་བའི་ཡུལ་ནི་དྲང་སྲོང་དད་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་དགུ་བཅུའོ། །ཡབ་ནི་ཚངས་འདོད་ཅེས་བྱའོ། །ཡུམ་ནི་བདེན་བྱིན་ཞེས་ བྱའོ༑ ༑སྲས་ནི་དགའ་འཛིན་ཅེས་བྱའོ། །རིམ་གྲོ་བ་ནི་སྡུག་དགའ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མི་གཡོ་བློ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་ མཆོག་ནི་རི་བོ་བརྩེགས་ཞེས་བྱའོ། །དགྲ་བཅོམ་པ་འདུས་པ་ནི་ལན་བཅོ་བརྒྱད་དེ། །ཐམས་ཅད་ལའང་ཐེར་འབུམ་ཕྲག་བཅུ་བཞི་བཅུ་བཞིའོ། །སྐུ་ཚེའི་ཚད་ནི་ལོ་ འབུམ་མོ། །དམ་པའི་ཆོས་ཀྱང་ལོ་འབུམ་གྱི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ་།དེ་བཞིན་གཤེགས་ པ་ཡེ་ཤེས་འགྲོས་སྐྱེ་བའི་ཡུལ་ནི་སྤོབས་པའི་དཔལ་ཞེས་བྱའོ་།རིགས་ནི་རྒྱལ་རིགས་སོ། །འོད་ནི་འདོམ་གང་ངོ། །ཡབ་ནི་བརྟུལ་ཞུགས་འབྱོར་ཅེས་བྱའོ། ། ཡུམ་ནི་ཡོན་ཏན་བསམ་པ་ཅན་ཞེས་བྱའོ། །སྲས་ནི་ཐར་པ་སེམས་ཞེས་བྱའོ། །རིམ་གྲོ་བ་ནི་དོན་ཡོད་སེམས་ཤེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཁ་ [241B] །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རྒོལ་བ་བསལ་ཞེས་བྱའོ། །དགྲ་བཅོམ་པ་འདུས་པ་ནི་ལན་བཅུ་སྟེ། །ཐམས་ཅད་ལའང་ཐེར་འབུམ་ཐེར་འབུམ་ མོ༑ ༑སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲི་བཞི་སྟོང་ངོ། །དམ་པའི་ཆོས་ཀྱང་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ ཉོན་མོངས་བྲལ་སྐྱེ་བའི་ཡུལ་ནི་འཇམ་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་དྲུག་གོ་ཡབ་ནི་གཉེན་བཟངས་ཤེས་བྱའོ། །ཡུམ་ནི་རྒུན་ཆད་མྱོས་ ཞེས་བྱའོ། །སྲས་ནི་པདྨའི་སྙིང་པོ་ཞེས་བྱའོ། །རིམ་གྲོ་བ་ནི་དྲན་པ་གསལ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཐོགས་པ་མེད་པའི་སེམས་ཤེས་བྱའོ། །རྫུ་ འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དུལ་བའི་རྒྱལ་མཚན་ཞེས་བྱའོ་།འདུས་པ་དང་པོ་ལ་ནི་དགྲ་བཅོམ་པ་བྱེ་བ་ཕྲག་འབུམ་མོ། །གཉིས་པ་ལ་ནི་བྱེ་བ་ཕྲག་བཅུའོ། །གསུམ་པ་ ལ་ནི་བྱེ་བ་ཕྲག་སུམ་བཅུའོ། །སྐུ་ཚེའི་ཚད་ནི་ལོ་ཁྲི་དྲུག་སྟོང་ངོ། །དམ་པའི་ཆོས་ནི་ལོ་དྲུག་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་ གཤེགས་པ་འདམ་བུ་སྐྱེ་བའི་ཡུལ་ནི་རྩེ་དགའ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་དྲུག་བཅུ་རྩ་བརྒྱད་དོ། །ཡབ་ནི་རིན་པོ་ཆེའི་འབྱུང་གནས་ [242A]༄༅། །ཞེས་བྱའོ། །ཡུམ་ནི་རྩ་ལ་ཅན་ཞེས་བྱའོ། །སྲས་ནི་ཤེས་ཉེན་བདེན་ཞེས་བྱའོ། །རིམ་གྲོ་བ་ནི་བཟང་པོའི་ཏོག་ཅེས་བྱའོ། །ཤེས་ རབ་ཅན་རྣམས་ཀྱི་མཆོག་ནི་བསོད་ནམས་ཕུང་པོ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འབྱོར་བའི་མཛོད་ཅེས་བྱའོ། །དགྲ་བཅོམ་པ་འདུས་པ་ནི་ལན་ གསུམ་སྟེ། །ཐམས་ཅད་ལ་ཡང་བརྒྱད་ཁྲི་བརྒྱད་ཁྲིའོ། །སྐུ་ཚེའི་ཚད་ནི་ལོ་སུམ་སྟོང་ངོ། །དམ་པའི་ཆོས་ནི་ལོ་དགུ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་ གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་སྤོས་བཟངས་སྐྱེ་བའི་ཡུལ་ནི་འོད་མཐའ་ཡས་པ་ཞེས་བྱའོ་།རིགས་ནི་རྒྱལ་རིགས་ སོ༑ ༑འོད་ནི་ཛམྦུའི་གླིང་ཙམ་མོ། །ཡབ་ནི་ཡེ་ཤེས་རྒྱལ་མཚན་ཞེས་བྱའོ། །ཡུམ་ནི་དྲང་སྲོང་དགའ་ཞེས་བྱའོ། །སྲས་ནི་དྲང་སྲོང་བྱིན་ཞེས་བྱའོ། །རིམ་གྲོ་པ་ ནི་ཡོན་ཏན་གྲགས་པ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱིས་ཆོག་ནི་སྤྱོད་པའི་བློ་གྲོས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ས་འཛིན་རྒྱལ་པོ་ཞེས་ བྱའོ༑ ༑དགྲ་བཅོམ་པ་འདུས་པ་ནི་ལན་བཅུ་པ་ཞི་སྟེ། །ཐམས་ཅད་ལ་ཡང་བྱེ་བ་ཕྲག་སྟོང་ངོ། །སྐུ་ཚེའི་ཚད་ནི་ལོ་ཁྲི་བརྒྱད་སྟོང་ངོ། །དམ་པའི་ཆོས་ནི་ལོ་དུང་ [242B] །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཡུལ་འཁོར་རངས་སྐྱེ་བའི་ཡུལ་ནི་ལེགས་པར་བསྲུངས་པའི་གཟི་བརྗིད་ཅེས་ བྱའོ༑ ༑རིགས་ནི་བྲམ་ཟེའོ། །འོད་ནི་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཙམ་མོ། །ཡབ་ནི་སྐལ་ལྟ་ན་འདོད་ཅེས་བྱའོ། །ཡུམ་ནི་རིན་ཆེན་ལྡན་ཞེས་བྱའོ། །སྲས་ ནི་བཻ་ཌཱུརྱའི་སྙིང་པོ་ཞེས་བྱའོ། །རིམ་གྲོ་བ་ནི་གྲགས་པའི་རྒྱ་མཚོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཐའ་ཡས་ལག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་ མཆོག་ནི་མཐུ་རྩལ་ཚད་མེད་པ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་སུམ་བཅུ་རྩ་བརྒྱད་དེ། །ཐམས་ཅད་ལ་ཡང་ཁྲི་ཕྲག་འབུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་བྱེ་བའོ། །དམ་ པའི་ཆོས་ཀྱང་ལོ་བྱེ་བའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ལྷ་གྲགས་སྐྱེ་བའི་ཡུལ་ནི་ལྷ་དགའ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་ སོ༑ ༑འོད་ནི་གླིང་ཆེན་པོ་བཞི་པ་བྱེ་བ་སྙེད་ཙམ་མོ། །ཡབ་ནི་ཡུལ་འཁོར་བཟང་པོ་ཞེས་བྱའོ། །ཡུམ་ནི་ནོར་ལྷའི་བུ་ཞེས་བྱའོ་།སྲས་ནི་རྣམ་པར་སྣང་བྱེད་ཅེས་ བྱའོ། །རིམ་གྲོ་བ་ནི་ལེགས་སེམས་ཤེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཆོས་བརྩེགས་ཤེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ལྗོན་པའི་མེ་ཏོག་ཅེས་ [243A]༄༅། །བྱའོ༑ ༑འདུས་པ་ནི་ལན་བཅོ་བརྒྱད་དེ་ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་གཅིག་དང། བྱེ་བ་ཕྲག་བཞི་བཞིའོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲིའོ། ། དམ་པའི་ཆོས་ནི་ལོ་སུམ་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ་།དེ་བཞིན་གཤེགས་པ་ སྲིད་མཐའ་གཟིགས་སྐྱེ་བའི་ཡུལ་ནི་དགའ་བས་བལྟས་ཞེས་བྱའོ་།རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་དྲུག་ཅུའོ། །ཡབ་ནི་མྱ་ངན་མེད་ཅེས་བྱའོ། །ཡུམ་ནི་ དགའ་བས་བྱིན་ཞེས་བྱའོ། །སྲས་ནི་རི་བརྩེགས་ཤེས་བྱའོ། །རིམ་གྲོ་བ་ནི་མཚན་བྱིན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་གཟི་བརྗིད་ཆེན་པོ་ཞེས་བྱའོ། ། རྫུ་འཕྲུལ་ཅན་རྣམས་ཀྱི་མ་ཚག་ནི་ཡིད་དུ་འོང་བའི་འོད་ཅེས་བྱའོ། །འདུས་པ་ནི་ལན་བཞི་བཅུ་སྟེ། །ཐམས་ཅད་ལ་ཡང་འབུམ་ཕྲག་བཅོ་ལྔ་བཅྭ་ལྔའོ། །སྐུ་ཚེའི་ཚད་ནི་ལོ་ ཁྲི་དྲུག་སྟོང་ངོ། །དམ་པའི་ཆོས་ནི་ལོ་ཁྲི་བརྒྱད་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཟླ་བ་སྐྱེ་བའི་ཡུལ་ནི་བཀོད་པ་ དང་ལྡན་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བཞི་བཅུའོ། །ཡབ་ནི་ཟླ་བའི་ཏོག་ཅེས་བྱའོ། །ཡུམ་ནི་ཉི་མའི་སྙིང་པོ་ཞེས་བྱའོ། །སྲས་ནི་གཟི་བརྗིད་ [243B] །རིམ་གྲོ་བ་ནི་གདངས་སྙན་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྒྲིབ་མེད་མཐོང་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བརྩོན་པ་མི་གཏོང་བ་ ཞེས་བྱའོ། །འདུས་པ་ནི་ལན་བཞི་བཅུ་སྟེ། །ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་གཅིག་དང་བྱེ་བ་ཕྲག་བརྒྱད་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་ཉི་ཁྲི་བརྒྱད་སྟོང་ངོ། །དམ་པའི་ ཆོས་ནི་ལོ་སུམ་ཁྲི་ཉིས་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་སྒྲ་གཅན་སྐྱེ་བའི་ ཡུལ་ནི་རིན་པོ་ཆེ་འབར་བ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ་།འོད་ནི་དཔག་ཚད་སུམ་བརྒྱའོ། །ཡབ་ནི་གློག་འོད་ཅེས་བྱའོ། །ཡུམ་ནི་ཡིད་དུ་འོང་བའི་འོད་ཅེས་ བྱའོ༑ ༑སྲས་ནི་མཐུ་རྩ་ལ་བརྟན་ཞེས་བྱའོ། །རིམ་གྲོ་བ་ནི་མཐུ་རྩ་ལ་སེམས་ཤེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཐོགས་པ་མེད་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ ཀྱི་མཆོག་ནི་དྲག་ཤུལ་འབར་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་དགྲ་བཅོམ་པ་འབུམ་ཕྲག་བརྒྱད་ཁྲིའོ། །གཉིས་པ་ལ་ནི་འབུམ་ཕྲག་དྲུག་ཁྲིའོ། །གསུམ་པ་ལ་ནི་ འབུམ་ཕྲག་བཞི་ཁྲིའོ། །སྐུ་ཚེའི་ཚད་ནི་ལོ་ཉི་ཁྲི་བརྒྱད་སྟོང་ངོ། །དམ་པའི་ཆོས་ནི་ལོ་སུམ་ཁྲི་ལྔ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་ [244A]༄༅། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་རིན་ཆེན་ཟླ་བ་སྐྱེ་བའི་ཡུལ་ནི་རིན་པོ་ཆེའི་མཆོག་ཅེས་བྱའོ། །རིགས་ནི་རྒྱལ་ རིགས་སོ། །འོད་ནི་དཔག་ཚད་དྲུག་བརྒྱའོ། །ཡབ་ནི་ལེགས་བཟང་ཞེས་བྱའོ། །ཡུམ་ནི་བཀོད་པ་ཆེན་མོ་ཞེས་བྱའོ། །སྲས་ནི་གསལ་དགའ་ཞེས་བྱའོ། །རིམ་ གྲོ་བ་ནི་ཉེས་དམིགས་གདོད་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དགའ་སྤྱོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འགྲོས་བརྟན་ཞེས་བྱའོ། ། འདུས་པ་ནི་ལན་ཉི་ཤུ་རྩ་ལྔ་སྟེ། །ཐམས་ཅད་ལ་ཡང་ཐེར་འབུམ་ཕྲག་བཅོ་ལྔ་བཅོ་ལྔའོ། །སྐུ་ཚེའི་ཚད་ནི་ལོ་ལྔ་སྟོང་ངོ། །དམ་པའི་ཆོས་ནི་ལོ་བདུག་ཁྲིའི་བར་དུ་གནས་ སོ༑ ༑སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་སེང་གེའི་རྒྱལ་མཚན་སྐྱེ་བའི་ཡུལ་ནི་མངོན་པར་ཤེས་པ་ རྣམ་པར་རོལ་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་དྲུག་ཅུའོ། །ཡབ་ནི་མངོན་ཤེས་བྱིན་ཞེས་བྱའོ། །ཡུམ་ནི་ཡིད་འོད་སེམས་ཤེས་བྱའོ། །སྲས་ནི་ ཟིལ་མི་ནོན་ཞེས་བྱའོ། །རིམ་གྲོ་བ་ནི་ཕན་པར་སེམས་ཤེས་བྱའོ་།ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འཐུན་པར་སྤྱོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ [244B] །འདུས་པ་ནི་ལན་ཉི་ཤུ་སྟེ་།ཐམས་ཅད་ལ་ཡང་བྱེ་བ་ཕྲག་འབུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་བཞི་ཁྲིའོ། །དམ་པའི་ཆོས་ནི་ལོ་འབུམ་གྱི་བར་ དུ་གནས་སོ། །སྐུ་གདུང་ནི་རྒྱས་བར་འགྱུར་རོ། །དེ་བཞིན་གཤེགས་པ་བསམ་གཏན་དགྱེས་སྐྱེ་བའི་ཡུལ་ནི་ཞི་བ་ཉམས་དགའ་བ་ཞེས་བྱའོ་།རིགས་ནི་བྲམ་ཟེའོ། །འོད་ ནི་དཔག་ཚད་དྲུག་བརྒྱའོ། །ཡབ་ནི་རླུང་གནས་ཤེས་བྱའོ། །ཡུམ་ནི་མི་གནས་སེམས་ཤེས་བྱའོ། །སྲས་ནི་རིན་ཆེན་རབ་ཞི་ཞེས་བྱའོ་།རིམ་གྲོ་བ་ནི་ཆོས་དགའ་ཞེས་ བྱའོ༑ ༑ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རྣམ་པར་དག་སྤྱོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བསོད་ནམས་དད་པ་ཞེས་བྱའོ། །འདུས་པ་ནི་ལན་དགུ་ བཅུ་སྟེ༑ ཐམས་ཅད་ལ་ཡང་ཁྲི་ཕྲག་རེ་རེའོ། །སྐུ་ཚེའི་ཚད་ནི་ལོ་བྱེ་བ་ཕྲག་གཉིས་སོ། །དམ་པའི་ཆོས་ནི་ལོ་བདུན་ཁྲི་སུམ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་ པར་འགྱུར་རོ། །དེ་བཞིན་གཤེགས་པ་རྫོགས་ལྡན་སྐྱེ་བའི་ཡུལ་ནི་བཀོད་པ་མཐའ་ཡས་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སུམ་སྟོང་ངོ། །ཡབ་ནི་ མི་ཐུབ་པ་མེད་པ་ཞེས་བྱའོ། །ཡུམ་ནི་བློ་མཚུངས་མ་ཞེས་བྱའོ་།སྲས་ནི་བློ་གྲོས་ཞི་བ་ཞེས་བྱའོ། །རིམ་གྲོ་བ་ནི་སྡུག་པར་ལྟ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ [245A]༄༅། །ནི་སྐར་མངའ་འཛིན་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཤེས་རབ་འདོད་ཅེས་བྱའོ། །འདུས་པ་ནི་ལན་བཅུ་གཅིག་སྟེ། །ཐམས་ ཅད་ལའང་ཐེར་འབུམ་ཐེར་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་བྱེ་བའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་ གོ་མཆོད་རྟེན་ཡང་གཅིག་ཏུ་བྲད་དོ། །དེ་བཞིན་གཤེགས་པ་རྣམ་པར་རོལ་པ་སྐྱེ་བའི་ཡུལ་ནི་བཀོད་པ་དཔག་ཏུ་མེད་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ ནི་དཔག་ཚད་སུམ་བརྒྱའོ། །ཡབ་ནི་ལྷ་དགའ་ཞེས་བྱའོ། །ཡུམ་ནི་རིན་ཆེན་གཟི་བརྗིད་ཅེས་བྱའོ། །སྲས་ནི་མིག་བརྒྱན་ཅེས་བྱའོ། །རིམ་གྲོ་པ་ནི་མཐོང་དགའ་ ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཐོགས་མེད་ལྟ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བདེ་བར་འགྲོ་ཞེས་བྱའོ། །འདུས་པ་ནི་ལན་སུམ་ཅུ་རྩ་ གསུམ་སྟེ། །ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་དྲུག་དང་བྱེ་བ་ཕྲག་གཉིས་གཉིས་སོ། །སྐུ་ཚེའི་ཚད་ནི་ལོ་ཐེར་འབུམ་མོ། །དམ་པའི་ཆོས་ནི་ལོ་དུང་ཕྱུར་ཕྲག་གཅིག་ དང། བྱེ་བ་ཕྲག་བཞིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཡོན་ཏན་རིན་ཆེན་སྐྱེ་ [245B] །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་དྲུག་ཅུའོ། །ཡབ་ནི་ཡོན་ཏན་ཏོག་ཅེས་བྱའོ་།ཡུམ་ནི་བསོད་ནམས་ཏོག་ ཅེས་བྱའོ། །སྲས་ནི་མཆོད་བྱིན་ཞེས་བྱའོ། །རིམ་གྲོ་བ་ནི་ཤིན་ཏུ་རྣམ་པར་འབྱེད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡང་དག་སེམས་ཤེས་བྱའོ། །རྫུ་འཕྲུལ་ ཅན་རྣམས་ཀྱི་མཆོག་ནི་འབྱོར་པའི་བློ་གྲོས་ཤེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བཅུ་གསུམ་སྟེ། །ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་བདུན་བདུན་ནོ། །སྐུ་ཚེའི་ཚད་ནི་ལོ་ ཁྲི་བརྒྱད་སྟོང་ངོ། །དམ་པའི་ཆོས་ཀྱང་ལོ་ཁྲི་བརྒྱད་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་ གཤེགས་པ་དགྲ་བཅོམ་གྲགས་པ་སྐྱེ་བའི་ཡུལ་ནི་རྨད་དུ་བྱུང་བ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བརྒྱའོ། །ཡབ་ནི་ཀླུས་སྦས་ཞེས་བྱའོ། །ཡུམ་ ནི་མེ་ཏོག་ཅན་ཞེས་བྱའོ། །སྲས་ནི་མངོན་པར་ཤེས་པའི་མེ་ཏོག་ཅེས་བྱའོ། །རིམ་གྲོ་བ་ནི་ངན་ལེགས་པ་སེམས་ཤེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དབྱངས་ སྙན་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཤེས་རབ་འབྱུང་གནས་ཤེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བཅུ་སྟེ། །ཐམས་ཅད་ལའང་དུང་ཕྱུར་ཕྲག་བརྒྱད་ [246A]༄༅། །བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་བརྒྱའོ། །དམ་པའི་ཆོས་ནི་ལོ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་ གཤེགས་པ་པད་མའི་ངོས་སྐྱེ་བའི་ཡུལ་ནི་རིན་པོ་ཆེ་བཀོད་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བརྒྱད་བཅུ་རྩ་དྲུག་གོ་ཡབ་ནི་བསོད་ནམས་ འབྱོར་ཅེས་བྱའོ། །ཡུམ་ནི་སའི་དབང་ཕྱུག་མ་ཞེས་བྱའོ། །སྲས་ནི་བཀྲ་ཤིས་ཤེས་བྱའོ། །རིམ་གྲོ་བ་ནི་དྲག་ཤུལ་གཟི་བརྗིད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་ མཆོག་ནི་འཁྲུག་པ་མེད་པར་གནས་ཤེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འཁྲུལ་པ་མེད་པར་སེམས་ཤེས་བྱའོ། །འདུས་པ་ནི་ལན་དྲུག་སྟེ། །ཐམས་ཅད་ ལའང་བྱེ་བ་ཕྲག་འབུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་འབུམ་མོ་།དམ་པའི་ཆོས་ནི་ལོ་བརྒྱད་ཁྲི་སུམ་སྟོང་གི་བར་དུ་གནས་སོ་།སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་ གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་མཛོད་སྤུ་ལྡན་སྐྱེ་བའི་ཡུལ་ནི་ཡིད་དུ་འོང་བའི་གཟི་བརྗིད་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་ དཔག་ཚད་སུམ་བརྒྱའོ། །ཡབ་ནི་ཤེས་རབ་རྒྱ་ཆེན་ཞེས་བྱའོ་།ཡུམ་ནི་མཉམ་སེམས་ཤེས་བྱའོ། །སྲས་ནི་དགའ་བའི་ང་རོ་ཞེས་བྱའོ། །རིམ་གྲོ་བ་ནི་ཡིད་དུ་ [246B] །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྐྱེ་བོ་ཕལ་པོ། །ཚེའི་ཏོག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དེས་པར་གནས་ཞེས་བྱའོ། །འདུས་པ་ནི་ལན་ དྲུག་སྟེ༑ ཐམས་ཅད་ལའང་བྱེ་བ་ཕྲག་འབུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །དམ་པའི་ཆོས་ནི་ལོ་དགུ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་ རོ། །དེ་བཞིན་གཤེགས་སྤོངས་པ་གྲགས་པ་སྐྱེ་བའི་ཡུལ་ནི་ཡོངས་སུ་དག་པ་ཡིད་དུ་འོང་བ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་སུམ་ཁྲི་དྲུག་ སྟོང་ངོ། །ཡབ་ནི་ཐར་པ་དགའ་ཞེས་བྱའོ། །ཡུམ་ནི་རིན་ཆེན་ཅན་ཞེས་བྱའོ། །སྲས་ནི་རྒྱལ་བྱིན་ཞེས་བྱའོ། །རིམ་གྲོ་བ་ནི་ཡོན་ཏན་སྤོས་ཤེས་བྱའོ། །ཤེས་རབ་ཅན་ རྣམས་ཀྱི་མཆོག་ནི་བློ་གྲོས་འཁྲུལ་པ་མེད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བློ་བརྟན་ཞེས་བྱའོ། །འདུས་པ་ནི་ལན་སུམ་ཅུ་རྩ་གཉིས་ཏེ། །ཐམས་ཅད་ ལའང་ས་ཡ་ཕྲག་གསུམ་དང་འབུམ་ཕྲག་དྲུག་དྲུག་གོ་སྐུ་ཚེའི་ཚད་ནི་ལོ་དུང་ཕྱུར་ཕྲག་གཅིག་དང་བྱེ་བ་ཕྲག་བཞིའོ། །དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་ དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་རྡོ་རྗེ་ནོར་བུ་སྐྱེ་བའི་ཡུལ་ནི་རིན་པོ་ཆེའི་འོད་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ [247A]༄༅། །ཚད་དྲུག་ཅུ་རྩ་དྲུག་གོ་ཡབ་ནི་མཚོན་ཆ་བཟང་ཞེས་བྱའོ། །ཡུམ་ནི་སོ་བཟངས་མ་ཞེས་བྱའོ། །སྲས་ནི་གཟི་བརྗིད་སྦས་ཤེས་བྱའོ། །རིམ་ གྲོ་པ་ནི་བདུད་ཟིལ་གནོན་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཟིལ་གྱིས་མི་ནོན་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཕ་རོལ་གྱི་ཚོགས་ འཇོམས་པ་ཞེས་བྱའོ། །འདུས་པ་ནི་ལན་དྲུག་བཅུ་རྩ་གཅིག་སྟེ་།ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་དགུ་དང་བྱེ་པ་ཕྲག་གཉིས་གཉིས་སོ། །སྐུ་ཚེའི་ཚད་ནི་ལོ་བྱེ་ བའོ༑ ༑དམ་པའི་ཆོས་ཀྱང་ལོ་བྱེ་བའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཚེ་དཔག་མེད་སྐྱེ་བའི་ཡུལ་ནི་གསལ་བ་དང་ ལྡན་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ཁྲི་སུམ་སྟོང་ངོ། །ཡབ་ནི་བཟང་མཆོག་ཅེས་བྱའོ། །ཡུམ་ནི་གཟི་བརྗིད་བཟང་མོ་ཞེས་བྱའོ་ སྲས་ནི་ཟླ་བ་ཞེས་བྱའོ། །རིམ་གྲོ་བ་ནི་དྲི་མེད་གྲགས་པ་ཞེས་བྱའོ། །ཤས་རབ་ཅན་རྣམས་ཀྱི་མཆོག་ནི་བཟང་པོའི་ཏོག་ཅེས་བྱའོ་།རྫུ་འཕྲུལ་ཅན་རྣམས་ཀྱི་ མཆོག་ནི་བཀོད་པ་ཆེན་པོ་ཞེས་བྱའོ། །འདུས་པ་ནི་ལན་འབུམ་སྟེ་།ཐམས་ཅད་ལ་ཡང་བྱང་ཆུབ་སེམས་དཔའ་ཐམས་ཅད་དཔག་ཏུ་མེད་དོ་།སྐུ་ཚེའི་ཚད་ནི་ལོ་ [247B] །དམ་པའི་ཆོས་ཀྱང་ལོ་དྲུག་ཁྲི་ཅིག་སྟོང་གི་བར་དུ་གནས་སོ། །དམ་པའི་ཆོས་ཇི་སྲིད་གནས་པ་དེ་སྲིད་དུ་འཁོར་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་ འབྱུང་པར་འགྱུར་རོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ནོར་བུ་བཀོད་པ་སྐྱེ་བའི་ཡུལ་ནི་རིན་པོ་ཆེ་བཀོད་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། ། འོད་ནི་དཔག་ཚད་བྱེ་བའོ། །ཡབ་ནི་མཆོད་པ་བཀོད་ཅེས་བྱའོ། །ཡུམ་ནི་ཡོན་ཏན་བློ་གྲོས་མ་ཞེས་བྱའོ། །སྲས་ནི་བསོད་ནམས་གཟི་བརྗིད་ཅེས་བྱའོ། །རིམ་གྲོ་པ་ནི་ ཆོས་ཀྱི་བཀོད་པ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་བཀོད་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩ་ལ་མ་ཐོང་ཞེས་བྱའོ། །འདུས་པ་ ནི་ལན་ལྔ་སྟེ། །ཐམས་ཅད་ལ་ཡང་བརྒྱད་ཁྲི་བརྒྱད་ཁྲིའོ་།སྐུ་ཚེའི་ཚད་ནི་ལོ་འབུམ་མོ། །དམ་པའི་ཆོས་ནི་ལོ་བདུན་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་ གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་དབང་ཆེན་སྐྱེ་བའི་ཡུལ་ནི་མདངས་འགྲོ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་ དཔག་ཚད་སུམ་བརྒྱའོ། །ཡབ་ནི་སྨན་པ་ཞེས་བྱའོ། །ཡུམ་ནི་རྩི་སྨན་ཞེས་བྱའོ། །སྲས་ནི་འདོད་འཕགས་ཞེས་བྱའོ། །རིམ་གྲོ་བ་ནི་སྐར་མ་ཞེས་བྱའོ། །ཤེས་རབ་ཅན་ [248A]༄༅། །རྣམས་ཀྱི་མཆོག་ནི་ང་རོ་ཆེན་པོ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ང་རོ་ཐོབ་ཅེས་བྱའོ། །འདུས་པ་ནི་ལན་བཞི་བཅུ་སྟེ་ །ཐམས་ཅད་ལ་ཡང་འབུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་དྲུག་སྟོང་ངོ། །དམ་པའི་ཆོས་ནི་ལོ་ཁྲི་ཉིས་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། ། དེ་བཞིན་གཤེགས་པ་ཡོན་ཏན་འབྱུང་གནས་སྐྱེ་བའི་ཡུལ་ནི་ཡོན་ཏན་དང་ལྡན་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བརྒྱའོ། །ཡབ་ནི་ གྲགས་པ་མངོན་པར་འཕགས་ཤེས་བྱའོ། །ཡུམ་ནི་གཟི་བརྗིད་མཆོག་ཅེས་བྱའོ། །སྲས་ནི་གཟི་བརྗིད་བཟང་བོ་ཞེས་བྱའོ། །རིམ་གྲོ་པ་ནི་ལྷ་དགའ་ཞེས་བྱའོ། ། ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཀུན་ཏུ་ཤེས་ཤེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཚུགས་པ་མེད་པའི་འཁོར་ལོ་ཞེས་བྱའོ། །འདུས་བ་ནི་ལན་དགུ་ སྟེ། །ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་གཅིག་དང་བྱེ་བ་ཕྲག་གསུམ་གསུམ་མོ། །སྐུ་ཚེའི་ཚད་ནི་ལོ་ཁྲི་བདུན་སྟོང་ངོ། །དམ་པའི་ཆོས་ཀྱང་ལོ་ཁྲི་བདུན་སྟོང་གི་བར་ དུ་གནས་སོ། །སྐུ་གདུང་ནི་རིལ་བོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ལྷུན་པོ་གྲགས་སྐྱེ་བའི་ཡུལ་ནི་ཚུལ་ཁྲིམས་ [248B] །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་སྟོང་ངོ། །ཡབ་ནི་དྲི་མེད་དགའ་ཞེས་བྱའོ། །ཡུམ་ནི་ཡོན་ཏན་གཟི་བརྗིད་མ་ཞེས་བྱའོ། །སྲས་ནི་ སྒྲོན་མ་བྱིན་ཞེས་བྱའོ། །རིམ་གྲོ་པ་ནི་མཐོང་དགའ་ཞེས་བྱའོ་།ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མིག་དག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འགྲོ་བའི་འོད་ ཟེར་ཞེས་བྱའོ། །འདུས་པ་ནི་ལན་བརྒྱད་དེ། །ཐམས་ཅད་ལ་ཡང་བྱེ་བ་ཕྲག་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་སུམ་ཁྲི་སུམ་སྟོང་ངོ་།དམ་པའི་ཆོས་ནི་ལོ་བདུན་ཁྲི་སུམ་སྟོང་ གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་འོད་ཟེར་བཅུ་པ་སྐྱི་པའི་ཡུལ་ནི་ཚུགས་པ་མེད་བའི་གཟི་བརྗིད་ཅེས་བྱའོ། །རིགས་ནི་ བྲམ་ཟེའོ། །འོད་ནི་དཔག་ཚད་སུམ་ཁྲི་དྲུག་སྟོང་ངོ། །ཡབ་ནི་མཐུ་རྩ་ལ་མཛེས་པ་ཞེས་བྱའོ། །ཡུམ་ནི་བཟངས་སེམས་མ་ཞེས་བྱའོ། །སྲས་ནི་ཤིན་ཏུ་ཡིན་གཞུངས་ ཞེས་བྱའོ། །རིམ་གྲོ་པ་ནི་ཤེད་བུ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡིད་དུ་འོང་བའི་དབྱངས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བདེན་དགའ་ ཞེས་བྱའོ། །འདུས་པ་ནི་ལན་སུམ་བཅུ་རྩ་བཞི་སྟེ། །ཐམས་ཅད་པ་ཡང་དྲུག་འབུམ་དྲུག་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་བཞི་ཁྲིའོ་།དམ་པའི་ཆོས་ནི་ལོ་སུམ་ཁྲི་བཞི་སྟོང་གི་ [249A]༄༅། །བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་མ་སྨད་པ་སྐྱེ་བའི་ཡུལ་ནི་མཆོད་རྟེན་ཞེས་བྱའོ། །རིགས་ནི་བྲམ་ ཟེའོ༑ ༑འོད་ནི་དཔག་ཚད་དྲུག་སྟོང་ངོ། །ཡབ་ནི་དོ་རྫས་གྱིན་ཞེས་བྱའོ། །ཡུམ་ནི་སྣ་མའི་མེ་ཏོག་ཅེས་བྱའོ། །སྲས་ནི་ཡིད་དུ་འོང་བའི་ང་རོ་ཞེས་བྱའོ། །རིམ་གྲོ་པ་ནི་ ཡེ་ཤེས་དེས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱེ་མཆོག་ནི་བཟང་པོའི་ཏོག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཕ་རོལ་མུ་སྟེགས་འདོམས་ཤེས་བྱའོ། །འདུས་ པ་ནི་ལན་ལྔ་བཅུ་རྩ་གཉིས་ཏེ། །ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་དྲུག་དྲུག་གོ་སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །དམ་པའི་ཆོས་ནི་ལོ་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། ། སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་གླང་པོའི་འགྲོས་སྐྱེ་བའི་ཡུལ་ནི་མེ་ཏོག་འོད་ཅེས་བྱའོ། །རིགས་ནི་བྲམ་ཟེའོ་།འོད་ནི་དཔག་ཚད་སུམ་སྟོང་ ངོ། །ཡབ་ནི་ཆོས་ཤེས་ཞེས་བྱའོ། །ཡུམ་ནི་ཆོས་བཟངས་མ་ཞེས་བྱའོ། །སྲས་ནི་ནོར་ལྷ་ཞེས་བྱའོ། །རིམ་གྲོ་པ་ནི་མཆོག་སེམས་ཤེས་བྱའོ། །ཤེས་རབ་རྣམས་ཀྱི་མཆོག་ ནི་ཡེ་ཤེས་གནས་ཤེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གཟི་བརྗིད་གསལ་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་དགྲ་བཅོམ་བ་བྱེ་བ་ཕྲག་སྟོང་ངོ། །གཉིས་པ་ལ་ [249B] །གསུམ་ལ་ནི་བྱེ་བ་ཕྲག་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་དྲུག་སྟོང་ངོ། །དམ་པའི་ཆོས་ཀྱང་ལོ་དྲུག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་ པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཡིད་འཐད་སྐྱེ་བའི་ཡུལ་ནི་འོད་བཀོད་པ་ཞེས་བྱའོ་།རིགས་ནི་རྒྱལ་རིགས་སོ། །འོད་ནི་ དཔག་ཚད་བདུན་སྟོང་ངོ། །ཡབ་ནི་ཀུན་ཏུ་བཟང་བོ་ཞེས་བྱའོ་།ཡུམ་ནི་ཡིད་འོད་བྱིན་ཞེས་བྱའོ། །སྲས་ནི་མདངས་སྟོབས་ཤེས་བྱའོ། །རིམ་གྲོ་པ་ནི་མྱ་ངན་བྲལ་ཞེས་ བྱའོ༑ ༑ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྙན་པར་སྨྲ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འཇིག་རྟེན་དགའ་བ་ཞེས་བྱའོ། །འདུས་པ་ནི་ལན་བཅུ་བཞི་སྟེ་ ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་གསུམ་གསུམ་མོ། །སྐུ་ཚེའི་ཚད་ནི་ལོ་དགུ་ཁྲིའོ། །དམ་བའི་ཆོས་ནི་ལོ་སུམ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་ རོ༑ ༑དེ་བཞིན་གཤེགས་པར་ནི་ཆེན་ཟླ་བ་སྐྱེ་བའི་ཡུལ་ནི་ཏོག་གི་འོད་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་དྲུག་ཁྲི་དྲུག་སྟོང་ངོ། །ཡབ་ནི་རིན་ཆེན་ སེམས་ཤེས་བྱའོ། །ཡུམ་ནི་ལྷའི་འོད་ཟེར་ཞེས་བྱའོ། །སྲས་ནི་མེ་ཏོག་ཅེས་བྱའོ། །རིམ་གྲོ་པ་ནི་ཡུལ་འཁོར་ཤིང་ཏ་ཅན་ཞེས་བྱའོ་།ཤེས་རབ་ཅན་རྣམས་ཀྱི་མཆོག་ [250A]༄༅། །ནི་ཡོན་ཏན་རྒྱལ་མཚན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རྒྱུ་སྐར་ཞེས་བྱའོ། །འདུས་པ་ནི་ལན་གསུམ་ཅུ་རྩ་བཞི་སྟེ། །ཐམས་ ཅད་ལའང་དུང་ཕྱུར་ཕྲག་གཅིག་དང་བྱེ་བ་ཕྲག་བཞི་བཞིའོ་།སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་བདུན་སྟོང་ངོ། །དམ་པའི་ཆོས་ནི་ལོ་སྟོང་གི་པར་དུ་གནས་སོ། །སྐུ་ གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ་།དེ་བཞིན་གཤེགས་བཞི་བ་སྐྱེ་བའི་ཡུལ་ནི་སྐྱོན་མེད་པ་ཞེས་བྱའོ། །རིགས་ནི་བྲམ་ ཟེའོ༑ ༑འོད་ནི་དཔག་ཚད་བརྒྱད་དོ། །ཡབ་ནི་ཞི་བའི་བློ་གྲོས་ཤེས་བྱའོ། །ཡུམ་ནི་ཤིན་ཏུ་ཞི་བའི་གཟི་བརྗིད་ཅེས་བྱའོ། །སྲས་ནི་ཕལ་ཆེན་དགའ་ཞེས་བྱའོ། ། རིམ་གྲོ་པ་ནི་གང་པོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཚུགས་མེད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འཁྲུལ་མེད་ཅེས་བྱའོ། །འདུས་ པ་ནི་ལན་བཅྭ་ལྔ་སྟེ། །ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་སུམ་དང་བྱེ་བ་ཕྲག་དྲུག་དྲུག་གོ་སྐུ་ཚེའི་ཚད་ནི་ལོ་བཞི་ཁྲིའོ་།དམ་པའི་ཆོས་ནི་ལོ་ཁྲི་ལྔ་སྟོང་གི་ བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་རབ་གསལ་རྒྱལ་པོ་སྐྱེ་བའི་ཡུལ་ནི་ཏོག་གི་འོད་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ [250B] །ཡབ་ནི་རབ་གསལ་ཞེས་བྱའོ་།ཡུམ་ནི་བློ་གྲོས་ཏོག་ཅེས་བྱའོ། །སྲས་ནི་གཟི་བརྗིད་བྱིན་ཞེས་བྱའོ། །རིམ་གྲོ་པ་ནི་ལེགས་མཐོང་ཞེས་ བྱའོ༑ ༑ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཐའ་ཡས་ལས་ཅེས་བྱའོ་།རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རྣམས་པར་རོལ་བ་ཅན་ཞེས་བྱའོ། །འདུས་པ་ནི་ལན་ཉི་ཤུ་རྩ་ བཞི་སྟེ༑ ཐམས་ཅད་ལ་ཡང་ས་ཡ་ཕྲག་དགུ་དང་འབུམ་ཕྲག་བརྒྱད་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་བྱེ་བ་ཕྲག་གཉིས་སོ་།དམ་པའི་ཆོས་ཀྱང་ལོ་བྱེ་བ་ཕྲག་གཉིས་ཀྱི་བར་དུ་ གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཁ་ལོ་སྐྱུར་སྐྱེ་བའི་ཡུམ་ནི་གཟི་བརྗིད་གསལ་བ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་ བྱེ་བའོ༑ ༑ཡབ་ནི་ཉི་མའི་གཟི་བརྗིད་ཅེས་བྱའོ། །ཡུམ་ནི་མི་འཇིགས་བྱིན་ཞེས་བྱའོ། །སྲས་ནི་མཐོང་དགའ་ཞེས་བྱའོ། །རིམ་གྲོ་པ་ནི་སྒྲོན་མའི་ལག་ཅེས་བྱའོ། །ཤེས་ རབ་ཅན་རྣམས་ཀྱི་མཆོག་ནི་བློ་མི་འཁྲུག་ཅེས་བྱའོ། །རྫུ་འཕྲུལ་ཅན་ཀྱི་མཆོག་ནི་ངེས་བརྟན་ཞེས་བྱའོ། །འདུས་པ་ནི་ལན་བདུན་བཅུ་སྟེ། །ཐམས་ཅད་ལའང་དུང་ཕྱུར་ ཕྲག་བརྒྱད་དང་བྱེ་བ་ཕྲག་ལྔ་ལྔའོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །དམ་པའི་ཆོས་ནི་ལོ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ [251A]༄༅། །ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་དགའ་བའི་དབང་ཕྱུག་སྐྱེ་བའི་ཡུལ་ནི་ཡིད་དུ་འོང་བའི་དབྱངས་ཅན་ཞེས་བྱའོ། །རིགས་ནི་ བྲམ་ཟེའོ། །འོད་ནི་དཔག་ཚད་བདུན་ཁྲིའོ། །ཡབ་ནི་དགར་པའི་དབྱངས་ཤེས་བྱའོ། །ཡུམ་ནི་སྒྲོན་མ་བྱིན་ཞེས་བྱའོ། །སྲས་ནི་སྟོབས་བྱིན་ཞེས་བྱའོ། །རིམ་གྲོ་པ་ ནི་ཡིད་དུ་འོང་བའི་དབྱངས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བདེན་པའི་བློ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་མཐའ་ཡས་ ཞེས་བྱའོ། །འདུས་པ་དང་པོ་ལ་ནི་དགྲ་བཅོམ་པ་ཐེར་འབུམ་ཕྲག་དྲུག་ཅུའོ། །གཉིས་པ་ལ་ནི་ཐེར་འབུམ་ཕྲག་བདུན་ཅུའོ། །གསུམ་པ་ལ་ནི་ཐར་འབུམ་ཕྲག་བརྒྱད་ ཅུའོ༑ ༑བཞི་བ་ལ་ནི་ཐེར་འབུམ་ཕྲག་དགུ་བཅུའོ། །ལྔ་པ་ལ་ནི་ཐེར་འབུམ་ཕྲག་བརྒྱའོ། །སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲིའོ། །དམ་པའི་ཆོས་ནི་ལོ་བྱེ་བའི་བར་དུ་གནས་སོ། ། སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་དགའ་ན་རིན་པོ་ཆེ་སྐྱེ་བའི་ཡུལ་ནི་ཡོན་ཏན་བསགས་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་ དཔག་ཚད་སྟོང་ངོ། །ཡབ་ནི་རིན་ཆེན་འགྲོས་ཤེས་བྱའོ། །ཡུམ་ནི་བསོད་ནམས་འཕེལ་ཞེས་བྱའོ། །སྲས་ནི་ཆོས་མཆོག་ཅེས་བྱའོ། །རིམ་གྲོ་པ་ནི་རྣམ་པར་སྣང་ [251B] །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བློ་གནས་ཤེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ལྷའི་རྒྱལ་པོ་ཞེས་བྱའོ། །འདུས་པ་ནི་ལན་བདུན་ཅུ་སྟེ། །ཐམས་ ཅད་ལའང་ས་ཡི་ཕྲག་གསུམ་དང། འབུམ་ཕྲག་དྲུག་དྲུག་གོ་སྐུ་ཚེའི་ཚད་ནི་ལོ་ཉིས་སྟོང་ངོ། །དམ་པའི་ཆོས་ཀྱང་ལོ་དྲུག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་ པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་བསྙེངས་བྲལ་བྱེ་བའི་ཡུལ་ནི་ཆེ་སྦྱིན་ཞེས་བྱའོ་།རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ ཚད་དྲུག་ཁྲིའོ། །ཡབ་ནི་འོད་བཟངས་ཤེས་བྱའོ། །ཡུམ་ནི་མཆོད་སྦྱིན་མ་ཞེས་བྱའོ། །སྲས་ནི་དེས་མཐོང་ཞེས་བྱའོ། །རིམ་གྲོ་བ་ནི་ངེས་བྱིན་ཞེས་བྱའོ། །ཤེས་རབ་ཅན་ རྣམས་ཀྱི་མཆོག་ནི་བློ་བརྟན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དྲང་སྲོང་གཙོ་ཞེས་བྱའོ། །འདུས་པ་ནི་ལན་གཅིག་ཏུ་ཟད་དོ། །དགེ་སློང་གི་དགེ་འདུན་དཔག་ ཏུ་མེད་དོ། །སྐུ་ཚེའི་ཚད་ནི་ལོ་ཉི་ཁྲི་ཉིས་སྟོང་ངོ། །དམ་པའི་ཆོས་ནི་ལོ་བརྒྱད་ཁྲི་ཉིས་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་ པ་རིན་ཆེན་སྙིང་པོ་སྐྱེ་བའི་ཡུལ་ནི་ཕུང་པོ་ལས་གྲོལ་བ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་འབུམ་ཕྲག་བརྒྱ་དྲུག་ཅུའོ། །ཡབ་ནི་ཡེ་ཤེས་འོད་ [252A]༄༅། །ཅེས་བྱའོ། །ཡུམ་ནི་རིན་ཆེན་བློ་གྲོས་མ་ཞེས་བྱའོ་།སྲས་ནི་པདྨའི་མཛེ་ཅེས་བྱའོ། །རིམ་གྲོ་པ་ནི་རྣམ་པར་གྲགས་པའི་སྒྲ་ཞེས་བྱའོ། །ཤེས་ རབ་ཅན་རྣམས་ཀྱི་མཆོག་ནི་ཚུགས་པ་མེད་པའི་གཟི་བརྗིད་ཅེས་བྱའོ་།རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མི་གནས་སེམས་ཤེས་བྱའོ་།འདུས་པ་ནི་ལན་བདུན་ ཅུ་སྟེ། ཐམས་ཅད་ལ་ཡང་བྱེ་བ་འབུམ་ཕྲག་བཅུ་བཞི་བཅུ་བཞིའོ་།སྐུ་ཚེའི་ཚད་ནི་ལོ་བྱེ་བ་ཕྲག་ལྔའོ། །དམ་པའི་ཆོས་ནི་ལོ་བྱེ་བ་ཕྲག་བརྒྱའི་བར་དུ་གནས་སོ། །སྐུ་ གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཟླ་ཞལ་སྐྱེ་བའི་ཡུམ་ནི་དྲི་མ་མེད་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བཞི་ཁྲི་ ཉིས་སྟོང་ངོ། །ཡབ་ནི་མིག་བཟངས་ཤེས་བྱའོ། །ཡུམ་ནི་མིག་བྱིན་ཞེས་བྱའོ། །སྲས་ནི་ཟླ་སྡུག་ཅེས་བྱའོ། །རིམ་གྲོ་པ་ནི་ཡོན་ཏན་གྲགས་པ་ཤེས་བྱའོ། །ཤེས་ རབ་ཅན་རྣམས་ཀྱི་མཆོག་ནི་སྤོབས་པའི་སྙིང་པོ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བློ་མི་འཁྲུག་ཅེས་བྱའོ། །འདུས་པ་ནི་ལན་དྲུག་སྟེ། །ཐམས་ཅད་ ལའང་དུང་ཕྱུར་ཕྲག་གཉིས་དང། བྱེ་བ་ཕྲག་དྲུག་དྲུག་གོ་།སྐུ་ཚེའི་ཚད་ནི་ལོ་དྲུག་སྟོང་ངོ། །དམ་པའི་ཆོས་ནི་ལོ་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ [252B]མཆོད་རྟེན་ཡང་གཅིག་ཏུ་ཟད་དོ་།དེ་བཞིན་གཤེགས་པ་དྲི་མ་མེད་པར་གྲོགས་པ་ཡའི་ཡུལ་ནི་ཚེར་མ་མེད་པ་ཞེས་བྱའོ། །རིགས་ ནི་བྲམ་ཟེའོ། །འོད་ནི་དཔག་ཚད་འབུམ་མོ། །ཡབ་ནི་གསུམ་རིག་ཅེས་བྱའོ། །ཡུམ་ནི་བློ་བཟངས་མི་ཞེས་བྱའོ། །སྲས་ནི་འདམ་རྫ་བ་མེད་ཅེས་བྱའོ། །རིམ་གྲོ་པ་ནི་ མིའི་ཟླ་བ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་གི་གློག་གིས་ཤེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བརྡའ་ལ་མཁས་ཤེས་བྱའོ། །འདུས་པ་ནི་ལན་ སུམ་ཅུ་སྟེ། །ཐམས་ཅད་ལ་ཡང་འབུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་ཉི་ཁྲི་བརྒྱད་སྟོང་ངོ། །དམ་པའི་ཆོས་ནི་བཞི་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་ འགྱུར་རོ། །དེ་བཞིན་གཤེགས་པ་ཞི་བའི་གཟི་བརྗིད་སྐྱེ་བའི་ཡུམ་ནི་གཟི་བརྗིད་མཐའ་ཡས་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་གླིང་ཆེན་པོ་བཞི་པའི་ འཇིག་རྟེན་གྱི་ཁམས་བརྒྱ་སྙེད་ཙམ་མོ། །ཡབ་ནི་གཟི་བརྗིད་མཐའ་ཡས་ཤེས་བྱའོ། །ཡུམ་ནི་གཟི་ལྡན་མ་ཞེས་བྱའོ། །སྲས་ནི་གཟི་བརྗིད་མེ་ཏོག་ཅེས་བྱའོ། །རིམ་ གྲོ་པ་ནི་གཟི་བརྗིད་འཇམ་པ་ཞས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཐོགས་པ་མེད་པའི་གཟི་བརྗིད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་ [253A]༄༅། །གཟི་བརྗིད་ཅེས་བྱའོ། །འདུས་པ་ནི་ལན་དྲུག་བཅུ་རྩ་དགུ་སྟེ། །ཐམས་ཅད་ལ་ཡང་བྱེ་བ་ཕྲག་བརྒྱད་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་བྱེ་བའོ། །དམ་ པའི་ཆོས་ནི་ལོ་ཁྲི་བཞི་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་བར་འགྱུར་རོ། །དེ་བཞིན་གཤེགས་པ་དགའ་བའི་ཏོག་གི་ནི་།སྐྱེ་བའི་ཡུལ་ནི་དགའ་བར་ བྱེད་ཅེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བཅུ་ཡོད་ཡབ་ནི་ལེགས་བཟད་ཡིན། །ཆོས་ཀྱི་བློ་གྲོས་ཞེས་བྱ་ཡུམ་ཡིན་ནོ། །སྲས་པོ་འོད་བྱེད་ དགེ་བ་རིམ་གྲོ་པ། །གྲོགས་མཆོག་ཅེས་བྱ་བ་ནི་མཁས་པ་སྟེ། །རྣམ་པར་སྣང་བྱེད་ཅེས་བྱ་རྫུ་འཕྲུལ་ཅན། །འདུས་པ་དག་ནི་ལན་གྲངས་བརྒྱད་ཅུ་སྟེ། །ཀུན་ལའང་ཉོན་ མོངས་སྤངས་པ་དགྲ་བཅོམ་པ། །བྱེ་བ་སྟོང་ཕྲག་བདུན་ཅུ་རྩ་གསུམ་གསུམ། །མི་ཚེ་ལོ་གྲངས་སྟོང་ཕྲག་བདུན་ཅུ་གསུམ། །འཇིག་རྟེན་མཁྱེན་པ་མྱ་ངན་འདས་ནས་ཀྱང། ། དམ་ཆོས་ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །དེ་ཡི་མཆོད་རྟེན་སྟོང་ཕྲག་བདུན་ཅུ་དྲུག། །དེ་བཞིན་གཤེགས་པ་སྒྲ་ གཅན་ལྟ་ཡི་ནི། །སྐྱེ་བའི་ཡུལ་ནི་དགའ་བར་བྱེད་ཅེས་བྱ། །རྒྱལ་པའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་བརྒྱད་ཡོད་ཡབ་ནི་གཟི་བརྗིད་བཟང། །སྐལ་ལྡན་ [253B] །སྲས་པོ་བླ་མེད་ལྗོན་པ་རིམ་གྲོ་པ། །ང་རོ་སྙན་ཅེས་བྱ་བ་མཁས་པ་སྟེ། །བདེ་བར་སོང་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་རྩ་ དྲུག་སྟེ༑ ༑ཀུན་ལའང་བྱེ་ཕྲག་ཉི་ཤུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་སྟོང་ཕྲག་ཉི་ཤུ་གཉིས། །ཟད་མཐར་ཕྱིན་པའི་དམ་པའི་ཆོས་དག་ཀྱང། །ལོ་གྲངས་སྟོང་ཕྲག་དགུ་ བཅུ་གསུམ་དུ་གནས། །སྐུ་གདུང་རྒྱས་འགྱུར་རིན་པོ་ཆེ་ཡིས་སྦྲས་།མཆོད་རྟེན་བྱེ་བ་བརྒྱད་བརྒྱད་བཅུ་རྩ་དྲུག་སྟེ། །རིན་ཆེན་སྣ་བདུན་དག་གིས་བརྒྱན་པར་འགྱུར། །འཇིག་རྟེན་ འདྲེན་པ་ན་ཚོད་བཟང་པོ་ཡི། །སྐྱེ་བའི་ཡུལ་ནི་རིན་ཆེན་བརྒྱན་ཅེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་གཉིས་ཡོད་ཡབ་ནི་འབྱོར་པ་ཡིན་སྐྱེ་བའི་མཆོད་ རྟེན་ཡུམ་ཡིན་སྲས་པོ་ནི། །སྒྲ་གཅན་དགའ་བ་བཟང་པོ་རིམ་གྲོ་བ་།རྐང་འགྲོ་ཞེས་བྱ་དེ་ཡི་མཁས་པ་སྟེ། །རྣམ་པར་སྒྲོགས་ཤེས་བྱ་བ་རྫུ་འཕྲུལ་མཆོག་འདུས་པ་དག་ནི་ ལན་གྲངས་བརྒྱད་ཅུ་སྟེ། །ཀུན་ལའང་དགྲ་བཅོམ་ཐམས་ཅད་གཡོ་མེད་པ། །རྣམ་གྲོལ་དྲི་མེད་བྱེ་བ་ཕྲག་བཅུ་བཅུ། །མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །འཇིག་རྟེན་ མཁྱེན་པ་མྱ་ངན་འདས་ནས་ཀྱང། །ལོ་སྟོང་བར་དུ་ཆོས་ཀྱི་འཁོར་ལོ་སྐོར། །སྐུ་གདུང་རྒྱས་འགྱུར་ཁོར་ཁོར་ཡུག་ཏུ། །མཆོད་རྟེན་སྟོང་ཕྲག་དྲུག་ཅུ་རྩ་བཞིས་བརྒྱན། །དེ་ [254A]༄༅། །བཞིན་གཤེགས་པ་ལྷ་དགའ་ཞེས་བྱ་བའི། །སྐྱེ་བའི་ཡུལ་ནི་ལྷ་ཡིས་བརྒྱན་ཅེས་བྱ། །རིགས་ནི་རྒྱལ་རིགས་ཡོན་ཏེ་འོད་ཀྱི་ཚད། །དཔག་ ཚད་བྱེ་བ་ཡབ་ནི་ན་ཚོད་བཟང། །མཉམ་པར་སེམས་ཤེས་བྱ་བ་རྒྱལ་བའི་ཡུམ། །སྲས་པ་དགའ་སྡུག་དགའ་བོ་རིམ་གྲོ་བ། །མི་ཡི་སེངྒེ་ཞེས་བྱ་མཁས་པ་སྟེ། །བདུད་ འཇོམས་པ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་གསུམ་ཅུ་རྩ་དྲུག་སྟེ། །འདུས་པ་ཀུན་ལའང་བློ་གྲོས་རབ་ཞི་བ། །བྱེ་བ་བརྒྱ་ཕྲག་དྲུག་ཅུ་གཉིས་གཉིས་ཡོད། ། མི་ཚེ་ལོ་གྲངས་སྟོང་ཕྲག་ཉི་ཤུ་གསུམ། །སྟོན་པ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་སྟོང་ཕྲག་བདུན་བཅུ་གཉིས་སུ་འབར་།སྐུ་གདུང་རྒྱས་འགྱུར་མཆོད་ རྟེན་བཟང་པོ་དག་བྱེ་བ་སྟོང་ཕྲག་དགུ་བཅུ་རྩ་དགུ་འབྱུང་།དེ་བཞིན་གཤེགས་པ་རིན་ཆེན་ཕུང་པོ་ཡི། །སྐྱེ་བའི་ཡུལ་ནི་རིན་ཆེན་བརྒྱན་ཅེས་བྱ། །དེའི་རིགས་ རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བདུན་བཅུ་ཡབ་ནི་འཁྲུག་མེད་ཡིན། །རིན་ཆེན་མཆོག་མ་ཞེས་བྱ་རྒྱལ་བའི་ཡུམ། །སྲས་པོ་ལེགས་སེམས་ཟླ་བ་རིམ་གྲོ་ པ༑ ༑མཆོག་དབྱངས་ཞེས་བྱ་དེ་ནི་མཁས་པ་སྟེ། །རྒོལ་བ་ཚར་གཅོད་ཅེས་བྱ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་རྩ་དྲུག་སྟེ། །ཀུན་ལའང་དྲི་མེད་གྱོ་མེད་ [254B] །བྱེ་བ་ཕྲག་ནི་དགུ་བཅུ་གསུམ་གསུམ་ཡོད། །མི་ཚེ་ལོ་གྲངས་སྟོང་ཕྲག་བདུན་ཅུ་གསུམ། །བདེ་གཤེགས་འགོག་པར་ཕྱིན་པའི་དམ་ཆོས་དག་ལོ་གྲངས་བརྒྱ་ ཕྲག་བཅུ་ཡི་བར་དུ་གནས། །རྒྱལ་བའི་སྐུ་གདུང་རིལ་གཅིག་མཆོད་རྟེན་ཡང། །འཕང་དུ་དཔག་ཚད་ལྔ་ཡི་ཚད་ཙམ་ཡིན། །དེ་བཞིན་གཤེགས་པ་མཛེས་པར་གཤེགས་ པ་ཡི༑ ༑སྐྱེ་བའི་ཡུམ་ནི་སྡུག་ཅིང་དགའ་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་གསུམ་ཡོད་ཡབ་ནི་འོད་ཟེར་བཟང། །མེ་ཏོག་ཅན་ཅེས་བྱ་བ་རྒྱལ་བའི་ ཡུམ༑ ༑སྲས་པོ་བྱམས་པ་བློ་བཟངས་རིམ་གྲོ་པ། །བློ་མཆོག་ཅེས་ནི་བྱ་བ་མཁས་པ་སྟེ། །རྣམ་པར་འཕྲུལ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་རྩ་དྲུག་སྟེ། ། ཀུན་ལའང་ང་མེད་ཐམས་ཅད་རིམས་མེད་པ། །སྲིད་གྲོལ་བྱེ་བ་ཕྲག་ནི་གསུམ་གསུམ་ཡོད། །མི་ཚེའི་ཚད་ནི་ལོ་གྲངས་བྱེ་བ་ཡིན། །རབ་ཏུ་ཞི་བར་ཕྱིན་པའི་དམ་ཆོས་དག་ལོ་ གྲངས་སྟོང་ཕྲག་དགུ་བཅུ་གཅིག་ཏུ་གནས། །འཇིག་རྟེན་མཁྱེན་པའི་སྐུ་གདུང་རྒྱས་འགྱུར་ལ། །མཆོད་རྟེན་བྱེ་བ་ཕྲག་ནི་ཉི་ཤུ་གསུམ། །དེ་བཞིན་གཤེགས་པ་སེངྒེའི་ཕྱོགས་ པ་ཡི༑ ༑སྐྱེ་བའི་ཡུལ་ནི་བསོད་ནམས་ཅན་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བཅོ་བརྒྱད་ཡབ་ནི་ལེགས་བཟང་ཡིན་།པདྨ་ཅན་ཞེས་བྱ་བ་དེ་ཡི་ཡུམ། ། [255A]༄༅། །སྲས་པོ་ཙམ་མཆོག་ཆོས་ནི་རིམ་གྲོ་བ། །འོད་ཟེར་བརྒྱ་པ་ཞེས་བྱ་མཁས་པ་སྟེ། །རབ་ཏུ་འཇོམས་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་ གྲངས་བཅུ་སྟེ་ཐམས་ཅད་ལའང། །དགྲ་བཅོམ་ཆགས་མེད་འདམ་རྒལ་སྦྱངས་པ་པོ། །བྱེ་བ་ཕྲག་ནི་བཅུ་བཅུ་ཁོ་ན་ཡོད། །མི་ཚེ་ཚད་ནི་ལོ་གྲངས་སུམ་བརྒྱ་ཡིན། །རྣམ་ པར་གྲོལ་བར་ཕྱིན་པའི་དམ་ཆོས་དག་ལོ་གྲངས་སྟོང་ཕྲག་བཅུའི་བར་དུ་གནས། །མཆོད་རྟེན་བྱེ་བ་བརྒྱ་ཕྲག་གཉིས་ཡོད་དེ། །གསེར་ལས་བྱས་པའི་དྲ་བས་ཀུན་ ཏུ་གཡོགས། །དེ་བཞིན་གཤེགས་པ་ཤིན་ཏུ་མཐོར་གཤེགས་ཀྱི། །སྐྱེ་བའི་ཡུལ་ནི་ལྷ་ཡིས་སྤྲུལ་ཅེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །དགུ་ བཅུ་གཉིས་ཡོད་ལྗོན་པའི་དབང་པོ་ཡབ། །དགའ་བ་ཅན་ནི་ཡུམ་ཡིན་སྲས་པོ་ནི། །ཡོན་ཏན་དགའ་བ་རྒྱལ་བ་རིམ་གྲོ་པ། །དགྲ་བཅོམ་དགའ་ཞེས་བྱ་བ་ཁས་ པ་སྟེ༑ ༑དགེ་སློང་སྐར་མཁན་གྲགས་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་རྩ་དྲུག་སྟེ། །ཀུན་ལའང་སེམས་ཞི་དུལ་བར་ལྡན་པ་དག་བྱེ་བ་ཕྲག་ནི་ཉི་ཤུ་ གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་སྟོང་ཕྲག་བཞི་བཅུ་ཡིན་།རྟོག་བ་མེད་པ་དེ་ཡི་དམ་ཆོས་དག་ལོ་གྲངས་སྟོང་ཕྲག་དགུ་ཡི་བར་དུ་གནས། །རྒྱལ་བའི་མཆོད་ [255B]གསེར་དག་གིས་ནི་རྣམ་པར་སྤྲས་པར་འགྱུར། །མི་ཡི་མཆོག་མ་སྐྱེ་བ་དབང་པོ་ཡི། །སྐྱེ་བའི་ཡུལ་ནི་འཇིག་རྟེན་འཕགས་ཤེས་བྱ། ། རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་གསུམ་ཡོད་ཡབ་ནི་ཤིན་ཏུ་མཆོད། །འཇིགས་པ་མེད་པ་ཡུམ་ཡིན་སྲས་པོ་ནི། །འཇིག་རྟེན་དགའ་བརྒྱལ་བ་རིམ་གྲོ་ པ༑ ༑ཚོགས་ཅན་བློ་ཞེས་བྱ་བ་མཁས་པ་སྟེ། །འབྲུལ་སྒྲ་དབྱངས་ཤེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དག་ནི་ལན་གྲངས་བཅུ་དྲུག་སྟེ། །ཀུན་ལ་འང་དྲི་གསུམ་དྲི་དག་ ཡིད་ལྡན་པ༑ ༑སེམས་སྐྱངས་བྱེ་བ་ཕྲག་ནི་དྲུག་དྲུག་ཡོད། །མི་ཚེའི་ཚད་ནི་ལོ་སྟོང་ཉིས་སྟོང་ཡིན། །རྒྱལ་བ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་སྟོང་ཕྲག་ བདུན་ཅུ་གཉིས་སུ་གནས། །མཆོད་རྟེན་བྱེ་བ་སྟོང་ཕྲག་གཉིས་ཚད་སྟེ། །རིན་པོ་ཆེ་ཡིས་རྣམས་ར་སྤྲས་བར་འགྱུར། །སྨྲ་བའི་ཟླ་བ་བློ་གྲོས་བཟང་པོ་ཡི། །སྐྱེ་བའི་ཡུལ་ ནི་ངེས་པའི་མདངས་ཤེས་བྱ། །རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་གཉིས་ཡོད་ཡབ་ནི་ཐོགས་པ་མེད། །རིན་ཆེན་ལྡན་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ འཇོམས་བྱེད་བཟང་བྱིན་རིམ་གྲོ་པ། །དགེ་སློང་ཚོགས་ཅན་གཙོ་པོ་མཁས་པ་སྟེ། །རྒོལ་བ་ཕུང་བྱེད་ཅེས་བྱ་རྫུ་འཕྲུལ་ཅན། །འདུས་པ་དག་ནི་ལན་གྲངས་དགུ་བཅུ་སྟེ། །ཀུན་ [256A]༄༅། །ལའང་སྲེད་དང་དྲི་མ་ཐ་པ་དང། །མདུད་པ་བཅད་པ་བྱེ་བ་ཕྲག་བཅུ་བཅུ། །མི་ཚེ་ལོ་གྲངས་བྱེ་བ་སྟོང་ཕྲག་བཅུ་།རྣམ་པར་གྲོལ་པར་ཕྱིན་པའི་ དམ་ཆོས་དག་ལོ་གྲངས་སྟོང་ཕྲག་གཉིས་ཀྱི་བར་དུ་གནས། །མཆོད་རྟེན་ཁྱད་འཕགས་དཔག་ཚད་ཅིག་པ་ལ། །རིན་ཆེན་ཁྱད་པར་འཕགས་པ་བརྒྱ་ཡིས་སྤྲས། །དེ་ བཞིན་གཤེགས་པ་འཇིག་རྟེན་འོད་ཀྱི་ནི། །སྐྱེ་བའི་ཡུལ་ནི་གཟི་བརྗིད་འཕགས་ཤེས་བྱ། །རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་དྲུག་ཅུ་ཡབ་ནི་ཟླ་བའི་ རི༑ ༑མེ་ཏོག་ཅན་ཞེས་བྱ་བ་ཡུམ་ཡིན་ནོ། །སྲས་པོ་དགའ་སྡུག་རྒྱལ་བྱེད་རིམ་གྲོ་པ། །ཡོན་ཏན་གྲགས་ཤེས་བྱ་བ་མཁས་པ་སྟེ། །ཅན་དན་བཟང་པོ་ཞེས་བྱ་རྫུ་འཕྲུལ་ ཅན༑ ༑འདུས་པ་ལན་གྲགས་དྲུག་ཅུ་རྩ་དྲུག་སྟེ། །འདུས་པ་ཀུན་ལའང་དགྲ་བཅོམ་བྱེ་བ་ཕྲག་སྟོང་ཕྲག་དགུ་བཅུ་རྩ་ནི་དགུ་དགུ་ཡོད། །མི་ཚེ་ལོ་གྲངས་སྟོང་ཕྲག་ཉི་ ཤུ་གཉིས། །དམ་ཆོས་ལོ་གྲངས་སྟོང་གི་བར་དུ་གནས། །རྒྱལ་བའི་མཆོད་རྟེན་དཔག་ཚད་གསུམ་པ་ལ། །ཁོར་ཡུག་གསེར་ལས་བྱས་པའི་བླ་རེས་སྤྲས། །གདུགས་ གྲངས་བྱེ་བ་བརྒྱ་ཕྲག་བཅུ་ཡང་ཡོད། །དེ་བཞིན་གཤེགས་པ་རིན་ཆེན་གཟི་བརྗིད་ཀྱི། །སྐྱེ་བའི་ཡུལ་ནི་བསོད་ནམས་རྣམ་འཕྲུལ་ཡིན་།རྒྱལ་བ་རྒྱལ་རིགས་ཡིན་ཏེ་ [256B] །དཔག་ཚད་བཅུ་གསུམ་ཡབ་ནི་པདྨ་བཟང། །ཡོན་ཏན་སྨྲ་པ་རྒྱལ་ཡུམ་སྲས་པོ་ནི། །མེ་ཏོག་ལེགས་རྒྱས་སྐར་མ་རིམ་གྲོ་པ། །དྲང་སྲོང་མང་པོས་བསྟོད་པ་ མཁས་ལྡན་ཏེ། །འཇིག་རྟེན་དགའ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དག་ནི་ལན་གྲངས་ཐེར་འབུམ་སྟེ། །དེ་དག་ཀུན་ལའང་སེམས་སྦྱངས་མཆོད་གནས་དག་ཐེར་ འབུམ་ཐེར་འབུམ་དག་ནི་ཚང་པར་ཡོད། །མི་ཚེ་ལོ་གྲངས་དག་ནི་དགུ་སྟོང་ཡིན། །རྒྱལ་བ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་དྲུག་ཁྲིའི་བར་དུ་གནས་པར་ འགྱུར༑ ༑རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་བརྒྱད་ཁྲི་དག་ནི་ཚད་བར་འགྱུར། །བདེ་བར་གཤེགས་པ་སྐལ་ལྡན་ཤིང་ཏ་ཡི། །སྐྱེ་བའི་ཡུལ་ནི་སྐར་ མིའི་འོད་ཅེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བཅུ་ཡོད་ཡབ་ནི་ཡུམ་འཁོར་ཅིང། །རིན་ཆེན་མཆོག་མ་རྒྱལ་ཡུམ་སྲས་པོ་ནི། །དགའ་བའི་དབང་ ཕྱུག་ལེགས་དགའ་རིམ་གྲོ་པ། །འོད་བྱེད་ཅེས་ནི་བྱ་བ་མཁས་པ་སྟེ་།ཡོན་ཏན་འབྱུང་ནས་ཞེས་བྱ་རྫུ་འཕྲུལ་ཅན། །འདུས་པ་དག་ནི་ལན་གྲངས་བགྲང་ཅུ་སྟེ། །ཀུན་ལའང་ སེམས་ནི་རྣམ་པར་གྲོལ་བ་ཀུན། །བྱེ་བ་ཕྲག་ནི་དགུ་བཅུ་རྩ་གཉིས་གཉིས། །དེ་དག་ཚེ་ཚད་ལོ་གྲངས་བརྒྱ་ཡང་ཡིན། །ཟད་མཐར་ཕྱིན་པའི་དམ་པའི་ཆོས་དག་ཀྱང། །ལོ་ [257A]༄༅། །གྲངས་སྟོང་ཕྲག་ཉི་ཤུ་གསུམ་དུ་གནས། །སྐུ་གདུང་མཆོད་རྟེན་བྱེ་སྟོང་བདུན་ཅུ་དྲུག་རིན་ཆེན་བརྒྱ་ཡི་དྲ་བས་རྣམ་པར་སྤྲས། །འཇིག་རྟེན་ མགོན་པོ་ཀུན་ཏུ་རྒྱལ་བ་ཡི། །སྐྱེ་བའི་ཡུམ་ནི་བདེན་པས་བརྒྱན་ཅེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །བྱེ་བ་བཅུ་གཉིས་ཡབ་ནི་རྒྱ་མཚོ་ཡིན། །གཟི་ བརྗིད་བདག་མོ་རྒྱལ་ཡུམ་སྲས་པོ་ནི། །བསམ་གཏན་དགའ་བ་ལྷ་ནི་རིམ་གྲོ་བ། །དགྲ་བཅོམ་དག་གིས་བསྟོད་པ་མཁས་པ་སྟེ། །རྒོལ་བ་རབ་ཏུ་འཇོམས་པ་རྫུ་འཕྲུལ་ ཅན༑ ༑འདུས་པ་དང་ནི་ལན་གྲངས་བརྒྱད་ཡིན་ཏེ། །འདུས་པ་ཀུན་ལ་འདང་རྒྱལ་རྒྱལ་མཚན་དག་སྤངས་པ་ཐམས་ཅད་བྱེ་བ་ཕྲག་སྟོང་སྟོང། །མི་ཚེ་ལོ་གྲངས་ དག་ནི་བརྒྱད་ཁྲི་ཡིན། །མི་ཡི་མཆོག་རབ་དག་གི་དམ་ཆོས་དག་ལོ་གྲངས་བྱེ་བ་ཚད་བར་གནས་པར་འགྱུར། །མཆོད་རྟེན་བྱེ་བ་བརྒྱ་ཕྲག་ཚད་པ་ལ། །དངུལ་ གྱིས་སྤྲས་ཤིང་མུ་ཏིག་རབ་ཏུ་སྦྱངས། །དེ་བཞིན་གཤེགས་པ་དགའ་བ་བཀོད་པ་ཡི། །སྐྱེ་བའི་ཡུམ་ནི་རྟག་ཏུ་མཐོང་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། ། དཔག་ཚད་བྱེ་བ་ཡབ་ནི་འཁྲུལ་པ་མེད། །སྐད་སྙན་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་འཇམ་དབྱངས་སྐར་མའི་མ་གྲོ་བ། །འགྲོ་བ་དགའ་ཞེས་བྱ་བ་མཁས་པ་སྟེ། །ཐུབ་ [257B] །འདུས་པ་དག་ནི་ལན་གྲངས་གཉིས་ཡིན་ཏེ། །ཀུན་ལའང་དགྲ་བཅོམ་ཁྲུག་མེད་གནས་པ་ཀུན་།ཁྲི་ཕྲག་ཉི་ཤུ་རྩ་ནི་གཉིས་ གཉིས་ཡོད། །མི་ཚེའི་ལོ་གྲངས་དག་ནི་སུམ་སྟོང་ཡིན། །ལུས་པ་མེད་པར་ཕྱིན་པའི་དམ་ཆོས་དབ། །ལོ་གྲངས་སྟོང་ཕྲག་བཅུ་གཉིས་བར་དུ་གནས། །དེ་ཡི་ཚེ་ནི་རྒྱལ་བའི་མཆོད་རྟེན་ ནི༑ ༑དཔག་ཚད་བཅུ་པའི་ཚད་ཙམ་གཅིག་འབྱུང་འགྱུར། །དེ་བཞིན་གཤེགས་པ་སྟེགས་ནི་མཛད་པ་ཡི། །སྐྱེ་བའི་ཡུལ་ནི་བདེ་བ་ཅན་ཞེས་བྱ། །རྒྱལ་བ་རྒྱལ་རིགས་ཡིན་ ཏེ་འོད་ཀྱི་ཚད། །དཔག་ཚད་སུམ་ཅུ་ཡབ་ནི་མཐུ་རྩལ་ཡིན། །ཡིད་གཉིས་སྤོང་བ་རྒྱལ་བའི་ཡུམ་ཡིན་ནོ། །སྲས་པོ་ལྗོན་མཆོག་ཐབས་ལྡན་རིམ་གྲོ་བ། །ས་འཛིན་ཅེས་ནི་བྱ་བ་ མཁས་པ་སྟེ། །རི་བོ་སྒུལ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་བཅུ་རྩ་དྲུག་སྟེ། །འདུས་པ་ཀུན་ལའང་སྲེད་པའི་རྒྱ་མཚོ་ལས། །རྒལ་གྱུར་བྱེ་བ་ཕྲག་ནི་དགུ་དགུ་ ཡོད༑ ༑མི་ཚེ་ལོ་གྲངས་སྟོང་ཕྲག་དགུ་བཅུ་དགུ། །ཟད་མཐར་ཕྱིན་པའི་དམ་པའི་ཆོས་དག་ཀྱང། །ལོ་གྲངས་སུམ་ཁྲི་དྲུག་སྟོང་བར་དུ་གནས། །སྐུ་གདུང་རྒྱས་འགྱུར་མཆོད་ རྟེན་བཟང་པོ་དག་བྱེ་བ་སྟོང་ཕྲག་ཉི་ཤུ་རྩ་གཉིས་འབྱུང་།དེ་བཞིན་གཤེགས་པ་སྤོས་ཀྱི་གླང་པོ་ཡི། །སྐྱེ་བའི་ཡུལ་ནི་སྤོས་གསལ་ཞེས་ཀྱང་བྱ། །རྒྱལ་བའི་རིགས་ནི་བྲམ་ [258A]༄༅། །ཟེ་འོད་ཀྱི་ཚད། །དཔག་ཚད་བྱེ་བ་ཕྲག་གསུམ་ལག་བཟངས་ཡབ། །ས་ཡི་བདག་མོ་ཞེས་བྱ་རྒྱལ་བའི་ཡུམ། །སྲས་པོ་ཤུག་པ་དྲག་ཤུལ་རིམ་ གྲོ་པ༑ ༑ངེས་པ་བརྟན་ཞེས་བྱ་བ་མཁས་པ་སྟེ། །གླང་པོའི་ལྟ་སྟངས་ཞེས་བྱ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་བཅུ་རྩ་དྲུག་སྟེ། །ཀུན་ལའང་འདམ་རྒལ་གཏི་མུག་ བྲལ་གྱུར་པ། །བྱེ་བ་ཕྲག་ནི་ཉི་ཤུ་བཞི་བཞི་ཡོད། །མི་ཚེ་ལོ་གྲངས་སྟོང་ཕྲག་བཅྭ་ལྔ་ཡིན། །ལུས་པ་མེད་པར་ཕྱིན་པའི་དམ་ཆོས་དག་ལོ་གྲངས་སྟོང་ཕྲག་དགུ་བཅུ་རྩ་ དགུར་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་བྱེ་བ་བརྒྱ་ཕྲག་བདུན་བཅུ་འབྱུང། །དེ་བཞིན་གཤེགས་པ་བློ་གྲོས་འོད་འཕྲོ་ཡི། །སྐྱེ་བའི་ཡུལ་ནི་ གཟི་བརྗིད་ལྡན་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །ཞིང་རྣམས་ཁྱབ་ལྡན་ཡབ་ནི་འོད་བཟང་ཡིན། །དཔལ་གཟི་མ་ཞེས་བྱ་བ་ཡུམ་ཡིན་ནོ། །སྲས་པོ་གཟི་ སྡུག་གྲགས་པ་རིམ་གྲོ་བ། །ཡོན་ཏན་བརྒྱན་ཅེས་བྱ་བ་མཁས་པ་སྟེ། །སྲེད་པས་སྐྲག་པར་བྱེད་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ཁྲི་ཕྲག་བཞི་ཡིན་ཏེ། །ཀུན་ ལའང་རྣམ་ཐར་བརྒྱད་ལ་གནས་གྱུར་པ། །བྱེ་བ་བརྒྱ་ཕྲག་སུམ་བཅུ་གཉིས་གཉིས་ཡོད། །རྒྱལ་བའི་སྐུ་ཚེ་ལོ་གྲངས་བརྒྱ་ཡང་ཡིན། །མྱ་ངན་འདས་ནས་འགྲོ་ལ་ཕན་པའི་ [258B] ༑དམ་ཆོས་ལོ་གྲངས་སྟོང་གི་བར་དུ་གནས། །རྒྱལ་བའི་སྐུ་གདུང་རིལ་གཅིག་མཆོད་རྟེན་གཅིག་དཔག་ཚད་བདུན་བཅུ་པ་སྟེ་རྒྱལ་མཚན་བརྒྱན། །དེ་བཞིན་གཤེགས་ པ་རི་བོའི་རྒྱལ་མཚན་གྱི། །སྐྱེ་ཡུལ་མཆོད་རྟེན་རྨད་དུ་བྱུང་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་གཉིས་ཡོད་ཡབ་ནི་ཤང་སྐྱེས་ཡིན། །ཐ་སྤངས་མ་ ཞེས་བྱ་བ་རྡུལ་བྲལ་ཡུམ། །སྲས་པོ་ལྷ་དགའ་སྐར་རྒྱལ་རིམ་གྲོ་པ། །ཐོས་བ་རྒྱ་མཚོ་ཞེས་བྱ་མཁས་པ་སྟེ། །རྒོལ་བ་རྣམ་པར་འཇོམས་པ་རྫུ་འཕྲུལ་ཅན། །འདུས་པ་ལན་ གྲངས་དྲུག་ཅུ་རྩ་དྲུག་སྟེ། །ཀུན་ལའང་ཏིང་འཛིན་ཞི་བ་རིམ་བསྒོམས་པ། །དགྲ་བཅོམ་འཁྲུག་མེད་བྱེ་བ་བྱེ་བ་ཡོད། །མི་ཚེ་ལོ་གྲངས་སྟོང་ཕྲག་བཅུ་ཡང་ཡིན། །ཞི་བར་ ཕྱིན་པའི་དམ་པའི་ཆོས་དག་ཀྱང། །ལོ་གྲངས་སྟོང་ཕྲག་བཅུ་ནི་ཚད་པར་གནས། །མཆོད་རྟེན་བཟང་པོ་བྱེ་བ་ཕྲག་སུམ་སྟེ། །མེ་ཏོག་པ་དན་རྒྱལ་མཚན་མཆོག་གིས་ བརྒྱན། །བདེ་བར་གཤེགས་པ་རིན་ཆེན་སྤོས་བཟངས་གི་སྐྱེ་བའི་ཡུལ་ནི་སྤོས་ཀྱིས་བརྒྱན་ཅེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །བྱེ་བ་བརྒྱད་ཅུ་ཡབ་ ནི་ལེགས་ཡིད་གཞུངས། །སྤོས་ཀྱི་མཆོད་རྟེན་ཞེས་བྱ་རྒྱལ་བའི་ཡུམ། །སྲས་པོ་ནོར་སྲེད་དགའ་བ་རིམ་གྲོ་བ། །རབ་ཞི་མཆོག་ཅེས་བྱ་བ་མཁས་པ་སྟེ། །མཆོད་རྟེན་ [259A]༄༅། །མཆོག་ཅེས་བྱ་བ་རྫུ་འཕྲུལ་ཅན། །འཇིག་རྟེན་གསུམ་ལ་མ་ཞེན་མཚུངས་སྨྲ་ལ། །ཆགས་པ་མེད་པ་གྱུར་པ་སྡིག་སྦྱང་བ་།འདུས་པ་ དག་ནི་མཐའ་ཡང་ཡས་པར་འགྱུར། །མི་ཚེ་ལོ་གྲངས་ས་ཡ་ཕྲག་གསུམ་ཡིན། །མགོན་པོ་མཆོག་མ་མྱ་ངན་འདས་ནས་ཀྱང། །མགོན་པོ་མཆོག་མའི་དམ་ཆོས་གནས་ པར་འགྱུར། །མཆོད་རྟེན་དག་གི་གྲངས་ནི་བརྒྱད་ཁྲི་སྟེ། །གཞན་ཡིད་བཞི་སྟོང་གསེར་གྱི་རྒྱལ་མཚོན་ཅན། །དེ་བཞིན་གཤེགས་པ་ཆོས་བརྟེན་ཞེས་བྱ་བའི། །སྐྱེ་བའི་ ཡུལ་ནི་དྲག་ཤུལ་འོད་ཅེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་དཔག་ཚད། །ཁྲི་ཕྲག་བཅུ་ཡོད་ཡབ་ནི་ཡང་དག་གཟིགས། །ཤིན་ཏུ་ཡང་དག་གཟིགས་མ་རྒྱལ་ ཡུམ་སྲས། །བསོད་ནམས་བཟང་པོ་གཟི་བཟངས་རིམ་གྲོ་པ། །བརྟུལ་ཞུགས་མཆོད་རྟེན་ཞེས་བྱ་མཁས་པ་སྟེ། །ཤེས་རབ་རྣམ་པར་དེས་པ་རྫུ་འཕྲུལ་ཅན། །འདུས་པ་དག་ ནི་ལན་གྲངས་བཅུ་གཅིག་སྟེ། །ཀུན་ལའང་འཁྲུག་པ་མེད་པར་གནས་གྱུར་ཀུན། །བྱེ་བ་ཕྲག་ནི་བདུན་བཅུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་འབུམ་ཕྲག་གཉིས་ཀྱང་ ཡོད༑ ༑མཚུངས་པ་མེད་པ་མྱ་ངན་འདས་ནས་ཀྱང། །དམ་ཆོས་ལོ་གྲངས་བརྒྱད་ཅུའི་བར་དུ་གནས། །མཆོད་རྟེན་བཟང་པོ་བྱ་བ་བདུན་ཅུ་དྲུག་ཁོར་ཡུག་རིན་ཆེན་རྒྱལ་ [259B] །སངས་རྒྱས་གཟི་བརྗིད་དྲག་ཤུལ་ཅན་གྱི་ནི། །སྐྱེ་ཡུལ་གཟི་བརྗིད་མ་སྨད་པ་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བྱ་བ་ ཡབ་ནི་ལག་དབང་ཡིན། །སྤྲིན་ལྡན་མ་ཞེས་བྱ་བ་རྒྱལ་བའི་ཡུམ་།སྲས་པོ་རྣམ་དེས་དཔའ་བོ་རིམ་གྲོ་པ། །སྐྱེ་བ་ཟ་ཞེས་བྱ་བ་ཤེས་ཆེན་ཏེ། །ཞིང་རྣམས་གཡོ་བར་བྱེད་ པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ལྔ་སྟེ་ཀུན་ལ་ཡང་།འགྲོ་དང་སྲིད་མཐའི་ཕ་རོལ་ཕྱིན་གྱུར་པ། །བྱེ་བ་ཕྲག་ནི་བདུན་ཅུ་རེ་རེ་ཡོད། །རྡུལ་བྲལ་སྐུ་ཚེ་ལོ་གྲངས་ཉིས་ བརྒྱ་ཡིན༑ ༑འཇིག་རྟེན་ཕན་ཕྱིར་ཐུབ་པའི་དམ་ཆོས་དག་ལོ་གྲངས་སྟོང་ཕྲག་གཉིས་ཀྱི་བར་དུ་གནས། །རྒྱལ་བའི་སྐུ་གདུང་རིལ་གཅིག་མཆོད་རྟེན་གཅིག་དཔག་ཚད་ དྲུག་ཅུ་པ་སྟེ་རྒྱན་གྱིས་བརྒྱན། །དེ་བཞིན་གཤེགས་པ་ཆོས་གྱི་ནོར་བུ་ཡི། །སྐྱེ་བའི་ཡུལ་ནི་པདྨ་དཀར་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་གཉིས་ ཡོད་ཡབ་ནི་ལེགས་དགའ་ཡིན། །དགའ་མཆོག་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ཤེས་དགའ་ཚངས་བཟངས་རིམ་གྲོ་པ། །མཉམ་པར་སེམས་ཞེས་བྱ་བ་མཁས་པ་སྟེ། ། འཇིག་རྟེན་འོད་བྱེད་པ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་རྩ་དྲུག་སྟེ། །ཀུན་ལའང་གཏི་མུག་མ་རིག་མུན་བཅོམ་པ། །འགོག་པ་ཐོབ་པ་བརྒྱད་ཅུ་བརྒྱད་ཅུ་ཡོད། ། [260A]༄༅། །མི་ཚེ་ལོ་གྲངས་དག་ནི་སུམ་སྟོང་ཡིན། །མཚུངས་པ་མེད་པ་མྱ་ངན་འདས་ནས་ཀྱང། །དམ་ཆོས་ལོ་གྲངས་སྟོང་གི་བར་དུ་གནས། །རྒྱལ་ བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་བཟང་པོ་སྟོང་ཕྲག་སུམ་ཅུ་དྲུག་འཇིག་རྟེན་མགོན་པོ་བཟང་པོ་བྱིན་པ་ཡི། །སྐྱེ་བའི་ཡུལ་ནི་པདྨའི་ཏོག་ཅེས་བྱ། ། རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བཅུ་གཉིས་ཡབ་ནི་ཕུང་པོ་བཟང། །ཉི་མའི་རྒྱུད་ཅེས་བྱ་བ་ཡུམ་ཡིན་ནོ། །སྲས་པོ་ཚངས་དགའ་གྲུབ་པ་རིམ་ གྲོ་པ༑ ༑ལྷ་ཡིས་མཆོད་ཅེས་བྱ་བ་མཁས་པ་སྟེ། །གསལ་བ་གཏི་མུག་མེད་པ་རྫུ་འཕྲུལ་ཅན། །འདུས་པ་དག་ནི་ལན་གྲངས་སུམ་ཅུ་སྟེ་།འདུས་པ་ཀུན་ལའང་རྒྱལ་ སྲས་ཐམས་ཅད་དག་བྱེ་བ་ཕྲག་ནི་བདུན་བཅུ་གསུམ་གསུམ་ཡོད། །སྐུ་ཚེ་ལོ་གྲངས་འདུས་དུ་ཚད་པར་འགྱུར། །མཚུངས་པ་མེད་པ་མྱ་ངན་འདས་ནས་ཀྱང། །དམ་ ཆོས་ལོ་གྲངས་བདུན་ཅུའི་བར་དུ་གནས། །བདེ་བར་གཤེགས་པ་མྱ་ངན་འདས་ནས་ཀྱང། །སྐུ་གདུང་རྒྱས་འགྱུར་མཆོད་རྟེན་བཞི་བཞི་འབྱུང། །མི་ཡི་འདྲེན་ པ་བདེ་གཤེགས་ཟླ་བ་ཡི། །སྐྱེ་བའི་ཡུལ་ནི་གཟི་བརྗིད་སྤྲུལ་ཅེས་བྱ། །རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་ཡབ་ནི་ཏོག་བཟངས་ [260B] །བཟང་ལྡན་མ་ནི་རྒྱལ་ཡུམ་སྲས་པ་ནི། །རྩེ་སྨན་ཡན་ལག་མཉམ་པ་རིམ་གྲོ་པ། །ཡོན་ཏན་ཚོགས་ཤེས་བྱ་བ་མཁས་པ་སྟེ་།མངོན་པར་འཕགས་པའི་ལྷ་ནི་རྫུ་འཕྲུལ་ ཅན༑ ༑དྲང་སྲོང་ཆེན་པོའི་སྲས་པོ་ཆགས་མེད་པ། །སེམས་ཞི་རི་དང་མཚུངས་པ་ཐམས་ཅད་དག་འདུས་པ་ལན་གྲངས་དྲུག་ཅུ་རྩ་དྲུག་འདུས། །མི་ཚེ་ལོ་གྲངས་ཉི་ཤུ་རྩ་ཡང་ གཉིས༑ ༑གྲངས་པ་མཐའ་ཡས་དེ་ཡི་དམ་ཆོས་དག་ལོ་གྲངས་སུམ་བརྒྱ་ཚད་བའི་བར་དུ་གནས། །རྒྱལ་བའི་མཆོད་རྟེན་བཟང་པོ་གཅིག་ཡིན་ཏེ། །དཔག་ཚད་བརྒྱད་པ་ ཀུན་ཏུ་མཛེས་པ་ཡིན། །བདེ་བར་གཤེགས་པ་ཚངས་པའི་དབྱངས་དེ་ཡི། །སྐྱེ་བའི་ཡུལ་ནི་དགའ་བའི་དབྱངས་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ ཚད་དགུ་ཡོད་ཡབ་ནི་ན་ཚོད་བཟང། །ལྷ་དགའ་ཞེས་ནི་བྱ་བ་ཡུམ་ཡིན་ནོ། །སྲས་པོ་དགའ་བོ་དུལ་བ་རིམ་གྲོ་བ། །ཡོན་ཏན་རྒྱ་མཚོ་ཞེས་བྱ་མཁས་པ་སྟེ། །ཡེ་ཤེས་རྣམ་ པར་འཕྲུལ་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང། །ཐ་བ་མེད་ཅིང་ཞི་དུལ་དགའ་བ་པོ། །བསམ་གཏན་པ་ནི་བྱེ་བ་བྱེ་བ་ཡོད། །མི་ཚེ་ལོ་གྲངས་ སྟོང་ཕྲག་བཅུ་དྲུག་ཡིན། །དམ་ཆོས་ལོ་གྲངས་དག་ནི་བརྒྱད་ཁྲིར་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་གྲངས་ནི་བརྒྱད་ཁྲི་ཚང་པ་སྟེ། །རིན་ [261A]༄༅། །ཆེན་རྒྱལ་མཚན་དྲ་བ་དག་གིས་གཡོགས། །དེ་བཞིན་གཤེགས་པ་སེང་གེའི་ཟླ་བ་ཡི། །སྐྱ་བའི་ཡུལ་ནི་རྟག་ཏུ་མཐོང་ཞེས་བྱ། །རིགས་ནི་ རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །དགུ་བཅུ་གཉིས་ཡོད་ཡབ་ནི་ལེགས་བྱིན་ཡིན། །སངས་རྒྱས་བློ་གྲོས་ཡུམ་ཡན་སྲས་པོ་ནི། །མིག་མི་མཐུན་བ་ཟླ་བ་རིམ་གྲོ་ པ༑ ༑རབ་ཏུ་བརྒྱན་པའི་གཟི་བརྗིད་བློ་ལྡན་ཏེ། །རྣམ་པར་ངེས་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང། །འཇིག་རྟེན་ཆགས་མེད་གཡོ་ མེད་ང་མེད་པ། །འབུམ་ཕྲག་དྲུག་ཅུ་རྩ་ནི་གསུམ་གསུམ་ཡོད། །མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །མགོན་པོ་མཆོག་མ་མྱ་ངན་འདས་ནས་ཀྱང། །དམ་པའི་ ཆོས་ནི་ལོ་གྲངས་སྟོང་དུ་གནས། །རྒྱལ་བའི་སྐུ་གདུང་རིལ་གཅིག་མཆོད་རྟེན་གཅིག་དཔག་ཚད་གསུམ་པ་རྒྱལ་མཚན་དག་གིས་བརྒྱན་།སངས་རྒྱས་མཚུངས་ པ་མེད་པ་དཔལ་དག་གི་སྐྱེ་བའི་ཡུལ་ནི་འཇིག་རྟེན་མཛེས་ཤེས་བྱ་།རྒྱལ་བརྒྱ་ལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་གཅིག་ཡོད་ཡབ་ནི་མྱ་ངན་མེད། ། སྡུག་དགའ་ཞེས་བྱ་ཡུམ་ཡིན་སྲས་པོ་ནི། །འཚེར་བ་མེད་པ་དགའ་བ་རིམ་གྲོ་པ། །སྐྱེ་བའི་མཆོད་ཅེས་བྱ་བ་མཁས་པ་སྟེ། །རྒོལ་བ་འཇོམས་ཤེས་བྱ་བ་རྫུ་འཕྲུལ་ [261B] ༑འདུས་པ་ལན་གྲངས་བཞི་བརྒྱ་བརྒྱད་ཅུ་སྟེ། །ཀུན་ལའང་འདམ་རྫབ་དྲ་བ་མུན་སྤངས་པ། །རྡུལ་བྲལ་སྲིད་ལས་གྲོལ་བ་ཤ་སྟག་འདུས། །མི་ཚེ་ལོ་གྲངས་དག་ནི་ བརྒྱ་ཡང་ཡིན། །མགོན་པོ་མཆོག་མ་མྱ་ངན་འདས་ནས་ཀྱང། །དམ་པའི་ཆོས་ནི་ལོ་གྲངས་བརྒྱད་ཅུར་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་ རྟེན་བཟང་པོ་དྲུག་ཁྲི་དྲུག་སྟོང་འབྱུང། །འཇིག་རྟེན་མཁྱེན་པ་ལེགས་པར་སྐྱེས་པ་ཡི། །སྐྱེ་བའི་ཡུལ་ནི་དེས་པ་ཞེས་ཀྱང་བྱ་།རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་དཔག་ ཚད༑ ༑བྱེ་བ་བདུན་ཅུ་ཡབ་ནི་བདག་ཉིད་ཆེ། །འོད་སྐྱོད་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་གློག་འོད་དྲག་ཤུལ་རིམ་གྲོ་བ་།ཡོན་ཏན་རྒྱ་མཚོ་ཞེས་བྱ་མཁས་པ་ སྟེ༑ ༑སྐྱོན་སེལ་བ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང། །གནས་མེད་ཕ་རོལ་ཕྱིན་པ་ཐམས་ཅད་པོ། །བྱེ་བ་ཕྲག་ནི་སུམ་ཅུ་གསུམ་ གསུམ་ཡོད། །མི་ཚེ་ལོ་གྲངས་དག་ནི་ཉིས་སྟོང་ཡིན། །རྒལ་བར་གྱུར་པའི་དམ་པའི་ཆོས་དག་ཀྱང། །ལོ་གྲངས་སུམ་ཁྲི་ཐུག་སྟོང་བར་དུག་ནས། །རྒྱལ་བའི་སྐུ་གདུང་ དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་བཟང་པོ་བྱེ་བ་བརྒྱ་ཕྲག་གསུམ། །སངས་རྒྱས་ཐུབ་པ་མེད་པའི་ཚོགས་དག་གི་སྐྱེ་བའི་ཡུལ་ནི་མཚན་གྱིས་བརྒྱན་ཅེས་བྱ། །རྒྱལ་ [262A]༄༅། །བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་ཡབ་ནི་དོན་ཡོད་ཡིན། །གྲངས་ལྡན་མ་ཞེས་བྱ་བ་ཡུམ་ཡིན་ནོ། །སྲས་པོ་ ཟླ་བཟང་བདེན་པ་རིམ་གྲོ་བ། །སྟོབས་ཀྱིས་འགྲོ་ཞེས་བྱ་བ་མཁས་པ་སྟེ། །རྣམ་པར་འཕྲུལ་བའི་གཟི་བརྗིད་རྫུ་འཕྲུལ་ཅན། །འདུས་པ་ལྡན་གྲངས་བཞི་ཁྲི་ཀུན་ལ་ ཡང། །སྲིད་པའི་འཆིར་ལས་གྲོལ་བ་ཐམས་ཅད་པོ། །དྲང་སྲོང་ཆེ་སྲས་བྱེ་བ་བྱེ་བ་ཡོད། །མི་རྣམས་ཚེ་ཚད་ལོ་གྲངས་བཞི་ཁྲི་ཡིན། །འཇིག་རྟེན་བླ་མ་མྱ་ངན་འདས་ ནས་ཀྱང། །དམ་ཆོས་ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས། །སྐུ་གདུང་དག་ནི་རྒྱས་འགྱུར་མཆོད་རྟེན་གྲངས། །བྱེ་བ་བརྒྱ་ཕྲག་དགུ་ཡོད་གསེར་གྱིས་སྤྲས། །དེ་ བཞིན་གཤེགས་པ་གྲངས་པའི་བཤེས་གཉིས་གྱི། །སྐྱེ་བའི་ཡུལ་ནི་གྲགས་པ་འཕགས་ཤེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་མེད་།བྱེ་བ་དགུ་ཡོད་ སྦྱིན་བསྲེག་འོད་འཕྲོ་ཡབ། །བསོད་ནམས་ཅན་ཞེས་བྱ་བ་ཡུམ་ཡིན་ནོ་།སྲས་པོ་དྲང་སྲོང་ཀྱང་འཕགས་རིམ་གྲོ་པ། །ཡོན་ཏན་བདེན་ཞེས་བྱ་བ་མཁས་པ་སྟེ། །འཇིགས་ མེད་བློ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་རྩ་དྲུག་སྟེ། །ཀུན་ལའང་བདུང་དཔུང་བརླག་མཐར་བྱེད་པ་པོ་།བྱེ་བ་ཕྲག་ན་སུམ་ཅུ་བཞི་བཞི་ཡོད། ། [262B] །མཚུངས་པ་མེད་པའི་དམ་པའི་ཆོས་དག་ཀྱང། །ལོ་གྲངས་ཉི་ཁྲི་ཉིས་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། ། མཆོད་རྟེན་བཟང་པོ་བྱེ་བ་བདུན་བཅུ་དྲུག་དེ་བཞིན་གཤེགས་པ་བདེན་པ་ཞེས་བྱ་བའི། །སྐྱེ་བའི་ཡུལ་ནི་གཟི་བརྗིད་མཛེས་ཤེས་བྱ། །དེ་རིགས་རྒྱལ་རིགས་ཡིན་ཏེ་འོད་ དཔག་ཚད། །བྱེ་བ་བཅུ་ཡོད་མི་ཡི་དབང་པོ་ཡབ། །སྐལ་འདོད་མ་ནི་ཡུམ་ཡིན་སྲས་བོ་ནི། །སྐར་མཁན་མཆོག་སྦྱིན་བཟང་བོ་རིམ་གྲོ་པ་།སྙན་པར་གྲགས་ཞེས་བྱ་བ་ ཤིས་ཆེན་ཏེ། །རྣམ་པར་འཕྲུལ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བྱེ་སྟོང་ཀུན་ལ་ཡང། །དྲི་གསུམ་དྲི་མ་དྲི་བྲལ་དགྲ་བཅོམ་པ། །བྱེ་བ་བརྒྱ་ཕྲག་བདུན་ཅུ་ བདུན་ཅུ་ཡོད། །སྐུ་ཚེ་ལོ་གྲངས་སུམ་བཅུ་ཚད་པ་ཡིན། །རྒྱལ་བ་ཞི་བར་ཕྱིན་པའི་དམ་ཆོས་དག་ལོ་གྲངས་དགུ་སྟོང་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་རིལ་གཅིག་ མཆོད་རྟེན་གཅིག་དཔག་ཚད་དགུ་པར་ནི་རིན་ཆེན་བརྒྱ་ཡིས་སྤྲས་།བདེ་བར་གཤེགས་པ་དགའ་ཐུབ་ཆེན་པོ་ཡི། །སྐྱེ་ཡུལ་མགོན་མེད་ཚིམ་པར་བྱེད་ཅེས་བྱ། །རིགས་ནི་ བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་གཉིས་ཡོད་ནི་འོད་ཟེར་བཟང། །དགའ་ལྡན་མ་ཞེས་བྱ་བ་ཡུམ་ཡིན་ནོ། །སྲས་པོ་འཇིགས་མེད་གྲགས་པ་རིམ་གྲོ་བ། །རྣམ་ [263A]༄༅། །པར་སྣང་བྱེད་གྲགས་པ་ཤེས་ཆེན་ཏེ། །ལྷུན་པོ་སྒུལ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲགས་བདུན་ཏེ་ཀུན་ལ་ཡང། །མངོན་ཤེས་དྲུག་ ལྡན་གཏི་མུག་མེད་གྱུར་པ། །བྱེ་བ་བརྒྱ་ཕྲག་བདུན་ཅུ་གསུམ་གསུམ་ཡོད། །མི་རྣམས་ཚེ་ཚད་ལོ་གྲངས་སྟོང་ཕྲག་བཅུ། །ཕུང་པོ་སྤངས་པའི་དམ་པའི་ཆོས་དག་ཀྱང། ། ལོ་གྲངས་དགུ་འབུམ་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་རྒྱས་འགྱུར་མཆོད་རྟེན་བཟང། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་ཀྱང་ཡོད། །འཕགས་པ་ བསྐལ་པ་བཟང་པོ་ཞེས་བྱ་བ་ཐེག་པ་ཆེན་པོ་མདོ། །བམ་པོ་བཅུ་བཞི་པ། །རྡུལ་དང་བྲལ་བའི་ལྷུན་པོའི་འོད་ཟེར་གྱི། །སྐྱེ་བའི་ཡུལ་ནི་འཇིག་རྟེན་འཕགས་ཞེས་བྱ། །རིགས་ ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་ཡབ་ནི་ལེགས་བྱིན་ཡིན། །ཀུན་ཏུ་ལྟ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ལེགས་མཆོད་རྣམ་གྲོལ་བ་རིམ་གྲོ་པ། ། ཤེས་རབ་ཡོན་ཏན་ཞེས་བྱ་མཁས་པ་སྟེ། །སྒྲོགས་པའི་བཤེས་གཉེན་ཞེས་བྱ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང། །སྨྲ་མཚུངས་ལུས་པ་མེད་ པར་ཕྱིན་པ་པོ། །བྱེ་བ་ཕྲག་ནི་དགུ་བཅུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །རྒྱལ་བ་ཡོངས་སུ་མྱ་ངན་འདས་ནས་ཀྱང། །དམ་པའི་ཆོས་ནི་ལོ་ [263B] །སྐུ་གདུང་མཆོད་རྟེན་བཟང་པོ་སྟོང་དུ་ཚང། །རིན་ཆེན་རྒྱལ་མཚན་ཡིད་དུ་འོང་བས་བརྒྱན། །དེ་བཞིན་གཤེགས་པ་ཡོན་ཏན་བརྩེགས་པ་ཡི། ། སྐྱེ་བའི་ཡུལ་ནི་བྱང་ཆུབ་འཕགས་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་དོད་དཔག་ཚད། །བདུན་ཅུ་གསུམ་ཡོད་བདག་ཉིད་ཕྱུག་པོ་ཡབ་།ཡོན་ཏན་དགའ་ཞེས་བྱ་བ་ཡུམ་ ཡིན་ནོ༑ ༑སྲས་པོ་རྣམ་སྒྲོགས་དོན་ལྡན་རིམ་གྲོ་པ། །རབ་ཏུ་བརྒྱན་ཞེས་བྱ་བ་མཁས་པ་སྟེ། །སྨྲ་བའི་མཆོག་ཅེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་ཀུན་ལ་ཡང། ། ཁམས་གསུམ་སྤོང་བར་བྱེད་པ་བསམ་གཏན་པ། །དགྲ་བཅོམ་པ་དག་ཐེར་འབུམ་ཐེར་འབུམ་ཡོད། །མི་ཡི་ཚེ་ཚད་ལོ་གྲངས་སུམ་སྟོང་ཡིན་།འགོག་པར་ཕྱིན་པའི་དམ་པའི་ ཆོས་དག་ཀྱང། །ལོ་གྲངས་སུམ་སྟོང་བར་དུ་གནས་པར་འགྱུར་།མཆོད་རྟེན་བཟང་པོའི་གྲངས་ནི་བྱེ་བ་ཕྲག་དགུ་བཅུ་རྩ་གཉིས་རིན་པོ་ཆེ་ཡིས་སྤྲས། །རྡུལ་དང་བྲལ་བ་ མཆོད་པ་གྲངས་པ་ཡི། །སྐྱེ་བའི་ཡུལ་ནི་འཇིག་རྟེན་དང་ཅེས་བྱ་།རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །བདུན་ཅུ་གསུམ་ཡོད་ཡབ་ནི་ཞིང་བཟངས་ཡིན། །ཕྱོགས་སེམས་ མ་ནི་ཡུམ་ཡིན་སྲས་པ་ནི། །བཞིན་གཙང་ཚུལ་མ་འཆོས་པར་རིམ་གྲོ་བ། །དགའ་བའི་ང་རོ་ཞེས་བྱ་མཁས་པ་སྟེ། །རྣམ་པར་སེལ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ [264A]༄༅། །བརྒྱད་ཅུ་ཀུན་ལ་ཡང། །ང་རྒྱལ་རྣམ་གྲོལ་ཐོབ་བའི་བསམ་གཏན་པ། །བྱེ་བ་ཕྲག་ནི་དགུ་བཅུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་དགུ་ ཁྲི་ཉིད་སྟོང་ཡིན། །རྣམ་པར་ཐར་པར་ཕྱིན་པའི་དམ་ཆོས་དག་།ལོ་གྲངས་སུམ་ཁྲི་ཉིས་སྟོང་བར་དུ་གནས། །མཆོད་རྟེན་དཔག་ཚད་བཅུ་གཉིས་པ་ཡི་གྲངས། །དྲུག་ ཁྲི་དྲུག་སྟོང་གསེར་གྱི་རྒྱལ་མཚན་གང། །དེ་བཞིན་གཤེགས་པ་ཆོས་ཀྱི་གྲགས་པ་ཡི། སྐྱི་བའི་ཡུལ་ནི་རྣམ་པར་ངེས་ཞེས་བྱ་རྒྱལ་བ་རྒྱལ་རིགས་ཡིན་ཏེ་ འོད་ཀྱི་ཚད། །དཔག་ཚད་བཅུ་ཡོད་ཡབ་ནི་དབང་པོ་ཡིན། །མི་གཡོ་བློ་གྲོས་སྐྱེ་བའི་ཡུམ་སྲས་པོ། །ར་ཧུ་ཤ་ཡིས་བློ་བཟངས་རིམ་གྲོ་པ། །འགྲོ་བས་མཆོད་ཅེས་བྱ་ བ་མཁས་པ་སྟེ། །གྲགས་པ་མཆོད་ཅེས་བྱ་བ་རྫུ་འཕྲུལ་ཅན་།འདུས་པ་ལན་གྲངས་དྲུག་བཅུ་རྩ་དྲུག་སྟེ། །ཀུན་ལའང་བདུད་དཔུང་དཔུང་མེད་བྱེད་པ་པོ། །བྱེ་བ་ཕྲག་ ནི་ཉི་ཤུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་སུམ་སྟོང་ཡིན། །འཇིག་རྟེན་ཕན་ཕྱིར་དམ་པའི་ཆོས་དག་ཀྱང། །ལོ་གྲངས་ཁྲི་ཕྲག་གཅིག་གི་བར་དུ་ གནས༑ ༑རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་བཟང་པོ་བྱེ་བ་ཕྲག་གསུམ་འབྱུང། །བདེ་བར་གཤེགས་པ་སྦྱིན་པའི་འོད་དག་གི་སྐྱེ་ཡུལ་འཇིག་ [264B] །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བཅུ་གཅིག་བདག་ཉིད་ཆེན་པོ་ཡབ། །ཡུམ་ལ་དགའ་བ་ཡུམ་ཡིན་སྲས་པོ་ནི། །ཆོས་ཀྱི་འབྱུང་ གནས་གཟི་བརྗིད་རིམ་གྲོ་པ། །ཡོན་ཏན་རྒྱ་མཚོ་ཞེས་བྱ་མཁས་པ་སྟེ། །འཇིག་རྟེན་འཇིགས་མེད་ཅེས་ས་བྱ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་རྩ་དྲུག་སྟེ། །ཀུན་ལའང་ པད་མཚུངས་ལུས་པ་མེད་གྱུར་པ། །འདི་དག་ཀུན་ཀྱང་ཐེར་འབུམ་གསུམ་གསུམ་ཡོད། །མི་ཚེ་ལོ་གྲངས་དྲུག་ཁྲི་དྲུག་སྟོང་ཡིན། །ཕ་རོལ་ཕྱིན་པའི་དམ་པའི་ཆོས་དག་ཀྱང། ། ལོ་གྲངས་ཉི་ཁྲི་ཉིས་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་རིལ་གཅིག་མཆོད་རྟེན་གཅིག་དཔག་ཚད་བརྒྱད་ཙམ་རྒྱལ་མཚན་མཆོག་གིས་གང། །དེ་བཞིན་གཤེགས་ པ་ཀློག་གིས་ཕྱིན་པ་ཡི། །སྐྱ་ཡུལ་རྟག་ཏུ་སྣང་བར་བྱས་ཤེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །བྱེ་བ་གསུམ་ཡོད་ཡབ་ནི་བློ་བཟངས་ཡིན། །བྱང་ཆུབ་དགའ་ ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་བློ་རྫོགས་ཁྱད་འཕགས་རིམ་གྲོ་བ། །དགའ་བས་ལྟ་ཞེས་བྱ་བ་མཁས་པ་སྟེ། །འཇིགས་མེད་སེམས་ཤེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་ གྲངས་སུམ་ཅུ་རྩ་དྲུག་སྟེ། །ཀུན་ལའང་ཡིད་ནི་ཡོངས་དག་དགྲ་བཅོམ་པ། །འཁོར་ནི་ཐེར་འབུམ་བདུན་བཅུ་དྲུག་དྲུག་ཡོད། །མི་ཚེ་ལོ་གྲངས་དག་ནི་ཉིས་སྟོང་ཡིན། །རྒྱལ་བ་ཐར་ [265A]༄༅། །པར་ཕྱིན་པའི་དམ་ཆོས་དག་ལོ་གྲངས་དྲུག་སྟོང་བར་དུ་གནས་པར་འགྱུར། །དཔག་ཚད་ལྔ་པའི་སྐུ་གདུང་མཆོད་རྟེན་གཅིག་།དེ་བཞིན་ གཤེགས་པ་བདེན་པར་གསུང་པ་ཡི། །སྐྱེ་བའི་ཡུལ་ནི་མཆོད་པའི་གནས་ཤེས་བྱ། །དེའི་རིགས་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །བྱེ་བ་ཕྲག་བཅུ་བདག་ཉིད་ཆེན་པོ་ཡབ། ། མཆོད་རྟེན་གྲགས་ཤེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ཆོས་མཆོག་ཆོས་ལྡན་རིམ་གྲོ་བ། །བདུད་འཇོམས་པ་ཞེས་བྱ་བ་མཁས་པ་སྟེ་།སྡུག་བསྔལ་སེལ་ཞེས་བྱ་བ་རྫུ་འཕྲུལ་ ཅན༑ ༑འདུས་པ་ལན་གྲངས་ལྔ་སྟེ་ཀུན་ལ་ཡང། །ང་མེད་གཤེ་པ་མེད་པའི་བསམ་གཏན་པ། །བྱེ་བ་ཕྲག་ནི་དགུ་བཅུ་གསུམ་གསུམ་ཡོད་།མི་ཚེ་ལོ་གྲངས་བདུན་ཁྲི་སུམ་ སྟོང་ཡིན། །ཆོས་ཐོབ་པ་ཡི་དམ་པའི་ཆོས་དག་ཀྱང། །ལོ་གྲངས་ཉི་ཁྲི་ཅིག་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་བཟང་པོ་ཐེར་ འབུམ་ཕྲག་གསུམ་མ་འབྱུང། །འཇིག་རྟེན་དག་གིས་མགོན་པོ་འཚོ་བྱེད་ཀྱི། །སྐྱེ་བའི་ཡུལ་ནི་ཐམས་ཅད་འབྱོར་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་ གསུམ་ཡོད་ཡབ་ནི་དོས་བཟངས་ཡིན། །དགའ་འགྲོ་མ་ཞེས་བྱ་བ་ཡུམ་ཡིན་ནོ། །སྲས་པོ་རྒྱལ་བྱིན་ལུས་བཟངས་རིམ་གྲོ་པ། ། །སྐྱབས་མཆོག་རྒྱལ་པོ་བློ་གྲོས་ལྡན་པ་སྟེ། ། [265B] །འདུས་པ་ལན་གྲངས་བདུན་ཏེ་ཀུན་ལ་ཡང། །དྲང་སྲོང་གཏི་མུག་མེད་པ་ཐར་དགའ་བ། །བྱེ་བ་ཕྲག་ནི་དྲུག་བཅུ་བཞི་བཞི་ ཡོད༑ ༑མི་ཚེ་ལོ་གྲངས་དག་ནི་ཉིས་སྟོང་ཡིན། །འཇིག་རྟེན་གསུམ་ལས་འཕགས་པའི་དམ་ཆོས་དག་ལོ་གྲངས་དགུ་ཁྲི་ཉིས་སྟོང་བར་དུ་གནས། །མཆོད་རྟེན་པ་བྲང་པོའི་གྲངས་ ནི་ཐེར་འབུམ་ཕྲག་དགུ་བཅུ་རྩ་ལྔ་དག་ནི་འབྱུང་བར་འགྱུར་།དེ་བཞིན་གཤེགས་པ་ན་ཆོད་བཟང་བོ་ཡི། །སྐྱེ་བའི་ཡུལ་ནི་རྟག་ཏུ་འདོད་ཅེས་བྱ། །རིགས་ནི་རྒྱལ་རིགས་ ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་གཉིས་ཡོད་ཡབ་ནི་མྱ་ངན་མེད་།གྲགས་ལྡན་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་དགའ་ཆེན་ཟླ་བ་རིམ་གྲོ་བ། །འགྲོས་མཛེས་པ་ཞེས་ བྱ་བ་མཁས་པ་སྟེ། །འཇིགས་མེད་ལྷ་ཞེས་བྱ་བ་རྫུ་འཕྲུལ་ཅན་།འདུས་པ་ལན་གྲངས་སུམ་བཅུ་ཀུན་ལ་ཡང། །ཡིད་གཉིས་དག་དང་བྲལ་བའི་དགྲ་བཅོམ་ཀུན། །བྱེ་བ་ཕྲག་ ནི་བདུན་ཅུ་གསུམ་གསུམ་ཡོད། །མི་ཚེ་ལོ་གྲངས་དག་ནི་ཅེས་སྟོང་ཡིན་།རྒྱལ་བ་འཁྲུག་པ་མེད་པར་ཕྱིན་པ་ཡི། །དམ་ཆོས་ལོ་གྲངས་སུམ་སྟོང་བར་དུ་གནས། །སྐུ་གདུང་ དག་ནི་རྒྱས་འགྱུར་མཆོད་རྟེན་གྲངས། །ཐེར་འབུམ་ཕྲག་གཉིས་སྐུ་གདུང་དག་གིས་བརྒྱན། །བདེ་བར་གཤེགས་པ་ལེགས་པའི་ཚོགས་ཅན་གྱི་།སྐྱེ་བའི་ཡུལ་ནི་གསེར་གྱི་ [266A]༄༅། །རི་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འདོད་དཔག་ཚད་།དགུ་བཅུ་གསུམ་ཡོད་ཡབ་ནི་ལེགས་མཆོད་ཡིན། །ཚོགས་མཁས་མ་ཞེས་ བྱ་བ་རྒྱལ་བའི་ཡུམ། །སྲས་པོ་བླ་མ་སྐྱོན་མེད་རིམ་གྲོ་པ་།རྣམ་པར་ལྟ་ཞེས་བྱ་བ་ཤེས་ཆེན་སྟེ། །རྒྱ་མཚོ་བརྩེགས་ཤེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ལྔ་སྟེ་ ཀུན་ལ་ཡང། །སྲིད་པའི་སྲེད་ལ་ཆགས་པ་མེད་གྱུར་པ། །སྐྱེ་བ་བཟློག་པ་དག་ནི་ཁྲི་ཁྲི་ཡོད། །མི་ཚེ་ལོ་གྲངས་དག་ནི་བཞི་སྟོང་ཡིན། །ཟད་མཐར་ཕྱིན་པའི་དམ་པའི་ཆས་ དག་ཀྱང། །ལོ་གྲངས་དྲུག་སྟོང་པར་དུ་གནས་པར་འགྱུར། །རྒྱལ་བའི་མཆོད་རྟེན་བྱེ་བ་ཉི་ཤུ་གཉིས། །རྒྱལ་མཚན་དམ་པ་བརྒྱ་སྙིང་དག་གིས་བརྒྱན། །རྒྱལ་བ་རྣམ་པར་ ངེས་པའི་བློ་གྲོས་ཀྱི། །སྐྱེ་བའི་ཡུལ་ནི་མཆོད་པར་ངེས་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བཅོ་ལྔ་ཡབ་ནི་སུ་མེ་རུ། །ཡོན་ཏན་འཛིན་ཞེས་བྱ་བ་ རྒྱལ་བའི་ཡུམ། །སྲས་པོ་མཚན་བཟང་ལེགས་མཐོང་རིམ་གྲོ་པ་།མཐུ་རྩལ་བཅུ་ལྡན་ཞེས་བྱ་མཁས་པ་སྟེ། །རྣམ་འཕྲུལ་ཀླུ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་ གྲངས་དྲུག་ཅུ་རྩ་དྲུག་སྟེ། །ཀུན་ལའང་ལ་བའི་དྲི་བསལ་བསམ་གཏན་པ། །བྱེ་བ་ཕྲག་ན་བདུན་བཅུ་བདུན་བདུན་ཡོད། །མི་ཚེ་ལོ་གྲངས་སྟོང་ཕྲག་བཅོ་བརྒྱད་ཡིན། །སྲིད་ [266B] །ལོ་གྲངས་བདུན་ཁྲི་བདུན་སྟོང་བར་དུ་གནས། །རྒྱལ་བའི་མཆོད་རྟེན་བདུན་ཅུ་རྩ་བཞི་སྟེ། །རིན་ཆེན་དྲ་བ་ཡིད་དུ་འོང་བས་སྤྲས། ། དེ་བཞིན་གཤེགས་པ་སྲིད་མཐའ་ནོར་བུའི་སྤོས། །སྐྱེ་བའི་ཡུལ་ནི་དགའ་བ་དང་ཅེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད་།དཔག་ཚད་བྱེ་བ་ཡབ་ནི་དགའ་འབྱོར་ ཡིན༑ ༑ཡོན་ཏན་མཆོག་ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་དགེ་ལེགས་ཕན་ལྡན་རིམ་གྲོ་པ། །བདུད་འཇོམས་པ་ནི་བློ་གྲོས་ལྡན་པ་སྟེ་།བློ་མི་འཁྲུག་ཅེས་བྱ་བ་རྫུ་འཕྲུལ་ ཅན༑ ༑འདུས་པ་ལན་གྲངས་དགུ་སྟེ་ཀུན་ལ་ཡང། །མི་འཁྲུགས་ཡིད་ལྡན་རི་དང་མཚུངས་བ་པོ། །བྱེ་བ་ཕྲག་ནི་བདུན་བཅུ་ར་རི་ཡོད་།མི་ཚེ་ལོ་གྲངས་བྱི་བ་བརྒྱ་ཕྲག་བཅུ། ། དམ་ཆོས་ལོ་གྲངས་ཉི་ཁྲི་ཉི་སྟོང་དང། །གཞན་ཡང་དགུ་ཁྲི་དགུ་སྟོང་བར་དུ་གནས། །དཔག་ཚད་ལྔ་པའི་མཆོད་རྟེན་སྐུ་གདུང་བཅས། །གཅིག་སྟེ་རིན་ཆེན་རྒྱལ་མཚན་ དྲ་བས་བརྒྱན། །དེ་བཞིན་གཤེགས་པ་རྒྱལ་བས་དགྱེས་པ་ཡི། །སྐྱེ་བའི་ཡུལ་ནི་སེམས་སྦྱངས་བཞེས་བྱ། །རྒྱལ་བའི་རིགས་ནི། །བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་དྲུག་ཡོད་ ཡབ་ནི་ས་ག་ཡིན། །དགྲ་བཅོམ་དགའ་ཞེས་བྱ་བ་རྒྱལ་བའི་ཡུམ་།སྲས་པོ་མཆོད་ལེགས་གཉིད་སངས་རིམ་གྲོ་བ། །ཕས་ཀྱི་རྒོལ་བ་འཇོམས་པ་མཁས་པ་སྟེ། །འཇིག་ [267A]༄༅། །རྟེན་བཀྲ་ཤིས་པ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་བཅུ་རྩ་གསུམ་སྟེ། །ཀུན་ལའང་སྲིད་བ་ཀུན་ལམ་ཆགས་པ། །བྱེ་བ་ ཕྲག་ནི་གཉིས་གཉིས་ཡོད་པར་འགྱུར། །མི་ཚེ་ལོ་གྲངས་བྱེ་བ་སུམ་བཅུ་གཉིས། །རྒྱལ་བ་མྱ་ངན་འདས་ཀྱང་དམ་ཆོས་དག་ལོ་གྲངས་བྱེ་བར་ཐེ་ཚོམ་མེད་པར་ གནས༑ ༑མཆོད་རྟེན་གྲངས་ནི་ཐེར་འབུམ་ཕྲག་གཉིས་ཏེ། །ན་བཟའ་བརྒྱ་སྟོང་སྙེད་ཀྱིས་རྣམ་པར་བརྒྱན། །དེ་བཞིན་གཤེགས་པ་སེང་གེའི་འོད་ཟེར་ཀྱི། །སྐྱེ་བའི་ཡུལ་ ནི་དྲག་ཤུལ་དེས་ཤེས་བྱ། །དེའི་རིགས་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བྱེ་བ་ཡབ་ནི་གྲོགས་བཟང་ཡིན། །དོན་ལྡན་ང་རོལ་ཞེས་བྱ་ཡུམ་ཡང་ཡིན། །སྲས་པོ་ དོན་ལྡན་དོན་ཆེན་རིམ་གྲོ་པ། །དགེ་བ་དགའ་ཞེས་བྱ་བ་མཁས་པ་སྟེ། །བདག་བརྟགས་པ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དག་ནི་ལན་གྲངས་བདུན་ཅུ་སྟེ། །ཐམས་ ཅད་ལ་ཡང་ང་རྒྱལ་སྤངས་པ་པོ། །བྱེ་བ་སྟོང་ཕྲག་དག་ནི་མཐའ་ཡང་ཡས། །མི་ཚེ་ལོ་གྲངས་ཅིག་ཁྲི་བ་ཞི་སྟོང་ཡིན་།རྒྱལ་བའི་དམ་ཆོས་ལོ་གྲངས་གཅིག་ཁྲི་དང། ། གཞན་ཡང་སུམ་ཁྲི་དྲུག་སྟོང་བར་དུ་གནས། །མཆོད་རྟེན་བྱེ་བ་ཕྲག་ནི་སྟོང་སྙེད་དེ། །གསེར་གྱི་རྒྱལ་མཚན་དག་གིས་འཁོར་བར་བསྐོར། །དེ་བཞིན་གཤེགས་པ་ [267B] །སྐྱེ་བའི་ཡུལ་ནི་གྲགས་པ་ཚད་མེད་ཡིན། །རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བྱེ་བ་ཡབ་ནི་ལྷ་ལེགས་ཡིན། །མི་ཡིས་མཆོད་ཅེས་ བྱ་བ་རྒྱལ་བ་ཡུམ། །སྲས་པོ་དགའ་བྱེད་བརྟན་ལྡན་རིམ་གྲོ་པ་།དཔའ་བརྟན་ཞེས་ནི་བྱ་བ་མཁས་པ་སྟེ། །མཐུ་རྩལ་ནོར་གནས་པ་ནི་རྫུ་འཕྲུལ་ཅན། །འདུས་བ་ལན་གྲངས་ བདུན་ཏེ་དགྲ་བཅོམ་གྲངས། །བྱེ་བ་ཕྲག་ནི་ཅིག་ཁྲི་ཅིག་སྟོང་དང། །ཉིས་བརྒྱ་དྲུག་བཅུ་དག་ནི་འབྱུང་བར་འགྱུར། །སྐུ་ཚེ་ལོ་གྲངས་ཉི་ཁྲི་ཉི་སྟོང་ཡིན། །རྒྱལ་བའི་དམ་པའི་ཆོས་ ནི་ལོ་གྲངས་དག་ཅིག་ཁྲི་བདུན་སྟོང་བར་གནས་རྒྱལ་བའི། །སྐུ་གདུང་མཆོད་རྟེན་དཔག་ཚད་གཉིས་པ་ཅིག་ནོར་བུའི་དྲ་བ་དག་གིས་རྣམ་པར་བརྒྱན། །ཐ་བ་མེད་ པ་གྲགས་པ་མཆོག་དག་གི་སྐྱེ་བའི་ཡུལ་ནི་གྲགས་པའི་འོད་ཅེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་ཡབ་ནི་ཕྲེང་བཟངས་ཡིན། །མེ་ཏོག་ དགའ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་རྒྱལ་བྱིན་ལྷ་བཟངས་རིམ་གྲོ་བ། །སྲིད་པ་གཡོ་བར་བྱིད་པ་མཁས་པ་སྟེ། །ཐེ་ཙོམ་རྣམ་པར་འཇིག་བརྫུ་འཕྲུལ་ཅན། །འདུས་པ་ལན་ གྲངས་དྲུག་ཅུ་རྩ་དྲུག་དང། །གཞན་ཡང་ལན་གྲངས་ཉི་ཤུ་རྩ་བཞི་སྟེ། །འདུས་པ་ཀུན་ལའང་བྱེ་བ་སྟོང་སྟོང་ཡོད། །མི་ཚེ་ལོ་གྲངས་བརྒྱད་ཁྲི་ཉི་སྟོང་ཡིན། །དེ་འོད་དམ་ [268A]༄༅། །ཆོས་ལོ་གྲངས་སྟོང་ཕྲག་ནི། །བཅུ་བདུན་ཚད་པའི་བར་དུ་གནས་པར་འགྱུར། །སྐུ་གདུང་དག་ནི་རྣམ་པར་རྒྱས་འགྱུར་ལ་།མཆོད་རྟེན་དག་ གི་གྲངས་ནི་བརྒྱ་ཡང་ཡིན། །མི་ཡི་འདྲེན་པ་ཐུགས་རབ་གཞུངས་པ་ཡི། །སྐྱེ་བའི་ཡུལ་ནི་ཡེ་ཤེས་ལྷ་ཞེས་བྱ། །རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །དཔག་ཚད་ ལྔ་ཡོད་ཡབ་ནི་སྒྲོན་མ་ཡིན། །བྱང་ཆུབ་ཡན་ལག་དགའ་བ་རྒྱལ་བའི་ཡུམ། །སྲས་པོ་ཤེད་བུ་དགེ་བཟང་རིམ་གྲོ་བ། །འགྲོ་བས་མཆོད་ཅེས་བྱ་བ་མཁས་པ་སྟེ། །ཡེ་ ཤེས་སྟོབས་མཆོག་ལྡན་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་རྩ་དྲུག་སྟེ། །འཇིག་རྟེན་རྒོལ་བ་རབ་འཇོམས་གཡོ་མེད་ལ། །ཁ་གསག་མེད་པའི་དགྲ་ བཅོམ་ཤ་སྟག་འདུས། །མི་ཚེ་ལོ་གྲངས་དག་ནི་ཁྲི་ཡང་ཡིན། །ཟད་མཐར་ཕྱིན་པའི་དམ་པའི་ཆོས་དག་ཀྱང། །ལོ་གྲངས་ཅིག་ཁྲི་ཉིས་སྟོང་བར་དུ་གནས། །རྒྱལ་བའི་ སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་གྲངས་ནི་བྱེ་བ་དགུ་ཡང་ཚད། །དེ་བཞིན་གཤེགས་པ་ནོར་བུ་ཟླ་བ་ཡི། །སྐྱེ་བའི་ཡུལ་ནི་མིག་གིས་མཐོང་ཞས་བྱ། ། རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བཅུ་ཡོད་འོད་ཟེར་བཟང་པོ་ཡབ། །གྲགས་ལྡན་མ་ཞེས་བྱ་བ་རྒྱལ་བའི་ཡུམ་།སྲས་པོ་ཆོས་འདོད་སྐར་རྒྱལ་ [268B] །འགྲོ་བ་ལྟ་ཞེས་བྱ་བ་མཁས་པ་སྟེ། །མཛའ་ཡི་གསལ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང། །ལེགས་རྟོགས་སེམས་ལྡན་ ཚུལ་ཁྲིམས་མཚུངས་པ་པོ། །དགྲ་བཅོམ་བྱེ་བ་ཕྲག་ནི་བརྒྱད་བརྒྱད་ཡོད། །མི་ཚེ་ལོ་གྲངས་ཅིག་ཁྲི་ཉིས་སྟོང་ཡིན། །རྒྱལ་བའི་སྲིད་པ་ཞི་བར་གྱུར་པ་ཡི། །དམ་ཆོས་ལོ་གྲངས་ སྟོང་ཕྲག་བཅུར་ཡང་གནས། །རྒྱལ་བའི་མཆོད་རྟེན་དྲུག་ཅུ་རྩ་གཉིས་ཏེ། །གདུགས་གྲངས་ཅིག་ཁྲི་དྲུག་སྟོང་དག་གིས་བརྒྱན། །དེ་བཞིན་གཤེགས་པ་དྲག་ཤུལ་འོད་ ཟེར་གྱི༑ ༑སྐྱེ་ཡུལ་འོད་ནི་རྟག་པ་ཞེས་ཀྱང་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་དཔག་ཚད། །གླིང་བཞི་དགྲ་བཅོམ་བརྒྱད་ཡོད་དབྱངས་སྙན་ཡབ། །རྒྱལ་ལྡན་མ་ནི་ཡུམ་ཡིན་ སྲས་པོ་ནི། །ཁ་ལོ་བ་སྒྱུར་ཡིན་དབྱེན་མེད་རིམ་གྲོ་པ། །འགྲོས་མཁས་པ་ཞེས་བྱ་བ་མཁས་པ་སྟེ། །འཇིག་རྟེན་པ་ཡིས་པ་སྔགས་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ བརྒྱད་དེ་ཀུན་ལ་ཡང། །ང་མེད་ཕུང་པོར་འཛིན་པ་སྤངས་པ་བོ་།བྱེ་བ་ཕྲག་ནི་བཅུ་བཞི་བཅུ་བཞི་ཡོད། །མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །དམ་པའི་ཆོས་དག་ ལོ་གྲངས་སྟོང་ཕྲག་ནི། །བཞི་བཅུ་རྩ་དྲུག་བར་དུ་གནས་པར་འགྱུར། །སྐུ་གདུང་རྒྱས་འགྱུར་མཆོད་རྟེན་བཟང་པོའི་གྲངས། །བྱེ་བ་སྟོང་ཕྲག་ཉི་ཤུ་རྩ་གཉིས་འབྱུང། ། [269A]༄༅། །དེ་བཞིན་གཤེགས་པ་བརྟུལ་ཞུགས་ཐུབ་མེད་ཀྱི། །སྐྱེ་བའི་ཡུལ་ནི་དགའ་བས་ཚིམ་ཞེས་བྱ། །རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ ཚད༑ ༑དཔག་ཚད་བཅུ་ཡིན་ཡབ་ནི་ལྷ་དབང་ཡིན། །ས་བདག་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་བྱམས་པ་ལེགས་བྱམས་རིམ་གྲོ་པ་།བློ་མཚུངས་པ་ཞེས་བྱ་བ་ མཁས་པ་སྟེ། །ལེགས་ངེས་ཐོབ་ཅེས་བྱ་ལ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བཅུ་གཅིག་ཀུན་ལ་ཡང། །དགྲ་བཅོམ་བྱེ་ཕྲག་དགུ་བཅུ་གཉིས་གཉིས་ཡོད། ། ལྷག་པ་གཞན་ཡང་བརྒྱད་སྟོང་བརྒྱད་སྟོང་ཡིན། །ཡི་ཚེ་ལོ་གྲངས་སྟོང་ཕྲག་བདུན་ཅུ་ཡིན། །དམ་པའི་ཆོས་དག་ལོ་གྲངས་སྟོང་ཕྲག་ནི། །དྲུག་ཅུ་རྩ་དགུའི་བར་དུ་ གནས་པར་འགྱུར། །མཆོད་རྟེན་གྲངས་ནི་བྱེ་བ་ཕྲག་བརྒྱ་དང་།ལྷག་ཀྱང་རྩ་ལྔ་གསེར་གྱི་རྒྱལ་མཚན་ཅན། །འོད་དང་ལྡན་པ་འགྲོ་བས་མཆོད་པ་ཡི། །སྐྱེ་བའི་ཡུལ་ ནི་སེམས་སྦྱངས་པ་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་གཉིས་ཡོད་ཡབ་ནི་བྱམས་ལེགས་ཡིན། །བློ་གྲོས་གྲགས་མ་ཡུམ་ཡིན་སྲས་པོ་ནི། ། རིན་ཆེན་རིན་ཆེན་བཟང་པོ་རིམ་གྲོ་བ། །བརྟུལ་ཞུགས་ཆེན་པོ་ཞེས་བྱ་མཁས་པ་སྟེ། །སྐྱེས་མཆོག་དམ་པ་ཞེས་བྱ་རྫུ་འཕྲུལ་ཅན་།འདུས་པ་དག་ནི་ལན་གྲངས་བརྒྱད་ [269B] །གཞན་ཡང་ལྷག་པ་ཉི་ཤུ་གཉིས་ཀུན་ལ་ཡང་།བྱེ་བ་སྟོང་ཕྲག་བཅོ་བརྒྱད་བཅོ་བརྒྱད་ཡིན། །མི་ཚེ་ལོ་གྲངས་བདུན་ཁྲི་བཞི་སྟོང་ཡོད། །མཆོད་པའི་གནས་ཀྱི་དམ་པའི་ཆོས་ དག་ཀྱང། །ལོ་གྲངས་སྟོང་དུ་གནས་ཤིང་སྐུ་གདུང་རྒྱས། །མཆོད་རྟེན་གྲངས་ནི་བརྒྱད་ཁྲི་ཉིས་སྟོང་སྟེ། །རིན་ཆེན་སྤྲས་ཤིང་འགྲོ་བ་དག་གིས་བརྒྱན། །དེ་བཞིན་གཤེགས་ པ་ནོར་བུའི་ཚོགས་སྐྱེ་བའི། །ཡུལ་ནི་གཟི་བྱིན་ཀུན་ལས་འཕགས་ཤེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་གྱི་ཚད། །དཔག་ཚད་བདུན་ཅུ་དྲང་སྲོང་དབང་པོ་ཡབ། །ལྷ་དགའ་ ཞེས་ནི་བྱ་བ་ཡུམ་ཡིན་ནོ། །སྲས་པོ་ལྷ་ཡིན་ལྷ་བཟང་རིམ་གྲོ་བ་།མི་ཡི་དབང་ཕྱུག་ཅེས་བྱ་མཁས་པ་སྟེ། །ཆགས་མེད་གནས་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་ གྲངས་བདུན་ཅུ་རྩ་དྲུག་སྟེ། །ཀུན་ལའང་སོ་སོ་ཡང་དག་རིག་ཤེས་པའི། །ཕ་རོལ་ཕྱིན་བ་ཐེར་འབུམ་ཐེར་འབུམ་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་ཉིས་སྟང་ཡིན། །དམ་པའི་ ཆོས་དག་ལོ་གྲངས་སྟོང་ཕྲག་ནི། །བཞི་བཅུར་ཚད་པའི་བར་དུ་གནས་པར་འགྱུར། །རྒྱལ་བའི་མཆོད་རྟེན་བྱེ་བ་ཕྲག་བཅུ་སྟེ་།གསེར་གྱི་པདྨ་དག་གིས་འཁོར་བར་བསྐོར། ། དེ་བཞིན་གཤེགས་པ་འཇིག་རྟེན་བླ་མ་ཡི། །སྐྱེ་ཡུལ་བསོད་ནམས་ཡང་དགའ་འཕགས་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡན་ཏེ་འོད་དཔག་ཚད་།བྱེ་བ་བརྒྱད་ཅུ་ཡབ་ནི་དཔལ་ [270A]༄༅། །ལྡན་ཡིན། །ཕྱོགས་ལྟ་ཞེས་ནི་བྱ་བ་རྒྱལ་བའི་ཡུམ་།སྲས་བོ་པདྨ་བློ་བཟངས་རིམ་གྲོ་པ། །ཀུན་ཏུ་དགའ་ཞེས་བྱ་བ་མཁས་པ་སྟེ། །ཡེ་ཤེས་འདོད་ ཅེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱ་ནི་དྲུག་ཅུ་སྟེ། །ཀུན་ལའང་ལྷག་མེད་མྱ་ངན་འདས་ཕྱིན་པ། །དགྲ་བཅོམ་བྱེ་བ་བརྒྱ་ཕྲག་བཅུ་བཅུ་ཡོད། །མི་ཚེ་ལོ་ གྲངས་བརྒྱད་ཁྲི་ཉིས་སྟོང་ཡིན། །འགོག་པར་ཕྱིན་པའི་དམ་པའི་ཆོས་དག་ཀྱང། །ལོ་གྲངས་ཉིས་སྟོང་བར་དུ་གནས་པར་འགྱུར་།མཆོད་རྟེན་དགུ་བཅུ་རྩ་བཞིར་ ཚང་པ་སྟེ། །རིན་ཆེན་རང་བཞིན་ལན་ཀན་དག་གིས་བརྒྱན། །དེ་བཞིན་གཤེགས་པ་གླང་ཆེན་སེངྒེ་ཡི། །སྐྱེ་བའི་ཡུལ་ནི་མདངས་སྡུག་པ་ཞེས་བྱ། །རྒྱལ་བའི་རིགས་ ནི་བྲམ་ཟེ་འོད་ཀྱི་ཚད། །དཔའ་ཚད་དགུ་ཡོད་མཆོད་སྦྱིན་བཟང་པོ་ཡབ། །འགྲོ་དགའ་རྒྱལ་བའི་ཡུ་ཡིན་སྲས་པོ་ནི། །མེ་ཏོག་མེ་ཏོག་བཟང་པོར་མི་གྲོ་བ། །མཆོད་ པར་འོས་ཞེས་བྱ་བ་མཁས་པ་སྟེ། །ལྷ་ཡིས་ཕྱག་བྱས་པ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང། །ཤིན་ཏུ་ངེས་པའི་ཤེས་རབ་ལྡན་པ་པོ། །དགྲ་ བཅོམ་སེམས་སྦྱངས་བྱེ་བ་སྟོང་སྟོང་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་ཉིས་སྟོང་ཡིན། །དམ་པའི་ཆོས་ནི་ལོ་གྲངས་བྱེ་བ་ཕྲག་།ལྔ་དག་ཚང་བའི་བར་དུ་གནས་པར་འགྱུར། ། [270B] །ཐེར་འབུམ་ཕྲག་གཅིག་གཅིག་འབུམ་ལྔ་སྟོང་ཡོད། །དེ་བཞིན་གཤེགས་པ་ཟླ་བ་སྐྱེ་བ་ཡི། །ཡུལ་ནི་སྙིང་པོ་རྟག་ཏུ་བརྟན་ ཞེས་བྱ༑ ༑རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་གཅིག་ཡོད་སྭ་ལའི་དབང་པོ་ཡབ། །ཡོན་ཏན་སྨྲ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ཆོས་སྦྱིན་ཆོས་བཟངས་རིམ་ གྲོ་པ༑ ༑རབ་ཏུ་ཞི་དགའ་ཞེས་བྱ་མཁས་པ་སྟེ། །འཇིག་རྟེན་མི་གནས་པ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་དེ་ཀུན་ལ་ཡང། །ཤེས་རབ་ལེགས་བསྒོམས་ ཕ་རོལ་ཕྱིན་པ་པོ། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་ཡོད་།མི་ཚེ་ལོ་གྲངས་བདུན་ཁྲི་བཞི་སྟོང་ཡིན། །འགྲོལ་ཕན་ཕྱིར་དམ་པའི་ཆོས་དག་ཀྱང། །ལོ་གྲངས་བདུན་ཁྲི་ བཞི་སྟོང་བར་དུ་གནས། །འཇིག་རྟེན་མཁྱེན་པ་མྱ་ཉན་འདས་ནས་ཀྱང། །མཆོད་རྟེན་གྲངས་ནི་ཐར་འབུམ་ཕྲག་གཉིས་འབྱུང། །དེ་བཞིན་གཤེགས་པ་རིན་ཆེན་འོད་ཟེར་ གྱི༑ ༑སྐྱེ་བའི་ཡུམ་ནི་ཤེས་རབ་སྣང་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །བདུན་བཅུ་གསུམ་ཡོད་ཡབ་ནི་ཆུ་དབང་པོ། །དག་ཡན་མ་ཞེས་བྱ་བ་རྒྱལ་བའི་ ཡུམ༑ ༑སྲས་བོ་རིག་དགའ་ལྷ་ནི་རིམ་གྲོ་པ། །བློ་གྲོས་མིག་ལྡན་པ་ནི་མཁས་པ་སྟེ། །ཡིད་སྦྱངས་པ་ཞས་བྱ་བ་རྫུ་འཕྲུལ་ཅན་།འདུས་པ་ལན་གྲངས་དྲུག་ཅུ་རྩ་དྲུག་སྟེ། །འཇིག་ [271A]༄༅། །རྟེན་མ་ཆགས་རྣམ་གྲོལ་ཐོབ་པ་པོ། །འཁྲུལ་མེད་སྐྱུགས་པ་པོར་བ་ཤ་སྟག་གོ་མི་ཚེ་ལོ་གྲངས་དག་ནི་སུམ་སྟོང་ཡིན་།རབ་ཏུ་ཞེས་བར་ཕྱིན་ པའི་དམ་ཆོས་དག་ལོ་གྲངས་སུམ་སྟོང་ཚང་བའི་བར་དུ་གནས་།རྒྱལ་བའི་སྐུ་གདུང་མཆོད་རྟེན་ཅིག་ཡིན་སྟེ། །དཔག་ཚད་སུམ་པ་ནོར་བུའི་དྲ་བས་སྤྲས། །དེ་ བཞིན་གཤེགས་པ་སྒྲ་གཅན་སྦེད་པ་ཡི། །སྐྱེ་བའི་ཡུལ་ནི་དགེ་བས་བརྒྱན་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་གཉིས་ཡོད་ཡབ་ནི་མཐུ་ལྡན་ ཡིན༑ ༑གྲགས་པའི་བླ་མ་ཞེས་བྱ་ཡུམ་ཡིན་ནོ། །སྲས་པོ་ལྷ་དགའ་ཆོས་ལྡན་རིམ་གྲོ་པ། །གསེར་ལྟ་བུ་ཞེས་བྱ་བ་མཁས་པ་སྟེ་།འཇིག་རྟེན་འོད་བྱེད་པ་ནི་རྫུ་འཕྲུལ་ ཅན༑ ༑འདུས་པ་དག་ནི་ལན་གྲངས་བརྒྱད་བཅུ་དང། །གཞན་ཡང་ཉི་ཤུ་རིགས་ནད་མེད་པ་པོ། །བྱེ་བ་འབུམ་ཕྲག་ཚད་པ་ཤ་སྟག་གོ་།མི་ཚེ་ལོ་གྲངས་བདུན་ཁྲི་དྲུག་ སྟོང་ཡིན། །ཞི་བར་ཕྱིན་པའི་དམ་པའི་ཆོས་དག་ཀྱང། །ལོ་གྲངས་སྟོང་ཕྲག་བཅུར་ནི་ཚད་པར་གནས། །སྐུ་གདུང་རྒྱས་འགྱུར་མཆོད་རྟེན་བཟང་པོའི་གྲངས། །བྱེ་བ་ ཕྲག་ནི་ཉི་ཤུ་གཉིས་ཀྱང་ཡིན། །དེ་བཞིན་གཤེགས་པ་ཡོན་ཏན་རྒྱ་མཚོ་ཡི། །སྐྱེ་བའི་ཡུལ་ནི་བྱང་ཆུབ་འོད་ཅེས་བྱ། །རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ [271B] །པད་མ་ཅན་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་པདྨ་པད་བཟངས་རིམ་གྲོ་བ། །ཡོན་ཏན་སྤོས་འོད་དེ་ནི་མཁས་པ་སྟེ། །ཀུན་ཏུ་གསལ་ཞེས་བྱ་བ་རྫུ་འཕྲུལ་ ཅན༑ ༑འདུས་པ་ལན་གྲངས་བརྒྱ་སྟེ་ཀུན་ལ་ཡང། །རྩྭ་ཤིང་མེད་པར་མཚུངས་པའི་སེམས་ཐོབ་པ། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་བརྒྱད་ སྟོང་ཡིན། །ཟད་མཐར་ཕྱིན་པའི་དམ་པའི་ཆོས་དག་ཀྱང། །ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས་པར་འགྱུར། །སྐུ་གདུང་རྒྱས་འགྱུར་མཆོད་རྟེན་དག་གི་གྲངས། །སྟོང་ ཕྲག་བརྒྱད་ཅུ་དག་ནི་ཆད་པར་འགྱུར། །དེ་བཞིན་གཤེགས་པ་འོད་ཟེར་ལྡན་པ་ཡི། །སྐྱེ་བའི་ཡུལ་ནི་འཁྲུལ་པ་མེད་ཅེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་དཔག་ ཚད༑ ༑ཉི་ཤུ་གཉིས་ཡོད་ཡབ་ནི་དགེ་བཟང་ཡིན། །རིན་ཆེན་མཆོག་ཡུམ་སྲས་པོ་ཡན་ལག་གཡོ། །ཡན་ལག་སྡུག་ལྡན་པ་ནི་རིམ་གྲོ་པ་།རབ་ཏུ་བརྒྱན་པའི་དབྱངས་ ནི་བློ་ལྡན་སྟེ། །འཇིགས་པ་མེད་པའི་བློ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བཅོ་བརྒྱད་ཀུན་ལ་ཡང། །བསྒོམས་རྒྱུས་ཉོན་མོངས་ཐལ་བར་བརླགས་པ་པོ། །བྱེ་བ་ཕྲག་ ནི་སུམ་ཁྲི་སུམ་ཁྲི་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་ཉིས་སྟོང་ཡིན། །དམ་པའི་ཆོས་དག་ལོ་གྲངས་སྟོང་ཕྲག་ནི། །ཉི་ཤུ་རྩ་གཉིས་བར་དུ་གནས་པར་འགྱུར། །རྒྱལ་བའི་ [272A]༄༅། །སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །འཕང་དུ་དཔག་ཚད་གཅིག་པ་གདུགས་ཀྱིས་བརྒྱན། །སངས་རྒྱས་རབ་ཏུ་ཞི་བའི་སྟོབས་ དག་གི་སྐྱེ་བའི་ཡུལ་ནི་མཛེས་པར་མཆོད་ཅེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་དཔག་ཚད། །སུམ་ཅུ་གཉིས་ཡོད་ཡ་བ་ནི་ཚངས་བཟང་ཡིན། །མཁས་ བློ་མ་ཞེས་བྱ་བ་ཡུམ་ཡིན་ནོ། །སྲས་པོ་སྐར་མཁན་སྐར་བཟངས་རིམ་གྲོ་པ། །སྐྱེས་པ་བུད་མེད་དགའ་བ་མཁས་པ་སྟེ། །འཇིག་རྟེན་དང་ཅེས་བྱ་བ་རྫུ་འཕྲུལ་ཅན། །འདུས་ པ་ལན་གྲངས་དུག་ཅུ་དྲུག་ཀུན་ལའང། །འཇིག་རྟེན་དག་གི་མཐར་ནི་ཕྱིན་པ་པོ། །དགྲ་བཅོམ་དགེ་བདུན་བྱེ་བ་བཅུ་བཅུ་ཡོད། །མི་ཚེ་ལོ་གྲངས་དགུ་ཁྲི་ཉི་སྟོང་ཡིན། ། དེ་ཡི་དམ་ཆོས་ལོ་གྲངས་སྟོང་ཕྲག་ནི། །ཉི་ཤུ་རྩ་གཉིས་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ་།མཆོད་རྟེན་དག་གི་གྲངས་ཀྱང་བྱེ་བ་ འབྱུང། །བདེ་བར་གཤེགས་པ་འཇིག་རྟེན་བཟང་པོ་ཡི། །སྐྱེ་བའི་ཡུལ་ནི་དགའ་བར་འབྱུང་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་གསུམ་ཡོད་ ཡབ་ནི་སྨན་པ་བཟང། །མང་པོས་མཆོད་ཅེས་བྱ་བ་རྒྱལ་བའི་ཡུམ་།སྲས་པོ་ཟླ་ཉིད་རྩི་སྨན་རིམ་གྲོ་བ། །ཡེ་ཤེས་མཆོག་ཅེས་བྱ་བ་མཁས་པ་སྟེ། །གཏི་མུག་མེད་པར་ [272B] །འདུས་པ་ལན་གྲངས་སུམ་བཅུ་རྩ་གཉིས་ཏེ། །རེ་རེ་ཀུན་ལ་དགྲ་དག་བཅོམ་པའི་ཚོགས། །ཐེར་འབུམ་ཕྲག་ནི་ལྔ་ལྔ་འབྱུང་བར་འགྱུར། །མི་ཚེ་ལོ་གྲངས་ བདུན་ཁྲི་ཉིས་སྟོང་ཡིན། །འགྲོ་བའི་དོན་དུ་དམ་པའི་ཆོས་དག་ཀྱང། །ལོ་གྲངས་སྟོང་ཕྲག་བཅོ་ལྔའི་བར་དུ་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ ཚད་དགུ་པ་རིན་ཆེན་བཟང་པོས་སྦྲས། །མི་ཡི་མཆོག་མ་མྱ་ངན་མེད་པ་ཡི། །སྐྱེ་བའི་ཡུལ་ནི་མྱ་ངན་འཚང་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཆོད། །དཔག་ཚད་བཅུ་ གཅིག་ཡབ་ནི་མྱ་ངན་མེད། །མྱ་ངན་སྤོང་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་མཛེས་ཅན་སྡུག་ལེགས་རིམ་གྲོ་བ། །རབ་ཏུ་བརྒྱན་པ་ཤེས་བློ་ཅན་ཡིན་ཏེ། །རྣམ་པར་འཕྲུལ་ པའི་སེམས་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་རྩ་དྲུག་སྟེ། །འདུས་པ་ཀུན་ལའང་ཡིད་ནི་རབ་ཞི་བ། །བྱེ་བ་ཕྲག་ནི་བཞི་བཅུ་བཞི་ཅུ་ཡོད། །མི་ཚེ་ལོ་གྲངས་དག་ ནི་ཁྲི་ཡང་ཡིན། །འགྲོལ་ཕན་ཕྱིན་རྒྱལ་བའི་དམ་ཆོས་དག་ལོ་གྲངས་བདུན་ཁྲིའི་བར་དུ་གནས་པར་འགྱུར། །མཆོད་རྟེན་གྲངས་ནི་ཐེར་འབུམ་ཕྲག་གཉིས་ཏེ། །མུག་ཏིག་ རྒྱལ་མཚན་རིན་ཆེན་མཆོག་གིས་སྦྲས། །དེ་བཞིན་གཤེགས་པ་ཤུགས་བཅུ་བདག་གི་སྐྱེ་བའི་ཡུལ་ནི་མཐོང་ན་མཆོད་ཅེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་ [273A]༄༅། །དཔག་ཚད། །སུམ་ཅུ་གཉིས་ཡོད་ཡབ་ནི་སྟོབས་དབང་ཡིན་།ང་རོ་སྙན་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་སྐད་སྙན་བཟང་པོ་རིམ་གྲོ་བ། །དབྱངས་ སྙན་པ་ཞེས་བྱ་བ་མཁས་པ་སྟེ། །སེངྒེའི་གླལ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང། །རི་ཡི་རྒྱལ་པོ་ལྟ་བུར་མ་གཡོ་བ། །བྱེ་བ་ཕྲག་ནི་ འབུམ་ཕྲག་རེ་རེ་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་ཉིས་སྟོང་ཡིན་།རྒྱལ་བའི་དམ་ཆོས་ལོ་གྲངས་སྟོང་ཕྲག་ནི། །བཅུ་དྲུག་དག་གིས་བར་དུ་གནས་བར་འགྱུར། །འཇིག་རྟེན་ མཁྱེན་པ་མྱ་ངན་འདས་ནས་ཀྱང། །དཔག་ཚད་བཅུ་པའི་མཆོད་རྟེན་གདུང་བཅས་གཅིག་དེ་བཞིན་གཤེགས་པ་སྟོབས་ལ་དགྱེས་པ་ཡི། །སྐྱེ་བའི་ཡུལ་ནི་དགའ་ བའི་དབྱངས་ཤེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་དགུ་ཡོད་ཡབ་ནི་ལེགས་བྱིན་ཡིན། །དགའ་མཆོག་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་ པོ་དགའ་པོ་ཀླུ་ཆེན་རིམ་གྲོ་བ། །འཇིག་རྟེན་གསུམ་དུ་སྣང་བ་མཁས་པ་སྟེ། །འཇིགས་པ་མེད་པའི་མཆོག་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་རྩ་དྲུག་ སྟེ༑ ༑རྩ་ཤིང་ལྟ་བུར་ཆགས་པ་མེད་པ་བོ། །དར་མི་འཛིན་པ་གཉིས་འབུམ་ཉིས་འབུམ་ཡོད། །མི་ཚེ་ལོ་གྲངས་ཉིས་ཁྲི་ཉིས་སྟོང་ཡིན། །དམ་ཆོས་དག་ནི་ལོ་གྲངས་སྟོང་དུ་ [273B] ༑མཆོད་རྟེན་གྲངས་ནི་བདུན་ཁྲི་བཞི་སྟོང་ཀུན། །ལྷ་ཡི་ལྷ་རྫས་གཞལ་མེད་ཁང་ལྟ་བུར། །གསེར་གྱི་རྒྱལ་མཚན་དག་གིས་རྣམ་པར་སྦྲས། །བདེ་བར་གཤེགས་ པ་མཐུ་དཔལ་སྐྱེ་བ་ཡི། །ཡུལ་ནི་ལེགས་པར་བརྟན་པོ་སྦེད་ཅེས་བྱ་།རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་ཡབ་ནི་ལེགས་ཡིད་གཞུངས། །པདྨ་ཅན་ ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ལྷ་དབང་ཚོགས་དབང་རིམ་གྲོ་བ། །བློ་སྤྱོད་པ་ཞེས་བྱ་བ་མཁས་པ་སྟེ། །འཁྲུག་པ་མེད་པའི་བློ་ཅན་རྫུ་འཕྲུལ་ཅན། །འདུས་པ་ལན་ གྲངས་བརྒྱ་རྩ་བཅུ་དྲུག་སྟེ། །ཀུན་ལའང་བར་སྣང་མི་གནས་འདྲ་བ་པོ། །བྱ་བ་ཕྲག་ནི་ཉི་ཤུ་གསུམ་གསུམ་ཡོད། །མི་ཚེ་ལོ་གྲངས་དག་ནི་སྟོང་ཡང་ཡིན། །འགྲོ་ལ་ཕན་ཕྱིར་ དམ་པའི་ཆོས་དག་ཀྱང། །ལོ་གྲངས་དྲུག་ཁྲི་དྲུག་སྟོང་བར་དུ་གནས། །ཞི་བར་ཕྱིན་པའི་སྐུ་གདུང་རྒྱས་འགྱུར་ལ། །རིན་ཆེན་མཆོད་རྟེན་བྱེ་བ་ཕྲག་གཉིས་འབྱུང། །དེ་བཞིན་ གཤེགས་པ་མཐུ་ཐོབ་པ་དེ་ཡི། །སྐྱེ་བའི་ཡུལ་ནི་ལེགས་གནས་མཆོད་ཅེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་གསུམ་ཡོད་རྣམ་པར་རོལ་པ་ ཡབ༑ ༑ངེས་པར་བྱ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་མ་སྨད་དུལ་བ་རིམ་གྲོ་བ། །འགྲོ་བ་དགའ་ཞེས་བྱ་བ་མཁས་པ་སྟེ། །བསོད་ནམས་ཕུང་པོའི་གཟི་བརྗིད་རྫུ་འཕྲུལ་ཅན། ། [274A]༄༅། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང། །རྨས་པ་མེད་ཅིང་རིམས་ནད་མེད་པ་པོ། །དགྲ་བཅོམ་ཐེར་འབུམ་ཕྲག་ནི་གསུམ་གསུམ་ཡོད། ། མི་ཚེ་ལོ་གྲངས་བདུན་ཁྲི་བཞི་སྟོང་ཡིན། །དམ་པའི་ཆོས་དག་ལོ་གྲངས་སྟོང་ཕྲག་ནི། །དགུ་བཅུ་རྩ་གཉིས་བར་དུ་གནས་བར་འགྱུར་།རྒྱལ་བའི་སྐུ་གདུང་བཅས་པའི་ མཆོད་རྟེན་གྲངས། །བདུན་ཡོད་དཔག་ཚད་གཅིག་པ་གསེར་གྱིས་སྤྲས་།དེ་བཞིན་གཤེགས་པ་མཐུ་ནི་ཆེན་པོ་ཡི། །སྐྱེ་བའི་ཡུལ་ནི་རྒྱལ་བར་དགའ་ཞེས་བྱ། །རིགས་ནི་ རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །གསུམ་ཅུ་གསུམ་ཡོད་གཞལ་མེད་ཁང་བ་ཡབ། །ཡིད་དགའ་ཡུམ་ཡིན་ཁ་ལོ་བསྒྱུར་བ་ནི། །སྲས་པོ་ཤིན་ཏུ་བདེན་པ་རིམ་གྲོ་པ་ འགྲོས་སྡུག་པ་ཞེས་བྱ་བ་མཁས་པ་སྟེ། །ཆགས་པ་མེད་པར་གནས་པ་རྫུ་འཕྲུལ་ཅན། །འདུས་པ་བདག་ནི་ལན་གྲངས་བཞི་བཅུ་སྟེ། །ཀུན་ལའང་སེམས་ནི་ཟླ་བ་ཉ་འདྲ་བ། ། བྱེ་བ་ཕྲག་ནི་ཉི་ཁྲི་ཉི་ཁྲི་ཡོད། །མི་ཚེ་ལོ་གྲངས་སུམ་ཁྲི་ཉིས་སྟེང་ཡིན། །འགྲོ་ལ་ཕན་ཕྱིར་དམ་པའི་ཆོས་དག་ཀྱང། །ལོ་གྲངས་སྟོང་ཕྲག་བཅུ་བཞིའི་བར་དུ་གནས། །མཚུངས་ པ་མེད་པ་མྱ་ངན་འདས་ནས་ཀྱང། །མཆོད་རྟེན་གྲང་ནི་ཐེར་འབུམ་ཕྲག་བཅུ་འབྱུང། །དེ་བཞིན་གཤེགས་པ་ཡོད་ཏན་སྙིང་པོ་ཡི། །སྐྱེ་བའི་ཡུལ་ནི་མཆོད་རྟེན་མཆོད་ [274B] ༑རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་གཅིག་ཡོད་བདག་ཉིད་ཆེན་པོ་ཡབ། །འགྲོས་མཆོད་རྒྱལ་ཡུམ་སྲས་པོ་རྫུ་འཕྲུལ་ཅན། །ཤིན་ཏུ་འབྱོར་ཅེས་བྱ་ བ་རིམ་གྲོ་པ། །ཆུ་ལྷ་དགའ་ཞེས་བྱ་བ་མཁས་པ་སྟེ། །ཚངས་བ་ལྷ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བཅུ་སྟེ་ཀུན་ལ་ཡང། །དྲི་བསུང་དྲི་བྲལ་ཆགས་པ་མེད་གྱུར་ པ༑ ༑བྱེ་བ་ཕྲག་ནི་བརྒྱ་བརྒྱ་འབྱུང་བར་འགྱུར། །རྒྱལ་བའི་སྐུ་ཆོ་ལོ་གྲངས་ཁྲི་ཅིག་སྟོང། །འཇིག་རྟེན་གསུམ་ལ་ཕན་ཕྱིར་དམ་ཆོས་དག་ལོ་གྲངས་ཉི་ཁྲི་སུམ་སྟོང་བར་དུ་གནས། ། རྒྱལ་བའི་སྐུ་གདུང་བཅས་པའི་མཆོད་རྟེན་གཅིག་དཔག་ཚད་བཞི་པ་གདུགས་གྲངས་སྟོང་དང་ལྡན། །དེ་བཞིན་གཤེགས་པ་བདེན་པར་སྤྱོད་པ་ཡི། །སྐྱེ་བའི་ཡུལ་ནི་ བདེན་པ་འདོད་ཅེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད་།དཔག་ཚད་དྲུག་ཡོད་ཡབ་ནི་སྟོབས་ལྡན་ཞིང། །འོད་མཛེས་པ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་མཆོག་ ལྡན་དོན་བཟང་རིམ་གྲོ་བ། །ཡོན་ཏན་མཐུ་རྩལ་ཞེས་བྱ་མཁས་པ་སྟེ། །མཐུ་རྩལ་མཆོག་ཅེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་བཅུ་རྩ་དྲུག་སྟེ། །ཀུན་ལའང་ཉོན་ མོངས་དྲི་མ་ཀུན་སྦངས་པ། །བྱེ་བ་ཕྲག་ནི་ཉི་ཤུ་གསུམ་གསུམ་ཡོད། །མི་ཚེ་ལོ་གྲངས་དག་ནི་དགུ་ཁྲི་ཡིན། །ཞི་བར་ཕྱིན་པའི་དམ་པའི་ཆོས་དག་ཀྱང། །ལོ་གྲངས་དགུ་ཁྲི་ [275A]༄༅། །དགུ་སྟོང་བར་དུ་གནས། །རྒྱལ་བའི་མཆོད་རྟེན་དགུ་བཅུ་རྩ་བཞི་སྟེ། །རིན་ཆེན་རྟ་བབས་གསེར་གྱིས་རྣམ་པར་སྦྲས། །དེ་བཞིན་གཤེགས་པ་ དགེ་མཆོག་རྒྱལ་པོ་ཡི། །སྐྱེ་བའི་ཡུལ་ནི་མི་འཇིགས་རྫི་བ་མེད་།རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་གླང་པོའི་དབང་པོ་ཡབ། །སེམས་ མཚུངས་མ་ཞེས་བྱ་བརྒྱལ་བའི་ཡུམ། །སྲས་བོ་སྲིད་དགའ་མཆོད་པ་རིམ་གྲོ་བ། །སྤོབས་པའི་དོར་ཞེས་བྱ་བློ་ལྡན་ཏེ། །གྲངས་པ་ལུན་འཕགས་པ་ནི་རྫུ་འཕྲུལ་ཅན། ། འདུས་པ་ལན་གྲངས་སུམ་ཅུ་རྩ་དྲུག་སྟེ། །ཀུན་ལའང་དྲང་སྲོང་བདུང་ཡུལ་བྲལ་བ་པོ། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་ཡོད་།མི་ཚེ་ལོ་གྲངས་ཉི་ཁྲི་ཉིས་སྟོང་ཡིན། ། ཞི་བར་ཕྱིན་པའི་དམ་པའི་ཆོས་དག་ཀྱང། །ལོ་གྲང་སུམ་སྟོང་ཆད་པར་གནས་པར་འགྱུར། །དཔག་ཚད་གཉིས་པའི་སྐུ་གདུང་མཆོད་རྟེན་གཅིག་གསེར་གྱི་རྒྱལ་མཚན་ གདུགས་ཀྱིས་རྣམ་པར་སྤྲས། །བདེ་གཤེགས་ཡོན་ཏན་རྒྱ་མཚོ་སྐར་རྒྱལ་གྱི། །སྐྱེ་བའི་ཡུལ་ནི་མཚན་གྱིས་སྦྲས་ཤེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། ། དཔག་ཚད་དགུ་ཡོད་ཡབ་ནི་བློ་ལྡན་ཡིན། །ཡིད་དགའ་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་བོ་ཁྲོས་ཅན་རྡུལ་ཕྲལ་རིམ་གྲོ་བ། །ཡིད་གཉིས་སྤོར་ཞེས་བྱ་བ་མཁས་པ་ [275B] ༑ཐེ་ཚོམ་འཇོམས་ཤེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་བཅུ་རྩ་གཉིས་ཏེ། །ཀུན་ལའང་དངོས་པོ་བསལ་བར་གྱུར་པ་པོ། །འཆིང་བ་བཅད་པ་ཐེར་འབུམ་ཐེར་ འབུམ་ཡོད། །མི་ཚེ་ལོ་གྲངས་སུམ་ཁྲི་ཉིས་སྟོང་ཡིན། །དམ་པའི་ཆོས་དག་ལོ་གྲངས་སྟོང་ཕྲག་ནི། །སུམ་ཅུ་རྩ་གཉིས་བར་དུ་གནས་པར་འགྱུར། །མཆོད་རྟེན་གྲངས་ནི་དགུ་ ཁྲི་དགུ་སྟོང་སྟེ། །ལྷ་ཡིག་ཞལ་མེད་ཁང་ལྟར་ཤིན་ཏུ་སྤྲས་།དེ་བཞིན་གཤེགས་པ་འོད་ཟེར་ཆེན་པོ་ཡི། །སྐྱེ་བའི་ཡུལ་ནི་བསོད་ནམས་སྣང་ཞེས་བྱ། །རྒྱལ་བའི་རིགས་ནི་ བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བཅུ་ཡོད་ཡབ་ནི་ཏོག་བཟང་ཡིན་།ཏོག་གི་བློ་གྲོས་མ་ནི་རྒྱལ་བའི་ཡུམ། །སྲས་པོ་ལྷས་བྱིན་བླ་མ་རིམ་གྲོ་པ། །སྲིད་པའི་རྒྱ་མཚོ་འཁྲུགས་ བྱེད་མཁས་པ་སྟེ། །སྨྲ་བའི་ཁྱུ་མཆོག་ཅེས་བྱ་རྫུ་འཕྲུལ་ཅན་།འདུས་པ་ལན་གྲངས་དགུ་སེམས་ཀུན་ལ་ཡང། །སྲིད་པའི་རྒྱ་མཚོ་སྐེམས་པའི་ཡིད་ལྡན་པ། །བྱེ་བ་ཕྲག་ནི་སུམ་ ཅུ་དགུ་དགུ་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་ཉིས་སྟོང་ཡིན། །ཞི་བར་ཕྱིན་པའི་དམ་པའི་ཆོས་དག་ཀྱང། །ལོ་གྲངས་བདུན་ཁྲི་ཅིག་སྟོང་བར་དུ་གནས། །སྐུ་གདུང་རྒྱས་འགྱུར་ ས་གཞི་ཐམས་ཅད་དུ། །མཆོད་རྟེན་གྲངས་ནི་དགུ་ཁྲི་འབྱུང་བར་འགྱུར། །ཡོན་ཏན་མངའ་བ་གློག་གི་འོད་སྐྱེ་བའི། །ཡུལ་ནི་གཟི་བྱིན་ཤིན་ཏུ་བརྒྱན་ཅེས་བྱ། །རིགས་ནི་ [276A]༄༅། །བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་ལྔ་བརྒྱ་ཡབ་ནི་ལག་བཟང་ཡིན། །ལྷས་བསམས་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་སྒོམ་བྱེད་ ངོས་བཟང་རིམ་གྲོ་བ། །གྲགས་མཆོད་ཅེས་ནི་བྱ་བ་མཁས་པ་སྟེ་།ཁ་ལོ་བསྒྱུར་བའི་རྒྱལ་པོ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བཅུ་གཅིག་ཀུན་ལ་ཡང། །ཚུལ་ བཞིན་ཆོས་ལ་འཇིགས་མེད་ཐོབ་གྱུར་པ། །བྱེ་བ་ཕྲག་ནི་ཉི་ཤུ་རེ་རེ་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་སུམ་སྟོང་ཡིན། །འགྲོ་ལ་ཕན་ཕྱིར་དམ་པའི་ཆོས་དག་ཀྱང། །ལོ་གྲངས་ དགུ་འབུམ་བར་དུ་གནས་པར་འགྱུར། །རྒྱལ་བའི་མཆོད་རྟེན་དཔག་ཚད་བཞི་པ་དག། གསེར་གྱི་མཆོད་རྟེན་རྒྱལ་མཚན་དག་གིས་བསྐོར། །བདེ་གཤེགས་མགོན་ པོ་ཡོན་ཏན་རྒྱ་ཆེན་གྱི། །སྐྱེ་བའི་ཡུལ་ནི་མཚན་མོ་རྒྱས་ཤེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་གྱི་ཚད། །དཔག་ཚད་དྲུག་ཡོད་ཡབ་ནི་བློ་བཟང་ཡིན། །བློ་ལྡན་མ་ ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་རྟོགས་མེད་བློ་ལྡན་རིམ་གྲོ་པ། །བློ་འགྲོས་བ་ཞེས་བྱ་བ་མཁས་པ་སྟེ། །རྣམ་པར་འཕྲུལ་པའི་བློ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ བདུན་ཏེ་ཀུན་ལ་ཡང། །ལྷུན་པོའི་རྩེ་ལྟར་གཡོ་བ་མེད་པ་པོ། །བྱེ་བ་ཕྲག་ནི་དགུ་བཅུ་དགུ་དགུ་ཡོད། །མི་ཚེ་ལོ་གྲངས་དག་ནི་དགུ་ཁྲི་ཡིན། །རྒྱལ་བ་ཐུབ་བ་ཞི་བར་ཕྱིན་པ་ [276B] ༑དམ་པའི་ཆོས་དག་ལོ་གྲངས་སྟོང་དུ་གནས། །མཆོད་རྟེན་ཐེར་འབུམ་ཕྲག་ནི་གཉིས་ཡོད་དེ། །རིན་ཆེན་ཆུན་ཕྲེང་སྟོང་སྙེད་དག་གིས་སྦྲས། །མི་ཡི་འདྲེན་པ་རིན་པོ་ཆེ་དག་ གི་སྐྱེ་བའི་ཡུལ་ནི་རིན་ཆེན་མང་ཞེས་བྱ། །རིགས་ནི་རྒྱལ་རིགས་འོད་ཚད་ཞིང་གི་གྲངས། །སྟོང་སྙེད་ཁྱབ་པ་ཡབ་ནི་རིན་ཆེན་བཟང། །རིན་ཆེན་མཆོག་མ་ཞེས་བྱ་རྒྱལ་བའི་ཡུམ། ། སྲས་པོ་དགའ་བྱིན་ཁྱད་འཕགས་རིམ་གྲོ་པ། །ཡོན་ཏན་ཚོགས་ཤེས་བྱ་བ་མཁས་པ་སྟེ། །རྣམ་གྲངས་སེམས་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་དེ་ཀུན་ལ་ ཡང། །སྲིད་པར་འཆིང་པ་གཅོད་པར་བྱེ་བ་པོ། །བྱེ་བ་ཕྲག་ནི་ཉི་ཤུ་དྲུག་དྲུག་འདུས། །མི་ཚེ་ལོ་གྲངས་དྲུག་ཁྲི་བཞི་སྟོང་ཡིན། །དམ་པའི་ཆོས་དག་ལོ་གྲངས་སྟོང་ཕྲག་ནི། ། བརྒྱ་ཅུ་རྩ་ལྔའི་བར་དུ་གནས་པར་འགྱུར། །རྒྱལ་བའི་མཆོད་རྟེན་དཔག་ཚད་གསུམ་པ་དག་རིན་ཆེན་གཙུག་ཕུད་བྱེ་བདག་གིས་སྦྲས། །འགྲོ་བདག་གིས་མཆོད་མ་ དཔལ་འོད་ཀྱི། །སྐྱེ་བའི་ཡུལ་ནི་པད་མ་ཅན་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་གཅིག་ཡོད་ཡབ་ནི་བཀྲ་ཤིས་ཡིན། །ལེགས་མཆོད་མ་ཞེས་བྱ་བ་ རྒྱལ་བའི་ཡུམ། །སྲས་པོ་མགོན་བྱིན་མགོན་བཟང་རིམ་གྲོ་བ། །སྡུག་དགའ་ཞེས་ནི་བྱ་བ་མཁས་པ་སྟེ། །ཐར་པ་རྣམས་པར་སྒྲོགས་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲུང་བརྒྱད་ [277A]༄༅། །ཅུ་ཀུན་ལ་ཡང། །ཟླ་བ་ཉ་འདྲ་དྲི་མ་མེད་པ་པོ། །བྱེ་བ་ཕྲག་ནི་ཉི་ཤུ་གསུམ་གསུམ་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་ཆིག་སྟོང་ཡིན། །མི་ཡི་རབ་ མཆོག་དག་གི་དམ་ཆོས་རྣམས། །ལོ་གྲངས་ཉི་ཁྲི་ཅིག་སྟོང་བར་དུ་གནས། །སྐུ་གདུང་རྒྱས་འགྱུར་མཆོད་རྟེན་བཟང་པོའི་གྲངས། །བྱེ་བ་ཕྲག་ནི་སུམ་ཅུ་རྩ་གསུམ་འབྱུང། ། རྒྱལ་བ་བདུད་དགའ་དུལ་བར་མཛད་པ་པོའི། །སྐྱེ་བའི་ཡུལ་ནི་བསོད་ནམས་ལྟན་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད་།དཔག་ཚད་ལྔ་བརྒྱ་ཁྱབ་གྱུར་ཕལ་ ཆེན་ཡབ། །འོད་ཀྱི་ཆོགས་ཤེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་དེས་ལྡན་རིམ་གྲོ་ཆུ་ལྟ་བ། །ཡེ་ཤེས་འོད་མཆོག་ཅེས་བྱ་མཁས་པ་སྟེ་།དོན་ལ་རྣམས་པར་དེས་པ་རྫུ་འཕྲུལ་ ཅན༑ ༑འདུས་པ་དག་ནི་ལན་གྲངས་བརྒྱད་ཅུ་སྟེ། །ཆགས་མང་ཡིད་ལྡན་དེ་དག་ཐམས་ཅད་གྲངས། །ཐེར་འབུམ་ཕྲག་གཉིས་སྙེད་ནི་འདུས་པར་འགྱུར། །མི་ཚེ་ལོ་གྲངས་ ཉི་ཁྲི་ཉིས་སྟོང་ཡིན། །གྲགས་པ་མཐའ་ཡས་དག་གིས་དམ་ཆོས་རྣམས། །ལོ་གྲང་བཞི་ཁྲི་དྲུག་སྟོང་བར་དུ་གནས། །སྐུ་གདུང་བཅས་པའི་མཆོད་རྟེན་བཟང་པོ་དག་ འཇིག་རྟེན་དག་ཏུ་ཐེར་འབུམ་ཕྲག་གཉིས་འབྱུང། །དེ་བཞིན་གཤེགས་པ་གོ་ཆབ་གོས་པ་ཡི། །སྐྱེ་བའི་ཡུལ་ནི་བལྟ་ན་མཛེས་ཤེས་བྱ་།རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ [277B] །ཉི་ཤུ་རྩ་བཞི་ཡབ་ནི་ལེགས་སྣང་ཡིན། །དེས་བྱས་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་གསེར་ཡིན་རྣམ་དག་རིམ་གྲོ་པ། །མེ་ཏོག་དགའ་ཞེས་བྱ་བ་བློ་ལྡན་ ཏེ༑ ༑གཟུགས་བརྩེགས་པ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བྱེ་བ་ཕྲག་བཞི་དང། །གཞན་ཡང་དྲུག་ཅུ་རྩ་དྲུག་ཀུན་ལ་ཡང། །བརྒྱད་ཁྲི་བརྒྱད་ཁྲི་དག་ནི་ཚོགས་ པར་འགྱུར། །མི་ཚེ་ལོ་གྲངས་བདུན་ཁྲི་ལྔ་སྟོང་ཡིན། །མགོན་པོ་མཆོག་མའི་དམ་པའི་ཆོས་དག་ཀྱང། །ལོ་གྲངས་བདུན་ཁྲི་ལྔ་སྟོང་བར་དུ་གནས། །རྒྱལ་བའི་མཆོད་རྟེན་དཔག་ ཚད་བཞི་པ་ཀུན། །གསེར་ཀྱི་འོད་ཀྱིས་རྣམ་པར་མཛེས་པར་བྱས། །དེ་བཞིན་གཤེགས་པ་སེངྒེའི་ཕྱག་དག་གྱི་སྐྱེ་བའི་ཡུལ་ནི་དེས་པའི་དོན་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ ཏེ་འོད་དཔག་ཚད། །བདུན་ཅུ་རྩ་དྲུག་ཡབ་ནི་མི་དམན་པ། །བདུད་རྩེ་དགའ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ཆོས་བཟང་ཕན་འདོད་རིམ་གྲོ་པ། །ཡེ་ཤེས་མཆོག་ཅེས་བྱ་བ་ མཁས་པས་སྟེ། །ངེས་པར་ཐོབ་ཅེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལང་རངས་བརྒྱད་དེ་ཀུན་ལ་ཡང། །ཐེག་པ་མཆོག་གིས་རྣམ་ཐར་ཐོབ་པ་པོ། །བྱེ་བ་ཕྲག་ནི་བཅུ་བཅུ་ཚོགས་པར་ འགྱུར༑ ༑མི་ཚེ་ལོ་གྲངས་དྲུག་ཁྲི་ཉིས་སྟོང་ཡིན། །འཇིག་རྟེན་མཁྱེན་པ་མྱ་ངན་འདས་ནས་ཀྱང། །དམ་ཆོས་ལོ་གྲངས་དགུ་བཅུ་རྩ་དགུར་གནས། །དཔག་ཚད་ལྔ་པའི་མཆོད་རྟེན་ [278A]༄༅། །སྐུ་གདུང་བཅས། །གཅིག་སྟེ་རིན་ཆེན་བརྒྱ་སྙེད་དྲ་བས་སྤྲས། མི་ཡི་འདྲེན་པ་མེ་ཏོག་བཟང་པོ་ཡི། །སྐྱེ་བའི་ཡུལ་ནི་མེ་ཏོག་བརྒྱན་ཞེས་བྱ། །རིགས་ ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་ལྔ་ཡོད་ཡབ་ནི་མཆོད་ལེགས་ཡིན། །མེ་ཏོག་མཆོག་མ་རྒྱལ་ཡུམ་སྲས་པོ་ནི། །མེ་ཏོག་བཟང་པོ་མེ་ཏོག་རིན་གྲོ་བ། །འགྲོས་ མཛེས་པ་ཞེས་བྱ་བ་མཁས་པ་སྟེ། །གཟི་བརྗིད་མངོན་འཕགས་པ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་།མཚུངས་མེད་བྱ་དང་མཚུངས་ཤིང་ འདྲ་བ་པོ། །བྱ་བ་ཕྲག་ནི་དགུ་བཅུ་དགུ་དགུ་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་ཉིས་སྟོང་ཡིན། །འགྲོལ་ཕན་ཕྱིར་དམ་པའི་ཆོས་དག་ཀྱང། །ལོ་གྲངས་སྟོང་ཕྲག་བཅུ་བཞིའི་བར་ དུ་གནས། །མཆོད་རྟེན་བཟང་པོ་བྱེ་བ་བརྒྱ་ཕྲག་བཅུ། །གསར་གྱི་འོད་དག་གིས་ནི་རྒྱས་པར་འགྱུར། །དེ་བཞིན་གཤེགས་པ་རིན་ཆེན་མཐོན་པོ་ཡི། །སྐྱེ་བའི་ཡུལ་ནི་རིན་ ཆེན་ཚོགས་ཤེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད་།དཔག་ཚད་དྲུག་ཡོད་རིན་ཆེན་བཟང་པོ་ཡབ། །དཔལ་བརྒྱན་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ འཇིགས་མེད་དུལ་བ་རིམ་གྲོ་པ། །ཡོན་ཏན་ཚོགས་ཤེས་བྱ་བ་མཁས་པ་སྟེ། །སྟོན་པ་མཐའ་ཡས་པ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་རྩ་དྲུག་སྟེ། །དགྲ་ [278B] །ཐེར་འབུམ་ཕྲག་ནི་བཅུ་བཅུ་འབྱུང་བར་འགྱུར། །རྒྱལ་བའི་སྐུ་གདུང་ལོ་གྲངས་ཁྲི་ཡང་ཡིན། །འགོག་པར་ཕྱིན་པའི་དམ་པའི་ཆོས་དག་ ཀྱང༑ ༑ལོ་གྲངས་ཉི་ཁྲི་སུམ་སྟོང་བར་དུ་གནས། །རྒྱལ་བའི་མཆོད་རྟེན་སྐུ་གདུང་བཅས་པ་གཅིག་དཔག་ཚད་གསུམ་པ་ཕྲེང་བ་མཛེས་པ་བཞིན། །མགོན་པོ་དེ་བཞིན་གཤེགས་ པ་རྒྱ་མཚོ་ཡི། །སྐྱེ་ཡུལ་མཐུ་རྩལ་སྙིང་པོ་ཞེས་ཀྱང་བྱ་།རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བཞི་ཡོད་བ་ནི་ལྷ་དབང་ཡིན། །ཡོན་ཏན་རྒྱ་མཚོ་ཞེས་བྱ་རྒྱལ་ བའི་ཡུམ། །སྲས་པོ་རྒྱ་མཚོ་ལེགས་དགའ་རིམ་གྲོ་བ། །ཆུ་ཡི་རྒྱལ་པོ་ལྟ་བུ་བློ་ཅན་ཏེ། །བློ་མེད་ཐོབ་ཅེས་བྱ་བ་རྫུ་འཕྲུལ་ཅན་།འདུས་པ་ལན་གྲངས་དྲུག་ཅུ་རྩ་དྲུག་སྟེ། །ཀུན་ ལའང་མཚོ་ལྟར་གང་བའི་ཡིད་འདྲ་བ། །བྱེ་བ་ཕྲག་ནི་དགུ་བཅུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་དགུ་ཁྲི་དགུ་སྟོང་ཡིན། །མཐའ་མེད་བརྙེས་པའི་དམ་པའི་ཆོས་དག་ ཀྱང། །ལོ་གྲངས་བརྒྱད་ཁྲི་ཆད་པའི་བར་དུ་གནས། །རྒྱལ་བ་ཞི་བར་ཕྱིན་པའི་མཆོད་རྟེན་གྲངས། །བྱེ་བ་ཕྲག་ནི་ཉི་ཤུ་རྩ་ཉིས་འབྱུང། །མགོན་པོ་དེ་བཞིན་གཤེགས་ པས་འཛིན་གྱི། །སྐྱེ་བའི་ཡུལ་ནི་ལེགས་པར་དུལ་ཞེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་ཡབ་ནི་ལེགས་བཟང་ཡིན། །མཆོད་སྦྱིན་ [279A]༄༅། །ཡོན་བརྒྱན་མ་ནི་རྒྱལ་བའི་ཡུམ། །སྲས་པོ་བྱམས་ལྡན་བློ་ལྡན་རིམ་གྲོ་པ། །ས་བདག་ཅེས་ནི་བྱ་བ་མཁས་པ་སྟེ། །གཟུགས་དགུ་ཐོབ་ཅེས་བྱ་བ་རྫུ་འཕྲུལ་ ཅན༑ ༑འདུས་པ་ལན་གྲངས་སུམ་ཅུ་དྲུག་ཀུན་ལའང། །མཚུངས་པ་མེད་པ་མེད་པ་བད་མའི་དངོས་ལྟ་བུའི། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་ཉིས་སྟོང་ཡིན། ། ཡོན་ཏན་མངོན་པར་དགྱེས་པའི་དམ་ཆེས་དག་ལོ་གྲངས་སྟོང་ཕྲག་བཅུ་བདུན་བར་དུ་གནས། །རྒྱལ་བའི་མཆོད་རྟེན་དཔག་ཚད་གཅིག་པ་སྟེ། །མེ་ཏོག་བརྒྱ་དག་གིས་ནི་ བརྒྱན་ཅིང་སྤྲས། །དེ་བཞིན་གཤེགས་པ་དོན་ཀྱི་བློ་མདའ་བའི་།སྐྱེ་བའི་ཡུལ་ནི་དོན་ལྡན་སྒྲ་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་དགུ་ཡོད་ཡབ་ནི་ ལག་བཟང་ཡིན། །ཚངས་པའི་མཆོད་རྟེན་ཞེས་བྱ་རྒྱལ་བའི་ཡུམ་།སྲས་པོ་མཆོད་རྟེན་ལེགས་སེམས་རིམ་གྲོ་བ། །བློ་གྲོས་བདུད་རྩི་ཞེས་བྱ་མཁས་པ་སྟེ། །རྣམ་པར་ངེས་པའི་ མཛོད་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་བཅུ་ཀུན་ལ་ཡང། །ཁོང་ཁྲི་མེད་པ་རི་ལྟར་གནས་པ་པོ། །བྱེ་བ་ཕྲག་ནི་བདུན་ཅུ་གཉིས་གཉིས་ཡིན། །མི་ཚེ་ལོ་གྲངས་དྲུག་ ཁྲི་ཉིས་སྟོང་ཡིན། །རྣམ་པར་ཐར་པའི་ཕྱིན་པའི་ཆོས་དག་ཀྱང། །ལོ་གྲངས་སྟོང་ཕྲག་བཅུ་བརྒྱད་བར་དུ་གནས། །སྐུ་གདུང་རྒྱས་འགྱུར་པ་བཞི་ཐམས་ཅད་ནི། །རིན་ཆེན་མཆོད་ [279B] །དཔལ་ལྡན་ལེགས་པ་ཡོན་ཏན་བསམས་པ་ཡི། །སྐྱེ་བའི་ཡུལ་ནི་བློ་གྲོས་དན་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱིས་ཚད། །དཔག་ཚད་གཅིག་ ཡོད་ཡབ་ནི་བློ་ལྡན་ཡིན། །མི་སྡུག་རྒྱལ་བའི་ཡུམ་ཡིན་སྲས་པོ་ནི་།འཇིག་རྟེན་དགའ་བ་སྐར་མ་རིམ་གྲོ་བ། །འགྲོས་སྙོམས་པ་ཞེས་བྱ་བ་མཁས་པ་སྟེ། །འོད་ཅས་གྲགས་པ་ ཞེས་བྱ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱ་ནི་རྩ་ལྔ་སྟེ། །བྱེ་བ་བརྒྱ་ཕྲག་དག་ནི་ཚད་པ་དང། །དྲུག་ཅུ་རྩ་དྲུག་དག་ཀྱང་འདུས་པར་འགྱུར། །མི་ཚེ་ལོ་གྲངས་བདུན་ཁྲི་ ཉིས་སྟོང་ཡིན། །ལྷ་མིའི་དོན་ཕྱིར་དམ་ཆོས་ལོ་སྟོང་དུ། །གནས་འགྱུར་སྐུ་གདུང་ཅེས་པའི་མཆོད་རྟེན་ནི། །དཔག་ཚད་དགུ་བཅུ་རྩ་བརྒྱད་པ་ཅིག་སྟེ། །རིན་ཆེན་བརྒྱ་ སྙེད་དྲ་བས་རྣམས་པར་སྦྲས། །དེ་བཞིན་གཤེགས་པ་ཡོན་ཏན་ཚོན་དག་གི་སྐྱེ་བའི་ཡུལ་ནི་ཡོན་ཏན་རྒྱན་ཞེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། ། དཔག་ཚད་གསུམ་ཡོད་ཡབ་ནི་རྒལ་བ་པོ། །ཡོན་ཏན་གཟི་བརྗིད་ལྡན་པ་རྒྱལ་བའི་ཡུམ། །སྲས་པ་བློ་ལྡན་བློ་ཅན་རིམ་གྲོ་པ། །མི་དགའ་སྤོང་ཞེས་བྱ་བ་མཁས་པ་སྟེ། །དྲ་ བ་གཅོད་བྱེད་པ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བཅུ་གཅིག་ཀུན་ལ་ཡང། །ཆགས་པ་མེད་པ་བསམ་གཏན་པ་དེ་ཀུན། །བྱེ་བ་བརྒྱ་ཕྲག་དག་ནི་གསུམ་གསུམ་ [280A]༄༅། །ཡོད༑ ༑མི་ཚེའི་ཚད་ནི་ལོ་གྲངས་ཁྲི་ཡང་ཡིན། །རྒྱལ་བའི་དམ་ཆོས་ལོ་གྲངས་སྟོང་དུ་གནས། །རྒྱལ་བའི་མཆོད་རྟེན་སྐུ་གདུང་བཅས་ པ་ནི༑ ༑དཔག་ཚད་ཕྱེད་པའི། །མཆོད་རྟེན་གཅིག་ཡིན་ཏེ། །གདུགས་གྲངས་སྟོང་ཕྲག་བདུན་ཅུས་རྣམ་པར་བརྒྱན། །དེ་བཞིན་གཤེགས་པ་རིན་ཆེན་མེ་ཏོག་གི་ །སྐྱེ་བའི་ཡུལ་ནི་བློ་ལྡན་མཆོག་ཅེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །དྲུག་ཅུ་རྩ་གཉིས་ཚོགས་ཅན་དབང་པོ་ཡབ་།སེངྒེ་རྒྱལ་མཚན་ཞེས་བྱ་རྒྱལ་ བའི་ཡུམ། །སྲས་པོ་ཚོགས་ཅན་ཚོགས་བཟང་རིམ་གྲོ་པ། །རི་ལྟར་བརྩེགས་ཞེས་བྱ་བ་བློ་ལྡན་ཏེ། །ཆགས་པ་མེད་པར་གནས་པ་རྫུ་འཕྲུལ་ཅན། །འདུས་པ་ལན་ གྲངས་བརྒྱད་ཅུ་ཀུན་ལ་ཡང། །ཕྱིར་མི་བཟློག་པ་གཟུངས་ནི་ཐོབ་པ་པོ། །བྱེ་བ་ཕྲག་ནི་བདུན་ཅུ་དྲུག་དྲུག་འདུས། །མི་ཚེ་ལོ་གྲངས་དགུ་ཁྲི་དགུ་སྟོང་ཡི། །ཞི་བར་ ཕྱིན་པའི་དམ་པའི་ཆོས་དག་ཀྱང། །ལོ་གྲངས་སུམ་ཁྲི་ཉིས་སྟོང་བར་དུ་གནས། །སྲིད་པ་ཐར་མཛད་པ་ཡི་མཆོད་རྟེན་གྲངས་།བརྒྱད་ཁྲི་བཞི་སྟོང་དག་ནི་འབྱུང་ བར་འགྱུར། །བདེ་བར་གཤེགས་པ་འཇིག་རྟེན་འདས་པ་ཡི། །སྐྱེ་ཡུལ་བསོད་ནམས་ལེགས་པར་བསྒོམ་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། ། [280B] །དོན་ལ་དགའ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་དོན་ལྡན་དགའ་བ་རིམ་གྲོ་བ་།འཇིགས་མེད་དགའ་ཞེས་བྱ་བ་མཁས་པ་སྟེ་ །གྲགས་པ་མངོན་འཕགས་པ་ནི་རྫུ་འཕྲུལ་ཅན། །འདུས་པ་དག་ནི་ལན་གྲངས་དགུ་བཅུ་སྟེ། །རབ་མཆོག་དག་གི་ཚོགས་གྱི་གྲངས་རྣམས་ཀྱང། །བྱེ་བ་ཕྲག་ནི་སྟོང་སྟོང་ འབྱུང་བར་འགྱུར། །མི་ཚེ་ལོ་གྲངས་ཉི་ཁྲི་སུམ་སྟོང་ཡིན། །ཡོན་ཏན་ལྡན་པའི་དམ་པའི་ཆོས་དག་ཀྱང། །ལོ་གྲང་བདུན་ཁྲི་བཞི་སྟོང་བར་དུ་གནས། །རིམས་ནད་མེད་ པའི་སྐུ་གདུང་རྒྱས་འགྱུར་ལ། །མཆོད་རྟེན་བྱེ་བ་སྟོང་ཕྲག་བདུན་ཅུ་བཞི། །དེ་བཞིན་གཤེགས་པ་འཇིག་རྟེན་ཟླ་བ་ཡི། །སྐྱེ་བའི་ཡུལ་ནི་ཟླ་བ་ཅན་ཞེས་བྱ། །རྒྱལ་བའི་རིགས་ ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བཅུ་ཡོད་ཡབ་ནི་ཟླ་བ་ཡིན་།ཟླ་བཞིན་མཛེས་མ་ཡུམ་ཡིན་སྲས་པོ་ནི། །ཚེ་ལྡན་མེ་ཏོག་བཟང་པོ་རིམ་གྲོ་པ། །རྣམ་པར་སྣང་བྱེད་གྲགས་ པ་བློ་ལྡན་ཏེ། །ཚུལ་ལི་ཁྲིམས་འོད་བྱེད་པ་ནི་རྫུ་འཕྲུལ་ཅན་།ཚོགས་ཀྱི་རྒྱལ་བ་རབ་མཆོག་དམ་པ་ཡི། །འདུས་པ་ལན་གྲངས་དྲུག་བཅུ་རྩ་དྲུག་ལ། །བྱེ་བ་ཕྲག་ནི་བརྒྱ་རྩ་བཞི་ བཞི་འདུས། །སྐུ་ཚེ་ལོ་གྲངས་སུམ་ཁྲི་ཉིས་སྟོང་ཡིན། །དམ་པའི་ཆོས་དག་ལོ་གྲངས་སྟོང་ཕྲག་ནི། །དགུ་བཅུ་རྩ་ལྔའི་བར་དུ་གནས་པར་འགྱུར། །རྒྱལ་བའི་མཆོད་རྟེན་སྐུ་ [281A]༄༅། །གདུང་བཅས་པ་ནི། །དཔག་ཚད་བདུན་པ་གཅིག་སྟེ་གསེར་ཀྱིས་བརྒྱན། །དེ་བཞིན་གཤེགས་པ་དབྱངས་ནི་སྙན་པ་ཡི། །སྐྱེ་བའི་ཡུལ་ནི་ཆོས་ ཀྱིས་ལྟ་ཞེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད་།དཔག་ཚད་སུམ་བཅུ་ཡབ་ནི་སྐུ་བཟང་ཡིན། །བཟང་དཔལ་ཞེས་ནི་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་པདྨ་རྒྱལ་དགའ་ རིམ་གྲོ་པ། །ཡོན་ཏན་སྙིང་པོ་ཞེས་བྱ་མཁས་པ་སྟེ། །ཆོས་འཕགས་ཞེས་ནི་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བཞི་སྟེ་ཀུན་ལའང། །ཞི་བ་གོམས་པར་བསྒོམས་ པའི་ཡིད་ལྡན་པ། །བྱེ་བ་ཕྲག་ནི་བདུན་ཅུ་བདུན་བདུན་འདུས། །མི་ཚེ་ལོ་གྲངས་དག་ནི་དགུ་ཁྲི་ཡིན། །དངོས་པོ་མེད་པར་ཕྱིན་པའི་དམ་ཆོས་དག་ལོ་གྲངས་ཉིས་འབུམ་ བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་རྒྱས་འགྱུར་མཐའ་ཡས་ཤིང། །མཆོད་རྟེན་བྱ་བ་ཕྲག་ནི་བདུན་ཅུ་གསུམ། །དེ་བཞིན་གཤེགས་པ་ཚངས་པའི་ཏོག་ དག་གི་སྐྱེ་བའི་ཡུལ་ནི་ཚངས་པས་ལྟ་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །བདུན་ཅུ་རྩ་གཉིས་ཡབ་ནི་ཚངས་བཟང་ཡིན། །ཚངས་ལྡན་མ་ཞེས་ བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ཚངས་པ་ཚངས་བཟང་རིམ་གྲོ་བ། །བསམ་པ་སྙིང་རྗེ་ཅན་ནི་མཁས་པ་སྟེ། །བྱམས་ལ་གནས་ཤེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་ [281B]༄༅། །གྲངས་སུམ་ཅུ་དྲུག་ཀུན་ལའང། །ཆགས་པ་མེད་གྱུར་གཏི་མུག་མེད་པ་ཀུན། །བྱེ་བ་ཕྲག་ནི་བཅུ་གསུམ་བཅུ་གསུམ་ཡོད། །མི་ཚེ་ལོ་གྲངས་དག་ནི་འབུམ་ཡང་ཡིན། །མྱ་ ངན་འདས་པ་དེ་ཡི་དམ་ཆོས་དག་ལོ་གྲངས་དགུ་ཁྲི་ཚད་པའི་བར་དུ་གནས། །རྒྱལ་བའི་མཆོད་རྟེན་སྐུ་གདུང་བཅས་པ་ནི། །དཔག་ཚད་བཅུ་གཉིས་པ་གཅིག་གསེར་གྱིས་ བརྒྱན༑ ༑དེ་བཞིན་གཤེགས་པ་ཚོགས་ཅན་གཙོ་བོ་ཡི། །སྐྱེ་བའི་ཡུལ་ནི་བརྟགས་པའི་བློ་ཞེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་དགུ་ ཡོད་ཡབ་ནི་ཟླ་བཟང་ཡིན། །སེམས་སྙོམས་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་པདྨ། །ལྗོན་པ་རིམ་གྲོ་པ། །ཡོན་ཏན་དག་གིས་བརྩེ་པ་མཁས་པ་སྟེ། །བླ་མ་སེམས་ཞེས་ བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་རྩ་དྲུག་སྟེ་།ཀུན་ལའང་ལྷག་མ་མེད་པ་རླུང་འདྲ་པ། །བྱེ་བ་ཕྲག་ནི་སྟོང་སྟོང་ཚང་བར་ཡོད། །མི་ཚེ་ལོ་གྲངས་སྟོང་ ཕྲག་བཅོ་བརྒྱད་ཡིན། །འདྲེན་པ་མྱ་ངན་འདས་ནས་དམ་ཆོས་དག་།ལོ་གྲངས་སྟོང་ཕྲག་བཅུ་གསུམ་བར་དུ་གནས། །རིན་ཆེན་མཆོད་རྟེན་གྲངས་ནི་བྱེ་བ་ཕྲག་སྟོང་ ཕྲག་གཅིག་བརྒྱ་རྩ་ནི་བཅུ་དག་འབྱུང། །ཡོན་ཏན་བསགས་པ་སེངྒེའི་སྟོབས་དག་གི་སྐྱེ་ཡུལ་འཇིག་རྟེན་བླ་མ་དགྱེས་ཞེས་བྱ་།དེའི་རིགས་བྲམ་ཟེ་ཡིན་ཏེ་འོད་ཀྱི་ [282A]༄༅། །ཚད༑ ༑འཛམ་གླིང་གཉིས་ཁྱབ་ཡབ་ནི་ལེགས་གྲུབ་ཡིན་།དཀྱིལ་འཁོར་འགྲོ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྒྲས་པོ་ཡིད་འཛིན་ཡིད་འོང་ རིམ་གྲོ་པ། །བརྟུལ་ཞུགས་གྲུབ་པ་ཤེས་རབ་ཅན་ཡིན་ཏེ། །ང་རོའི་མཆོག་གྲུབ་པ་ནི་རྫུ་འཕྲུལ་ཅན། །འདུས་པ་དག་ནི་ལན་གྲངས་བརྒྱད་ཡིན་ཏེ། །དགྲ་བཅོམ་ ཐེར་འབུམ་ཇི་སྙེད་ཡོད་པ་རྣམས། །གངྒའི་རྒྱུན་ལྟར་དྲི་མེད་ཤ་སྟག་ཡིན། །མི་ཚེ་ལོ་གྲངས་དག་ནི་བཞི་ཁྲི་ཡིན། །མི་ཡི་མཆོག་མ་མྱ་ངན་འདས་ནས་ཀྱང། ། དམ་ཆོས་ལོ་གྲངས་དྲུག་ཁྲི་དྲུག་སྟོང་གནས། །སྐུ་གདུང་མཆོད་རྟེན་འཕང་དུ་དཔག་ཚད་གཅིག་རིན་ཆེན་བརྒྱ་སྙད་དག་གི་དྲ་བས་སྤྲས། །སངས་རྒྱས་དྲག་ཤུལ་ ཅན་གྱི་བྱིན་པ་ཡིན། །སྐྱེ་བའི་ཡུལ་ནི་དགའ་ཐུབ་དྲག་ཅེས་བྱ་།རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་ཡབ་ནི་སྤོས་བཟངས་ཡིན། །གསེར་འོད་ རྒྱལ་བའི་ཡུམ་ཡིན་སྲས་པོ་ནི། །དཔལ་ལྡན་ཤིན་ཏུ་དཔལ་ལྡན་རིམ་གྲོ་པ། །ཡོན་ཏན་ཡིད་ཅས་བྱ་བ་མཁས་པ་སྟེ། །ཡོན་ཏན་མཐོན་པོ་ཞེས་བྱ་རྫུ་འཕྲུལ་ཅན། །འདུས་ པ་དག་ནི་ལན་གྲངས་ལྔ་ཡིན་ཏེ། །གཏན་པ་ལྟ་བུར་ལེགས་པར་གནས་པ་པོ། །བྱེ་བ་སྟོང་ཕྲག་བཅུ་བཅུ་ཚོགས་པར་འགྱུར། །སྐུ་ཚེ་ལོ་གྲངས་ཉི་ཁྲི་བརྒྱད་སྟོང་ཡིན། ། [282B] །ལོ་གྲངས་སྙོང་ཕྲག་བཅུ་དགུ་གནས་པར་འགྱུར། །མཆོད་རྟེན་གྲངས་ནི་ཐེར་འབུམ་ཕྲག་གསུམ་སྟེ། །ལྷ་ཡི་བསྐྱེད་མོས་ཚོལ་སྙོམས་ པ་ཡིས་བསྐོར། །སྐྱེས་བུ་དམ་པ་ཆོས་ཀྱི་དབང་ཕྱུག་གི་སྐྱེ་པའི་ཡུལ་ནི་ཕྱག་བྱས་མཆོད་ཅེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །བདུན་ཅུ་རྩ་ལྔ་ཡབ་ནི་ལེགས་ མཆོད་ཡིན། །གྲགས་པའི་ཚོགས་ཤེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་མེ་ཏོག་མཆོད་ལེགས་རིམ་གྲོ་པ། །འོད་ཀྱི་ཏོག་ཅེས་བྱ་བ་མཁས་པ་སྟེ། །ཏོག་གི་འོད་ཅེས་བྱ་བ་རྫུ་འཕྲུལ་ ཅན༑ ༑འདུས་པ་ལན་གྲངས་གསུམ་སྟེ་ཀུན་ལ་ཡང། །སྲས་མཆོག་སློབ་པ་མེད་པར་ཕྱིན་པ་པོ། །བྱེ་བ་ཕྲག་ནི་ཉི་ཁྲི་ཉི་ཁྲི་ཡོད་།མི་ཚེ་ལོ་གྲངས་བདུན་ཁྲི་ཆིག་སྟོང་ཡིན། ། དམ་པའི་ཆོས་དག་ལོ་གྲངས་སྟོང་ཕྲག་ནི། །བརྒྱད་བཅུ་དག་གི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་གསུམ་པ་རིན་ཆེན་ མང་པོས་སྤྲས། །དེ་བཞིན་གཤེགས་པ་གཟི་བརྗིད་འོད་དག་གི་སྐྱེ་བའི་ཡུལ་ནི་མཆོད་ཅིང་བཀུར་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་དྲུག་ཡོད་ ཡབ་ནི་ལེགས་རྒལ་ཡིན། །ཡོན་ཏན་བརྒྱན་ཞེས་བྱ་བ་རྒྱལ་བའི་ཡུམ་།སྲས་པོ་མཁས་ལྡན་སྣང་ལྡན་རིམ་གྲོ་པ། །སྲིད་པ་ལི་འཆིང་པ་གཅོ་བྱེད་མཁས་པ་སྟེ། །སྲིད་པ་ [283A]༄༅། །འཇོམས་ཤེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དག་ནི་བརྒྱ་ཡིན་ཏེ། །བསོད་ནམས་རྣམ་གྲོལ་དགྲ་བཅོམ་མི་སློབ་པ་།དེ་དག་ འདུས་པ་ཐེར་འབུམ་ཚད་པར་ཡོད། །མི་ཚེ་ལོ་གྲངས་དག་ནི་དགུ་ཁྲི་ཡིན། །དམ་ཆོས་ལོ་གྲངས་བྱེ་བར་གནས་འགྱུར་ཞིང། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ ལ༑ ༑མཆོད་རྟེན་གྲངས་ནི་ཐེར་འབུམ་ཕྲག་གསུམ་སྟེ། །རྣམ་རྒྱལ་ཁང་བཟང་ལྟ་བུར་ལེགས་པར་སྤྲས། །དེ་བཞིན་གཤེགས་པ་འོད་ཟེར་ཆེན་པོ་ཡི། །སྐྱེ་བའི་ཡུལ་ ནི་ཆོས་ཀྱི་འོད་ཅེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད་།བདུན་ཅུ་རྩ་གཉིས་བདག་གཉིས་ཆེན་པོ་ཡབ། །སེམས་མཚུངས་མ་ཞེས་བྱ་བ་རྒྱལ་བའི་ཡུམ། ། སྲས་པོ་འོད་ལྡན་དེས་ལྡན་རིམ་གྲོ་པ། །ཤིན་ཏུ་རྣམ་པར་ངེས་པ་མཁས་པ་སྟེ། །ངེས་ཐུབ་ཅེས་ནི་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དག་ནི་ལན་གྲངས་བཅུ་བཞི་ སྟེ༑ ༑ཀུན་ལ་འང་དགྲ་བཅོམ་པ་ཡི་ཆོས་དག་གི་མཚུངས་པར་གྱུར་ཏེ་ཐེར་འབུམ་ཐེར་འབུམ་ཡོད། །མི་ཚེ་ལོ་གྲངས་དགུ་ཁྲི་དགུ་སྟོང་ཡིན། །བདུད་རྣམས་ ཕུང་བར་མཛད་པའི་དམ་ཆོས་དག་ལོ་གྲངས་དགུ་ཁྲི་དགུ་སྟོང་བར་དུ་གནས། །སྟོན་པ་མྱ་ངན་འདས་ནས་རྒྱལ་བ་ཡི། །སྐུ་གདུང་མཆོད་རྟེན་དཔག་ཚད་བརྒྱ་པ་ [283B]དེ་བཞིན་གཤེགས་པ་རིན་ཆེན་གྲགས་པ་སྐྱེ་བའི་ཡུལ་ནི་རིན་པོ་ཆེའི་ཏོག་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་སྟོང་གསུམ་ཙམ་མོ། །ཡབ་ ནི་འགྲོ་བའི་དབང་ཕྱུག་ཅེས་བྱའོ། །ཡུམ་ནི་དཔལ་གྱི་རིན་ཆེན་མཆོག་ཅེས་བྱའོ། །སྲས་ནི་ཡོན་ཏན་སྟོང་གི་གཟི་བརྗིད་ཅེས་བྱའོ་།རིམ་གྲོ་པ་ནི་ཡོན་ ཏན་མཐའ་ཡས་ཤེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་གྱི་ཚོགས་ཤེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འོད་ཟེར་ཡིད་དུ་འོང་བ་ ཞེས་བྱའོ། །འདུས་པ་ནི་ལན་གྲངས་གྲངས་མེད་དེ། །ཐམས་ཅད་ལའང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཤ་སྟག་གོ་སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲིའོ། །དམ་པའི་ ཆོས་ནི་ལོ་བྱེ་བ་ཁྲི་ཕྲག་སུམ་ཅུ་རྩ་དྲུག་གི་བར་དུ་གནས་སོ་།སྐུ་གདུང་ནི་རྒྱས་པར་འགྱུར་རོ། །མཆོད་རྟེན་ནི་སུམ་འབུམ་མོ། །དེ་བཞིན་གཤེགས་པ་ཚོགས་ཅན་ གསལ་བ་སྐྱེ་བའི། །ཡུལ་ནི་བློ་གྲོས་རྒྱ་མཚོ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་དགུ་བཅུའོ། །ཡབ་ནི་བཟང་མཆོག་ཅེས་བྱའོ། །ཡུམ་ནི་ཡིད་དུ་ འོང་བའི་དབྱངས་ཤེས་བྱའོ། །སྲས་ནི་སེངྒེས་རྣམ་པར་རྩེ་ཞེས་བྱའོ། །རིམ་གྲོ་བ་ནི་ཡོན་ཏན་གྱི་ཚོགས་ཤེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་གྲགས་པའི་ [284A]༄༅། །སྒྲོན་མ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རི་མཆོག་རྒྱལ་པོ་ཞེས་བྱའོ། །ཉན་ཐོས་འདུས་པ་དང་པོ་ནི་ཐེར་འབུམ་ཕྲག་ གསུམ་མོ། །གཉིས་པ་ལ་ནི་ཐེར་འབུམ་ཕྲག་བཞིའོ། །གསུམ་པ་ལ་ནི་ཐེར་འབུམ་ཕྲག་ལྔའོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །དམ་པའི་ཆོས་ནི་ལོ་བརྒྱད་ ཁྲི་བཞི་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་གྲགས་པ་མཐའ་ཡས་སྐྱེ་བའི་ཡུལ་ནི་ཡིད་དུ་འོང་བའི་དབྱངས་ཞེས་ བྱའོ༑ ༑རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་གཉིས་སོ། །ཡབ་ནི་ནོར་ལྷ་ཞེས་བྱའོ། །ཡུམ་ནི་རྒྱུ་སྐར་བདག་མ་ཞེས་བྱའོ་།སྲས་ནི་རིན་ཆེན་མཆོག་ ཅེས་བྱའོ། །རིམ་གྲོ་པ་ནི་བསོད་ནམས་འབྱོར་ལྡན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བསྒོམས་པའི་བདག་ཉིད་ཅན་ཞེས་བྱའོ་།རྫུ་འཕྲུལ་ཅན་རྣམས་ ཀྱི་མཆོག་ནི་བསོད་ནམས་གཟི་བརྗིད་ཅེས་བྱའོ། །འདུས་པ་ནི་ལན་བཅུ་སྟེ། །ཐམས་ཅད་ལ་ཡང་ཐེར་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་སྟོང་ངོ། །དམ་ པའི་ཆོས་ནི་ལོ་ལྔ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་འོད་ཟེར་དོན་ [284B] །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སུམ་བརྒྱའོ། །ཡབ་ནི་ཁ་དོག་བྱིན་ཞེས་བྱའོ། །ཡུམ་ནི་དགའ་བས་ ལྟ་ཞེས་བྱའོ། །སྲས་ནི་ཀུན་ཏུ་བཟང་པོ་ཞེས་བྱའོ། །རིམ་གྲོ་བ་ནི་འཇིག་རྟེན་དགའ་བ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཁ་ལོ་སྒྱུར་བའི་རྒྱལ་པོ་ཞེས་ བྱའོ༑ ༑རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བདུད་སྦངས་ཞེས་བྱའོ། །དགྲ་བཅོམ་པ་འདུས་པ་ནི་ལན་དྲུག་སྟེ། །ཐམས་ཅད་ལ་ཡང་བྱེ་བ་ཕྲག་འབུམ་འབུམ་མོ། །སྐུ་ཚེའི་ ཚད་ནི་ལོ་བརྒྱད་ཁྲི་འོ། །དམ་པའི་ཆོས་ནི་ལོ་བྱེ་བའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ལྷའི་དྲང་སྲོང་སྐྱེ་བའི་ཡུལ་ནི་ ཀུན་དུ་རྒྱས་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་ཕྱེད་དང་གཉིས་སོ། །ཡབ་ནི་དྲང་སྲོང་བཤེས་གཉེན་ཞེས་བྱའོ་།ཡུམ་ནི་ཕྱོགས་གནས་མ་ ཞེས་བྱའོ། །སྲས་ནི་སྤོས་མཆོག་རྒྱལ་པོ་ཞེས་བྱའོ། །རིམ་གྲོ་པ་ནི་ཤིན་དུ་འབྱོར་བ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མངོན་པར་ཤེས་པའི་མེ་ཏོག་ ཀུན་ཏུ་རྒྱས་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཁྱད་པར་དུ་འཕགས་པའི་བློ་ཞེས་བྱའོ། །དགྲ་བཅོམ་པ་འདུས་པ་ནི་ལན་གཉིས་ཏེ། །གཉིས་ཀ་ [285A]༄༅། །ལའང་འབུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་འབུམ་མོ་།དམ་པའི་ཆོས་ནི་ལོ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་དུ་ཟད་དོ། །དེ་བཞིན་གཤེགས་པ་སྐྱེ་བའི་དབང་པོ་སྐྱེ་བའི་ཡུལ་ནི་སྐྱེ་བོ་དགའ་བ་ཞེས་བྱའོ་།རིགས་ནི་རྒྱལ་རིགས་ སོ༑ ༑འོད་ནི་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཙམ་མོ་།ཡབ་ནི་ཟླ་རྒྱས་ཞེས་བྱའོ། །ཡུམ་ནི་རྒྱལ་དགའ་མ་ཞེས་བྱའོ་།སྲས་ནི་འཁྲུལ་པ་མེད་ པར་སེམས་ཞེས་བྱའོ། །རིམ་གྲོ་པ་ནི་ཁྱད་པར་སེམས་ཤེས་བྱའོ་།ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བདུད་འཇོམས་ཤེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ ནི་ཡིད་གཉིས་སྤོང་ཞེས་བྱའོ། །དགྲ་བཅོམ་པ་འདུས་པ་ནི་ལན་ལྔ་སྟེ། །ཐམས་ཅད་ལ་ཡང་ཁྲི་ཕྲ་གྲ་རེ་རེའོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲིའོ། །དམ་པའི་ཆོས་ཀྱང་ ལོ་བདུན་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ་།དེ་བཞིན་གཤེགས་པ་དགེ་བདུན་བརྟན་སྐྱེ་བའི་ཡུལ་ནི་བློ་གྲོས་བརྟན་པ་ཞེས་བྱའོ། །རིགས་ ནི་བྲམ་ཟེའོ། །འོད་ནི་དཔག་ཚད་ལྔ་བརྒྱའོ། །ཡབ་ནི་བཟང་པོའི་ཞེས་བྱའོ། །ཡུམ་ནི་རིན་ཆེན་མཆོག་ཅེས་བྱའོ། །སྲས་ནི་ལྷས་མཆོད་ཅེས་བྱའོ། །རིམ་གྲོ་པ་ [285B] །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་གཟི་བརྗིད་དྲག་ཤུལ་ཅན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཉམ་ཉིད་གནས་ཞེས་བྱའོ། ། འདུས་པ་ནི་ལན་གཅིག་ཏུ་ཟད་དོ། །དགྲ་བཅོམ་པ་གསུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་འབུམ་མོ། །དམ་པའི་ཆོས་ཀྱང་ལོ་འབུམ་གྱི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་ པར་འགྱུར་རོ། །འཕགས་པ་བསྐལ་བ་བཟང་པོ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། །བམ་བོ་བཅོ་ལྔ་པ། །དེ་བཞིན་གཤེགས་པ་ཕྱོགས་བཟང་སྐྱེ་བའི་ཡུལ་ ནི་རིན་པོ་ཆེའི་དོས་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བདུན་བརྒྱའོ། །ཡབ་ནི་དབྱིག་གི་འོད་ཟེར་ཞེས་བྱའོ། །ཡུམ་ནི་ཡིད་དུ་འོང་བས་བྱིན་ ཞེས་བྱའོ། །སྲས་ནི་དོན་ཡོད་དགའ་ཞེས་བྱའོ། །རིམ་གྲོ་པ་ནི་སྐར་མདའ་འདོད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཁྱད་པར་དུ་འཕགས་པའི་བློ་ཞེས་བྱའོ། ། རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དགྲ་བཅོམ་གྲགས་པ་ཞེས་བྱའོ་།དགྲ་བཅོམ་པ་འདུས་པ་ནི་ལན་ཉི་ཤུ་རྩ་དགུ་སྟེ། །ཐམས་ཅད་ལ་ཡང་བྱེ་བ་ཕྲག་ལྔ་ལྔའོ། །སྐུ་ཚེའི་ ཚད་ནི་ལོ་ཁྲི་ཅིག་སྟོང་ངོ། །དམ་པའི་ཆོས་ཀྱང་ལོ་ཁྲི་ཅིག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་།མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་ [286A]༄༅། །བཞིན་གཤེགས་པ་ཏོག་སྐྱེ་བའི་ཡུལ་ནི་ཏོག་མཆོག་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ཉི་ཤུའོ། །ཡབ་ནི་ གཞལ་མེད་མཆོག་ཅེས་བྱའོ། །ཡུམ་ནི་ཡོན་ཏན་ལྟ་ཞེས་བྱའོ། །སྲས་ནི་རྣམ་པར་སྣང་བྱེད་ཅེས་བྱའོ། །རིམ་གྲོ་པ་ནི་ཡང་སྲིད་ཐུལ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ མཆོག་ནི་ཟག་པ་མེད་པའི་སེམས་ཤེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འགོག་པ་ཐོབ་ཅེས་བྱའོ། །འདུས་པ་དང་པོ་ལ་ནི་དགྲ་བཅོམ་པ་དུང་ཕྱུར་ཕྲག་ བཞིའོ༑ ༑གཉིས་པ་ལ་ནི་དུང་ཕྱུར་ཕྲག་དྲུག་གོ་གསུམ་པ་ལ་ནི་ཐེར་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་དྲུག་སྟོང་ངོ། །དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་དུ་གནས་ སོ༑ ༑སྐུ་གདུང་ནི་རྒྱས་པར་འགྱུར་རོ། །མཆོད་རྟེན་ནི་བརྒྱད་ཁྲི་འབྱུང་ངོ། །དེ་བཞིན་གཤེགས་པ་ཡུལ་འཁོར་མེ་ཏོག་སྐྱེ་བའི་ཡུལ་ནི་ཡོན་ཏན་གྱིས་བརྒྱན་ པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བདུན་སྟོང་ངོ། །ཡབ་ནི་བསོད་ནམས་དཔལ་ཞེས་བྱའོ། །ཡུམ་ནི་མེ་ཏོག་བྱིན་ཞེས་བྱའོ། །སྲས་ནི་ པདྨ་དཀར་པོ་ཞེས་བྱའོ། །རིམ་གྲོ་པ་ནི་མེ་ཏོག་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་གྲོགས་ཐུལ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གཞན་ [286B] །འདུས་པ་ནི་ལན་བཅུ་དྲུག་སྟེ། །ཐམས་ཅད་ལ་ཡང་བྱེ་བ་ཕྲག་འབུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་བདུན་སྟོང་ངོ། །དམ་པའི་ཆོས་ ནི་ལོ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ་།དེ་བཞིན་གཤེགས་པ་ཆོས་ཀྱི་བློ་གྲོས་སྐྱེ་བའི་ཡུལ་ནི་གྲོང་ཁྱེར་འདབ་བཟང་ཞེས་བྱའོ། །རིགས་ནི་བྲམ་ ཟེའོ༑ ༑འོད་ནི་དཔག་ཚད་བདུན་ནོ། །ཡབ་ནི་ཚངས་པ་སེམས་ཤེས་བྱའོ། །ཡུལ་ནི་བསམ་པས་བྱིན་ཞེས་བྱའོ། །སྲས་ནི་ནོར་དགའ་ཞེས་བྱའོ། །རིམ་གྲོ་པ་ནི་ཤིན་ཏུ་དགེ་ ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཟླས་བྱིན་དབྱངས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཞི་བས་བྱིན་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་ཐེར་ འབུམ་མོ། །གཉིས་པ་ལ་ནི་དུང་ཕྱུར་རོ། །གསུམ་པ་ལ་ནི་དུང་ཕྱུར་ཕྲག་གསུམ་མོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་དགུ་སྟོང་ངོ་།དམ་པའི་ཆོས་ནི་ལོ་དྲུག་ཁྲི་དགུ་སྟོང་གི་ བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་རླུང་གི་ཤུགས་ལྟར་གཤེགས་པ་སྐྱེ་བའི་ཡུལ་ནི་ཤིན་ཏུ་གནས་ཞེས་བྱའོ། །རིགས་ནི་བྲམ་ ཟེའོ༑ ༑འོད་ནི་དཔག་ཚད་བཞི་ཁྲི་ཉིས་སྟོང་ངོ། །ཡབ་ནི་མི་མཐུན་པ་མེད་པའི་སེམས་ཞེས་བྱའོ། །ཡུམ་ནི་ཐར་པ་དང་ཅེས་བྱའོ། །སྲས་ནི་བེའུ་དགར་ཞེས་བྱའོ། །རིམ་གྲོ་ [287A]༄༅། །པ་ནི་མེ་ཏོག་མྱ་ངན་འཚང་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མེ་ཏོག་མནྡཱ་ར་བའི་དྲི་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ ཙནྡན་འོད་ཅེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་དགུ་བཅུ་སྟེ་།ཐམས་ཅད་ལ་ཡང་བྱེ་བ་ཕྲག་སྟོང་སྟོང་ངོ། །དམ་པའི་ཆོས་ནི་ལོ་དྲུག་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ལེགས་བསམས་གྲགས་པ་སྐྱེ་བའི་ཡུལ་ནི་བཀོད་པ་ཆེན་པོ་ཞེས་བྱའོ། ། རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་གཅིག་གོ་ཡབ་ནི་གཟི་བརྗིད་ཅེས་བྱའོ། །ཡུམ་ནི་གཟི་ལྡན་མ་ཞེས་བྱའོ། །སྲས་ནི་རླུང་སེམས་ཞེས་བྱའོ། །རིམ་གྲོ་པ་ ནི་བློ་སྙོམས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཚོགས་གསལ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གཞན་གྱིས་མི་ཐུབ་པའི་བློ་གྲོས་ཞེས་ བྱའོ༑ ༑ཉན་ཐོས་འདུས་པ་ནི་ལན་བཅུ་བཞི་སྟེ། །ཐམས་ཅད་ལའང་འབུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲིའོ། །དམ་པའི་ཆོས་ནི་ལོ་ཁྲི་བདུན་སྟོང་གི་བར་ དུ་གནས་སོ་སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་སྣང་ལྡན་སྐྱེ་བའི་ཡུལ་ནི་སྐར་མའི་འོད་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་ [287B] །ཡབ་ནི་ཀློག་གིས་བྱིན་ཞེས་བྱའོ། །ཡུམ་ནི་བཟང་སྦྱིན་མ་ཞེས་བྱའོ། །སྲས་ནི་མཆོད་དགའ་ཞེས་བྱའོ་།རིམ་གྲོ་པ་ནི་དོན་མཐོང་ཞེས་བྱའོ། ། ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བདེན་མཐོང་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་དགའ་ཞེས་བྱའོ། །འདུས་པ་ནི་ལན་བརྒྱད་དེ། །ཐམས་ ཅད་ལའང་ཐེར་འབུམ་ཕྲག་སུམ་ཅུ་སུམ་ཅུའོ། །སྐུ་ཚེའི་ཚད་ནི་ལོ་སུམ་ཁྲི་ལྔ་སྟོང་ངོ། །དམ་པའི་ཆོས་ནི་ལོ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ལྷ་ཚོགས་སྐྱེ་བའི་ཡུལ་ནི་མཚོན་ཆ་བཟང་པོ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ ནི་དཔག་ཚད་བརྒྱད་བརྒྱའོ། །ཡབ་ནི་ལྷ་མ་ཡིན་གྱི་ལྷ་ཞེས་བྱའོ། །ཡུམ་ནི་ཀླུ་འོད་མ་ཞེས་བྱའོ། །སྲས་ནི་གཙོ་མཆོག་ཅེས་བྱའོ། །རིམ་གྲོ་པ་ནི་ཏོག་འཕགས་ ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཀླུ་དབང་གྲགས་ཤེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རིན་ཆེན་གཏོང་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ ཉན་ཐོས་ཐེར་འབུམ་མོ། །གཉིས་པ་ལ་ནི་དུང་ཕྱུར་ཕྲག་གཅིག་དང་བྱེ་བ་ཕྲག་ལྔའོ། །གསུམ་པ་ལ་ནི་དུང་ཕྱུར་ཕྲག་དགུའོ་།སྐུ་ཚེའི་ཚད་ནི་ལོ་ཉི་ཁྲིའོ། །དམ་པའི་ཆོས་ནི་ལོ་ [288A]༄༅། །སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཡོན་ཏན་བསྲུངས་སྐྱེ་བའི་ཡུལ་ནི་ཡོན་ཏན་དང་ལྡན་པ་ ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་དྲུག་གོ་།ཡབ་ནི་ཡོན་ཏན་མཆོག་ཅེས་བྱའོ། །ཡུམ་ནི་ཡོན་ཏན་དཔལ་ཞེས་བྱའོ་།སྲས་ནི་རིན་ཆེན་ མཆོད་ཅེས་བྱའོ། །རིམ་གྲོ་པ་ནི་མངོན་པར་དགའ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ལེགས་པའི་བློ་གྲོས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ བླ་མ་ཞེས་བྱའོ། །འདུས་པ་ནི་ལན་བཅུ་བཞི་སྟེ། །ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་བཅུ་སུམ་བཅུ་གསུམ་མོ། །སྐུ་ཚེའི་ཚད་ནི་ལོ་ཉི་ཁྲི་སུམ་སྟོང་ངོ། །དམ་པའི་ཆོས་ནི་ ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་དོན་གྱི་བློ་གྲོས་སྐྱེ་བའི་ཡུལ་ནི་ ཆོས་གསལ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བཞི་ཁྲི་བཞི་སྟོང་ངོ། །ཡབ་ནི་མེ་ཏོག་རྒྱལ་པོ་ཞེས་བྱའོ་།ཡུམ་ནི་གྲགས་ལྡན་མ་ཞེས་བྱའོ། ། སྲས་ནི་པདྨ་ཅན་ཞེས་བྱའོ། །རིམ་གྲོ་པ་ནི་ལེགས་སྐྱེས་ཤེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མི་གནས་པའི་བློ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ [288B] །འདུས་པ་ནི་ལན་ཉི་ཤུ་རྩ་དགུ་སྟེ། །ཐམས་ཅད་ལ་ཡང་སྟོང་ཕྲག་བཅུ་གསུམ་བཅུ་གསུམ་མོ་།སྐུ་ཚེའི་ཚད་ནི་ལོ་དགུ་སྟོང་ངོ། །དམ་པའི་ཆོས་ཀྱང་ལོ་ དགུ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ་།དེ་བཞིན་གཤེགས་པ་བསྙེངས་མེད་སྐྱེ་བའི་ཡུལ་ནི་ཟིལ་གྱིས་མི་ནོན་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། ། འོད་ནི་དཔག་ཚད་སྟོང་ངོ། །ཡབ་ནི་སྟོབས་ལྷ་ཞེས་བྱའོ། །ཡུམ་ནི་ལེགས་པ་སེམས་གྲགས་མ་ཞེས་བྱའོ། །སྲས་ནི་སྐྲག་མེད་ཅེས་བྱའོ་།རིམ་གྲོ་པ་ནི་མི་སྐྲག་གནས་ཞེས་ བྱའོ༑ ༑ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་གཞན་གྱིས་མི་ཐུབ་པའི་རྒྱལ་མཚན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཚོགས་ཐུབ་ཅེས་བྱའོ། །འདུས་པ་ནི་ལན་ དགུ་སྟེ༑ ཐམས་ཅད་ལའང་ཐེར་འབུམ་ཐེར་འབུམ་མོ། །སྐུ་ཚེའི་ཚད་ལོ་ཁྲི་དགུ་སྟོང་ངོ། །དམ་པའི་ཆོས་ནི་བདུན་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་གྲོགས་བརྟན་སྐྱེ་བའི་ཡུལ་ནི་བཀོད་པ་གནས་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་ དཔག་ཚད་ཉིས་སྟོང་ངོ། །ཡབ་ནི་བཀོད་པའི་བྱིན་ཞེས་བྱའོ། །ཡུམ་ནི་དགའ་སྡུག་ཅེས་བྱའོ། །སྲས་ནི་བློ་མི་གཡོ་ཞེས་བྱའོ། །རིམ་གྲོ་པ་ནི་སེམས་སྙོམས་ཞེས་བྱའོ། ། [289A]༄༅། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བདེན་པར་གནས་ཤེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མདངས་ཀྱིས་འགྲོ་ཞེས་བྱའོ། །འདུས་ པ་ནི་ལན་བཅོ་ལྔ་སྟེ། །ཐམས་ཅད་ལའང་བྱེ་བ་ཕྲག་འབུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་བཞི་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་བཞི་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་ རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་འོད་གནས་མཚུངས་སྐྱེ་བའི་ཡུལ་ནི་བཀོད་པ་བཅོམ་པ་མེད་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་ བརྒྱད་དོ། །ཡབ་ནི་བདག་ཉིད་ཐུལ་ཞེས་བྱའོ། །ཡུམ་ནི་སྡེས་མི་ཐུབ་ཅེས་བྱའོ། །སྲས་ནི་སྣ་ཚོགས་སྡེ་ཞེས་བྱའོ། །རིམ་གྲོ་པ་ནི་ཚངས་པའི་དབྱངས་ཞེས་བྱའོ། ། ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མ་ཆགས་སེམས་ཤེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྤྱོད་པ་མ་བཅོས་པ་ཞེས་བྱའོ་།འདུས་པ་ནི་ལན་བཅུ་གཅིག་ སྟེ༑ ཐམས་ཅད་ལ་ཡང་བྱེ་བ་ཕྲག་སྟོང་སྟོང་ངོ། །སྐུ་ཚེའི་ཚད་ནི་ལོ་ཉི་ཁྲི་ལྔ་སྟོང་ངོ། །དམ་པའི་ཆོས་ནི་ལོ་བྱེ་བའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་ རོ༑ ༑དེ་བཞིན་གཤེགས་པ་ནོར་བུའི་ཞབས་སྐྱེ་བའི་ཡུལ་ནི་ནོར་བུ་གསལ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ཉི་ཤུ་རྩ་གཉིས་སོ། །ཡབ་ནི་ [289B] །ཡུམ་ནི་རིན་ཆེན་འཕགས་པ་ཞེས་བྱའོ། །སྲས་ནི་ནོར་བུའི་སྙིང་པོ་ཞེས་བྱའོ། །རིམ་གྲོ་བ་ནི་བྱམས་དགའ་ཞེས་བྱའོ། །ཤེས་རབ་ཅན་ རྣམས་ཀྱི་མཆོག་ནི་སེམས་པ་འོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མི་ཚུགས་པ་ཞེས་བྱའོ། །འདུས་པ་ནི་ལན་བཅུ་བདུན་ཏེ་ཐམས་ཅད་ལའང་བྱེ་བ་ཕྲག་ སྟོང་སྟོང་ངོ། །སྐུ་ཚེའི་ཚད་ནི་ལོ་ལྔ་ཁྲི་དྲུག་སྟོང་ངོ་།དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐར་པའི་ ཟི་བརྗིད་སྐྱེ་བའི་ཡུལ་ནི་རྣམ་པར་ཐར་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བྱེ་བའོ། །ཡབ་ནི་ཆགས་པ་མེད་པའི་སེམས་ཤེས་བྱའོ། །ཡུམ་ནི་ཡིད་ དགའ་མ་ཞེས་བྱའོ། །སྲས་ནི་སེམས་ཀྱི་རྒྱལ་པོ་ཞེས་བྱའོ། །རིམ་གྲོ་པ་ནི་མཆོད་སྦྱིན་ལེགས་མཆོད་སྦྱིན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་གཟི་བརྗིད་དགའ་ ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཆོད་འོད་ཅེས་བྱའོ། །འདུས་པ་ནི་ལན་དགུ་སྟེ། །ཐམས་ཅད་ལའང་ཐེར་འབུམ་ཐེར་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་ཉི་ཁྲི་ ཆིག་སྟོང་ངོ། །དམ་པའི་ཆོས་ནི་ལོ་ལྔ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ [290A]༄༅། །ངོས་པ་ཟད་སྐྱེ་བའི་ཡུལ་ནི་ཐུབ་པ་མེད་པ་ཞེས་བྱའོ་།རིགས་ནི་རྒྱལ་རིགས་སོ། །འོད་ནི་བ་པ་གྱ་ཚད་གསུམ་མོ། །ཡབ་ནི་མཆོད་སྦྱིན་ལེགས་ མཆོད་བྱིན་ཞེས་བྱའོ། །ཡུམ་ནི་རིན་ཆེན་འོད་ཅེས་བྱའོ། །སྲས་ནི་ཁྱད་པར་སེམས་ཞེས་བྱའོ། །རིམ་གྲོ་པ་ནི་ལེགས་བྱིན་ཞེས་བྱའོ་།ཤེས་རབ་ཅན་རྣམས་ཀྱི་མཆོག་ ནི་ཤུགས་བརྟེན་འཛིན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མདངས་ཐོ་བཙས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་བྱེ་བ་སྟོང་ཕྲག་དགུ་བཅུའོ། །གཉིས་ པ་ལ་ནི་བྱེ་བ་སྟོང་ཕྲག་ལྔའོ། །གསུམ་པ་ལ་ནི་བྱེ་བ་སྟོང་ཕྲག་བརྒྱད་དོ། །བཞི་པ་ལ་ནི་བྱེ་བ་སྟོང་ཕྲག་བཅུའོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་བརྒྱད་སྟོང་ངོ། །དམ་ པའི་ཆོས་ནི་ལོ་འབུམ་གྱི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ། །བློ་བཟང་སྐྱེ་བའི་ ཡུལ་ནི་སངས་རྒྱས་ཅན་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བྱེ་པའོ། །ཡབ་ནི་ཐར་པ་དགའ་ཞེས་བྱའོ། །ཡུམ་ནི་ཡོན་ཏན་མཐའ་ཡས་མ་ ཞེས་བྱའོ། །སྲས་ནི་སྐྱེ་བའི་མཆོད་རྟེན་ཞེས་བྱའོ། །རིམ་གྲོ་པ་ནི་ལྟ་བ་ཅན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རྩལ་བདག་ཅེས་བྱའོ། །རྫུ་འཕྲུལ་ [290B]།འདུས་པ་ནི་ལན་བདུན་ཅུ་སྟེ། །ཐམས་ཅད་ལའང་བྱེ་བ་ཕྲག་གསུམ་ཅུ་རྩ་དྲུག་དྲུག་གོ་སྐུ་ཚེའི་ཚད་ནི་ལོ་དགུ་ ཁྲི་འོ༑ ༑དམ་པའི་ཆོས་ནི་ལོ་བྱེ་བའི་བར་དུ་གནས་སོ། །སྐུ་གདུད་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཀུན་ཏུ་གཟི་བརྗིད་སྐྱེ་བའི་ཡུལ་ནི་སྒྲིབ་པ་མེད་པ་ཞེས་ བྱའོ༑ ༑རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་ཉི་ཤུ་འོ། །ཡབ་ནི་སེངྒེའི་སེམས་ཤེས་བྱའོ། །ཡུམ་ནི་སེམས་མི་འཁྲུག་ཅེས་བྱའོ། །སྲས་ནི་ལྷུན་པོའི་རྒྱལ་མཚན་ ཞེས་བྱའོ། །རིམ་གྲོ་བ་ནི་སེངྒེའི་མཐུ་རྩལ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཆོས་ཀྱིས་བལྟ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བདུད་རྩི་གྲགས་ པ་ཞེས་བྱའོ། །འདུས་པ་ནི་ལན་བཅུ་དྲུག་སྟེ། །ཐམས་ཅད་ལ་ཡང་ས་ཡ་ཕྲག་གསུམ་གསུམ་མོ། །སྐུ་ཚེའི་ཚད་ནི་ལོ་འབུམ་མོ། །དམ་པའི་ཆོས་ཀྱང་ལོ་འབུམ་གྱི་བར་དུ་ གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཡེ་ཤེས་མཆོག་སྐྱེ་བའི་ཡུལ་ནི་ཡེ་ཤེས་དམ་པ་ ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་གཅིག་གོ་།ཡབ་ནི་བློ་གྲོས་རྒྱན་མ་ཞེས་བྱའོ། །ཡུམ་ནི་བསོད་ནམས་བྱིན་ཞེས་བྱའོ། །སྲས་ནི་ཆོས་ [291A]༄༅། །དཔལ་ཞེས་བྱའོ། །རིམ་གྲོ་པ་ནི་ཆོས་དགའ་ཞེས་བྱའོ་།ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བསོད་ནམས་དག་ཅེས་བྱའོ། །རྫུ་འཕྲུལ་ཅན་ རྣམས་ཀྱི་མཆོག་ནི་འཁྲུག་མེད་གྲགས་ཞེས་བྱའོ། །འདུས་པ་ནི་ལན་དགུ་སྟེ། །ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་དགུ་དགུའོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲི་འོ། ། དམ་པའི་ཆོས་ཀྱང་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཚངས་པར་གནས་སྐྱེ་བའི་ཡུལ་ནི་བདེ་བས་མཐོང་ ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་དྲུག་གོ་ཡབ་ནི་སེམས་གསལ་ཞེས་བྱའོ། །ཡུམ་ནི་ཚངས་བྱིན་མ་ཞེས་བྱའོ། །སྲས་ནོ་གཟུངས་ཀྱི་ དབང་ཕྱུག་ཅེས་བྱའོ། །རིམ་གྲོ་བ་ནི་སྒྲ་མི་ཟད་ཅེས་བྱའོ་།ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྒྲོགས་མཁས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རིན་ ཆེན་གཏོད་ཞེས་བྱའོ། །འདུས་པ་ནི་ལན་ལྔ་བཅུ་རྩ་དྲུག་སྟེ་།ཐམས་ཅད་ལ་ཡང་བྱེ་བ་ཕྲག་བདུན་སྟོང་བདུན་སྟོང་ངོ། །སྐུ་ཚེའི་ཚད་ནི་ལོ་བྱེ་བའོ། །དམ་པའི་ཆོས་ ཀྱང་ལོ་བྱེ་བའི་བར་དུ་གནས་སོ། །སྐུ་གདུད་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་བདེན་པ་གསུང་སྐྱེ་བའི་ [291B] །རིགས་ནི་རྒྱལ་རིགས་སོ་།འོད་ནི་དཔག་ཚད་དྲུག་བརྒྱའོ། །ཡབ་ནི་སྐྱེ་བའི་དབང་པོ་ཞེས་བྱའོ། །ཡུམ་ནི་ཀུ་མུ་དའི་སོ་ཞེས་ བྱའོ༑ ༑སྲས་ནི་བདེན་དཔལ་ཞེས་བྱའོ། །རིམ་གྲོ་བ་ནི་དབང་པོ་བསྡམས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཐུ་ལྡན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་ མཆོག་ནི་གཟི་བརྗིད་ཆེན་པོ་ཞེས་བྱའོ། །འདུས་པ་ནི་ལན་བཅུ་བཞི་སྟེ། །ཐམས་ཅད་ལའང་བྱེ་བ་ཕྲག་སྟོང་སྟོང་ངོ། །སྐུ་ཚེའི་ཚད་ནི་ལེ་དགུ་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་ དགུ་ཁྲིའི་བར་དུ་གནས་སོ། །སྐུ་གདུད་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་བློ་བཟང་སྐྱེ་བའི་ཡུལ་ནི་འོད་ཟེར་རྣམ་པར་འཕྲོ་བ་ཞེས་བྱའོ། །རིགས་ནི་བྲམ་ ཟེའོ༑ ༑འོད་ནི་དཔག་ཚད་བརྒྱད་སྟོང་བཞི་བརྒྱའོ། །ཡབ་ནི་བཏུལ་ཞུགས་སེམས་ཞེས་བྱའོ། །ཡུམ་ནི་སྐར་མདའ་འཆང་ཞེས་བྱའོ། །སྲས་ནི་མཆོད་རྟེན་མཆོད་ ཅེས་བྱའོ། །རིམ་གྲོ་བ་ནི་བྱང་ཆུབ་འདོད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཤིན་དུ་བརྟན་པའི་འགྲོས་ཤེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྟོབས་ བརྟན་ཞེས་བྱའོ། །འདུས་པ་ནི་ལན་བདུན་བཅུ་རྩ་ལྔ་སྟེ། །ཐམས་ཅད་ལ་ཡང་འབུམ་ཕྲག་སུམ་བཅུ་རྩ་དྲུག་དྲུག་གོ་སྐུ་ཚེའི་ཚད་ནི་ལོ་སྟོང་ངོ། །དམ་པའི་ཆོས་ནི་ལོ་ [292A]༄༅། །སུམ་སྟོང་གི་བར་དུ་གནས་སོ། །སྐུ་གདུད་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་ པ་སྟོབས་བྱིན་སྐྱེ་བའི་ཡུལ་ནི་མ་སྨད་པ་ཞེས། །བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ལྔ་བཅུ་རྩ་དྲུག་གོ་ཡབ་ནི་གཞན་གྱིས་མི་ཐུབ་པར་ གྲགས་པ་ཞེས་བྱའོ། །ཡུམ་ནི་མེ་ཏོག་ཅན་ཞེས་བྱའོ། །སྲས་ནི་སྐྱེ་བའི་མཆོད་རྟེན་ཞེས་བྱའོ། །རིམ་གྲོ་བ་ནི་སྐྱོན་མེད་པར་གནས་པ་ཞེས་བྱའོ། །ཤེས་རབ་ ཅན་རྣམས་ཀྱི་མཆོག་ནི་ཀུན་ཏུ་འཛིན་པའི་བློ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ངེས་པར་དགའ་ཞེས་བྱའོ། །འདུས་པ་ནི་ལན་བདུན་ཅུ་རྩ་གཉིས་ ཏེ། །ཐམས་ཅད་ལ་ཡང་འབུམ་ཕྲག་སུམ་ཅུ་རྩ་གསུམ་གསུམ་མོ་སྐུ་ཚེའི་ཚད་ནི་ལོ་བྱེ་བ་ཕྲག་གསུམ་མོ། །དམ་པའི་ཆོས་ཀྱང་ལོ་བྱེ་བ་ཕྲག་གསུམ་གྱི་བར་ དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་སེངྒེ་སྟོབས་སྐྱེ་བའི་ཡུལ་ནི་དབྱངས་མཆོག་ ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བརྒྱད་བརྒྱའོ་།ཡབ་ནི་ལྷ་འདོད་ཅེས་བྱའོ། །ཡུམ་ནི་ཕན་འགྲོ་མ་ཞེས་བྱའོ་།སྲས་ནི་ལྷ་མཆོག་ [292B] །རིམ་གྲོ་བ་ནི་མྱ་ངན་སེལ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱིས་མཆོག་ནི་འདམ་ལས་རྒལ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དགྲ་བཅོམ་ སྲུངས་ཞེས་བྱའོ། །འདུས་པ་ནི་ལན་བཅུ་དྲུག་སྟེ། །ཐམས་ཅད་ལའང་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་དགུའོ། །སྐུ་ཚེའི་ཚད་ནི་ལོ་དགུ་ཁྲི་བཞི་སྟོང་ངོ། །དམ་པའི་ཆོས་ཀྱང་ལོ་ དགུ་ཁྲི་བཞི་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་མེ་ཏོག་གི་ཏོག་གི་ཏོག་སྐྱེ་བའི་ཡུལ་ནི་མེ་ཏོག་དྲི་ལྡན་ཞེས་བྱའོ། །རིགས་ནི་ རྒྱལ་རིགས་སོ། །འོད་ནི་དཔག་ཚད་ཉིས་སྟོང་ངོ། །ཡབ་ནི་དབྱིག་གི་ཟླ་བ་ཞེས་བྱའོ། །ཡུམ་ནི་མེ་ཏོག་འོད་ཅེས་བྱའོ། །སྲས་ནི་མེ་ཏོག་སོ་ཞེས་བྱའོ། །རིམ་གྲོ་པ་ནི་ལྷའི་ མེ་ཏོག་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དགྲ་བཅོམ་བྱིན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྟོན་དགའ་ཞེས་བྱའོ། །འདུས་པ་ནི་ལན་དགུ་སྟེ། ། ཐམས་ཅད་ལའང་ཐེར་འབུམ་ཕྲག་བཅུ་བཅུའོ། །སྐུ་ཚེའི་ཚད་ནི་ལོ་བྱེ་བའོ། །དམ་པའི་ཆོས་ཀྱང་ལོ་བྱེ་བའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་ མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་སྐྱེ་བའི་ཡུལ་ནི་ཡོན་ཏན་འབྱུང་གནས་ཤེས་བྱའོ་།རིགས་ནི་བྲམ་ཟེའོ། །འོད་ནི་ [293A]༄༅། །དཔག་ཚད་སྟོང་ངོ། །ཡབ་ནི་ཡོན་ཏན་མཆོད་གནས་ཤེས་བྱའོ། །ཡུམ་ནི་ཁ་ལོ་བསྒྱུར་དགའ་ཞེས་བྱའོ། །སྲས་ནི་འོད་ཟེར་བཟང་པོ་ ཞེས་བྱའོ། །རིམ་གྲོ་བ་ནི་བཀྲ་ཤིས་འཛིན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་ཏོག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འོད་བྱིན་ ཞེས་བྱའོ། །འདུས་པ་ནི་ལན་བཅུ་དྲུག་སྟེ། །ཐམས་ཅད་ལའང་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་དགུའོ། །སྐུ་ཚེའི་ཚད་ནི་ལོ་བྱེ་བའོ་།དམ་པའི་ཆོས་ཀྱང་ལོ་བྱེ་བའི་བར་དུ་ གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་མེ་ཏོག་བྱིན་སྐྱེ་བའི་ཡུལ་ནི་བསོད་ནམས་འདོད་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་ དཔག་ཚད་གཅིག་གོ་ཡབ་ནི་ལྷ་བཟང་ཞེས་བྱའོ། །ཡུམ་ནི་ཡོན་ཏན་རིན་ཆེན་བཞི་བརྗིད་ཅེས་བྱའོ། །སྲས་ནི་རྣམ་པར་ལྟ་བ་གྲགས་པའི་དཔལ་ཞེས་བྱའོ། །རིམ་ གྲོ་པ་ནི་བརྩོན་འགྲུས་ཐོབ་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡིད་ཀྱིས་དཔྱོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱིས་མཆོག་ནི་འཇིགས་མེད་བློ་ཞེས་བྱའོ། ། འདུས་པ་ནི་ལ་དྲུག་སྟེ། །ཐམས་ཅད་ལའང་དུང་ཕྱུར་ཕྲག་གསུམ་གསུམ་མོ། །སྐུ་ཚེའི་ཚད་ནི་ལོ་སྟོང་ངོ། །དམ་པའི་ཆོས་ཀྱང་ལོ་སྟོང་གི་བར་དུ་གནས་སོ། །སྐུ་ [293B]མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཡོན་ཏན་སྙིང་པོ་སྐྱེ་བའི་ཡུལ་ནི་ལྷའི་ཕོ་ཉ་ཞེས་བྱའོ། །རིགས་ནི་བྲམ་ ཟེའོ༑ ༑འོད་ནི་དཔག་ཚད་ལྔའོ། །ཡབ་ནི་ནོར་བྱིན་ཞེས་བྱའོ། །ཡུམ་ནི་རིན་ཆེན་སྟོང་ཞེས་བྱའོ། །སྲས་ནི་སྐྱོན་མེད་ཅེས་བྱའོ། །རིམ་གྲོ་བ་ནི་ཡིད་འཐད་ཅེས་བྱའོ། ། ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཏོག་མཐུ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དྲན་པས་འགྲོ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བཅུ་བདུན་ཏེ། །ཐམས་ ཅད་ལའང་ཁྲི་ཕྲག་རེ་རེར་མཚུངས་སོ། །སྐུ་ཚེའི་ཚད་ནི་ལོ་ཉི་ཁྲི་ཅིག་སྟོང་ངོ། །དམ་པའི་ཆོས་ཀྱང་ལོ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་ བཞིན་གཤེགས་པ་རིན་ཆེན་གྲགས་པ་སྐྱེ་བའི་ཡུལ་ནི་གྲགས་པ་དག་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་ཁྲི་འོ། །ཡབ་ནི་དགེ་བ་དགའ་ཞེས་ བྱའོ༑ ༑ཡུམ་ནི་སྤྱོད་ལྡན་མ་ཞེས་བྱའོ། །སྲས་ནི་སྣ་ཚོགས་སེམས་ཞེས་བྱའོ། །རིམ་གྲོ་པ་ནི་རིག་གསུམ་ལྡན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ ནི་རིགས་སྔགས་འཆང་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྨན་པ་ཆེན་པོ་ཞེས་བྱའོ། །དགྲ་བཅོམ་པ་འདུས་པ་ནི་ལན་ཉི་ཤུ་རྩ་དགུ་སྟེ། །ཐམས་ཅད་ [294A]༄༅། །ལའང་བྱེ་བ་དྲུག་ཅུ་རྩ་རེ་རེ་འོ། །སྐུ་ཚེའི་ཚད་ནི་ལོ་ཉི་ཁྲི་ཉིས་སྟོང་ངོ། །དམ་པའི་ཆོས་ཀྱང་བྱེ་བ་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་ པར་འགྱུར་རོ། །དེ་བཞིན་གཤེགས་པ་གྲགས་པ་རྨད་དུ་བྱུང་བ་སྐྱེ་བའི་ཡུལ་ནི་ལྷའི་ཕོ་ཉ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ་།འོད་ནི་དཔག་ཚད་སྟོང་ ངོ། །ཡབ་ནི་བསོད་ནམས་དགའ་ཞེས་བྱའོ། །ཡུམ་ནི་བསོད་ནམས་ཅན་ཞེས་བྱའོ། །སྲས་ནི་བསོད་ནམས་ཆེན་པོ་ཞེས་བྱའོ། །རིམ་གྲོ་པ་ནི་བསོད་ནམས་ མི་དམན་པ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཆོས་ཀྱི་རྒྱལ་མཚན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སེངྒེའི་སྟབས་ལྟར་འགྲོ་ཞེས་བྱའོ། ། འདུས་པ་ནི་ལན་བཅུ་བཞི་སྟེ། །ཐམས་ཅད་ལའང་ཁྲི་ཕྲག་རེ་རེའོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་འོ། །དམ་པའི་ཆོས་ནི་ལོ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་ རིལ་པོ་གཅིག་འདུག་གོ་ཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་མི་མཚུངས་པ་སྐྱེ་བའི་ཡུལ་ནི་བལྟ་ན་སྡུག་ཅེས་བྱའོ་།རིགས་ནི་བྲམ་ ཟེའོ༑ ༑འོད་ནི་དཔག་ཚད་ལྔ་བཅུ་རྩ་ལྔའོ། །ཡབ་ནི་འོད་གསལ་ཞེས་བྱའོ། །ཡུམ་ནི་སྣང་བ་མཐའ་ཡས་མ་ཞེས་བྱའོ། །སྲས་ནི་སྤོངས་པའི་བློ་ཞེས་བྱའོ། །རིམ་གྲོ་པ་ [294B] །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྤོབས་པའི་ལྷ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རྒོལ་བ་རབ་འཇོམས་ཞེས་བྱའོ། ། ཉན་ཐོས་འདུས་པ་ནི་ལན་དྲུག་སྟེ། །ཐམས་ཅད་ལ་ཡང་བྱེ་བ་ཕྲག་དགུ་དགུའོ། །སྐུ་ཚེའི་ཚད་ནི་ལོ་ཁྲི་སུམ་སྟོང་ངོ། །དམ་པའི་ཆོས་ནི་ལོ་དྲུག་སྟོང་གི་བར་དུ་གནས་སོ། ། སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་བསྙེངས་མེད་སྐྱེ་བའི་ཡུལ་ནི་གཟི་བརྗིད་སྐྱེ་བ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ཉི་ ཤུ་རྩ་བདུན་ནོ། །ཡབ་ནི་ཡུལ་འཁོར་ལྷ་ཞེས་བྱའོ། །ཡུམ་ནི་ཚངས་དབྱངས་མ་ཞེས་བྱའོ། །སྲས་ནི་དབྱངས་མཁས་ཤེས་བྱའོ་།རིམ་གྲོ་པ་ནི་རྒོལ་བས་མཆོད་ ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྐར་མདའ་འཆང་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གཞལ་མེད་མཆོག་ཅེས་བྱའོ། །ཉན་ཐོས་འདུས་པ་ ནི་ལན་སུམ་ཅུ་སྟེ། །ཐམས་ཅད་ལའང་ཐེར་འབུམ་ཕྲག་ཉི་ཤུ་རྩ་གཉིས་གཉིས་སོ། །སྐུ་ཚེའི་ཚད་ནི་ལོ་ལྔ་སྟོང་ངོ། །དམ་པའི་ཆོས་ནི་ལོ་ཉི་ཁྲི་ཅིག་སྟོང་གི་བར་དུ་ གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཉི་མའི་འོད་སྐྱེ་བའི་ཡུལ་ནི་བསོད་ནམས་གཟི་ [295A]༄༅། །བརྗིད་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བརྒྱད་ཁྲིའོ། །ཡབ་ནི་བདེན་པ་བྱིན་ཞེས་བྱའོ། །ཡུམ་ནི་རིན་ཆེན་བློ་ གྲོས་མ་ཞེས་བྱའོ།སྲས་ནི་སྐྱི་བའི་དབང་པོས་བྱིན་ཞེས་བྱའོ་།རིམ་གྲོ་པ་ནི་དྲི་ཟའི་བློ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཐོས་པའི་འབྱུང་གནས་ ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ལྷ་ཆོས་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བརྒྱད་དེ། །ཐམས་ཅད་ལའང་ཐེར་འབུམ་བདུན་ཅུ་བདུན་ ཅུའོ། །སྐུ་ཚེའི་ཚད་ནི་ལོ་བཞི་ཁྲི་འོ། །དམ་པའི་ཆོས་ནི་ལོ་ཁྲི་དགུ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཚངས་ པར་གཤེགས་སྐྱེ་བའི་ཡུལ་ནི་སྙན་པ་མ་སྨན་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བརྒྱའོ། །ཡབ་ནི་ཐུབ་ལྡན་ཞེས་བྱའོ། །ཡུམ་ནི་ང་རྒྱལ་ དང་རྒྱགས་པ་ལས་རྣམ་པར་གྲོལ་བ་ཞེས་བྱའོ། །སྲས་ནི་མཚན་གྱིས་རྣམ་པར་སྤྲས་པ་ཞེས་བྱའོ། །རིམ་གྲོ་བ་ནི་ཡིད་མི་སྐྱོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་ མཆོག་ནི་མཁས་པའི་བློ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཚངས་པའི་སྒྲ་དབྱངས་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བཅྭ་ལྔ་སྟེ། །ཐམས་ [295B] །སྐུ་ཚེའི་ཚད་ནི་ལོ་སུམ་ཁྲི་བདུན་སྟོང་ངོ། །དམ་པའི་ཆོས་ཀྱང་ལོ་ཉི་ཁྲི་བདུན་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། ། དེ་བཞིན་གཤེགས་པ་ལྷའི་མཐུ་རྩལ་སྐྱེ་བའི་ཡུལ་ནི་མངོན་དུ་འགྲོ་བར་བྱ་བ་ཞེས་བྱའོ། །རིགས་ནི་རྒྱས་རིགས་སོ། །འོད་ནི་དཔག་ཚད་སྟོང་ངོ། །ཡབ་ནི་ཐམས་ ཅད་བྱིན་ཞེས་བྱའོ། །ཡུམ་ནི་བློ་གྲོས་བཟང་མོ་ཞེས་བྱའོ། །སྲས་ནི་ཐམས་ཅད་འདོད་ཅེས་བྱའོ། །རིམ་གྲོ་བ་ནི་མངོན་པར་གྲགས་ཞེས་བྱའོ། །ཤེས་རབ་ཅན་ རྣམས་ཀྱི་མཆོག་ནི་གཟི་བརྗིད་བཟང་པོ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དྲི་མ་མེད་པའི་སྙིང་པོ་ཞེས་བྱའོ་།ཉན་ཐོས་འདུས་པ་ནི་ལན་བརྒྱ་སྟེ་ ཐམས་ཅད་ལའང་བྱེ་བ་ཕྲག་ལྔ་ལྔའོ། །སྐུ་ཚེའི་ཚད་ནི་ལོ་འབུམ་མོ། །དམ་པའི་ཆོས་ནི་ལོ་བརྒྱད་སྟོང་གི་བར་དུ་གནས་སོ་།སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་ བཞིན་གཤེགས་པ་ཡེ་ཤེས་དགྱེས་སྐྱེ་བའི་ཡུལ་ནི་དགའ་བ་དང་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་ལྔའོ། །ཡབ་ནི་འཕགས་པ་དད་ཅེས་ བྱའོ༑ ༑ཡུམ་ནི་ལྷ་མཆོད་མ་ཞེས་བྱའོ། །སྲས་ནི་མཆོད་འོས་ཞེས་བྱའོ། །རིམ་གྲོ་བ་ནི་འཇིག་རྟེན་མཆོད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་སྟོང་ [296A]༄༅། །གི་གཟི་བརྗིད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཉམ་པར་གནས་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་གསུམ་ཅུ་རྩ་གཅིག་ སྟེ༑ ཐམས་ཅད་ལའང་སུམ་ཁྲི་སུམ་ཁྲི་འོ། །སྐུ་ཚེའི་ཚད་ནི་ལོ་དགུ་སྟོང་གི་བར་དུ་གནས་སོ། །སྐུ་གདུད་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ལྷ་བདེན་ སྐྱེ་བའི་ཡུལ་ནི་ལྷས་མཆོད་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ་།འོད་ནི་མཐའ་ཡས་སོ། །ཡབ་ནི་མཆོད་འོས་ཞེས་བྱའོ། །ཡུམ་ནི་མཆོད་འདོད་མ་ཞེས་ བྱའོ༑ ༑སྲས་ནི་ཚངས་པའི་འཁོར་ལོ་ཞེས་བྱའོ། །རིམ་གྲོ་པ་ནི་འཇིག་རྟེན་ལྷ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འཇིག་རྟེན་མཆོད་ནས་ཞེས་བྱའོ། །རྫུ་ འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བློ་བཟང་ཤེས་བྱའོ། །འདུས་པ་ནི་ལན་སྟོང་ངོ། །ཐམས་ཅད་ལའང་ཐེར་འབུམ་ཕྲག་དྲུག་དྲུག་གོ་།སྐུ་ཚེའི་ཚད་ནི་ལོ་སུམ་ཁྲི་ ཆིག་སྟོང་ངོ། །དམ་པའི་ཆོས་ནི་ལོ་བདུན་ཁྲི་བརྒྱད་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་ཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་ བཞིན་གཤེགས་པ་ནོར་བུའི་སྙིང་བོ་སྐྱེ་བའི་ཡུལ་ནི་ཡོན་ཏན་ཐམས་ཅད་ཀྱི་མཛེས་པར་བྱས་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སྟོང་ [296B] །ཡབ་ནི་མིའི་ཟླ་བ་ཞེས་བྱའོ། །ཡུམ་ནི་རིན་ཆེན་སྒྲོན་ན་ཞེས་བྱའོ། །སྲས་ནི་ཕྱོགས་ཀྱི་མཐུ་རྩལ་ཞེས་བྱའོ། །རིམ་གྲོ་བ་ནི་ཡོན་ཏན་འཕེལ་ཞེས་བྱའོ། །ཤེས་ རབ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་ངེས་ཤེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བློ་མི་འཁྲུལ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བཞི་བཅུ་རྩ་དགུ་སྟེ། ཐམས་ ཅད་ལའང་བྱེ་བ་ཕྲག་ལྔ་བཅུ་རྩ་གསུམ་གསུམ་མོ། །སྐུ་ཚེའི་ཚད་ནི་ལོ་ལྔ་ཁྲི་ལྔ་སྟོང་ངོ། །དམ་པའི་ཆོས་ནི་ལོ་ལྔ་ཁྲི་ཅིག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་ གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཡོན་ཏན་གྲགས་སྐྱེ་བའི་ཡུལ་ནི་རིན་པོ་ཆེའི་སྒྲོན་མ་ཞེས་བྱའོ། །རིགས་ནི་རྒྱལ་ རིགས་སོ། །འོད་ནི་དཔག་ཚད་གསུམ་མོ། །ཡབ་ནི་འཕགས་པའི་ལྷ་ཞེས་བྱའོ། །ཡུམ་ནི་ཤིན་ཏུ་མཛེས་མ་ཞེས་བྱའོ། །སྲས་ནི་དྲང་སྲོང་བྱིན་ཞེས་བྱའོ། །རིམ་ གྲོ་པ་ནི་སྤོང་དགའ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་སེམས་དཔལ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དབང་ཕྱུག་ཆེན་པོ་ཞེས་ བའོ༑ ༑འདུས་པ་དང་པོ་ལ་ནི་ཉན་ཐོས་བྱེ་བ་ཕྲག་དྲུག་གོ་།གཉིས་པ་ལ་ནི་བྱེ་བ་ཕྲག་བདུན་ནོ། །གསུམ་པ་ལ་ནི་བྱེ་བ་ཕྲག་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་ཁྲི་ཆིག་ [297A]༄༅། །སྟོང་ངོ། །དམ་པའི་ཆོས་ནི་ལོ་བདུན་གྱི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་དཔག་ཚད་བརྒྱད་ སྟོང་དྲུག་བརྒྱ་པ་སྟེ། །གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཡེ་ཤེས་དཔལ་སྐྱེ་བའི་ཡུལ་ནི་ཡོན་ཏན་ཕུང་པོ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ ཚད་ཁྲིའོ། །ཡབ་ནི་སྐྱེ་བོའི་མཆོད་རྟེན་ཞེས་བྱའོ། །ཡུམ་ནི་ཡོན་ཏན་ཟླ་བ་ཞེས་བྱའོ། །སྲས་ནི་སྐལ་ལྡན་ཤིང་རྟ་ཞེས་བྱའོ་།རིམ་གྲོ་པ་ནི་ཉི་མའི་ལྷ་ཞེས་བྱའོ། །ཤེས་རབ་ཅན་ རྣམས་ཀྱི་མཆོག་ནི་མཐུ་རྩལ་མཆོག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་གྲགས་པ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་ཉི་ཤུ་རྩ་གཉིས་སྟེ་ ཐམས་ཅད་ལའང་བྱེ་བ་ཕྲག་འབུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་བདུན་སྟོང་ངོ། །དམ་པའི་ཆོས་ཀྱང་ལོ་འདུན་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། ། དེ་བཞིན་གཤེགས་པ་བཅིངས་མེད་སྐྱེ་བའི་ཡུལ་ནི་འོད་མཐའ་ཡས་ལ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་སུམ་བཅུ་རྩ་བཞི་པའོ། །ཡབ་ནི་ཆུ་ ལྷའི་ལྷ་ཞེས་བྱའོ། །ཡུམ་ནི་ཟླ་ལྡན་མ་ཞེས་བྱའོ། །སྲས་ནི་དགེ་མཆོག་རྒྱལ་པོ་ཞེས་བྱའོ། །རིམ་གྲོ་བ་ནི་ཡོན་ཏན་གསལ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ [297B] །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡིད་དུ་འོང་བར་གནས་པ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་སུམ་ཅུ་རྩ་གསུམ་སྟེ། ཐམས་ཅད་ ལའང་ཐེར་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་སུམ་སྟོང་ངོ། །དམ་པའི་ཆོས་ནི་ལ་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་ རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་བརྟུལ་ཞུགས་བརྟན་སྐྱེ་བའི་ཡུལ་ནི་མ་སྨད་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སྟོང་ངོ། །ཡབ་ ནི་སྤོས་ལྡན་ཞེས་བྱའོ། །ཡུམ་ནི་ཡིད་འོང་སྤོས་ཞེས་བྱའོ། །སྲས་ནི་གུན་ཏུ་གཟི་བརྗིད་ཅེས་བྱའོ། །རིམ་གྲོ་བ་ནི་ཡེ་ཤེས་རྣམ་པར་འཐོར་ཞེས་བྱའོ། །ཤེས་རབ་ཅན་ རྣམས་ཀྱི་མཆོག་ནི་ཡེ་ཤེས་མཛེས་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་ཉི་མ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བཅུ་སུམ་སྟེ། །ཐམས་ཅད་ ལའང་དུད་ཕྱུར་ཕྲག་བརྒྱད་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་འབུམ་མོ། །དམ་པའི་ཆོས་ནི་ལོ་ཁྲི་དྲུག་སྟོང་གི་བར་དུ་གནས་སོ་།སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་ གཤེགས་པ་ལྷའི་གཟི་བརྗིད་སྐྱེ་བའི་ཡུལ་ནི་འགྲོ་བའི་གཟི་བརྗིད་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་དྲུག་གོ་ཡབ་ནི་ལྷས་བསྲུངས་ཞེས་བྱའོ། ། [298A]༄༅། །ཡུམ་ནི་ཐར་པ་ལྷ་ཞེས་བྱའོ། །སྲས་ནི་ལྷ་ལ་དང་ཅེས་བྱའོ། །རིམ་གྲོ་བ་ནི་སྲིད་གསུམ་མྱ་ངན་མེད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ ཀྱི་མཆོག་ནི་ཡེ་ཤེས་རྩེ་མོ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྙན་པར་གྲགས་ཤེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བདུན་བཅུ་སྟེ། །ཐམས་ཅད་ལའང་ ཉིས་འབུམ་ཉིས་འདུས་མོ། །སྐུ་ཚེའི་ཚད་ནི་ལོ་བྱེ་བའོ། །དམ་པའི་ཆོས་ནི་ལོ་ཐེར་འབུམ་གྱི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་ པ་ཚངས་པ་ཐུབ་སྐྱེ་བའི་ཡུལ་ནི་ལེགས་བསམས་གྲགས་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བརྒྱའོ། །ཡབ་ནི་མ་སྨད་པ་ཞེས་བྱའོ། །ཡུམ་ནི་ དབང་པོ་དུལ་ཞེས་བྱའོ། །སྲས་ནི་ཕྱག་དགའ་ཞེས་བྱའོ། །རིམ་གྲོ་བ་ནི་ཞི་གནས་དགའ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མེ་ཏོག་དགའ་ཞེས་བྱའོ་ །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དབྱངས་སྙན་ཞེས་བྱའོ་།ཉན་ཐོས་འདུས་པ་ནི་ལན་ཉི་ཤུ་རྩ་བཞི་སྟེ། །ཐམས་ཅད་ལའང་ཐེར་འབུམ་ཐེར་འབུམ་མོ། །སྐུ་ཚེའི་ ཚད་ནི་ལོ་དྲུག་ཁྲི་དྲུག་སྟོང་ངོ། །དམ་པའི་ཆོས་ནི་ལོ་བཞི་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་དལ་ [298B] །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བདུན་ནོ། ཡབ་ནི་ཡོན་ཏན་ཕུང་པོ་ཞེས་བྱའོ། །ཡུམ་ནི་ ཡོན་ཏན་གྱིས་ཚོགས་ཞེས་བྱའོ། །སྲས་ནི་ཀུན་ཏུ་གསལ་ཞེས་བྱའོ་།རིམ་གྲོ་བ་ནི་ཚོགས་དབྱངས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་གྲགས་མཛེས་ ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་ཀུན་འབྱུང་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་དགུ་བཅུ་སྟེ། །ཐམས་ཅད་ལའང་འབུམ་ཕྲག་བཅུ་དྲུག་བཅུ་ དྲུག་གོ་སྐུ་ཚེའི་ཚད་ནི་ལོ་ལྔ་ཁྲི་བདུན་སྟོང་ངོ། །དམ་པའི་ཆོས་ནི་ལོ་ལྔ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ ཟད་དོ༑ ༑དེ་བཞིན་གཤེགས་པ་བརྟུལ་ཞུགས་དཀའ་ཐུབ་སྐྱེ་བའི་ཡུལ་ནི་འོད་ཆེན་པོ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་དྲུག་གོ་ཡབ་ནི་འོད་ ཟེར་ཆེན་པོ་ཞེས་བྱའོ། །ཡུམ་ནི་ཡིད་འོང་གཟི་བརྗིད་ཅེས་བྱའོ་།སྲས་ནི་བཞིན་མ་ཞུམ་ཞེས་བྱའོ། །རིམ་གྲོ་བ་ནི་ངོམས་པ་མེད་པའི་བློ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་ མཆོག་ནི་ཡེ་ཤེས་ཚོགས་ཤེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྒྲིབ་མེད་མ་རྨོངས་པ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བཅུ་དྲུག་སྟེ། །ཐམས་ཅད་ལའང་ [299A]༄༅། །ཐེར་འབུམ་ཕྲག་སྟོང་སྟོང་ངོ། །སྐུ་ཚེ་འི་ཚད་ནི་ལོ་དྲུག་ཁྲི་ཉིས་སྟོང་ངོ། །དམ་པའི་ཆོས་ནི་ལོ་དྲུག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་འོད་ཟེར་ཕུང་པོ་སྐྱེ་བའི་ཡུལ་ནི་ཀླུ་འོད་ཅེས་བྱའོ། །རིགས་ནི་རྒྱལ་རིགས་ སོ༑ ༑འོད་ནི་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་བཅུ་ཚམ་མོ། །ཡབ་ནི་འོད་ཆེན་པོ་ཞེས་བྱའོ། །ཡུམ་ནི་འཇིག་རྟེན་སྨོན་མ་ཞེས་བྱའོ། །སྲས་ནི་གཟི་ བརྗིད་མེ་ཏོག་ཅེས་བྱའོ། །རིམ་གྲོ་བ་ནི་གཟི་བརྗིད་ཐུལ་ཞེས་བྱའོ་།ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་པད་མའི་དྲི་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཐུབ་ པ་མེད་པའི་མཐུ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བཅུ་དྲུག་སྟེ། །ཐམས་ཅད་ལའང་ཉི་ཁྲི་ཉི་ཁྲིའོ། །སྐུ་ཚེའི་ཚད་ནི་ལོ་སུམ་ཁྲིའོ། །དམ་པའི་ཆོས་ནི་ལོ་ཁྲི་ དྲུག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ་།དེ་བཞིན་གཤེགས་པ་གཟི་བརྗིད་ཆེན་པོ་སྐྱེ་བའི་ཡུལ་ནི་གཟི་བརྗིད་ཁྱད་པར་དུ་འཕགས་པ་ ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སུམ་བརྒྱའོ་།ཡབ་ནི་འགྲོས་བརྟན་ཞེས་བྱའོ། །ཡུམ་ནི་དབང་བསྒྱུར་མ་ཞེས་བྱའོ། །སྲས་ནི་འོད་གསལ་ [299B] །རིམ་གྲོ་བ་ནི་འཇམ་པའི་དབྱངས་ཤེས་བྱའོ་།ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཤེས་རབ་ཕུང་པོ་ཞེས་བྱའོ་།རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཆོག་ གི་བློ་གྲོས་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བཅུ་སྟེ། །ཐམས་ཅད་ལའང་ཐེར་འབུམ་ཕྲག་གསུམ་གསུམ་མོ། །སྐུ་ཚེའི་ཚད་ནི་ལོ་བྱེ་བའོ། །དམ་པའི་ཆོས་ནི་ལོ་ བདུན་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཙམྤ་ཀ་སྐྱེ་བའི་ཡུལ་ནི་སྤོས་ ལྡན་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་དྲུག་ཅུའོ་།ཡབ་ནི་བསོད་ནམས་འོད་ཅེས་བྱའོ། །ཡུམ་ནི་མཐོང་ན་ཡིད་འོང་ཞེས་བྱའོ། །སྲས་ནི་སེངྒེའི་ ལྟ་སྟངས་ཞེས་བྱའོ། །རིམ་གྲོ་བ་ནི་གླང་པོ་ཆེའི་ལྟ་སྟངས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རྒྱལ་མཆོག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ བསོད་ནམས་རྒྱལ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བྱེ་བ་ཕྲག་བཅུ་སྟེ། །ཐམས་ཅད་ལའང་བྱེ་བ་ཕྲག་བཅུ་དགུ་བཅུ་དགུའོ་།སྐུ་ཚེའི་ཚད་ནི་ལོ་སུམ་ཁྲི་བདུན་སྟོང་ ངོ༑ ༑དམ་པའི་ཆོས་ནི་ལོ་ཁྲི་བརྒྱད་སྟོང་གི་བར་དུ་གནས་སོ་།སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་དགའ་མཛད་སྐྱེ་བའི་ཡུལ་ནི་དགའ་མཆོག་ [300A]༄༅། །ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་གླིང་ཆེན་པོ་བཞི་པ་བཅོ་ལྔ་ཙམ་མོ། །ཡབ་ནི་དགའ་འོད་ཅེས་ བྱའོ༑ ༑ཡུམ་ནི་མཆོད་འོས་མ་ཞེས་བྱའོ། །སྲས་ནི་ཀླུ་སྤོས་ཞེས་བྱའོ། །རིམ་གྲོ་བ་ནི་ཚུལ་ཁྲིམས་འོད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བདེན་སྨྲ་ དབྱངས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཆོས་སྨྲ་དབྱངས་ཤེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བཅུ་དྲུག་སྟེ་།ཐམས་ཅད་ལའང་ཁྲི་ཕྲག་བརྒྱད་ སྟོང་བརྒྱད་སྟོང་ངོ། །སྐུ་ཚེའི་ཚད་ནི་ལོ་ལྔ་སྟོང་ངོ་།དམ་པའི་ཆོས་ཀྱང་ལོ་ལྔ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་ གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཚོགས་ཅན་བཟང་པོ་སྐྱེ་བའི་ཡུལ་ནི་ཚོགས་ལྡན་གསལ་བ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བཞི་ ཁྲིའོ༑ ༑ཡབ་ནི་ཉི་མའི་ཏོག་ཅེས་བྱའོ། །ཡུམ་ནི་ཉི་མའི་སྙིང་པོ་ཞེས་བྱའོ། །སྲས་ནི་འགྲོས་མཛེས་ཤེས་བྱའོ། །རིམ་གྲོ་བ་ནི་ནོར་ལྷའི་བུ་དགའ་ཞེས་བྱའོ། །ཤེས་ རབ་ཅན་རྣམས་ཀྱི་མཆོག་ནི་བྱང་ཆུབ་དགའ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བསོད་ནམས་འབྱུང་གནས་ཞེས་བྱའོ་།ཉན་ཐོས་འདུས་པ་ནི་ [300B] །ཐམས་ཅད་ལའང་དུང་ཕྱུར་ཕྲག་བདུན་ནོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །དམ་པའི་ཆོས་ནི་ལོ་བདུན་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་ པར་འགྱུར་རོ། །དེ་བཞིན་གཤེགས་པ་དབང་པོའི་རྒྱལ་མཚན་སྐྱེ་བའི་ཡུལ་ནི་རིན་པོ་ཆེའི་རྒྱལ་མཚན་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ སྟོང་ངོ། །ཡབ་ནི་བསོད་ནམས་རྒྱལ་མཚན་ཞེས་བྱའོ། །ཡུམ་ནི་ཡོན་ཏན་རྒྱལ་མཚན་ཞེས་བྱའོ། །སྲས་ནི་ཆོས་ཀྱི་བློ་ཞེས་བྱའོ་།རིམ་གྲོ་པ་ནི་འཁྲུལ་མེད་ བློ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡིད་འོང་སེམས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དགེ་བའི་ཚོགས་ཞེས་བྱའོ། །ཉན་ཐོས་འདུས་པ་ ནི་ལན་བཅུ་དྲུག་སྟེ། །ཐམས་ཅད་ལའང་དུང་ཕྱུར་ཕྲག་བརྒྱད་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་བདུན་འབུམ་མོ། །དམ་པའི་ཆོས་ནི་ལོ་ཁྲི་དྲུག་སྟོང་གི་བར་དུ་གནས་ སོ༑ ༑སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོ་སྐྱེ་བའི་ཡུལ་ནི་ཡོན་ཏན་སྟོང་སྙེད་སྣང་ཞེས་བྱའོ་།རིགས་ནི་བྲམ་ཟེའོ། །འོད་ ནི་དཔག་ཚད་བཅུ་དྲུག་གོ་ཡབ་ནི་མཛོད་མཐའ་ཡས་ཞེས་བྱའོ། །ཡུམ་ནི་ཡེ་ཤེས་འཇིགས་མེད་མ་ཞེས་བྱའོ། །སྲས་ནི་བྱང་ཆུབ་སེམས་ཞེས་བྱའོ། །རིམ་ [301A]༄༅། །གྲོ་བ་ནི་བརྩོན་འགྲུས་བརྟན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མ་སྨད་གྲགས་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་ མཆོག་ནི་ཡིད་འོང་འདོད་ཅེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་ཉི་ཤུ་རྩ་གཅིག་སྟེ། །ཐམས་ཅད་ལའང་འབུམ་འབྲམ་མོ། །སྐུ་ཚེའི་ཚད་་ལོ་སྟོང་ངོ་ །དམ་པའི་ཆོས་ནི་ལོ་འབུམ་གྱི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་སྣ་མའི་མེ་ཏོག་འོད་སྐྱེ་བའི་ཡུལ་ནི་མེ་ཏོག་གཟི་ བརྗིད་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བདུན་བརྒྱའོ། །ཡབ་ནི་མེ་ཏོག་བླ་མ་ཞེས་བྱའོ། །ཡུམ་ནི་མེ་ཏོག་ཅན་ཞེས་བྱའོ། །སྲས་ནི་ མེ་ཏོག་ཟླ་བ་ཞེས་བྱའོ། །རིམ་གྲོ་བ་ནི་མེ་ཏོག་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་མེ་ཏོག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ ཀྱི་མཆོག་ནི་པད་མ་དཀར་པོའི་སྙིང་པོ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་སྟོང་སྟེ། །ཐམས་ཅད་ལའང་དྲུག་འབུམ་དྲུག་ཁྲི་དྲུག་ཁྲིའོ། །སྐུ་ཚེའི་ཚད་ནི་ལོ་ དུང་ཕྱུར་ཕྲག་བརྒྱད་དོ། །དམ་པའི་ཆོས་ཀྱང་ལོ་དུང་ཕྱུར་ཕྲག་བརྒྱད་ཀྱི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཚོགས་ [301B]།རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བཅུ་བཞིའོ། །ཡབ་ནི་ཡོན་ཏན་འོད་ཅེས་བྱའོ། །ཡུམ་ནི་ལྷས་ མཆོད་མ་ཞེས་བྱའོ། །སྲས་ནི་བསོད་ནམས་གསལ་ཞེས་བྱའོ། །རིམ་གྲོ་བ་ནི་གྲགས་པ་གསལ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་གསལ་ ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འཕགས་པ་གསལ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བཅུ་དྲུག་སྟེ། །ཐམས་ཅད་ལའང་དགུ་ཁྲི་དགུ་ཁྲིའོ། །སྐུ་ ཚེའི་ཚད་ནི་ལོ་བདུན་སྟོང་ངོ། །དམ་པའི་ཆོས་ཀྱང་ལོ་བདུན་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་།མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། ། དེ་བཞིན་གཤེགས་པ་སྐྲུན་པར་མཛད་པ་སྐྱེ་བའི་ཡུལ་ནི་ཤིན་དུ་མཛེས་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བཞི་བཅུ་རྩ་གཉིས་སོ། །ཡབ་ནི་ ཁུར་སྟོབས་ཅན་ཞེས་བྱའོ། །ཡུམ་ནི་ཉི་མ་ཅན་ཞེས་བྱའོ། །སྲས་ནི་གྲགས་པའི་དབང་པོ་ཞེས་བྱའོ། །རིམ་གྲོ་བ་ནི་ཏོག་གི་ཕུང་པོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ ཀྱི་མཆོག་ནི་རིན་ཆེན་དཔལ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཐུ་དཔལ་བྱའོ། །ཉན་ཐོས་འདུས་པ་ནི་ལན་བཅུ་སུམ་སྟེ་།ཐམས་ཅད་ལའང་ [302A]༄༅། །ཐེར་འབུམ་ཐེར་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་དྲུག་བརྒྱའོ། །དམ་པའི་ཆོས་ཀྱང་ལོ་དྲུག་བརྒྱའི་བར་དུ་གནས་སོ་།སྐུ་གདུང་ནི་རིལ་པོ་ གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་མདངས་འགྲོ་སྐྱེ་བའི་ཡུལ་ནི་བཀོད་པ་ཡིད་དུ་འོང་བ་ཞེས་བྱའོ། །རིགས་ནི་ རྒྱལ་རིགས་སོ། །འོད་ནི་དཔག་ཚད་ལྔའོ། །ཡབ་ནི་སེངྒེས་རྣམས་པར་རོལ་པ་ཞེས་བྱའོ། །ཡུམ་ནི་ཡོན་ཏན་ཕུང་པོ་ཞེས་བྱའོ། །སྲས་ནི་མཐའ་ཡས་མིག་ ཅེས་བྱའོ། །རིམ་གྲོ་བ་ནི་བརྩོན་འགྲུས་མི་གཏོང་བ་ཞེས་བྱའོ་།ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བརྩོན་འགྲུས་ཕུང་པོ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ ཀྱི་མཆོག་ནི་ཀུན་ཏུ་མཐུ་རྩལ་ཅན་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་ཉི་ཤུ་རྩ་གཅིག་སྟེ། །ཐམས་ཅད་ལའང་ཐེར་འབུམ་ཐེར་འབུམ་མོ། །སྐུ་ཚེའི་ཚད་ ནི་ལོ་དྲུག་ཁྲི་དགུ་སྟོང་ངོ། །དམ་པའི་ཆོས་ནི་ལོ་བདུན་ཁྲི་ཅིག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་ པ་དོན་ལེགས་ངེས་སྐྱེ་བའི་ཡུལ་ནི་ཡོན་ཏན་དེས་པ་ཞེས་བྱའོ་།རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་དགུ་བཅུ་རྩ་དགུའོ་།ཡབ་ནི་དོན་གྱི་ [302B] །ཡུམ་ནི་གཟི་བརྗིད་དཔག་མེད་མ་ཞེས་བྱའོ། །སྲས་ནི་གྲགས་པ་དཔག་མེད་ཅེས་བྱའོ། །རིམ་གྲོ་བ་ནི་མཐུ་རྩལ་ཆེན་པོ་ཞེས་བྱའོ། །ཤེས་ རབ་ཅན་རྣམས་ཀྱི་མཆོག་ནི་འགྲོ་བའི་བཤེས་གཉེན་ཞེས་བྱའོ་།རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གཟི་བརྗིད་དཔག་ཏུ་མེད་ཅེས་བྱའོ། །ཉན་ཐོས་འདུས་པ་ནི་ ལན་དྲུག་སྟེ། །ཐམས་ཅད་ལའང་འབུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་ཁྲི་གཅིག་སྟོང་ངོ། །དམ་པའི་ཆོས་ཀྱང་ལོ་ཁྲི་ཅིག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་ རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཁྱུ་མཆོག་སྐྱེ་བའི་ཡུལ་ནི་ལྷས་མཆོད་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། ། འོད་ནི་དཔག་ཚད་སྟོང་ངོ། །ཡབ་ནི་ས་མཆོག་ཅེས་བྱའོ། །ཡུམ་ནི་དྲི་མེད་བློ་གྲོས་མ་ཞེས་བྱའོ། །སྲས་ནི་ཐུབ་མེད་སྡེ་ཞེས་བྱའོ་།རིམ་གྲོ་པ་ནི་ཀུན་ཏུ་མཐུ་ རྩལ་ཅན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ལྷས་མཆོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ལུས་པ་མེད་པའི་བློ་ཞེས་བྱའོ། །ཉན་ཐོས་ འདུས་པ་ནི་ལན་དུང་ཕྱུར་ཕྲག་བདུན་ཏེ། །ཐམས་ཅད་ལ་ཡང་བྱེ་བ་ཕྲག་བཅུ་དྲུག་བཅུ་དྲུག་གོ། །སྐུ་ཚེའི་ཚད་ནི་ལོ་བྱེ་བའོ་།དམ་པའི་ཆོས་ནི་ལོ་བདུན་ཁྲིའི་བར་ [303A]༄༅། །དུ་གནས་སོ། ཐོས་འདུས་པ་ནི་ལན་དུང་ཕྱུར་ཕྲག་བདུན་ཏེ། །ཐམས་ཅད་ལ་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ལེགས་བཟང་སྐྱེ་བའི་ཡུལ་ནི་ལྷའི་མཆོད་རྟེན་ཞེས་བྱའོ། ། རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་དྲུག་ཅུ་རྩ་གཉིས་སོ་།ཡབ་ནི་བཤེས་གཉེན་བཟང་པོ་ཞེས་བྱའོ། །ཡུམ་ནི་བརྟན་འགྲོ་མ་ཞེས་བྱའོ། །སྲས་ནི་མཆོག་ འདོད་ཅེས་བྱའོ། །རིམ་གྲོ་བ་ནི་བདུད་རྩི་སྒྲོགས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྒྲ་ཅན་ཤེས་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འཇིག་རྟེན་ བླ་མ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་ཉི་ཤུ་རྩ་གཉིས་ཏེ། །ཐམས་ཅད་ལའང་བྱེ་བ་སུམ་བཅུ་རྩ་བརྒྱད་པ་བརྒྱད་དོ་།སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་སུམ་སྟོང་ངོ། ། དམ་པའི་ཆོས་ནི་ལོ་བདུན་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་འོད་ཟེར་ ཆེན་པོ་སྐྱེ་བའི་ཡུལ་ནི་ནོར་དགའ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ལྔ་བརྒྱའོ། །ཡབ་ནི་བདུད་རྩི་དགའ་ཞེས་བྱའོ། །ཡུམ་ནི་ཡོན་ཏན་ འདོད་ཅེས་བྱའོ། །སྲས་ནི་རེ་མཆོག་ཅེས་བྱའོ། །རིམ་གྲོ་བ་ནི་བརྒྱ་བ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་སེམས་ཤེས་བྱའོ། །རྫུ་འཕྲུལ་ཅན་ [303B] །ཉན་ཐོས་འདུས་པ་ནི་ལན་བཅུ་གཅིག་སྟེ། །ཐམས་ཅད་ལའང་བྱེ་བ་ཕྲག་བཅུ་གཅིག་བཅུ་གཅིག་གོ་སྐུ་ཚེའི་ཚད་ནི་ལོ་ བདུན་ཁྲི་ཆིག་སྟོང་ངོ། །དམ་པའི་ཆོས་ནི་ལོ་བདུན་ཁྲི་གཅིག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་བསམ་པས་བྱིན་སྐྱེ་བའི་ཡུལ་ ནི་བསམ་པས་ཡང་དག་འཕགས་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ་།འོད་ནི་དཔག་ཚད་དགུ་སྟོང་ངོ། །ཡབ་ནི་གསང་བ་མཐོང་ཞེས་བྱའོ། །ཡུམ་ནི་བརྟུལ་ཞུགས་ཡང་ དག་འཕགས་ཞེས་བྱའོ། །སྲས་ནི་སྐྱོན་མེད་ང་རོ་ཞེས་བྱའོ། །རིམ་གྲོ་བ་ནི་རིན་ཆེན་དབྱངས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དགེ་བའི་སྤོས་ཞེས་བྱའོ། །རྫུ་འཕྲུལ་ ཅན་རྣམས་ཀྱི་མཆོག་ནི་གདངས་པོ་ཆེ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བཅུ་གཉིས་སྟེ། །ཐམས་ཅད་ལའང་བྱེ་བ་ཕྲག་བཅུ་བདུན་བཅུ་བདུན་ནོ། །སྐུ་ཚེའི་ཚད་ནི་ ལོ་བདུན་སྟོང་ངོ། །དམ་པའི་ཆོས་ནི་ལོ་སྟོང་གི་བར་དུ་གནས་སོ་།སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་ གཤེགས་པ་བསོད་ནམས་འོད་སྐྱེ་བའི་ཡུལ་ནི་བསོད་ནམས་ཕུང་པོ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སྟོང་ངོ། །ཡབ་ནི་བསོད་ནམས་གཟི་བརྗིད་ཅེས་ [304A]༄༅། །བྱའོ༑ ༑ཡུམ་ནི་བསོད་ནམས་འོད་ཟེར་ཞེས་བྱའོ། །སྲས་ནི་གཟི་བརྗིད་གྲགས་པ་ཞེས་བྱའོ། །རིམ་གྲོ་བ་ནི་ལྷའི་གྲགས་པོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ ཀྱི་མཆོག་ནི་ཉི་མའི་འོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བློ་གྲོས་གྲགས་པ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་དྲུག་སྟེ། །ཐམས་ཅད་ལའང་ས་ཡ་ཕྲག་གསུམ་ གསུམ་མོ། །སྐུ་ཚེའི་ཚད་ནི་ལོ་སྟོང་ངོ། །དམ་པའི་ཆོས་ཀྱང་ལོ་སྡོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་།མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་ བཞིན་གཤེགས་པ་རིན་ཆེན་དབྱངས་སྐྱེ་བའི་ཡུལ་ནི་ཐར་བའི་དབྱངས་ཤེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བྱེ་བའོ། །ཡབ་ནི་བཻ་ཌཱུརྱའི་སྙིང་པོ་ཞེས་བྱའོ། ། ཡུམ་ནི་ཐར་པའི་ང་རོ་ཞེས་བྱའོ། །སྲས་ནི་མི་གནས་ཐོང་ཅེས་བྱའོ། །རིམ་གྲོ་བ་ནི་ལྷས་མཆོད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འཇིག་རྟེན་མཆོད་ཅེས་བྱའོ། ། རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཀློས་མཆོད་ཅེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་ལྔ་བཅུ་སྟེ། །ཐམས་ཅད་ལའང་ཁྲི་བཞི་སྟོང་བཞི་སྟོང་ངོ། །སྐུ་ཚེའི་ཚད་ནི་ལོ་ཐུག་ཁྲི་ལྔ་སྟོང་ངོ། ། དམ་པའི་ཆོས་ནི་ལོ་བྱེ་བའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་རྡོ་རྗེའི་སྡེ་སྐྱེ་བའི་ཡུལ་ནི་མི་ཕྱེད་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། ། [304B] །ཡབ་ནི་མེ་ཕྱེད་པར་དགའ་བ་ཞེས་བྱའོ། །ཡུམ་ནི་རྡོ་རྗེའི་བློ་གྲོས་བཤེས་བྱའོ། །སྲས་ནི་དགའ་བའི་སེམས་ཞེས་བྱའོ། །རིམ་གྲོ་བ་ནི་དབྱངས་བྱིན་ ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཀླུའི་མེ་ཏོག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འཇིག་རྟེན་མཆོད་ཅེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བཅུ་བཞི་ སྟེ༑ ཐམས་ཅད་ལའང་བྱེ་བ་ཕྲག་ཉི་ཤུ་ཙ་རེ་རེའོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲིའོ། །དམ་པའི་ཆོས་ནི་ལོ་ཉི་ཁྲི་ཅིག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་ངི་ཡ་པོ་ཅིག་ཏུ་ འདུག་གོ་མཆོད་རྟེན་ཡང་ཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་འབྱོར་ལྡན་སྐྱེ་བའི་ཡུལ་ནི་ཐམས་ཅད་འབྱོར་བ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ ཚད་ལྔ་སྟོང་ངོ། །ཡབ་ནི་འབྱོར་བའི་རྒྱལ་པོ་ཞེས་བྱའོ། །ཡུམ་ནི་དགེ་རྒྱལ་ཞེས་བྱའོ། །སྲས་ནི་རྒྱལ་ཆེན་ཞེས་བྱའོ། །རིམ་གྲོ་བ་ནི་ལྷའི་རྒྱལ་པོ་ཞེས་བྱའོ། །ཤེས་ རབ་ཅན་རྣམས་ཀྱི་མཆོག་ནི་མཆོག་ནི་མཆོད་འོས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མ་སྤངས་པ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བདུན་ཏེ། །ཐམས་ ཅད་ལའང་བྱེ་བ་ཕྲག་སྟོང་སྟོང་ངོ། །སྐུ་ཚེའི་ཚད་ནི་ལོ་སྟོང་ངོ། །དམ་པའི་ཆོས་ཀྱང་ལོ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་ [305A]༄༅། །གཤེགས་པ་སེངྒེའི་སྟོབས་པའི་ཡུལ་ནི་སྟོབས་ཆེན་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སུམ་སྟོང་ངོ། །ཡབ་ནི་ཀླུ་ སྟོབས་ཞེས་བྱའོ། །ཡུམ་ནི་གྲགས་ལྡན་མ་ཞེས་བྱའོ། །སྲས་ནི་རིན་ཆེན་སྟོབས་ཞེས་བྱའོ། །རིམ་གྲོ་བ་ནི་ཡོན་ཏན་སྟོབས་ཤེས་བྱའོ་།ཤེས་རབ་ཅན་རྣམས་ཀྱི་ མཆོག་ནི་བློ་གྲོས་སྟོབས་ཤེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འཇིགས་མེད་སྟོབས་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བཅུ་སྟེ། །ཐམས་ཅད་ལའང་ དུང་ཕྱུར་ཕྲག་ལྔ་ལྔའོ། །སྐུ་ཚེའི་ཚད་ནི་ལོ་སུམ་སྟོང་ངོ། །དམ་པའི་ཆོས་ནི་ལྔ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་དྲི་མ་ མེད་པའི་སྤྱན་སྐྱེ་བའི་ཡུལ་ནི་མིག་ཏུ་སྡུག་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བགྱིའོ། །ཡབ་ནི་མིག་མཚུངས་པ་ཞེས་བྱའོ། །ཡུམ་ནི་ཡིད་འོང་ མིག་ཅེས་བྱའོ། །ཡུམ་ནི་ཡིད་འོང་མིག་ཅེས་བྱའོ། །སྲས་ནི་བདུང་རྩི་ལྷ་ཞེས་བྱའོ། །རིམ་གྲོ་བ་ནི་དམིགས་པ་གསལ་ཞེས་བྱའོ་།ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རྒྱལ་བའི་མཆོད་རྟེན་ཞེས་ བྱའོ༑ ༑རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མི་ཟད་པའི་བློ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བཅུ་དྲུག་སྟེ། །ཐམས་ཅད་ལའང་ཁྲི་བདུན་སྟོང་བདུན་སྟོང་ངོ། །སྐུ་ཚེའི་ཚད་ [305B] །དམ་པའི་ཆོས་ནི་ལོ་བདུན་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་ པ་འོད་སྲུང་སྐྱེ་བའི་ཡུལ་ནི་ཡུལ་འཁོར་བཟང་པོ་ཞེས་བྱའོ་།རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སུམ་བཅུའོ། །ཡབ་ནི་ལྷའི་དྲང་སྲོང་ཞེས་བྱའོ། །ཡུམ་ནི་མི་འཇིགས་ བྱིན་ཞེས་བྱའོ། །སྲས་ནི་རིགས་པའི་མཐུ་རྩ་ལ་ཞེས་བྱའོ། །རིམ་གྲོ་བ་ནི་ཀུན་ཏུ་བློ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྒྲིབ་མེད་བློ་ཞེས་བྱའོ། །རྫུ་འཕྲུལ་ཅན་ རྣམས་ཀྱི་མཆོག་ནི་བསོད་ནམས་བརྩིགས་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལད་དགུ་བཅུ་སྟེ། །ཐམས་ཅད་ལའང་བྱེ་བ་ཕྲག་དགུ་བཅུ་རྩ་བཞི་བཞིའོ། །སྐུ་ཚེའི་ཚད་ ནི་ལོ་ཉིས་སྟོང་ངོ། །དམ་པའི་ཆོས་ནི་ལོ་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་ གཤེགས་པ་བློ་གསལ་སྐྱེ་བའི་ཡུལ་ནི་གསལ་བ་དང་ལྡན་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་སྟོང་ངོ། །ཡབ་ནི་གསལ་ཅན་ཞེས་བྱའོ། ། ཡུམ་ནི་ཡོན་ཏན་གསལ་ཞེས་བྱའོ། །སྲས་ནི་ཐར་པ་དང་ཅེས་བྱའོ་།རིམ་གྲོ་བ་ནི་རྒྱལ་བ་གསལ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྨྲ་བ་གསལ་ཞེས་ [306A]༄༅། །བྱའོ༑ ༑རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རྫུ་འཕྲུལ་གསལ་ཞེས་བྱའོ། །འདུས་པ་ནི་ལན་སུམ་བཅུ་རྩ་གཉིས་སྟེ། །ཐམས་ཅད་ལ་ཡང་ཐེར་འབུམ་ ཕྲག་བརྒྱད་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་ཁྲི་བཞི་སྟོང་ངོ། །དམ་པའི་ཆོས་ནི་ལོ་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་ པ་ཡེ་ཤེས་འགྲོས་སྐྱེ་བའི་ཡུལ་ནི་གཟི་བརྗིད་ཀྱིས་བརྒྱན་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་དྲུག་གོ་ཡབ་ནི་མཐུ་རྩལ་བརྟན་ཞེས་བྱའོ། །ཡུམ་ ནི་ཡེ་ཤེས་ཐོབ་ཅེས་བྱའོ། །སྲས་ནི་མཐོང་དགའ་ཞེས་བྱའོ། །རིམ་གྲོ་བ་ནི་དགའ་སྡུག་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བྷ་ར་ཏ་ཞེས་བྱའོ། །རྫུ་ འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གཟི་བརྗིད་རབ་གསལ་ཅེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བཅུ་སུམ་སྟེ། །ཐམས་ཅད་ལའང་བྱེ་བ་སྟོང་ཕྲག་བཅུ་བཅུའོ། ། སྐུ་ཚེའི་ཚད་ནི་ལོ་ཉི་ཁྲི་བདུན་སྟོང་ངོ། །དམ་པའི་ཆོས་ནི་ལོ་ཁྲི་སུམ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་གཟི་ བརྗིད་དག་ཤུལ་ཅན་སྐྱེ་བའི་ཡུལ་ནི་ཀུན་ཏུ་གཟི་བརྗིད་ཅན་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བཞི་བཅུའོ། །ཡབ་ནི་དྲག་ཤུལ་བརྩེགས་ [306B] ༑ཡུམ་ནི་གཟི་བརྗིད་མེ་ཏོག་ཅེས་བྱའོ། །སྲས་ནི་དམིགས་མ་འཕྲུལ་ཞེས་བྱའོ། །རིམ་གྲོ་བ་ནི་སེམས་བཏགས་ཤེས་བྱའོ་།ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འཁྲུགས་པ་མེད་པར་གནས་ཤེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་དྲུག་ཁྲིའོ། །གཉིས་ པ་ལ་ནི་འབུམ་མོ། །གསུམ་པ་ལ་ནི་སུམ་འབུམ་མོ། །བཞི་པ་ལ་དྲུག་འབུམ་མོ། །ལྔ་པ་ལ་ནི་བརྒྱད་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་ལྔ་ཁྲི་དྲུག་སྟོང་ངོ། །དམ་པའི་ ཆོས་ཀྱང་ལོ་ལྔ་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་འོད་ཟེར་ཆེན་པོ་སྐྱེ་བའི་ཡུལ་ནི་འོད་ཟེར་མཐའ་ཡས་པ་ཞེས་ བྱའོ༑ ༑རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བདུན་བཅུའོ། །ཡབ་ནི་རིན་ཆེན་སྒྲོན་མ་ཞེས་བྱའོ། །ཡུམ་ནི་གཟི་བརྗིད་མཆོད་ཅེས་བྱའོ་།སྲས་ནི་ལྷའི་གཟི་བརྗིད་ཅེས་ བྱའོ༑ ༑རིམ་གྲོ་བ་ནི་ལག་མཆོག་གཟི་བརྗིད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཁམས་སུམ་གཟི་བརྗིད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ འཕགས་པའི་གཟི་བརྗིད་ཅེས་བྱའོ། །འདུས་པ་ནི་ལན་བཞི་བཅུ་སྟེ་།ཐམས་ཅད་ལའང་བྱེ་བ་ཕྲག་བཅུ་དྲུག་བཅུ་དྲུག་གོ་སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲིའོ། །དམ་པའི་ཆོས་ [307A]༄༅། །ཀྱང་ལོ་དྲུག་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཉི་མའི་འོད་སྐྱེ་བའི་ཡུལ་ནི་སྒྲོན་བྱེད་འོད་ཅེས་ བྱའོ༑ ༑རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བཞི་བཅུ་རྩ་གཉིས་སོ། །ཡབ་ནི་གྲགས་པའི་འོད་ཅེས་བྱའོ། །ཡུམ་ནི་དཔག་མེད་མིག་ཅེས་བྱའོ། །སྲས་ནི་སྐར་ མདའ་འོད་ཅེས་བྱའོ། །རིམ་གྲོ་བ་ནི་འོད་མཐོང་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ལྷ་འོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཟླ་འོད་ཅེས་ བྱའོ༑ ༑འདུས་པ་ནི་ལན་དགུ་བཅུ་སྟེ། །ཐམས་ཅད་ལའང་ཐེར་འབུམ་ཕྲག་བརྒྱད་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །དམ་པའི་ཆོས་ནི་ལོ་སུམ་སྟོང་གི་ བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །འཕགས་པ་བསྐལ་བཟང་པོ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། །བམ་པོ་བཅུ་དྲུག་པ། །དེ་བཞིན་གཤེགས་པ་དྲི་ མ་མེད་པའི་འོད་སྐྱེ་བའི་ཡུལ་ནི་བཀོད་པ་མི་འཁྲུག་བ་ཞེས་བྱའོ་།རིགས་ནི་བྲམ་ཟེའོ། འོད་ནི་དཔག་ཚད་དྲུག་གོ་ཡབ་ནི་ལྷའི་གཟི་བརྗིད་ཅེས་བྱའོ། །ཡུམ་ ནི་ལུས་དགའ་མ་ཞེས་བྱའོ། །སྲས་ནི་ཡན་ལག་མ་སྨད་པ་ཞེས་བྱའོ། །རིམ་གྲོ་པ་ནི་སྐྱོན་མེད་ལུས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཕ་རོལ་ཕྱིན་ཐོབ་ [307B] །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དཔག་མེད་འགྲོ་ཟེས་བྱའོ། །འདུས་པ་ནི་ལན་བཞི་བཅུ་སྟེ། །ཐམས་ཅད་ལའང་བྱེ་བ་ཕྲག་དགུ་དགུའོ། །སྐུ་ཚེའི་ཚད་ནི་ ལོ་སུམ་ཁྲི་ཉིས་སྟོང་ངོ། །དམ་པའི་ཆོས་ཀྱང་ལོ་སུམ་ཁྲི་ཉིས་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་ བཞིན་གཤེགས་པ་གཟི་བརྗིད་རྣམས་རྣམ་པར་འབྱེས་པ་སྐྱེ་བའི་ཡུལ་ནི་ཤིན་ཏུ་རྣམས་པར་འབྱེས་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ་།འོད་ནི་དཔག་ཚད་བཅུ་དྲུག་གོ་ཡབ་ ནི་གཟི་བརྗིད་དཔལ་ཞེས་བྱའོ། །ཡུམ་ནི་གཟི་བརྗིད་མཆོག་ཅེས་བྱའོ་།སྲས་ནི་སྐར་མཁན་ཞེས་བྱའོ། །རིམ་གྲོ་བ་ནི་ཁ་ལོ་སྒྱུར་བའི་སྤོས་ཞེས་བྱའོ། །ཤེས་རབ་ རྣམས་ཀྱི་མཆོག་ནི་བློ་དགེ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བསོད་ནམས་ལ་གཅེས་བྱའོ། །འདུས་པ་ནི་ལན་བཞི་བཅུ་རྩ་བརྒྱད་དེ། །ཐམས་ཅད་ ལའང་སུམ་ཁྲི་སུམ་ཁྲིའོ། །སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲི་ལྔ་སྟོང་ངོ། །དམ་པའི་ཆོས་ནི་ལོ་བྱེད་བ་ཕྲག་བཅུ་བཞིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། ། དེ་བཞིན་གཤེགས་པ་ཁེངས་མེད་སྐྱེ་བའི་ཡུལ་ནི་རྫོགས་ལྡན་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བརྒྱད་ཅུའོ་།ཡབ་ནི་མི་ཚུགས་པ་ཞེས་ [308A]༄༅། །བྱའོ༑ ༑ཡུམ་ནི་ཁྱད་པར་ཐོབ་ཅེས་བྱའོ། །སྲས་ནི་འཇིག་རྟེན་ཁྱད་པར་འཕགས་ཞེས་བྱའོ། །རིམ་གྲོ་བ་ནི་འདྲ་མེད་ཅེས་བྱའོ། །ཤེས་ རབ་ཅན་རྣམས་ཀྱི་མཆོག་ནི་འཇིག་རྟེན་ཁྱད་པར་འཕགས་ཤེས་བྱའོ་།རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཁྱད་པར་འཕགས་ཞེས་བྱའོ་།འདུས་པ་ནི་ལན་སུམ་ཅུ་ སྟེ༑ ཐམས་ཅད་ལའང་ཁྲི་ཕྲག་རེ་རེའོ། །སྐུ་ཚེའི་ཚད་ནི་ལོ་དགུ་ཁྲི་བདུན་སྟོང་ངོ། །དམ་པའི་ཆོས་ནི་ལོ་དགུ་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་ གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་སྦྲང་རྩིའི་ཞལ་སྐྱེ་བའི་ཡུལ་ནི་གཅིག་ཏུ་ཡིད་དུ་འོང་བ་ཞེས་བྱའོ། །རིགས་ནི་རྒྱལ་ རིགས་སོ། །འོད་ནི་དཔག་ཚད་བརྒྱད་སྟོང་ངོ། །ཡབ་ནི་དགའ་བྱེད་ཅེས་བྱའོ། །ཡུམ་ནི་བདུད་རྩི་བྱེད་ཅེས་བྱའོ། །སྲས་ནི་བཀོད་པ་མི་འཁྲུལ་ཞེས་བྱའོ། །རིམ་ གྲོ་བ་ནི་འཇིག་རྟེན་མཆོད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྐར་མདའ་འཆང་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཤུགས་འཆང་ཞེས་ བྱའོ༑ ༑འདུས་པ་ནི་ལན་བཅུ་རྩ་དགུ་སྟེ། །ཐམས་ཅད་ལའང་དུང་ཕྱུར་ཕྲག་དྲུག་དྲུག་གོ་སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲི་ལྔ་སྟོང་ངོ། །དམ་པའི་ཆོས་ཀྱང་ལོ་དྲུག་ཁྲི་ [308B]དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཟླ། །འོད་སྐྱེ་བའི་ཡུལ་ནི་དྲི་མ་མེད་པའི་འོད་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། ། འོད་ནི་དཔག་ཚད་བཞི་བཅུའོ། །ཡབ་ནི་ཟླ་བའི་ཏོག་ཅེས་བྱའོ། །ཡུམ་ནི་ཟླ་བའི་མེ་ཏོག་ཅེས་བྱའོ། །སྲས་ནི་ཟླ་སྣང་ཞེས་བྱའོ། །རིམ་གྲོ་བ་ནི་ཟླ་བཟངས་ཞེས་བྱའོ། །ཤེས་ རབ་ཅན་རྣམས་ཀྱི་མཆོག་ནི་བདུད་རྩི་ཟླ་བ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ལྷའི་བདུད་རྩི་ཞེས་བྱའོ། །འདུས་པ་ནི་ལན་དྲུག་སྟེ། །ཐམས་ཅད་ལའང་ཐེར་ འབུམ་ཕྲག་ལྔ་ལྔའོ། །སྐུ་ཚེའི་ཚད་ནི་ལོ་འབུམ་མོ། །དམ་པའི་ཆོས་ནི་ལོ་ཁྲི་སུམ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ ཀློག་སྦྱིན་སྐྱེ་བའི་ཡུལ་ནི་ཉི་མའི་བློ་གྲོས་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་དྲུག་གོ་ཡབ་ནི་དབང་པོའི་རྒྱལ་མཚན་ཞེས་བྱའོ། །ཡུམ་ནི་ལྷ་མཆོད་ མ་ཞེས་བྱའོ། །སྲས་ནི་ཉི་མའི་ཏོག་ཅེས་བྱའོ། །རིམ་གྲོ་བ་ནི་སྒྲོན་མ་དྲང་པོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་གསེར་འོད་དཔལ་ཞེས་བྱའོ། །རྫུ་འཕྲུལ་ཅན་ རྣམས་ཀྱི་མཆོག་ནི་དོན་ཡོད་གོ་འཕང་གནོན་ཞེས་བྱའོ། །འདུས་པ་ནི་ལན་བཞི་བཅུ་རྩ་ལྔ་སྟེ། །ཐམས་ཅད་ལ་ཡང་བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་སོ། །སྐུ་ཚེའི་ཚད་ནི་ [309A]༄༅། །ལོ་བདུན་ཁྲི་དྲུག་སྟོང་ངོ། །དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་རབ་ཏུ་ཞི་བར་གཤེགས་པ་སྐྱེ་བའི་ཡུལ་ནི་བློ་བརྟན་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ་།འོད་ནི་དཔག་ཚད་ སུམ་ཅུའོ། །ཡབ་ནི་འགྲོས་སྙོམས་ཞེས་བྱའོ། །ཡུམ་ནི་བདེ་འགྲོ་མ་ཞེས་བྱའོ། །སྲས་ནི་འཕགས་པ་འདོད་ཅེས་བྱའོ། །རིམ་གྲོ་པ་ནི་དགྲ་བཅོམ་འདོད་ཅེས་ བྱའོ༑ ༑ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དོན་ཡོད་གོ་འཕང་གནོན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་བརྟན་པོ་ཞེས་བྱའོ། །འདུས་པ་ནི་ ལན་ཉི་ཤུ་རྩ་གཅིག་སྟེ། །ཐམས་ཅད་ལའང་འབུམ་ཕྲག་བཅུ་གཅིག་བཅུ་གཅིག་གོ་སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་ཉིས་སྟོང་ངོ། །དམ་པའི་ཆོས་ཀྱང་ལོ་བདུན་ཁྲི་ ཉིས་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་མི་འཁྲུགས་པ་སྐྱེ་བའི་ཡུལ་ ནི་འོད་ལྡན་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བདུན་སྟོང་ངོ། །ཡབ་ནི་བྱམས་ནས་ཞེས་བྱའོ། །ཡུམ་ནི་སྙིང་རྗེས་གནས་ཞེས་ [309B] ༑སྲས་ནི་ཡིད་མི་འཁྲུགས་ཞེས་བྱའོ། །རིམ་གྲོ་བ་ནི་སེམས་སྙོམས་ཤེས་བྱའོ། །ཤེས་རབ་ཅན་རྣམ་ཀྱི་མཆོག་ནི་འཁྲུལ་མེད་ཅེས་བྱའོ། །རྫུ་འཕྲུལ་ཅན་ རྣམས་ཀྱི་མཆོག་ནི་ཡོན་ཏན་ཡང་དག་འཕགས་ཞེས་བྱའོ། །འདུས་པ་ནི་ལན་བཅུ་དྲུག་སྟེ། །ཐམས་ཅད་ལའང་བྱེ་བ་ཕྲག་སུམ་ཅུ་རྩ་བཞི་བཞིའོ། །སྐུ་ཚེའི་ཚད་ནི་ ལོ་བརྒྱད་ཁྲི་དྲུག་སྟོང་ངོ། །དམ་པའི་ཆོས་ཀྱང་ལོ་ཁྲི་བཞི་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་དགྲ་བཅོམ་གྲགས་ པ་སྐྱེ་བའི་ཡུལ་ནི་དེ་བཞིན་གཤེགས་པའི་སྤྱན་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་བཅུ་དྲུག་ཙམ་མོ། །ཡབ་ ནི་དགྲ་བཅོམ་པ་ཞེས་བྱའོ། །ཡུམ་ནི་འཕགས་པའི་བུ་ཞེས་བྱའོ་།སྲས་ནི་མྱ་ངན་ལས་འདས་པ་གྲགས་ཤེས་བྱའོ། །རིམ་གྲོ་བ་ནི་དགྲ་བཅོམ་གསལ་ཞེས་བྱའོ། ། ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྙན་པ་གྲངས་མེད་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྤོབས་པ་ཆེན་པོ་ཞེས་བྱའོ། །འདུས་པ་ནི་ལན་བརྒྱད་ཅུ་རྩ་ བཞི་སྟེ༑ ཐམས་ཅད་ལའང་འབུམ་ཕྲག་སུམ་ཁྲི་སུམ་ཁྲིའོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲི་བདུན་སྟོང་ངོ། །དམ་པའི་ཆོས་ནི་ལོ་བྱེ་བའི་བར་དུ་གནས་སོ། །སྐུ་གདུང་ནི་ [310A]༄༅། །རིལ་པོ་གཅིག་ཏུ་བདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ་།དེ་བཞིན་གཤེགས་པ་ཆོས་ཀྱི་ཡོན་ཏན་སྐྱེ་བའི་ཡུལ་ནི་ཡོན་ཏན་ཅན་ ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ཉི་ས་བརྒྱའོ། །ཡབ་ནི་ཡོན་ཏན་གཟི་བརྗིད་ཅེས་བྱའོ། །ཡུམ་ནི་ཡོན་ཏན་ཅན་ཞེས་བྱའོ། །སྲས་ནི་ཡོན་ ཏན་མཐའ་ཡས་ཞེས་བྱའོ། །རིམ་གྲོ་བ་ནི་ཡོན་ཏན་ཆེན་པོའི་གཟི་བརྗིད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་གཟི་བརྗིད་མཐའ་ཡས་ཞེས་ བྱའོ༑ ༑རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཐར་པའི་ཡོན་ཏན་རྒྱལ་པོ་ཞེས་བྱའོ། །འདུས་པ་ནི་ལན་སུམ་ཅུ་རྩ་སུམ་སྟེ། །ཐམས་ཅད་ལའང་ཐེར་འབུམ་ཕྲག་བདུན་ བདུན་ནོ། །སྐུ་ཚེའི་ཚད་ནི་ལོ་འབུམ་མོ། །དམ་པའི་ཆོས་ནི་ལོ་ཁྲི་བདུན་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱལ་པར་འགྱུར་རོ་།དེ་བཞིན་གཤེགས་པ་ཞིང་ བཟང་པོ་སྐྱེ་བའི་ཡུལ་ནི་བཀོད་པ་ཆེན་པོ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཉི་ཤུ་རྩམ་མོ། །ཡབ་ནི་རིན་ཆེན་ འོད་ཅེས་བྱའོ། །ཡུམ་ནི་མཐའ་ཡས་ཞིང་ཞེས་བྱའོ། །སྲས་ནི་ཤེས་རབ་སྒྲོན་མ་ཞེས་བྱའོ། །རིམ་གྲོ་བ་ནི་ཤེས་རབ་གསལ་ཞེས་བྱའོ་།ཤེས་རབ་ཅན་རྣམས་ [310B] །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བཀོད་པའི་རྒྱལ་བའི་ཞེས་བྱའོ། །འདུས་པ་ནི་ལན་དྲུག་ཅུ་རྩ་དགུ་སྟེ། །ཐམས་ཅད་ལའང་ དྲུག་འབུམ་དྲུག་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲི་ཅིག་སྟོང་ངོ། །དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་དུ་གནས་སོ་།སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་ རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་བཀོད་པའི་རྒྱལ་པོ་སྐྱེ་བའི་ཡུལ་ནི་རིན་པོ་ཆེ་བཀོད་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བདུན་ཅུ་རྩ་ བརྒྱད་དོ། །ཡབ་ནི་བཀོད་པ་བསམ་གྱིས་མི་ཁྱད་པ་ཞེས་བྱའོ། །ཡུམ་ནི་གཟི་བརྗིད་རྫོགས་ལྡན་ཞེས་བྱའོ། །སྲས་ནི་བཀོད་པ་ཆེན་པོ་ཞེས་བྱའོ། །རིམ་གྲོ་པ་ནི་ཐར་ པ་བཀོད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ལྷ་ཉི་མི་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གཟི་བརྗིད་མི་གྲ་ཡོ་བ་ཞེས་བྱའོ། །འདུས་པ་ནི་ ལན་བདུན་ཅུ་སྟེ། །ཐམས་ཅད་ལའང་ས་ཡ་ཕྲག་བརྒྱད་བརྒྱད་དོ་།སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་དྲུག་སྟོང་ངོ། །དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བདུན་སྟོང་གི་བར་དུ་ གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་མངོན་པར་འཕགས་པ་སྐྱེ་བའི་ཡུལ་ནི་ལྷ་བརྩེགས་ཞེས་བྱའོ་།རིགས་ནི་རྒྱལ་རིགས་སོ། །འོད་ [311A]༄༅། །ནི་དཔག་ཚད་གསུམ་བརྒྱའོ། །ཡབ་ནི་འགྲོ་བའི་དབང་ཕྱུག་ཅེས་བྱའོ། །ཡུམ་ནི་འོད་ཟེར་མཆོག་ཅེས་བྱའོ། །སྲས་ནི་ཁེངས་ མེད་ཅེས་བྱའོ། །རིམ་གྲོ་བ་ནི་དབང་པོ་ཞེ་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ནོར་ལྷའི་བུ་དགའ་ཞེས་བྱའོ། །རྫུ་འཕྲུ་ཅན་རྣམས་ཀྱི་མཆོག་ནི་བསོད་ ནམས་འདོད་ཅེས་བྱའོ། །འདུས་པ་ནི་ལན་བཅུ་སྟེ། །ཐམས་ཅད་ལའང་བྱེ་བ་ཕྲག་ཉི་ཤུ་རྩ་རེ་རེའོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲི་བདུན་སྟོང་ངོ། །དམ་པའི་ཆོས་ནི་ ལོ་དྲུག་ཁྲི་དགུ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་སྦྱིན་སྲེག་འོད་འཕྲོ་ སྐྱེ་བའི་ཡུལ་ནི་ཚངས་པའི་ཏོག་ཅེས་བྱའོ། །རིག་ནི་བྲམ་ཟེའོ་།འོད་ནི་དཔག་ཚད་བདུན་ཅུའོ། །ཡབ་ནི་དྲང་སྲོང་བློ་ཞེས་བྱའོ་།ཡུམ་ནི་སེམས་གྲོལ་ མ་ཞེས་བྱའོ། །སྲས་ནི་ཐེ་མཚོ་མེད་ཅེས་བྱའོ། །རིམ་གྲོ་བ་ནི་དུལ་བར་གནས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དཔའ་སྤྱོད་ཅེས་བྱའོ། །རྫུ་འཕྲུལ་ ཅན་རྣམས་ཀྱི་མཆོག་ནི་རྒྱ་མཚོའི་ཏོག་ཅེས་བྱའོ། །འདུས་པ་ནི་ལན་བརྒྱད་ཅུ་རྩ་ལྔ་སྟེ། །ཐམས་ཅད་ལའང་བྱེ་བ་ཕྲག་བཅུ་དགུ་བཅུ་དགུའོ། །སྐུ་ཚེའི་ཚད་ནི་ལོ་ [311B] །དམ་པའི་ཆོས་ནི་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་པདྨའི་དཔལ་སྐྱེ་བའི་ ཡུལ་ནི་པདྨ་ཅན་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བདུན་བརྒྱའོ། །ཡབ་ནི་མེ་ཏོག་ཕྱིན་ཞེས་བྱའོ། །ཡུམ་ནི་པདྨའི་མིག་ཅེས་བྱའོ། ། སྲས་ནི་མེ་ཏོག་རྒྱལ་པོ་ཞེས་བྱའོ། །རིམ་གྲོ་བ་ནི་ལྷའི་མེ་ཏོག་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ལྷ་མ་ཡིན་གྱི་ལྷ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ ཀྱི་མཆོག་ནི་སེམས་ཅན་ཁ་ལོ་བསྒྱུར་ཞེས་བྱའོ། །འདུས་པ་ནི་ལན་ཉི་ཤུ་རྩ་བདུན་ཏེ། །ཐམས་ཅད་ལའང་དུང་ཕྱུར་ཕྲག་བརྒྱད་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་དགུ་ཁྲི་དགུ་སྟོང་ ངོ། །དམ་པའི་ཆོས་ཀྱང་ལོ་དགུ་ཁྲི་དགུ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་རིན་ པོ་ཆེའི་བཀོད་པ་སྐྱེ་བའི་ཡུལ་ནི་ལྷའི་བཀོད་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་སུམ་ཅུ་ཙམ་མོ། །ཡབ་ནི་རིན་ ཆེན་འོད་ཅེས་བྱའོ། །ཡུམ་ནི་བློ་གྲོས་གསལ་ཞེས་བྱའོ། །སྲས་ནི་གསལ་ཆེན་ཞེས་བྱའོ། །རིམ་གྲོ་བ་ནི་བཀོད་པ་ཆེན་པོ་ཞེས་བྱའོ་།ཤེས་རབ་ཅན་རྣམས་ཀྱི་མཆོག་ [312A]༄༅། །ནི་ཆོས་སེམས་ཤེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཐར་པ་དགའ་ཞེས་བྱའོ། །འདུས་པ་ནི་ལན་བདུན་ཅུ་རྩ་ལྔ་སྟེ། །ཐམས་ ཅད་ལའང་བྱེ་བ་ཕྲག་བཅུ་བདུན་བཅུ་བདུན་ནོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་སུམ་སྟོང་ངོ། །དམ་པའི་ཆོས་ནི་ལོ་ཁྲི་དགུ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་ རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཤིང་ཏུ་བཟང་པོ་སྐྱེ་བའི་ཡུལ་ནི་བཟང་པོ་བྱེད་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བརྒྱད་སྟོང་ངོ། ། ཡབ་ནི་ལྷ་བཟང་ནེས་བྱའོ། །ཡུམ་ནི་འཕགས་བཟང་མ་ཞེས་བྱའོ་།སྲས་ནི་དཔལ་བཟང་ཞེས་བྱའོ། །རིམ་གྲོ་བ་ནི་རིན་ཆེན་ཕུང་པོ་ཞེས་བྱའོ། །ཤེས་རབ་ ཅན་རྣམས་ཀྱི་མཆོག་ནི་བཟང་པོ་མཐའ་ཡས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཚོན་ཆ་བཟང་པོ་ཞེས་བྱའོ་།འདུས་པ་ནི་ལན་བཞི་བཅུ་རྩ་ དགུ་སྟེ༑ ཐམས་ཅད་ལའང་ས་ཡ་ཕྲག་ལྔ་ལྔའོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་ཅིག་སྟོང་ངོ། །དམ་པའི་ཆོས་ནི་ལོ་དགུ་སྟོང་གི་བར་དུ་གནས་སོ། །སྐུ་ གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་རིན་པོ་ཆེའི་མཆོག་སྐྱེ་བའི་ཡུལ་ནི་རིན་པོ་ཆེ་ཆེན་པོ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་ [312B]ཡབ་ནི་ཁྱེའུ་མཆོག་ཅེས་བྱའོ། །ཡུམ་ནི་རིན་ཆེན་ཏོག་ཅེས་བྱའོ། །སྲས་ནི་རིན་པོ་ཆེའི་རྒྱ་མཚོ་ཞེས་བྱའོ་།རིམ་གྲོ་བ་ནི་བློ་གྲོས་འབྱུང་གནས་ཞེས་བྱའོ། ། ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་བཀོད་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བྱང་ཆུབ་སྟོབས་ཞེས་བྱའོ། །འདུས་པ་ནི་ལན་བརྒྱད་ཅུ་སྟེ། །ཐམས་ ཅད་ལའང་དུང་ཕྱུར་ཕྲག་བརྒྱད་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་བཞི་སྟོང་ངོ། །དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཐུགས་ཤིན་ཏུ་གཞུངས་པ་སྐྱེ་བའི་ཡུལ་ནི་ལྷུན་པོ་ཆེན་པོ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ་ །འོད་ནི་དཔག་ཚད་བདུན་བཅུ་རྩ་གསུམ་མོ། །ཡབ་ནི་རིན་པོ་ཆེའི་ལྷུན་པོ་ཞེས་བྱའོ། །ཡུམ་ནི་རིན་ཆེན་ཆེན་མོ་ཞེས་བྱའོ། །སྲས་ནི་བདུད་རྩི་ཕུང་པོ་ཞེས་བྱའོ། །རིམ་གྲོ་པ་ ནི་དགེ་བ་བརྩིགས་པ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རི་བོའི་འོད་ཟེར་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཐོགས་པ་མེད་པར་གནས་ཞེས་བྱའོ། ། འདུས་པ་ནི་ལན་བརྒྱད་ཅུ་སྟེ། །ཐམས་ཅད་ལའང་དུང་ཕྱུར་ཕྲག་བརྒྱད་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་འབུམ་མོ། །དམ་པའི་ཆོས་ནི་ལོ་བདུན་ཁྲིའི་བར་དུ་གནས་སོ། །སྐུ་ [313A]༄༅། །གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་འོད་དཔག་མེད་སྐྱེ་བའི་ཡུལ་ནི་གཟི་བརྗིད་དཔག་ཏུ་མེད་པ་ཞེས་བྱའོ་།རིགས་ནི་རྒྱལ་ རིགས་སོ། །འོད་ནི་མཐའ་ཡས་སོ། །ཡབ་ནི་དོན་སེམས་ཞེས་བྱའོ། །ཡུམ་ནི་སྡེ་ཆེན་མོ་ཞེས་བྱའོ། །སྲས་ནི་གྲགས་པ་འཕགས་ཞེས་བྱའོ་།རིམ་གྲོ་པ་ནི་ བློ་གྲོས་ཉེ་བར་ཞི་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྨོན་ལམ་གཟུངས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རྟག་ཏུ་རྣམ་པར་འཕྲུལ་ ཞེས་བྱའོ། །འདུས་པ་ནི་ལན་བརྒྱད་ཅུ་རྩ་བཞི་སྟེ། །ཐམས་ཅད་ལའང་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞི་བཞིའོ། །སྐུ་ཚེའི་ཚད་ནི་ལོ་བྱེ་བའོ། །དམ་པའི་ཆོས་ནི་ལོ་བྱེ་བ་ ཕྲག་ལྔའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ་།རྒྱལ་བ་རྒྱ་མཚོས་བྱིན་སྐྱེ་བ་ཡི། །ཡུམ་ནི་རྒྱ་མཚོ་མཐའ་ཡས་པ་ཞེས་བྱ། །རྡུལ་བྲལ་རིགས་ ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་སུམ་སྟོང་ཐོས་པའི་དབང་པ་ཡབ། །ཡོན་ཏན་ཚོགས་ཤེས་བྱ་བ་རྒྱལ་བའི་ཡུལ་ཡུམ། །སྲས་པོ་ལེགས་མཐོང་དྲག་ཤུལ་རིམ་གྲོ་པ། ། མཆོད་རྟེན་བཅུ་པ་ཞེས་བྱ་མཁས་པ་སྟེ། །རྒྱ་མཚོའི་བློ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལའང་།ལྷུན་པོའི་རྩེ་ལྟར་གཡོ་བ་མེད་ [313B] ༑ཐེར་འབུམ་ཐེར་འབུམ་སྙེད་ནི་འདུས་པར་འགྱུར། །མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །དངོས་པོ་མེད་པར་ཕྱིན་པའི་དམ་ཆོས་དག་ལོ་གྲངས་བྱེ་བ་ཕྲག་ནི་ སྟོང་དུ་གནས། །རྒྱལ་བའི་སུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་བཟང་པོ་བྱེ་བ་དགུ་བཅུ་དྲུག་དེ་བཞིན་གཤེགས་པ་ཚངས་པའི་ཏོག་དག་གི་སྐྱེ་བའི་ཡུལ་ནི་ཡེ་ ཤེས་སྒྲོན་ཞེས་བྱའོ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད་།དཔག་ཚད་བཅུ་ཡོད་ཡབ་ནི་ཚངས་བཟངས་ཡི། །གྲགས་མཆོག་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ སྐར་མཁན་བློ་བཟངས་རིམ་གྲོ་བ། །ཚོགས་ལྡན་མཆོད་རྟེན་ཞེས་བྱ་མཁས་པ་སྟེ། །ཚངས་པ་རྣམ་པར་ལྟ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ ཡང། །རྣམ་པར་ཐར་བརྒྱད་ཐོབ་པའི་བསམ་གཏན་པ། །བྱེ་བ་ཕྲག་ནི་དགུ་བཅུ་སུམ་སུམ་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་ཉིས་སྟོང་ཡི། །དེ་བཞིན་གཤེགས་པའི་ དམ་པའི་ཆོས་དག་ཀྱང། །ལོ་གྲངས་བདུན་ཁྲི་ཉིས་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་བཟང།པོ་ཐེར་འབུམ་ཕྲག་གསུམ་འབྱུང། ། དེ་བཞིན་གཤེགས་པ་ཟླ་གདུགས་སྐྱེ་བ་ཡི། །ཡུལ་ནི་འོད་དག་འཕྲོ་བས་བརྒྱན་ཅེས་བྱ། རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད་།དཔག་ཚད་གསུམ་ཡོད་ཡབ་ནི་དྲན་ [314A]༄༅། །ལྡན་ཡིན། །གདངས་མཐོ་མ་ནི་རྒྱལ་ཡུམ་སྲས་པོ་ནི་།སྒྲ་ཅན་འཛིན་ཡིན་རིགས་ལྡན་རིམ་གྲོ་པ། །ཡེ་ཤེས་དགའ་ཞེས་བྱ་བ་མཁས་པ་ སྟེ༑ ༑སྲེད་པ་རྣམས་པར་སྐེམས་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བཅུ་སྟེ་ཀུན་ལ་ཡང། །གཡོ་མེད་རིམས་ནད་མེད་པའི་བསམ་གཏན་པ། །བྱེ་བ་ཕྲག་ནི་དགུ་བཅུ་ དགུ་དགུ་ཡོད། །མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །སྟོན་པ་འགོག་པར་ཕྱིན་པའི་དམ་ཆོས་དག་ལོ་གྲངས་སྟོང་ཕྲག་བཅུ་ཡི་བར་དུ་གནས། །རྒྱལ་བའི་སྐུ་གདུང་ མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་ལྔ་པ་གསེར་གྱིས་རྣམ་པར་སྦྲས། །འཇིག་རྟེན་དགོན་པོ་འོད་ནི་འཕྲོ་བ་ཡི། །སྐྱེ་ཡུལ་ལེགས་པར་གསུངས་དང་ལྡན་ཞེས་བྱ། ། རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་གཉིས་ཡོད་ཡབ་ནི་འོད་བྱེད་ཡིན། །ཏོག་གི་འོད་ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་བཀྲ་ཤིས་ཚོགས་དབང་རིམ་གྲོ་ པ༑ ༑བཟང་པོ་གྲགས་ཞེས་བྱ་བ་མཁས་པ་སྟེ། །འཇིགས་པ་མེད་པར་གྲགས་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་བཅུ་དྲུག་ལ་ཡང། །སོ་སོ་ཡང་དག་རིག་པའི་ཕ་ མཐར་ཕྱིན། །རྣམ་གྲོལ་མི་སློབ་འབྲས་ལྡན་ཤ་སྟག་གོ་མི་ཚེ་ལོ་གྲངས་སུམ་ཁྲི་ཉིས་སྟོང་ཡིན། །དངོས་པོ་མེད་པར་ཕྱིན་པའི་དམ་ཆོས་དག་ལོ་གྲངས་སུམ་ཁྲི་དྲུག་ [314B] །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་ཐེར་འབུམ་ཕྲག་ནི་སུམ་ཅུ་གཉིས། །དེ་བཞིན་གཤེགས་པ་དྲི་མེད་རྒྱལ་པོ་ཡི། །སྐྱེ་བའི་ཡུལ་ ནི་བསོད་ནམས་འོད་ཅེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད་།བདུན་བཅུ་གཉིས་ཡོད་ཡབ་ནི་དཔལ་བཟང་ཡིན། །བདུད་རྩི་དགའ་བ་རྒྱལ་ཡུམ་སྲས་པོ་ནི། །སེངྒེའི་ འགྲོས་ཡིན་ལྷ་ལྡན་རིམ་གྲོ་བ། །ཡོན་ཏན་འབྱུང་གནས་ཤེས་རབ་ཆེན་པོ་སྟེ། །རྣམ་པར་བལྟ་བའི་བློ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་བཅུ་ཀུན་ལ་ཡང། །དྲང་ སྲོང་ཐམས་ཅད་དགྲ་བཅོམ་མཚུངས་པ་པོ། །ཐེར་འབུམ་ཐེར་འབུམ་ཆ་དག་ནི་འདུས་པར་གྱུར། །མི་ཚེ་ལོ་གྲངས་དགུ་ཁྲི་དགུ་སྟོང་ཡིན་སྟོང་ཡིན། །འགྲོ་ལ་ཕན་ཕྱིར་དམ་པའི་ ཆོས་དག་ཀྱང། །ལོ་གྲངས་ཉི་ཁྲི་ཉིས་སྟོང་བར་དུ་གནས་།རྒྱལ་བའི་མཆོད་རྟེན་དཔག་ཚད་བཅུ་ཙམ་པ། །རིན་ཆེན་རྒྱལ་མཚན་སྟོང་གིས་མཛེས་པར་བྱས། །དེ་བཞིན་ གཤེགས་པ་ཡེ་ཤེས་གྲགས་པ་ཡི། །སྐྱེ་བའི་ཡུལ་ནི་གྲགས་པའི་འོད་ཅེས་བྱ། །རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་དགུ་ཡོད་ཡབ་ནི་མྱ་ངན་མེད། །ལྷ་ཡི་ མཆོད་རྟེན་མ་ནི་རྒྱལ་བའི་ཡུམ། །སྲས་པོ་ཤེས་ལྡན་གྲགས་ལྡན་རིམ་གྲོ་བ། །ཕྱོགས་རྣམས་བལྟ་ཞེས་བྱ་བ་མཁས་པ་སྟེ། །བདུད་འཇོམས་པ་ཞེས་བྱ་བ་རྫུ་འཕྲུལ་ཅན་ [315A]༄༅། །འདུས་པ་ལན་གྲངས་བཅོ་ལྔ་ཀུན་ལ་ཡང། །རྣམ་ཐར་བརྒྱད་ལ་གནས་པ་ཐོབ་པ་པོ། །བྱེ་བ་ཕྲག་ནི་བདུན་ཅུ་ལྔ་ལྔ་ཡོད། །མི་ཚེ་ལོ་གངས་བདུན་ ཁྲི་ཉིས་སྟོང་ཡིན། །མི་མཆོག་ཏིང་འཛིན་ཐོབ་པའི་དམ་ཆོས་དག་།ལོ་གྲངས་བྱེ་བ་བདུན་བཅུ་དྲུག་ཏུ་གནས། །རྒྱལ་བའི་སྐུར་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་ བྱེ་བ་སྟོང་ཕྲག་སུམ་བཅུ་དྲུག་མི་ཡི་མཆོག་མ་ཀུན་ལས་རྒྱལ་བ་ཡི། །སྐྱེ་བའི་ཡུལ་ནི་བདེན་པའི་འོད་ཅེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་ བཅུ་ཡོད་ཡབ་ནི་ལག་བཟང་ཡིན། །ཡོན་ཏན་རྒྱ་མཚོ་ཞེས་བྱ་རྒྱལ་བའི་ཡུམ། །སྲས་པོ་བདེན་ལྡན་བདེ་ལེགས་རིམ་གྲོ་པ། །འཕགས་པ་དགྱེས་ཞེས་བྱ་བ་མཁས་པ་ སྟེ༑ ༑ལག་མཆོག་བཟང་བ་ཞེས་བྱ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་གཉིས་ཏེ་གཉིས་ཀ་ལའང། །ནམ་མཁའི་དབྱིངས་ལ་རླུང་ལྟར་ཆགས་མེད་པ། །ཁྲི་ཕྲག་བཅུ་ བཅུ་དག་ནི་འདུས་པར་འགྱུར། །མི་ཚེ་ལོ་གྲངས་དྲུག་ཁྲི་དྲུག་སྟོང་ཡིན། །འཁྲུགས་པ་མེད་པར་ཕྱིན་པའི་དམ་ཆོས་དག་ལོ་དང་སྟོང་ཕྲག་བཅུ་བཞིའི་བར་དུ་གནས་ རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་ལྔ་པ་གསེར་གྱི་བླ་བྲེར་ལྡན། །སངས་རྒྱས་ཡོན་ཏན་འོད་ནི་སྐྱེ་བའི་ཡུལ། །ཡོན་ཏན་ཀུན་གྱི་རྒྱ་མཚོ་ཞེས་ [315B] ༑རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་གཉིས་ཡོད་ཡབ་ནི་ལེགས་མཆོག་ཡིན། །བློ་གསལ་རྒྱལ་ཡུམ་སྲས་པོ་ཡོན་ཏན་ཚོགས། །ཡོན་ཏན་འོད་ཅེས་བྱ་བ་ རིམ་གྲོ་པ། །ཡོན་ཏན་དག་གིས་བརྒྱན་པ་མཁས་པ་སྟེ། །ཡོན་ཏན་རྫུ་འཕྲུལ་མཐའ་ཡས་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བཅུ་གཉིས་ཀུན་ལ་ཡང། །ཆགས་པ་མེད་ པར་གྱུར་པ་སེམས་སྦྱངས་པ། །བྱེ་བ་ཕྲག་ནི་སུམ་ཅུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་དག་ནི་ཉི་ཁྲི་ཡིན། །མིག་གི་སྦྱིན་བ་མཛད་པའི་དམ་ཆོས་དག་ལོ་གྲངས་ཉི་ཁྲིའི་བར་ དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ་།དཔག་ཚད་བརྒྱ་པ་ཐམས་ཅད་རིན་ཆེན་ཡིན། །རྒྱལ་བ་སྒྲ་ནི་རྣམ་པར་གྲགས་པ་ཡི། །སྐྱེ་བའི་ཡུལ་ནི་གྲགས་ པ་ཅན་ཞེས་བྱ། །རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་ཡབ་ནི་ནོར་གྲགས་ཡིན། །བློ་གྲོས་གྲངས་མ་ཞེས་བྱ་རྒྱལ་བའི་ཡུམ། །སྲས་པོ་གྲགས་ལྡན་ལྷ་ལེགས་ རིམ་གྲོ་པ། །ལྷ་ཡི་དབྱངས་ཤེས་བྱ་བ་མཁས་པ་སྟེ། །རྣམ་པར་གྲགས་པའི་ཀླུ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་གསུམ་སྟེ་ཀུན་ལ་ཡང། །རི་བོའི་ལྷུན་ལྟར་གཡོ་བ་མེད་པ་ པོ༑ ༑དེ་དག་ཐེར་འབུམ་འབྱུང་བར་འགྱུར། །མི་ཚེ་ལོ་གྲངས་སྟོང་ཕྲག་བཅོ་བརྒྱད་ཡིན། །གྲངས་པ་མཐའ་ཡས་མྱ་ངན་འདས་ནས་ཀྱང། །དམ་ཆོས་ལོ་གྲངས་སྟོང་སྙེད་ [316A]༄༅། །གནས་པར་འགྱུར། །རྒྱལ་བའི་མཆོད་རྟེན་དཔག་ཚད་གསུམ་པ་སྟེ། །རིན་ཆེན་མཆོག་མཆོག་རབ་བདུན་པོའི་རང་བཞིན་ཡིན། དེ་བཞིན་གཤེགས་ པ་ཟླ་བ་རྒྱས་པ་ཡི། སྐྱི་བའི་ཡུལ་ནི་ཏོག་གི་འོད་ཅེས་བྱ་།རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་གཉིས་ཡོད་སྐྱེ་བའི་དབང་པོ་ཡབ། །གྲགས་བྱིན་མ་ཞེས་ བྱ་བ་རྒྱལ་བའི་ཡུམ། །སྲས་པོ་སྐྱེ་ལྡན་འོད་འཕྲོ་རིམ་གྲོ་བ་།སྒྲ་ཅན་གཟི་བརྗིད་ཅན་ནི་མཁས་པ་སྟེ། །འཇིགས་པ་མེད་པར་རྒོལ་བ་རྫུ་འཕྲུ་ཅན། །འདུས་པ་ལན་ གྲངས་སུམ་ཅུ་དྲུག་ཀུན་ལའང། །ཐ་སྤངས་དུག་རྩ་གཅོད་པར་མཚུངས་པ་པོ། །བྱེ་བ་ཕྲག་ནི་དགུ་བཅུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་དག་ནི་ལྔ་ཁྲི་ཡིན། །ཤིན་ ཏུ་དུལ་བའི་ཡིད་ལྡན་དམ་ཆོས་དག་ལོ་གྲངས་སུམ་ཁྲི་སུམ་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་བཟང་པོ་བྱེ་བ་བདུན་ཅུ་ དྲུག་སངས་རྒྱས་པད་མའི་འོད་ཟེར་སྐྱེ་བའི་ཡུལ། །མེ་ཏོག་དག་གིས་རྣམ་པར་བརྒྱད་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་གསུམ་ཡོད་པདྨ་ བཟང་པོ་ཡབ། །དགའ་སྦྱངས་ཤེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་པདྨ་ཡིད་འཐད་རིམ་གྲོ་པ། །མེ་ཏོག་དགའ་ཞེས་བྱ་བ་མཁས་པ་སྟེ། །ཡེ་ཤེས་མེ་ཏོག་ལེགས་རྒྱས་ [316B] །འདུས་པ་ལན་གྲངས་བཞི་སྟེ་ཀུན་ལ་ཡང་།དགྲ་བཅོམ་དབང་པོ་ཚང་པའི་བསམ་གཏན་པ། །ཐེར་འབུམ་ཕྲག་ནི་དྲུག་དྲུག་འབྱུང་བར་འགྱུར། །མི་ཚེ་ལོ་ གྲངས་སྟོང་ཕྲག་བཅུ་བདུན་ཡིན། །དམ་པའི་ཆོས་དག་ལོ་གྲངས་སྟོང་ཕྲག་ནི། །དགུ་བཅུ་རྩ་ལྔའི་བར་དུ་གནས་པར་འགྱུར་།རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། ། དཔག་ཚད་བཅུ་དྲུག་པ་ལ་མུ་ཏིག་སྦྲས། །རྣམ་པར་འདྲེན་པ་བརྟུལ་ཞུགས་བཟང་པོ་ཡི། །སྐྱེ་ཡུལ་ཡེ་ཤེས་རྣམ་པར་ངེས་ཤེས་བྱ་།རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད་ །དཔག་ཚད་དགུ་ཡོད་ཡབ་ནི་རྣམ་དག་ཡིན། །ཐོས་པའི་འོད་ནི་རྒྱལ་ཡུམ་སྲས་པོ་ནི། །མཛེས་ལྡན་ཤིན་ཏུ་མཛེས་པ་རིམ་གྲོ་བ། །སྐྱེ་བོས་མཆོད་ཅེས་བྱ་བ་མཁས་པ་སྟེ་ །ཐོགས་པ་མེད་པར་སྟོན་པ་རྫུ་འཕྲུལ་ཅན། །འདུས་པ་ལན་དྲངས་དགུ་སྟེ་ཀུན་ལ་ཡང། །པད་མཚུངས་སྲིད་པ་ཀུན་ལས་རྣམ་གྲོལ་བ་།བྱེ་བ་ཕྲག་ནི་དགུ་བཅུ་དགུ་དགུ་ཡོད། ། མི་ཚེ་ལོ་གྲངས་བདུན་ཁྲི་ཉིས་སྟོང་ཡིན། །མྱ་ངན་འདས་པར་ཕྱིན་པའི་དམ་ཆོས་དག་ལོ་གྲངས་བརྒྱད་ཁྲི་དགུ་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ ལ༑ ༑མཆོད་རྟེན་བྱེ་བ་སྟོང་ཕྲག་བརྒྱད་ཅུ་འབྱུང། །དེ་བཞིན་གཤེགས་པ་སྒྲོན་མའི་རྒྱལ་པོ་ཡི། །སྐྱེ་བའི་ཡུལ་མི་ལྷ་ཡི་འོད་ཅེས་བྱ། །རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། ། [317A]༄༅། །དཔག་ཚད་གསུམ་ཡོད་ཡབ་ནི་ལེགས་སྐྱེས་ཡིན། །མེ་ཏོག་ཅན་ཞེས་པའི་བྱ་བའི་རྒྱལ་བའི་ཡུམ། །སྲས་པོ་སྐར་མ་སྐར་བཟངས་རིམ་གྲོ་བ། །སྣང་ བའི་རྒྱས་ཆོ་ཞེས་བྱ་མཁས་པ་སྟེ། །གཡོ་བ་མེད་པར་གནས་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བཅུ་དྲུག་ཀུན་ལ་ཡང། །ང་མེད་ཉོན་མོངས་མེད་པའི་དགྲ་བཅོམ་ པ༑ ༑བྱེ་བ་སྟོང་ཕྲག་བཅུ་གསུམ་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་སུམ་སྟོང་ཡིན། །འགོག་པར་ཕྱིན་པའི་དམ་པའི་ཆོས་དག་ཀྱང། །ལོ་གྲངས་བརྒྱད་ཁྲིའི་བར་དུ་ གནས་པར་འགྱུར། །རྒྱལ་བའི་མཆོད་རྟེན། །དཔག་ཚད་གསུམ་པ་གཅིག་།གསེར་གྱི་དྲི་བ་དག་གིས་ཁེབས་པར་བྱས། །དེ་བཞིན་གཤེགས་པ་ཀློག་གི་ཏོག་དག་གི་སྐྱེ་ བའི་ཡུལ་ནི་རྟག་ཏུ་མཐོང་ཞེས་བྱེ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་གཉིས་ཡོད་སྨན་པ་བཟང་པོ་ཡབ། །གློག་མཆོད་མ་ནི་རྒྱལ་ཡུམ་སྲས་པོ་ནི། །ཐུབ་ མེད་ཤིན་ཏུ་རྣམས་དུལ་རིམ་གྲོ་པ། །རིན་ཆེན་འཆད་པ་བློ་གྲོས་ཅན་ཡིན་ཏེ། །མཐའ་ཡས་འོད་ཅེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་རྩ་བརྒྱད་དེ། །ཀུན་ ལའང་ཞི་བ་མྱ་ངན་འདས་གནས་པ། །དགྲ་བཅོམ་མཆོད་པར་འོས་པ་ཤ་སྟག་གོ་མི་ཚེ་ལོ་གྲངས་བདུན་ཁྲི་བདུན་སྟོད་ཡིན། །མི་ཡི་ཕུལ་དུ་བྱུང་བའི་དམ་ཆོས་དག་ [317B] །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་གཅིག་བརྒྱལ་མཚན་དག་གིས་བརྒྱན། །དེ་བཞིན་གཤེགས་པ་འོད་ཟེར་ རྒྱལ་པོ་ཡི། །སྐྱེ་བའི་ཡུལ་ནི་བཟང་ལ་དགའ་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །བྱེ་བ་གཉིས་ཡོད་འོད་ཟེར་བཟང་པོ་ཡབ། །ཡོན་ཏན་འོད་ཟེར་རྒྱལ་ ཡུམ་སྲས་པོ་ནི། །འོད་བྲེར་བྱིན་ཡིན་ལྷ་ལེགས་རིམ་གྲོ་བ། །སྣང་བའི་འོད་ཅེས་བྱ་བ་མཁས་པ་སྟེ། །སྒྲོན་མ་མཐའ་ཡས་པ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ ཀུན་ལ་ཡང། །རྡུལ་སྦྱངས་བ་ཡི་དགྲ་བཅོམ་ཚོགས་ཕ་དག་ཐེར་འབུམ་ཕྲག་ནི་བརྒྱད་བཅུ་བརྒྱད་ཅུ་ཡོད། །མི་ཚེ་ལོ་གྲངས་ས་ཡ་ཕྲག་བརྒྱད་ཡིན། །སྟོན་པ་མྱ་ངན་འདས་པའི་ དམ་ཆོས་དག་ལོ་གྲངས་བདུན་ཁྲི་ཉིས་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །སྟོང་གསུམ་མཆོད་རྟེན་མཐང་པོ་དག་གི་གང། །དེ་བཞིན་གཤེགས་ པ་སྐར་མཁན་སྐྱེ་བ་ཡི། །ཡུམ་ནི་གསེར་གྱི་གཟི་བརྗིད་ལྡན་ཞེས་བྱ། །རིགས་ནི་བྲམ་བྲེ་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བརྒྱད་ཁྲི་ཡབ་ནི་དོ་ཚ་ཤེས། །ཡོན་ཏན་དགའ་བ་རྒྱལ་ ཡུམ་སྲས་པོ་ནི། །ཡོན་ཏན་ཅན་ཡིན་ལེགས་སྦས་རིམ་གྲོ་པ། །དབང་པོ་སྦས་ཞེས་བྱ་བ་མཁས་པ་སྟེ། །འཇིགས་མེད་བསམ་གཏན་པ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ [318A]༄༅། །བཅུ་སྟེ་ཀུན་ལ་ཡང། །ཐམས་ཅད་འཇིགས་མེད་ཡེ་ཤེས་སྟོབས་ལྡན་པ། །བྱེ་བ་ཕྲག་ནི་སྟོང་ཕྲག་བཅུ་བཅུ་ཡོད། །མི་ཚེ་ལོ་གྲངས་དག་ནི་ འབུམ་ཡང་ཡིན། །འཇིག་རྟེན་ཕན་ཕྱིར་དམ་པའི་ཆོས་དག་ཀྱང། །ལོ་གྲངས་ཅིག་ཁྲི་ཅིག་སྟོང་བར་དུ་གནས། །མཆོད་རྟེན་དཔག་ཚད་དྲུག་པ་གསེར་གདུགས་ཅན། །མུ་ ཏིག་བཻ་ཌཱུརྱ་ཡི་དྲ་བས་རྒྱས། །དེ་བཞིན་གཤེགས་པ་གྲགས་པ་རྫོགས་ལྡན་གྱི། །སྐྱེ་བའི་ཡུལ་ནི་བློ་གྲོས་གྲགས་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ ཚད། །སུམ་ཅུ་གཉིས་ཡོད་ཡབ་ནི་ཤིན་དུ་གྲགས། །སྲིད་པར་གྲགས་ཤེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་མཆོད་ལྡན་ལེགས་མཆོད་རིམ་གྲོ་པ། །གྲགས་པའི་འབྱུང་ གནས་ཞེས་བྱ་མཁས་པ་སྟེ། །གྲགས་པ་རྣམ་པར་དེས་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་ཀུན་ལ་ཡང། །ཉོན་མོངས་ཟད་པ་ཡང་སྲིད་མེད་པ་བོ། །བྱེ་བ་ཕྲུག་ནི་ དགུ་བཅུ་བཞི་བཞི་ཡོད། །མི་ཚེ་ལོ་གྲངས་སུམ་ཁྲི་སུམ་སྟོང་ཡིན་།བྲད་མཐར་ཕྱིན་བའི་དམ་བའི་ཆོས་དག་ཀྱང། །ལོ་གྲངས་བདུན་ཁྲི་ཉིས་སྟོང་བར་དུ་གནས། །སྐུ་གདུང་རྒྱས་ འགྱུར་མཆོད་རྟེན་བྱེ་བ་སྟོང། །གསེར་དང་ནོར་བུའི་ཆུན་པོ་དག་གིས་སྤྲས། །དེ་བཞིན་གཤེགས་པ་པདྨའི་སྙིང་པོ་ཡི། །སྐྱེ་བའི་ཡུལ་ནི་གསེར་གྱི་སྙིང་པོ་ཡིན། །རིགས་ནི་ [318B] །ལྔ་བཅུ་རྩ་བཞི་ལེགས་པའི་སྙིང་པོ་ཡབ། །བཻ་ཌཱུརྱ་ཡི་སྙིང་པོ་རྒྱལ་བའི་ཡུམ། །སྲས་པོ་གསེར་འོད་སེང་གེ་རྣམ་གྲོལ་རིམ་གྲོ་པ། །རིན་ཆེན་ ལྗོན་བ་ཞེས་བྱ་མཁས་པ་སྟེ། །རིན་ཆེན་བློ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་བ་ལན་གྲངས་ཉི་ཤུ་བརྒྱད་ཀུན་ལའང། །ཐམས་ཅད་དུ་མེད་ཉོན་མོངས་ཟད་པ་པོ། །བྱེ་བ་ ཕྲག་ནི་དགུ་བཅུ་དགུ་དགུ་ཡོད། །མི་ཚེ་ལོ་གྲངས་དག་ནི་དགུ་ཁྲི་ཡིན། །སྲིད་པ་སྤངས་བའི་དམ་པའི་ཆོས་དག་ཀྱང། །ལོ་གྲངས་བདུན་ཁྲི་བརྒྱད་སྟོང་པར་དུ་གནས། ། འཇིག་རྟེན་མཁྱེན་པའི་མཆོད་རྟེན་དག་གི་གྲངས། །ཐེར་འབུམ་བྲག་ནི་བདུན་ཅུ་ཚད་བར་འབྱུང། རྐང་གཉིས་མཆོག་མ་དེ་བཞིན་གཤེགས་རྒྱལ་གྱི། །སྐྱེ་བའི་ཡུལ་ནི་ ནབས་སོ་ཞེས་ཀྱང་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད་།ཉི་ཤུ་གཉིས་ཡོད་ཡབ་ན་རྒྱུ་སྐར་ཡིན། །རྒྱུ་སྐར་བདག་མོ་ཞེས་བྱ་རྒྱལ་བའི་ཡུམ། །སྲས་པོ་དགྲ་འདུལ་ ཞི་བ་རིམ་གྲོ་པ། །ཞི་བའི་རྒྱ་མཚོ་ཞེས་བྱ་མཁས་པ་སྟེ་།འཇིགས་པ་མེད་པའི་བློ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་དྲུག་ཀུན་ལའང། །ཐེག་པ་མཆོག་གིས་ཕ་ རོལ་ཕྱིན་གྱུར་པ། །བྱེ་བ་ཕྲག་ནི་ཁྲི་ཕྲག་རེ་རེ་ཡོད། །མི་ཚེ་ལོ་གྲངས་བརྒྱད་ཁྲི་དགུ་སྟོང་ཡིན། །འགྲོ་ལ་ཕན་ཕྱིར་དམ་པའི་ཆོས་དག་ཀྱང། །ལོ་གྲངས་དགུ་ཁྲིའི་བར་དུ་ [319A]༄༅། །གནས་པར་འགྱུར། །དེའི་སྐུ་གདུང་མཆོག་རྟེན་གཅིག་ཡིན་ཏེ་།དཔག་ཚད་བདུན་པ་གསེར་གྱིས་རྣམ་པར་སྤྲས། །བདེ་བར་གཤེགས་པ་ སྤྱན་མཛེས་སྐྱེ་བའི་ཡུལ། །ཉམས་དགའ་མིག་ཏུ་སྡུག་བ་ཞེས་ཀྱང་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བཅུ་ཡོད་ཡབ་ནི་མི་བཟང་ཡིན། །མིག་ སྡུག་ཅེས་ནི་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་དགའ་བྱེད་མིག་ལེགས་རིམ་གྲོ་བ། །བློ་གནས་བ་ཞེས་བྱ་བ་མཁས་པ་སྟེ། །སྨད་བ་མེད་བའི་ལུས་ནི་རྫུ་འཕྲུལ་ཅན། །འདུས་ པ་ལན་གྲངས་བཅུ་སྟེ་ཀུན་ལ་ཡང། །རི་ལྟར་གཡོ་བ་མེད་པར་མཚུངས་པ་པོ། །བྱེ་བ་ཕྲག་ནི་སུམ་ཅུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་སྟོང་ཕྲག་བཅུ་བདུན་ཡིན། །རྒྱལ་ པ་འགོག་པར་ཕྱིན་པའི་དམ་ཆོས་དག་ལོ་གྲངས་སྟོང་གི་བར་དུ་གནས་བར་འགྱུར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ་།མཆོད་རྟེན་ཐམས་ཅད་བྱེ་བ་སྟོང་དུ་ ཚང། །དེ་བཞིན་གཤེགས་པ་རྙོག་པ་མེད་པའི་དོན། །སྐྱེ་བའི་ཡུལ་ནི་ནོར་གྱིས་བརྒྱན་ཅེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་གསུམ་ཡོད་ཡབ་ནི་ གཟུགས་བཟང་ཡིན། །སེམས་མཚུངས་མ་ནི་རྒྱལ་ཡུམ་སྲས་པོ་ནི། །ཁ་ལོ་སྒྱུར་བ་སྣང་ལྡན་རིམ་གྲོ་པ། །འགྲོ་བའི་དབང་ཕྱུག་ཅེས་བྱ་མཁས་བ་སྟེ། །དད་པར་བྱེད་པའི་ [319B] །འདུས་པ་ལན་གྲངས་སུམ་ཅུ་དྲུག་ཀུན་ལའང། །སྲེད་མེད་མ་རིག་བ་དང་བྲལ་བ་པོ། །བྱེ་བ་ཕྲག་ནི་སུམ་ཅུ་ལྔ་ལྔ་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་ཉིས་སྟོང་ཡིན་ འཇིག་རྟེན་མཁྱེན་བའི་དམ་བའི་ཆོས་དག་ཀྱང། །ལོ་གྲངས་སུམ་ཁྲི་ལྔ་སྟོང་བར་དུ་གནས། །མཆོད་རྟེན་བཟང་པོ་དགུ་ཁྲི་ཉིས་སྟོང་སྟེ། །རྒྱལ་མཚན་དམ་པ་དག་གིས་རྒྱས་པར་ འགྱུར༑ ༑དེ་བཞིན་གཤེགས་པ་དྲག་ཤུལ་སྡེ་སྐྱེ་བའི། །ཡུལ་ནི་དྲག་ཤུལ་ལྡན་བ་ཞེས་ཀྱང་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་ཡབ་ནི་ཡུལ་འཁོར་ བཟང། །དམན་པ་མིན་ཞེས་བྱ་བ་རྡུལ་ཕྲལ་ཡུམ། །སྲས་པོ་མཛོད་སྤུ་རྫོགས་ལྡན་རིམ་གྲོ་པ། །ཡོན་ཏན་རྫོགས་ཞེས་བྱ་བ་མཁས་པ་སྟེ། །ཆོས་ལ་རྣམ་པར་དེས་པ་རྫུ་འཕྲུལ་ ཅན༑ ༑འདུས་པ་ལན་གྲངས་བདུན་ཏེ་ཀུན་ལ་ཡང། །ཡིད་པ་ཞིང་གྲུབ་པ་དང་ནི་འདྲ་བ་པོ། །བྱེ་བ་ཕྲག་ནི་དགུ་བཅུ་གཉིས་གཉིས་ཡོད་།མི་ཚེ་ལོ་གྲངས་དག་ནི་ཁྲི་ཡང་ཡིན། །འགོག་ པར་ཕྱིན་པའི་དམ་པའི་ཆོས་དག་ཀྱང། །ལོ་གྲངས་དགུ་སྟོང་ཚད་པར་གནས་པར་འགྱུར། །རྒྱལ་བའི་མཆོད་རྟེན་དཔག་ཚད་གསུམ་པ་སྟེ་།མེའི་ཕུང་པོ་ལྟ་བུར་འཕར་ཞིང་སྤ། ། དེ་བཞིན་གཤེགས་པ་བསོད་ནམས་གཟི་བརྗིད་ཀྱི། །སྐྱེ་བའི་ཡུལ་ནི་བསོད་ནམས་བརྒྱན་ཞེས་བྱ། །རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་དགུ་ཡོད་ཡབ་ནི་ཏོག་ [320A]༄༅། །བཟང་ཡིན། །ཏོག་གི་བློ་གྲོས་མ་ནི་རྒྱལ་བའི་ཡུམ། །སྲས་པོ་སྐར་མཁན་ལེགས་སྐྱེས་རིམ་གྲོ་པ། །མཐུ་རྩལ་བརྒྱ་བ་ཞེས་བྱ་མཁས་པ་སྟེ། །ཐེ་ ཚོམ་སེལ་ཞེས་བྱ་བརྫུ་འཕྲུལ་ཅན། །འདུས་པ་ཕན་གྲངས་དྲུག་བཅུ་ཀུན་ལའང། །དགྲ་བཅོམ་འཕགས་པའི་ཆོས་ནི་ཐོབ་བ་པོ། །སྲིད་པའི་བ་མཐར་ཕྱིན་བ་ཤ་སྟག་ གོ་མི་ཚེ་ལོ་གྲངས་ལྔ་ཁྲི་དྲུག་སྟོང་ཡིན། །རྡུལ་དང་བྲལ་བ་དམ་བའི་ཚེས་དག་ཀྱང། །ལོ་གྲངས་བྱེ་བའི་བར་དུ་གནས་པར་འགྱུར། །རྒྱལ་བའི་མཆོད་རྟེན་དཔག་ཚད་ གསུམ་པ་སྟེ། །གསེར་གྱི་རྒྱལ་མཚན་མཆོག་སྟོང་སྙེད་ཀྱིས་བརྒྱན་།བདེ་གཤེགས་མཐུ་རྩལ་ཅན་ནི་སྐྱེ་བའི་ཡུལ། །རྣམ་བར་རྒྱལ་བའི་གཟི་བརྗིད་ཅེས་ཀྱང་བྱ། །རྒྱལ་བའི་ རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་དྲུག་ཡོད་ཡབ་ནི་ཤིན་དུ་མཛེས། །འགྲོས་མཛེས་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་འགྲོས་ལྡན་ལྷ་ལེགས་རིམ་གྲོ་པ། །སྤོབས་ པ་འཆང་ཞེས་བྱ་བ་བློ་ཅན་ཏེ། །སྐྱེས་རབས་ཁ་ལོ་བསྒྱུར་བ་རྫུ་འཕྲུལ་ཅན། །འདུས་བ་ལན་གྲངས་བཅུ་སྟེ་ཀུན་ལ་ཡང། །ཐམས་ཅད་ཆགས་པ་མེད་པར་གྱུར་པ་བོ། །བྱེ་ཕྲག་ བདུན་ཅུ་གཉིས་འདུས་བར་འགྱུར། །མི་ཚེ་ལོ་གྲངས་དག་ནི་དགུ་ཁྲི་ཡིན། །མྱ་ངན་འདས་པར་ཕྱིན་པའི་དམ་ཆོས་དག་ལོ་གྲངས་ཉིས་སྟོང་བར་དུ་གནས་པར་ [320B] ༑རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་ལྔ་བ་གསེར་ལས་བྱས་པ་ཡིན། །མགོན་བོ་ཐོགས་མེད་བློ་ནི་སྐྱེ་བའི་ཡུལ། །འཇིག་རྟེན་དག་གིས་འདུལ་ བར་དཀའ་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་རྩ་གཉིས་ཡབ་ནི་གདུལ་དགའ་ཡིན། །མཆོད་རྟེན་གྲགས་པ་རྒྱལ་ཡུམ་མཆོད་སྦྱིན་ནི། །སྲས་ཡིན་ ཆོས་སྦྱིན་བཟང་པོ་རིམ་གྲོ་པ། །གླིང་པ་པོ་ལ་དགའ་བ་མཁས་པ་སྟེ། །མཆོག་གི་རྒྱལ་པོ་ཞེས་བྱ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བཅུ་གཅིག་ཀུན་ལ་ཡང། །རི་ལྟར་མ་ སྒུལ་ལུས་ནི་སྦྱངས་པ་པོ། །བྱེ་བ་ཕྲག་ནི་བདུན་ཅུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་ཉིས་སྟོང་ཡིན། །མི་ཡི་སློབ་དཔོན་རྒྱལ་བའི་དམ་ཆོས་དག་ལོ་གྲངས་དགུ་སྟོང་ བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །རིན་ཆེན་འབུམ་ཕྲག་སྙེད་ནི་འབར་བར་འགྱུར། །དེ་བཞིན་གཤེགས་པ་སྒྲ་གཅན་ལྷ་དག་གི་སྐྱེ་བའི་ ཡུལ་ནི་ཆུ་ལྷས་མཆོད་ཅེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །དགུ་བཅུ་རྩ་གཉིས་ཡབ་ནི་ལྷ་བཟང་ཡིན། །ལྷ་མ་ཡིན་གྱི་བདག་མོ་རྒྱལ་ཡུམ་སྲས། །རིན་ཆེན་རིན་ ཆེན་བཟང་པོ་རིམ་གྲོ་བ། །དགའ་བསམ་མཆོད་ཅེས་བྱ་བ་བློ་ཅན་ཏེ་།རྣལ་འབྱོར་དག་ལ་དང་བྱེད་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་བཅུ་ཀུན་ལ་ཡང། །དྲི་གསུམ་དྲི་མ་ [321A]༄༅། །གཅོད་པར་བྱེད་པ་པོ། །ཐེར་འབུམ་ཕྲག་ནི་དྲུག་དྲུག་འདུས་པར་འགྱུར། །མི་ཚེ་ལོ་གྲངས་བདུན་ཁྲི་བཞི་སྟོང་ཡིན། །ཡོན་ཏན་མཆོག་ཏུ་ ཕྱིན་པའི་དམ་ཆོས་དག་ལོ་གྲངས་བདུན་ཁྲི་བརྒྱ་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་དཔག་ཚད་ནི། །བཅུ་དྲུག་པ་གཅིག་གསེར་གྱིས་སྤ་བར་བྱས། །དེ་ བཞིན་གཤེགས་བ་ཡེ་ཤེས་ཕུང་པོ་ཡི། །སྐྱེ་བའི་ཡུལ་ནི་ཆོས་ཀྱི་ཕུང་པོ་ཡིན། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་རྩ་གཅིག་མཆོད་སྦྱིན་བཟང་པོ་ཡབ། ། ཡེ་ཤེས་མཆོག་མ་ཞེས་བྱ་རྒྱལ་བའི་ཡུམ། །སྲས་པོ་ཤེས་བྱིན་ཤེས་ལེགས་རིམ་གྲོ་པ། །རིན་ཆེན་འབྱུང་གནས་ཞེས་བྱ་མཁས་པ་སྟེ་།ཤེས་ལྡན་མཆོད་ཅེས་བྱ་བ་ རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང། །ཐེག་པ་མཆོག་གིས་སྲིད་རྩེར་ཕྱིན་བ་པོ། །བྱེ་ཕྲག་དྲུག་ཅུ་རྩ་ནི་རེ་རེ་ཡོད། །མི་ཚེ་ལོ་གྲངས་དག་ནི་བརྒྱད་ ཁྲི་ཡིན༑ ༑དྲང་སྲོད་ཕུལ་དུ་ཕྱིན་བའི་དམ་ཆོས་དག་ལོ་གྲངས་དྲུག་ཁྲི་སུམ་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །བསོད་ནམས་འབྲས་བུ་ གསེར་གྱིས་རྣམ་པར་སྤྲས། །འཇིག་རྟེན་མགོན་པོ་ཁ་ལོ་སྒྱུར་པ་ཡི་།སྐྱེ་ཡུལ་མཆོད་རྟེན་ཁ་ལོ་སྒྱུར་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་ [321B]རབ་མཆོག་ཅེས་ནི་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་མཆོག་སྦྱིན་པདྨ་རིམ་གྲོ་ཡ། །མནྡཱ་ར་བའི་གསུང་ལྡན་བློ་ཅན་ཏེ། །ལེགས་པར་མཆོད་ པའི་གསུང་ལྡན་རྫུ་འཕྲུལ་ཅན། །འདས་པ་ལན་གྲངས་བཅུ་དྲུག་ཀུན་ལ་ཡང། །དགྲ་བཅོམ་ད་མེད་ཐ་བ་སྤངས་པ་པོ། །བྱེ་ཕྲག་བདུན་བཅུ་དྲུག་དྲུག་འདུས་པར་འགྱུར། །མི་ཚེ་ལོ་ གྲངས་ཉི་ཁྲི་ཉིས་སྟོང་ཡིན། །ཞི་བར་ཕྱིན་བའི་དམ་བའི་ཆོས་དག་ཀྱང། །ལོ་གྲངས་དགུ་ཁྲིའི་བར་དུ་གནས་བར་འགྱུར། །སྐུ་གདུང་དག་ནི་རྒྱལ་འགྱུར་མཆོད་རྟེན་གྲངས། །བྱེ་ བ་ཕྲག་ནི་དགུ་བཅུ་རྩ་དགུ་འབྱུང། །དེ་བཞིན་གཤེགས་པ་སྐྱེ་དབང་མཚུངས་པ་ཡི། སྐྱེ་ཡུལ་དབང་པོའི་རྒྱལ་མཚན་ཞེས་ཀྱང་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། ། ཉི་ཤུ་རྩ་གཉིས་རྒྱལ་བའི་དབང་པོ་ཡབ། །དབང་མཆོད་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་དབང་ལྡན་ལེགས་དབང་རིམ་གྲོ་པ་།དབང་ཆེན་སྒྲོན་མ་བློ་གྲོས་ཅན་ཡིན་ ཏེ༑ ༑འཇིགས་མེད་དབང་པོ་ཞེས་བྱ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་བཅུ་དྲུག་ཀུན་ལའང། །ཐ་སྤངས་ཉོན་མོངས་སྦྱངས་པའི་ཡིད་ལྡན་བ། །བདུད་ལས་རྣམ་གྲོལ་ཐེར་ འབུམ་མཐེར་འབུམ་ཡོད། །མི་ཆོ་ལོ་གྲངས་བདུན་ཁྲི་ཚད་པ་ཡིན་།འགྲོ་ལ་ཕན་ཕྱིར་དམ་པའི་ཆོས་དག་ཀྱང། །ལོ་སྟོང་ཚད་བའི་བར་དུ་གནས་པར་འགྱུར། །རྒྱལ་བ་མྱ་ [322A]༄༅། །ངན་འདས་པའི་སྐུ་གདུང་གི་མཆོད་རྟེན་དཔག་ཚད་ལྔ་པ་གཅིག་ཀྱང་འབྱུང། །སངས་རྒྱས་མེ་ཏོག་གཏོག་ནི་སྐྱེ་བའི་ཡུལ་།མེ་ཏོག་ དག་ལ་དགའ་བའི་རང་བཞིན་ཡིན། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་རྩ་དྲུག་མེ་ཏོག་བཟང་བོ་ཡབ། །རྒྱལ་ཡུམ་མེ་ཏོག་ཅན་ཡིན་མེ་ཏོག་ རྒྱས༑ ༑སྲས་ཡིན་མེ་ཏོག་བཟང་པོ་རིམ་གྲོ་པ། །མེ་ཏོག་ཆེན་པོའི་གཟི་བརྗིད་བློ་ཅན་ཏེ། །མེ་ཏོག་སྒྲོན་མ་ཞེས་བྱ་རྫུ་འཕྲུལ་ཅན་།འདུས་པ་ལན་གྲངས་བརྒྱད་ ཅུ་ཀུན་ལ་ཡང། །ཐ་སྤངས་དུག་རྩ་གཅད་པར་མཚུངས་པ་པོ། །བྱེ་བ་ཕྲག་ནི་བདུན་ཅུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་དགུ་ཁྲི་དགུ་སྟོང་ཡིན། །འགོག་པར་ཕྱིན་ པའི་དམ་པའི་ཆོས་དག་ཀྱང། །ལོ་གྲངས་དགུ་ཁྲི་དགུ་སྟོང་བར་དུ་གནས། །དཔག་ཚད་གཅིག་པའི་མཆོད་རྟེན་འབྱུང་འགྱུར་ཏེ། །གསེར་གྱི་དྲ་བ་རྒྱལ་མཚན་དག་གིས་ སྤྲས༑ ༑འཇིག་རྟེན་མགོན་པོ་སྒྲ་ཅན་འཛིན་དག་གི་སྐྱེ་བའི་ཡུལ་ནི་རིན་ཆེན་འོད་ཅེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད་།སུམ་ཅུ་རྩ་གཅིག་ ཚུལ་ཁྲིམས་བཟང་པོ་ཡབ་ཚུལ་ཁྲིམས་ཅན་ཡིན་རྒྱལ་ཡུམ་སྲས་པོ་ནི། །ཚུལ་ཁྲིམས་བཟང་པོ་མཆོད་ལེགས་རིམ་གྲོ་པ། །སྲིད་པ་གཅོད་བྱེད་བློ་གྲོས་ཅན་ཡིན་ [322B] ༑འགྲོས་བརྟན་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ཉི་ཤུ་ཀུན་ལ་ཡང། །དྲང་སྲོང་ཐམས་ཅད་ཚང་བར་འདུས་འགྱུར་ཏེ། །བྱེ་བ་ཕྲག་ནི་ཉི་ཤུ་རེ་རེ་ཡོད། ། མི་ཚེ་ལོ་གྲངས་ཉི་ཁྲི་ཉིས་སྟོང་ཡིན། །རྒྱལ་བའི་དམ་ཆོས་ལོ་གྲངས་བྱེ་བ་ཕྲག་བདུན་ཁྲི་སུམ་སྟོང་བར་དུ་གནས་པར་འགྱུར་།རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ ལ༑ ༑འགྲོ་བ་ཀུན་གྱིས་བགྲང་བར་ནུས་མ་ཡིན། །དེ་བཞིན་གཤེགས་པ་རྩི་སྨན་ཆེན་པོ་ཡི། །སྐྱེ་བའི་ཡུལ་ནི་སྨན་དང་ལྡན་ཞེས་བྱ་།རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ ཚད༑ ༑ཉི་ཤུ་རྩ་གཉིས་ཡབ་ནི་མཛོད་བཟང་ཡིན། །མདངས་དགའ་རྒྱལ་བའི་ཡུམ་ཡིན་སྲས་པོ་ནེ། །ཐར་འདོད་ཤིན་དུ་ཐར་བ་རིམ་གྲོ་པ། །ཡོན་ཏན་དེས་ཞེས་བྱ་བ་མཁས་ པ་སྟེ༑ ༑ཆོས་ལ་གནས་ཤེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང། །དགྲ་བཅོམ་དེ་དག་ཐམས་ཅད་འདུས་འགྱུར་ཏེ། །བྱེ་བ་ཕྲག་ནི་ཉི་ཤུ་ བཞི་བཞི་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་ཚད་པར་འགྱུར། །འགོག་པར་ཕྱིན་བའི་དམ་པའི་ཆོས་དག་ཀྱང། །ལོ་གྲངས་ཉི་ཁྲི་དྲུག་སྟོང་བར་དུ་གནས། །སེམས་ཅན་མཁས་པ་ མྱ་ངན་འདས་ནས་ཀྱང། །སྐུ་གདུང་མཆོད་རྟེན་དཔག་ཚད་གཉིས་པ་གཅིག་རྡུལ་དང་བྲལ་བ་རྒྱུ་སྐར་རྒྱལ་པོ་ཡི། །སྐྱེ་བའི་ཡུལ་ནི་ཟླ་བའི་འོད་ཅེས་བྱ། །རིགས་ནི་བྲམ་ [323A]༄༅། །ཟེ་ཡིན་ཏེ་འོད་དཔག་ཚད། །བདུན་ཅུ་རྩ་གཉིས་ཡབ་ནི་ཟླ་བཟང་ཡིན། །ཟླ་མཆོག་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ཟླས་ བྱིན་ཟླ་ལེགས་རིམ་གྲོ་པ། །འོད་ཟེར་ཆེན་པོ་ཞེས་བྱ་མཁས་པ་སྟེ་།གཟི་བརྗིད་འོད་ཅེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང། ། དགྲ་བཅོམ་བྱེ་ཕྲག་བདུན་ཅུ་གཉིས་གཉིས་དང། །གཞན་ཡང་བྱེ་བ་ཕྲག་ནི་བརྒྱ་བརྒྱ་ཡོད། །མི་ཚེ་ལོ་གྲངས་སུམ་ཁྲི་ཉིས་སྟོང་ཡིན། །མཚུངས་པ་མེད་པ་མྱ་ངན་ འདས་པ་ཡིན། །དམ་ཆོས་ལོ་གྲངས་དགུ་བཅུ་དྲུག་ཏུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །ལིང་པ་གསུམ་ན་མཆོད་ཅིང་བཀུར་བར་འགྱུར། །དེ་བཞིན་ གཤེགས་པ་སྨན་པའི་རྒྱལ་པོ་ཡི། །སྐྱེ་བའི་ཡུལ་ནི་ཀུན་ནས་གནས་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་རྩ་བཞི་ཡུལ་འཁོར་བཟང་པོ་ ཡབ༑ ༑མདངས་ལྡན་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ལྷ་ལེགས་འགྲོས་ལྡན་རིམ་གྲོ་པ། །དགའ་ལྡན་ཞེས་ནི་བྱ་བ་མཁས་པ་སྟེ། །མི་ཟད་བློ་ཞེས་བྱ་བ་ རྫུ་འཕྲུལ་ཅན། །དགྲ་བཅོམ་ཐམས་ཅད་དག་ཀྱང་འདུས་འགྱུར་ཏེ་།བྱེ་བ་ཕྲག་ནི་དགུ་བཅུ་གཉིས་སྙེད་འབྱུང། །དེ་ན་མི་རྣམས་དག་གི་ཚེ་མི་ཚད། །ལོ་གྲངས་ [323B] །རྣམ་པར་གྲོལ་བར་ཕྱིན་བའི་དམ་ཆོས་དག་ལོ་གྲངས་སྟོང་ཕྲག་བཅོ་བརྒྱད་བར་དུ་གནས་།མིག་སྦྱིན་པ་ནི་མྱ་ངན་འདས་ནས་ཀྱང། ། སྐུ་གདུང་མཆོད་རྟེན་དཔག་ཚང་གསུམ་པ་གཅིག་དེ་བཞིན་གཤེགས་པ་བསོད་ནམས་གླང་པོ་ཡི། །སྐྱེ་ཡུལ་གླིང་པོ་རིང་པོ་ཆེ་ཞེས་བྱ་རིགས་ནི་རྒྱལ་རིགས་ཡིན་ ཏེ་འོད་དཔག་ཚད། །སུམ་ཅུ་རྩ་བཞི་བདག་ཉིད་ཆེན་པོ་ཡབ། །རིན་ཆེན་ལྡན་མ་རྒྱལ་ཡུམ་ང་རྒྱལ་ཅན། །སྲས་ཡིན་བློ་གྲོས་ཅན་ནི་རིམ་གྲོ་པ། །རིན་ཆེན་ཚོགས་ཞེས་ བྱ་བ་མཁས་པ་སྟེ། །ནོར་ཀུན་མཐོང་ཞེས་བྱ་བ་རྫུ་འཕྲུལ་ཅན་།འདུས་པ་ལན་གྲངས་ལྔ་སྟེ་ཀུན་པ་ཡང། །བྱེ་བ་སྟོང་ཕྲག་ཉི་ཤུ་གཉིས་གཉིས་ཡོད། །སྐུ་ཚེའི་ཚད་ དག་ལོ་གྲངས་སྟོང་ཕྲག་ནི། །བཅོ་ལྡ་རེངས་པར་ཚད་པར་འགྱུར་བ་ཡིན། །ཁྱུ་མཆོག་ཆེན་པོའི་ད་པའི་ཆོས་དག་ཀྱང། །ལོ་གྲངས་བདུན་ཁྲི་ཉིས་སྟོང་བར་དུ་ གནས༑ ༑མཚུངས་པ་མེད་པ་མྱ་ངན་འདས་ནས་ཀྱང། །སྐུ་གདུང་མཆོད་རྟེན་དཔག་ཚད་གཅིག་པ་འབྱུང། །དེ་བཞིན་གཤེགས་པ་མཆོད་པར་མཛད་པ་ཡི། །ཀྱེ་བའི་ ཡུལ་ནི་གསལ་བར་མཐོང་ཞེས་བྱ། །དེའི་རིགས་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བདུན་ཅུ་ཡབ་ནི་ས་ག་ཡིན། །ཡིད་དགའ་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་ [324A]༄༅། །པོ་དག་བྱེད་ལེགས་དག་རིམ་གྲོ་བ། །སྲང་སྲོང་རྟོགས་ཞེས་བྱ་བ་མཁས་པ་སྟེ། །ལེགས་པར་རྟོགས་པའི་ཡེ་ཤེས་རྫུ་འཕྲུལ་ཅན། ། འདུས་པ་ལན་གྲངས་བདུན་ཅུ་དྲུག་ཀུན་ལའང། །བྱེ་བ། །ཕྲག་ནི་ཉི་ཤུ་བཞི་བཞི་དང། །གཞན་ཡང་དགྲ་བཅོམ་བྱེ་བ་སྟོང་སྟོང་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་ཉིས་ སྟོང་ཡིན། །དུ་གསུམ་མཁྱེན་པའི་དམ་པའི་ཆོས་དག་ཀྱང། །ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས་པར་འགྱུར། །མཚུངས་པ་མེད་པ་མྱ་ངན་འདས་ནས་ཀྱང། །དེ་ ཚེ་སྐུ་གདུང་དག་ནི་རྒྱས་པར་འགྱུར། །བདེ་གཤེགས་རྣམ་བར་གྲགས་པའི་རྒྱལ་པོ་ཡི། །སྐྱེ་བའི་ཡུལ་ནི་དག་པར་གྲགས་ཞེས་བྱ་།རྒྱལ་བའི་རིགས་ནི་རྒྱལ་རིགས་ འོད་ཀྱི་ཚད། །དཔག་ཚད་བརྒྱད་ཡོད་ཡབ་ནི་དད་པ་ཡིན། །བློ་གྲོས་གྲགས་ཞེས་བྱ་བ་ཡུམ་ཡིན་ནོ། །སྲས་པོ་ལེགས་གྲགས་གྲགས་པ་རིམ་གྲོ་པ། །ཡོན་ཏན་ གྲགས་ཞེས་བྱ་བ་བློ་ཅན་ཏེ། །རྫུ་འཕྲུལ་ཤིང་ཏུ་སྦྱངས་པ་རྫུ་འཕྲུལ་ཅན། །འདུས་པ་ལང་གྲངས་དགུ་བཅུ་ཀྱང་ལ་ཡང་།ཕུང་པོར་འཛིན་ལ་མི་ལྟ་རྣམ་གྲོལ་བ། ། བྱེ་བ་ཕྲག་ནི་བདུན་ཅུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་བཞི་སྟོང་ཡིན། །མཚུངས་པ་མེད་པ་དམ་པའི་ཆོས་དག་ཀྱང་།ལོ་གྲངས་བདུན་ཁྲི་བཞི་ [324B] །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །ལྷ་དང་མི་མཆོག་དག་གིས་མཆོད་པར་འགྱུར། །དེ་བཞིན་གཤེགས་པ་ཉི་མའི་འོད་ཟེར་གྱི། །སྐྱེ་བའི་ཡུལ་ ནི་ཏོག་གི་འོད་ཅེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད་།དགུ་བཅུ་རྩ་དགུ་ཡབ་ནི་ལྷ་བཟང་ཡིན། །གསེར་འོད་མ་ནི་ཡུམ་ཡིན་སྲས་པོ་ནི། །འོད་ཟེར་བྱིན་ཡིན་ ལག་བཟང་རིམ་གྲོ་པ། །འོད་དང་ལྡན་པ་བློ་གྲོས་ཅན་ཡིན་ཏེ་།སྒྲོན་མ་འོད་ཅེས་བྱ་བ་རྫུ་འཕྲུལ་ཅན། འདུས་པ་ལན་གྲངས་དྲུག་ཅུ་ཀུན་ལའང། །དགྲ་བཅོམ་ ཆགས་པ་མེད་པར་གྱུར་པ་པོ། །བྱེ་བ་ཕྲག་ནི་སྟོང་སྟོང་འདུས་པར་འགྱུར། །མི་ཚེ་ལོ་གྲངས་སྟོང་ཕྲག་བཅུ་གཉིས་ཡིན། །འཇིགས་རྟེན་མཁྱེན་པ་མྱ་ངན་འདས་པ་ཡི། །དམ་ ཆོས་ལོ་གྲངས་སྟོང་དུག་ནས་པར་འགྱུར། །རྒྱལ་བའི་སྐུ་གདུང་མཆོད་རྟེན་དཔག་ཚད་ནི། །སུམ་ཅུ་པ་གཅིག་གསེར་གྱིས་སྤ་བར་བྱས་།དེ་བཞིན་གཤེགས་པ་ཆོས་ ཀྱི་མཛོད་དག་གི་སྐྱེ་བའི་ཡུལ་ནི་ཡེ་ཤེས་འོད་ཅེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་རྩེ་གཉིས་ཡབ་ནི་ལེགས་སྤོང་ཡིན། །མཛོད་མཆོག་མ་ཞེས་ བྱ་རྒྱལ་བའི་ཡུམ། །སྲས་པོ་རྒྱལ་སྲས་དྲང་སྲོང་རིམ་གྲོ་པ་།དྲང་སྲོང་མཐུ་རྩལ་ཅན་ནི་མཁས་པ་སྟེ། །འཇིགས་པ་མེད་པའི་ཡེ་ཤེས་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ [325A]༄༅། །བཅུ་དྲུག་ཀུན་ལ་ཡང། །ལུས་སྦྱངས་ཆགས་པ་མེད་པར་གྱུར་པ་པོ། །དགྲ་བཅོམ་ཐེར་འབུམ་ཐེར་འབུམ་ཚད་པར་ཡོད། །མི་ཚེ་ལོ་གྲངས་ ཉི་ཁྲི་ཅིག་སྟོང་ཡིན། །མྱ་ངན་འདས་པ་དེ་ཡི་དམ་ཆོས་དག་ལོ་གྲངས་བདུན་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། ། དཔག་ཚད་ལྔ་པ་ཀུན་ནས་མཛེས་པར་བྱས། །འཇིག་རྟེན་མགོན་པོ་བློ་གྲོས་བཟང་པོ་ཡི། །སྐྱེ་བའི་ཡུལ་ནི་གློ་གྲོས་བཀོད་ཅེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་ འོད་ཀྱི་ཚད། །དཔག་ཆ་ད་གསུམ་ཡོད་ཡབ་ནི་བློ་གྲོས་ཅན། །བློ་གྲོས་ཆེན་མོ་རྒྱལ་ཡུམ་ཀུན་གྱིས་བཀུར། །སྲས་ཡིན་བློ་གྲོས་དབང་པོ་རིམ་གྲོ་པ། །ཡོན་ཏན་མཆོད་ རྟེན་ཞེས་བྱ་མཁས་པ་སྟེ། །ཕྱོགས་གསལ་པ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང། །ཆགས་མེད་རིམས་ནད་མེད་པའི་བསམ་གཏན་ པ༑ ༑བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་སུམ་ཁྲི་ཐམ་པ་ཡིན། །རྒྱལ་བ་འཁྲུགས་པ་མེད་པར་ཕྱིན་པ་ཡི་།དམ་ཆོས་ལོ་གྲངས་སུམ་ཁྲིར་གནས་ པར་འགྱུར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་གྲངས་ནི་ཐེར་འབུམ་བཅུ་དྲུག་འབྱུང། །མགོན་པོ་ཡོན་ཏན་དབང་མཚུངས་སྐྱེ་བ་ཡི། །ཡུལ་ནི་ [325B] །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བཅོ་བརྒྱད་ཡབ་ནི་དབང་པོ་ཡིན། །ཡོན་ཏན་དབང་བོ་བློ་གྲོས་རྒྱལ་བའི་ཡུམ། །སྲས་ པོ་དཔག་ལྡན་ཚོགས་དབང་རིམ་གྲོ་པ། །ཡོན་ཏན་ཚོགས་ཞེས་བྱ་བ་བློ་ཅན་ཏེ། །ཡོན་ཏན་ཀུན་གྱི་ཚོགས་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་དེ་ཀུན་ལ་ཡང། ། རྒྱལ་སྲས་ལུས་ནི་ལེགས་པར་སྦྱངས་པ་པོ། །དགྲ་བཅོམ་ཆགས་པ་མེད་པ་ཤ་སྟག་གོ་མི་ཚེ་ལོ་གྲངས་དག་ནི་ཁྲི་ཡང་ཡིན། །མཚུངས་པ་མེད་པ་མྱ་ངན་འདས་པ་ཡི། །དམ་ ཆོས་ལོ་གྲངས་བརྒྱད་བཅུའི་བར་དུ་གནས། །སྐུ་གདུང་མཆོད་རྟེན་ཆེན་པོ་གཅིག་ཡིན་ཏེ། །རིན་ཆེན་དྲ་བ་རྒྱལ་མཚན་དག་གེས་སྤྲས་།དེ་བཞིན་གཤེགས་པ་རྡོ་རྗེའི་སྡེ་ སྐྱེ་བའི༑ ༑ཡུལ་ནི་རིན་པོ་ཆེ་དང་ལྡན་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་གསུམ་ཡོད་ཡབ་ནི་སྡེ་བཟང་ཡིན། །ངེས་བརྟན་རྒྱལ་བའི་ཡུམ་ཡིན་ སྲས་པོ་ནི། །རྡོ་རྗེ་བྱིན་ཡིན་གསལ་བ་རིམ་གྲོ་པ། །ཕས་རྒོལ་དྲི་མ་མེད་པའི་བློ་ཅན་ཏེ། །སྨན་གྱི་རྒྱལ་པོ་ཞེས་བྱ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ཉི་ཤུ་དྲུག་ཀུན་ ལ༑ ༑མཆན་མ་མེད་པས་ཤིན་ཏུ་དུལ་དེ་ཀུན། །བྱེ་བ་ཕྲག་ནི་དགུ་བཅུ་གསུམ་གསུམ་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་བརྒྱད་སྟོང་ཡིན་།དེ་ཡི་དམ་ཆོས་ལོ་གྲངས་སྟོང་ཕྲག་ [326A]༄༅། །ནི༑ ༑ཉི་ཤུ་རྩ་བརྒྱད་བར་དུ་གནས་པར་འགྱུར། །འཇིག་རྟེན་མཁྱེན་པ་མྱ་ངན་འདས་ནས་ཀྱང། །སྐུ་གདུང་རྒྱས་འགྱུར་ཞིང་རྣམས་གང་བར་ འགྱུར༑ ༑དེ་བཞིན་གཤེགས་པ་ཤེས་རབ་བརྩེགས་པ་ཡི། །སྐྱེ་བའི་ཡུལ་ནི་ཤེས་རབ་བརྩེགས་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་རྩ་གཉིས་ ཤེས་རབ་བཟང་པོ་ཡབ། །ཤེས་རབ་མཆོག་ཅེས་བྱ་བ་རྒྱལ་བའི་ཡུམ་།སྲས་པོ་ཤེས་བྱིན་ཤེས་བཟང་རིམ་གྲོ་པ། །ཤེས་རབ་འབྱུང་གནས་ཞེས་བྱ་མཁས་པ་སྟེ། ། ཤེས་རབ་རྣམ་པར་སྦྱངས་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་ཀུན་ལ་ཡང། །དགྲ་བཅོམ་ཐམས་ཅད་ཐར་བར་གཞོལ་བ་པོ་།བྱེ་བ་ཕྲག་ནི་དགུ་ཅུ་གཉིས་ གཉིས་ཡོད། །མི་ཚེ་ལོ་གྲངས་དག་ནི་བཞི་ཁྲི་ཡིན། །ཡོངས་སུ་མྱ་ངན་འདས་པའི་དམ་ཆོས་དག་ལོ་གྲངས་སྟོང་ཕྲག་བཅོ་ལྔར་གནས་པར་འགྱུར། །རྒྱལ་བའི་སྐུ་ གདུང་མཆོད་རྟེན་གཅིག་ཡིན་ཏེ། །འཕང་དུ་དཔག་ཚད་ལྔ་པ་འབྱུང་བར་འགྱུར། །འཇིག་རྟེན་མགོན་པོ་ལེགས་པར་གནས་པ་ཡི། །སྐྱེ་ཡུལ་ལེགས་པར་རབ་ཏུ་གནས་ ཞེས་བྱ། །རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་དགུ་ཡོད་ཡབ་ནི་དོན་གནས་ཡིན། །ཡོན་ཏན་ལྡན་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ལེགས་མཐུ་བློ་ [326B] །དགེ་གནས་ཞེས་ནི་བྱ་བ་མཁས་པ་སྟེ་།གཏི་མུག་མེད་པ་མཐའ་ཡས་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དགུ་བཅུ་ཀུན་ལ་ཡང། །དགྲ་བཅོམ་དག་ ནི་ཚང་པར་འདུས་འགྱུར་ཏེ། །ཐེར་འབུམ་ཕྲག་ནི་དགུ་དགུ་འབྱུང་བར་འགྱུར། །མི་ཚེ་ལོ་གྲངས་སྟོང་ཕྲག་བཅུ་གཅིག་ཡིན། །ཡོངས་སུ་མྱ་ངན་འདས་པའི་དམ་ཆོས་དག། ། ལོ་གྲངས་བདུན་ཁྲི་དྲུག་སྟོང་ཚད་པར་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །གསེར་གྱི་རྒྱལ་མཚན་མཆོག་གིས་འཁོར་བར་གང། །དེ་བཞིན་གཤེགས་པ་ བློ་ནི་སྦྱངས་པ་ཡི། །སྐྱེ་ཡུལ་བསོད་ནམས་ལེགས་པར་བསགས་ཞེས་བྱ། །རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་ཡབ་ནི་སྣང་ལྡན་ཡིན། ། བདེན་ལྡན་མ་ཞེས་བྱ་བ་ཡུམ་ཡིན་ནོ། །སྲས་པོ་བློ་གྲོས་བློ་བཟང་རིམ་གྲོ་པ། །འོད་ཟེར་ཆེན་པོ་ཞེས་བྱ་མཁས་པ་སྟེ། །དགའ་ཆེན་ཞེས་ནི་བྱ་བ་རྫུ་འཕྲུལ་ཅན། ། འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་ཡང། །སྲིད་པའི་འཆིང་བ་གཅོད་པར་བྱེད་པ་པོ། །བྱེ་བ་ཕྲག་ནི་བཅུ་བཅུ་འདུས་པར་འགྱུར། །མི་ཚེ་ལོ་གྲངས་བདུན་ཁྲི་ཉིས་སྟོང་ ཡིན༑ ༑རྒྱལ་བ་མྱ་ངན་འདས་པའི་དམ་ཆོས་དག། ལོ་གྲངས་དྲུག་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །ལྷ་རྫས་རྒྱལ་མཚན་ [327A]༄༅། །མཆོག་གིས་མཛེས་པར་བྱས། །དེ་བཞིན་གཤེགས་པ་ཚངས་པའི་དབྱངས་སྐྱེ་བའི། །ཡུལ་ནི་སྒྲ་སྙན་པ་དག་གྲག་ཅེས་བྱ་།རྒྱལ་ བའི་རིགས་ནི་བྲམ་ཟེ་འོད་དཔག་ཚད། །ཉི་ཤུ་རྩ་ལྔ་ཡབ་ནི་ཚངས་བཟང་ཡིན། །ཚངས་པའི་དབྱངས་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ཚངས་བྱིན་བརྟུལ་ཞུགས་ རིམ་གྲོ་པ། །སྙིང་རྗེའི་མིག་ཅེས་བྱ་བ་མཁས་པ་སྟེ། །ཚངས་དབང་བདག་ཉིད་ཆེན་པོ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ལྔ་སྟེ་ཀུན་ལ་ཡང། །ཆགས་པ་ཞི་བའི་ ཡིད་དང་ལྡན་པ་དག་བྱེ་བ་ཕྲག་ནི་སྟོང་སྟོང་འབྱུང་བར་འགྱུར། །མི་ཚེ་ལོ་གྲངས་དག་ནི་ཁྲི་ཡང་ཡིན། །རྒྱལ་བའི་དམ་ཆོས་ལོ་གྲངས་སྟོང་ཕྲག་ནི། །ཉི་ཤུ་རྩ་ བདུན་བར་དུ་གནས་པར་འགྱུར། །རྒྱལ་པའི་སྐུ་གདུང་དག་གི་མཆོད་རྟེན་ནི། །དཔག་ཚད་སུམ་ཅུ་པ་གཅིག་འབྱུང་བར་འགྱུར། །དེ་བཞིན་གཤེགས་པ་ཡོན་ཏན་ མཆོག་མ་ཡི། །སྐྱེ་ཡུལ་ལག་མཆོག་དག་གིས་བརྒྱན་ཅེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་བཅུ་གཉིས་ཡབ་ནི་ལག་མཆོག་ ཡིན༑ ༑ཀླུ་འོད་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ལྔ་པ་གཉིད་སྤངས་རིམ་གྲོ་པ། །ཀླུ་དབྱངས་ཞེས་ནི་བྱ་བ་མཁས་པ་སྟེ། །མགོན་པོ་མཐོང་ཞེས་བྱ་བ་རྫུ་འཕྲུལ་ [327B] ༑འདུས་པ་ལན་གྲངས་ཉི་ཤུ་གཉིས་ཀུན་ལའང། །དེར་ནི་ཐམས་ཅད་དག་ཀྱང་འདུས་འགྱུར་ཏེ། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་ ཉིས་སྟོང་ཡིན། །མཚུངས་མེད་རྒྱལ་བ་མྱ་ངན་འདས་ནས་ཀྱང་།དམ་ཆོས་ལོ་གྲངས་སྟོང་ཕྲག་བཅུ་དྲུག་གནས། །འཇིག་རྟེན་ཕན་ཕྱིར་རྒྱལ་པའི་སྐུ་གདུང་དག་རྒྱས་ པར་འགྱུར་ཞིང་འཕེལ་བ་དག་ཏུ་འགྱུར། །དེ་བཞིན་གཤེགས་པ་འབྲུག་སྒྲ་དབྱངས་དག་གི་སྐྱེ་བའི་ཡུལ་ནི་གྲགས་པའི་དབྱངས་ཤེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་ འོད་དཔག་ཚད། །ཉི་ཤུ་རྩ་གཉིས་ཡབ་ནི་རྣམ་པར་གྲགས་།དབྱངས་མཆོག་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་སྐད་སྙན་ཡིད་འཐད་རིམ་གྲོ་པ། །དབྱངས་སྙན་ པ་ཞེས་བྱ་བ་མཁས་པ་སྟེ། །དྲག་ཤུལ་སྐེད་འབྱིན་པ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་ཀུན་ལ་ཡང། །སྲིད་པ་གསུམ་ལས་བརྒལ་བའི་ཡིད་ལྡན་པ། ། བྱེ་བ་ཕྲག་ནི་སུམ་ཅུ་སུམ་ཅུ་ཡོད། །མི་ཚེ་ལོ་གྲངས་སུམ་ཁྲི་ཉིས་སྟོང་ཡིན། །དམ་པའི་ཆོས་དག་ལོ་གྲངས་སྟོང་ཕྲག་ནི། །བཅུ་བདུན་དག་གི་བར་དུ་གནས་པར་ འགྱུར༑ ༑རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་ལྔ་པ་གསེར་རྒྱན་རྣམ་པར་སྦྱངས། །དེ་བཞིན་གཤེགས་པ་མངོན་པར་ཤེས་ཏོག་གི་སྐྱེ་བའི་ [328A]༄༅། །ཡུལ་ནི་ཏོག་གི་འོད་ཅེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བཞི་ཡོད་མངོན་པར་ཤེས་པ་ཡབ། །ཡོན་ཏན་ མངོན་ཤེས་རྡུལ་བྲལ་ཡུམ་ཡིན་སྲས། །མངོན་ཤེས་རྫུ་འཕྲུལ་བཟང་པོ་རིམ་གྲོ་པ། །སྨོན་ལམ་ཞེས་བྱ་བློ་གྲོས་ཅན་ཡིན་ཏེ། །གཞུང་ལ་རྣམ་པར་བསྒོམས་པ་ རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་དེ་ཀུན་ལ་ཡང། །སློབ་པ་མེད་པར་ཕྱིན་པ་ཀུན་འདུ་སྟེ། །བྱེ་བ་ཕྲག་ནི་བདུན་ཅུ་གསུམ་གསུམ་ཡོད། །མི་ཚེ་ལོ་གྲངས་ དག་ནི་ཁྲི་ཡང་ཡིན། །རྒྱལ་བ་ཡོངས་སུ་མྱ་ངན་འདས་ནས་ཀྱང་།དམ་ཆོས་ལོ་གྲངས་དྲུག་ཁྲིའི་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་གཅིག་ཡིན་ཏེ། ། དཔག་ཚད་བཞི་བ་གསེར་གྱི་བླ་བྲེར་ལྡན། །དེ་བཞིན་གཤེགས་པ་ཏོག་གི་འོད་སྐྱེ་བའི། །ཡུལ་ནི་བསོད་ནམས་ཕུང་པོ་ཞས་ཀྱང་བྱ་།རྒྱལ་བའི་རིགས་ནི་རྒྱལ་རིགས་ འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་ཡབ་ནི་ཕུང་པོ་བཟང། །ཡོན་ཏན་མེ་ཏོག་རྡུལ་དང་བྲལ་བའི་ཡུམ། །ཕུང་པོ་སྲས་ཡིན་རི་རབ་རིམ་གྲོ་པ། །ཡོན་ཏན་དག་གིས་ བརྒྱན་པ་མཁས་པ་སྟེ། །བྱང་ཆུབ་དགལ་གཞོལ་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ཉི་ཤུ་རྩ་ལྔ་སྟེ། །ཀུན་ལའང་ཐར་པ་ཐོབ་པར་གྱུར་བ་དག་བྱེ་བ་ཕྲག་ནི་ [328B] །མི་ཚེ་ལོ་གྲངས་སུམ་ཁྲི་སུམ་སྟོང་ཡིན། །དམ་པའི་ཆོས་དག་ལོ་གྲངས་སྟོང་ཕྲག་ནི། །ཉི་ཤུ་རྩ་གཉིས་བར་དུ་གནས་པར་འགྱུར། །འཇིག་རྟེན་ཕན་པའི་ ཕྱིར་ནི་རྒྱལ་བ་དེའི། །སྐུ་གདུང་དག་ནི་རྣམ་པར་རྒྱས་པར་འགྱུར། །དེ་བཞིན་གཤེགས་པ་མི་འདྲིན་དགེ་བ་ཡི། །སྐྱེ་བའི་ཡུལ་ནི་དགེ་དང་ལྡན་ཞེས་བྱ། །དེ་ཡི་རིགས་ནི་རྒྱལ་ རིགས་འོད་ཀྱི་ཚད། །དཔག་ཚད་སུམ་སྟོང་ཤིན་ཏུ་དགེ་བ་ཡབ། །དགེ་མཆོག་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་དགེ་བ་དགེ་བྱིན་རིམ་གྲོ་བ། །འགྲོ་བས་མཆོད་ཅེས་ བྱ་བ་མཁས་པ་སྟེ། །འཇིག་རྟེན་དད་པར་བྱེ་བ་རྫུ་འཕྲུལ་ཅན་།འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང། །སངས་རྒྱས་ཡོན་ཏན་ལྡན་པ་ཕྱིར་མི་ལྡོག་དེ་དག་དགུ་ འབུམ་དགུ་འབུམ་འདུས་པར་འགྱུར། །མི་ཚེ་ལོ་གྲངས་བྱ་བ་བདུན་བཅུ་དྲུག་གྲགས་པ་མཐའ་ཡས་དག་གི་དམ་ཆོས་དག་ལོ་གྲངས་དགུ་འབུམ་ཉི་ཁྲིའི་བར་དུ་གནས། ། རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ཏེ། །ཁམས་གསུམ་ཀུན་དུ་རྣམ་པར་གང་བར་འགྱུར། །འཇིག་རྟེན་མགོན་པོ་ཚངས་པ་སྐྱེ་བའི་ཡུལ། །དགའ་ཞིང་སྡུག་ལ་ཚངས་པ་ ཞེས་ཀྱང་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་ཅུ་བདུན་ཚངས་པའི་དབང་པོ་ཡབ། །ཚངས་དབྱངས་མ་ཞེས་བྱ་བརྒྱལ་བའི་ཡུམ། །སྲས་པོ་སྐད་སྙན་དང་ [329A]༄༅། །མཆོག་རིམ་གྲོ་པ། །ཚངས་པའི་གྲོགས་ཞེས་བྱ་བ་མཁས་པ་སྟེ། །ཚངས་པ་རྣམས་པར་ལྟ་བ་རྫུ་འཕྲུལ་ཅན། །འདུས་པ་ལང་གཅིག་ཡིན་ ཏེ་དགྲ་བཅོམ་པ། །ཐམས་ཅད་ཉོན་མོངས་བདུད་ནི་བཅོམ་པ་པོ། །བྱེ་བ་ཕྲག་ནི་གྲངས་ཀྱང་མེད་པ་འབྱུང། །མི་ཚེ་ལོ་གྲངས་ཉི་ཁྲི་ཅིག་སྟོང་ཡིན། །འཇིག་རྟེན་མཁྱེན་ པ་མྱ་ངན་འདས་ནས་ཀྱང། །དམ་པའི་ཆོས་ནི་ཉིན་གཅིག་གནས་པར་འགྱུར། །རྒྱལ་བ་མྱ་ངན་འདས་པའི་སྐུ་གདུང་ནི། །མཆོད་རྟེན་དཔག་ཚད་བཅུན་པ་གཅིག་ ཅིག་འབྱུང། །འཕགས་པ་བསྐལ་པ་བཟང་པོ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། །བམ་པོ་བཅུ་བདུན་པ། །འཇིག་རྟེན་མགོན་པོ་སྐྱེས་མཆོག་ སྐྱེ་བ་ཡི༑ ༑ཡུལ་ནི་མཆོག་ཏུ་མཛེས་པ་ཞེས་ཀྱང་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་ལྗོན་ཤིང་དབང་པོ་ཡབ། །ང་རྒྱལ་ལྗོན་ཤིང་ མ་ནི་རྒྱལ་བའི་ཡུམ། །སྲས་པོ་མཆོག། །མ་ལེགས་མཆོག་རིམ་གྲོ་པ་།ཆོས་ཀྱི་མཆོག་མ་ཞེས་བྱ་མཁས་པ་སྟེ། །གསལ་བར་གནས་ཤེས་བྱ་བ་རྫུ་འཕྲུལ་ཅན། ། འདུས་པ་ལན་གྲངས་ཉི་ཤུ་ཀུན་ལ་ཡང། །དགྲ་བཅོམ་ཐམས་ཅད་དྲི་མ་སྤྲུགས་པ་པོ། །ཐེར་འབུམ་ཕྲག་ནི་དགུ་དགུ་འབྱུང་བར་འགྱུར་།མི་ཚེ་ལོ་གྲངས་དག་ནི་ [329B] །གྲགས་པ་མཐའ་ཡས་པ་ཡི་དམ་ཆོས་དག་ལོ་གྲངས་ཉི་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །མཆོད་རྟེན་ དཔག་ཚད་དྲུག་པ་འབྱུང་བར་འགྱུར། །དེ་བཞིན་གཤེགས་པ་སྤྱན་སྡུག་སྐྱེ་བ་ཡི། །ཡུལ་ནི་བལྟ་ན་སྡུག་པ་ཞེས་ཀྱང་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་དཔག་ཚད། ། དགུ་བཅུ་རྩ་དགུ་ཡབ་ནི་མཛེས་ལྡན་ཡིན། །མཛེས་དགའ་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་མིག་བཟངས་མིག་ལྡན་རིམ་གྲོ་པ་།མཛེས་པའི་འོད་ཅེས་བྱ་བ་མཁས་ པ་སྟེ༑ ༑འཇིག་རྟེན་དད་པར་བྱེ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་དྲུག་ཀུན་ལའང། །བྱང་ཆུབ་མཆོག་རབ་དག་ལེགས་གནས་པ། །བྱེ་བ་ཕྲག་ནི་ཁྲི་ ཕྲག་བཅུ་བཅུ་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་ཉིས་སྟོང་ཡིན་།རྒྱལ་བ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་སུམ་ཁྲིའི་བར་དུ་གནས་པར་འགྱུར། །མྱ་ངན་ འདས་པའི་མཆོད་རྟེན་གཅིག་འབྱུང་ལ། །རིན་ཆེན་བརྒྱ་ཡི་དྲ་བས་བསྐོར་བར་འགྱུར། །དེ་བཞིན་གཤེགས་པ་ཀླུས་ནི་བྱིན་པ་ཡི། །སྐྱེ་བའི་ཡུལ་ནི་ཀླུ་དང་ལྡན་ཞེས་བྱ། ། རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་དགུ་ཡོད་ཡབ་ནི་དོན་གནས་ཡིན། །ཡོན་ཏན་ལྡན་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ལེགས་མཐུ་བློ་མཐུ་རིམ་ [330A]༄༅། །གྲོ་པ༑ ༑དགེ་གནས་ཞེས་ནི་བྱ་བ་མཁས་པ་སྟེ། །གཏི་མུག་མེད་པ་མཐའ་ཡས་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དགུ་བཅུ་ཀུན་ལ་ ཡང། །དགྲ་བཅོམ་དག་ནི་ཚད་པར་འདུས་འགྱུར་ཏེ། །ཐེར་འབུམ་ཕྲག་ནི་དགུ་དགུ་འབྱུང་བར་འགྱུར། །མི་ཚེ་ལོ་གྲངས་སྟོང་ཕྲག་བཅུ་གཅིག་ཡིན། །ཡོངས་སུ་མྱ་ངན་ འདས་པའི་དམ་ཆོས་དག་ལོ་གྲངས་དག་ནི་སྟོང་དུ་གནས་པ་ཡིན་།དཔག་ཚད་བརྒྱད་པའི་མཆོད་རྟེན་འབྱུང་འགྱུར་ཏེ། །རིན་ཆེན་བརྒྱ་ཡི་དྲ་བས་རྣམ་པར་སྤྲས། །དེ་ བཞིན་གཤེགས་པ་བདེན་པའི་ཏོག་དག་གི་སྐྱེ་བའི་ཡུལ་ནི་གསལ་བའི་ཏོག་ཅེས་བྱ། །དེ་ཡི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་སྟོང་ཡོད་ཡབ་ནི་ ཏོག་བཟང་ཡིན། །ཏོག་གི་རྒྱལ་མཚན་ཞེས་བྱ་རྒྱལ་བའི་ཡུམ། །སྲས་པོ་སྒྲོན་མ་ལྷ་སྤྱན་རིམ་གྲོ་པ། །འོད་མཆོག་ཅེས་ནི་བྱ་བ་མཁས་པ་སྟེ། །གསལ་བར་ གནས་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་ཀུན་ལ་ཡང། །སྲིད་པ་ཀུན་ལ་ཆགས་བྲལ་ཡིད་ལྡན་པ། །དེ་དག་བྱེ་བ་ཕྲག་ནི་བརྒྱ་བརྒྱ་ཡོད། །མི་ ཚེ་ལོ་གྲངས་དག་ནི་ལྔ་འབུམ་ཡིན། །འགྲོ་ལ་ཕན་ཕྱིར་དམ་པོའི་ཆོས་དག་ཀྱང། །ལོ་གྲངས་དགུ་ཁྲི་བརྒྱད་སྟོང་བར་དུ་གནས་།རྒྱལ་བའི་སྐུ་གདུང་དག་ནི་རྒྱས་ [330B] །ལྷ་མི་དག་གིས་རྟག་ཏུ་མཆོད་པར་འགྱུར། །འཇིག་རྟེན་མགོན་པོ་བརྒྱན་པ་སྐྱེ་བ་ཡི། །ཡུལ་ནི་གཟི་བརྗིད་ལེགས་པར་བརྒྱན་ཞེས་བྱ། །རིགས་ནི་རྒྱལ་རིགས་ ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་རྩ་གཉིས་ཡབ་ནི་ཁྱད་པར་འཕགས། །བློ་བརྒྱན་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །གནམ་པོ་སྲས་ཡིན་ངེས་པ་རིམ་གྲོ་བ། །ཡོན་ཏན་བརྒྱན་ ཅེས་བྱ་བ་མཁས་པ་སྟེ། །ལེགས་བསམས་སེམས་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་བཅུ་ཀུན་ལ་ཡང། །ཐ་བ་མེད་པའི་བསམ་གཏན་པ་དེ་དག་དུང་ ཕྱུར་ཕྲག་ནི་བརྒྱད་བརྒྱད་འདུས་པར་འགྱུར། །མི་ཚེ་ལོ་གྲངས་དག་ནི་བརྒྱད་ཅུ་ཡིན། །རྒྱལ་བ་མྱ་ངན་འདས་ནས་དམ་ཆོས་དག་།ལོ་གྲངས་དགུ་ཁྲིའི་བར་དུ་གནས་ པར་འགྱུར། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་བཞི་པ་བླ་རས་མཛེས་པར་བྱས། །དེ་བཞིན་གཤེགས་པ་ཞུམ་པ་མེད་དབྱངས་ཀྱི། །སྐྱེ་བའི་ ཡུལ་ནི་དབྱངས་དང་ལྡན་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བཅུ་ཡོད་ཡབ་ནི་དབང་པོ་དབྱངས་།དབྱངས་སྙན་མ་ཞེས་བྱ་བ་རྒྱལ་བའི་ཡུམ། ། སྲས་པོ་སྐད་སྙན་གདངས་མཆོག་རིམ་གྲོ་པ། །བྱམས་པའི་ང་རོ་ཞེས་བྱ་མཁས་པ་སྟེ། །མཆོག་གི་དབྱངས་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་ [331A]༄༅། །དྲུག་ཀུན་ལའང། །དགྲ་བཅོམ་ཐོབ་པ་རིམས་ནད་མེད་པ་པོ་།བྱེ་བ་ཕྲག་ནི་དགུ་བཅུ་དགུ་དགུ་ཡོད། །མི་ཚེ་ལོ་གྲངས་དགུ་ཁྲི་སུམ་ སྟོང་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་བདུན་ཁྲི་ཐམ་པར་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་ རྟེན་འབུམ་ཕྲག་སྙེད་ཀྱིས་གང་བར་འགྱུར། །སངས་རྒྱས་རིན་ཆེན་འོད་ནི་སྐྱེ་བ་ཡི། །ཡུལ་ནི་བསོད་ནམས་གཟི་བརྗིད་བཟང་ཞེས་བྱ་།རྒྱལ་བའི་རིགས་ནི་ བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་གཉིས་ཡོད་ཡབ་ནི་ལེགས་དགའ་ཡིན་།དུལ་གནས། །དགའ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་རྩི་སྨན་མཐུ་རྩལ་རིམ་ གྲོ་པ༑ ༑སྲིད་པ་སེལ་ཞེས་བྱ་བ་མཁས་པ་སྟེ། །མེ་ཏོག་འོད་གསལ་བ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བཅུ་གསུམ་ཀུན་ལ་ཡང་།དགྲ་བཅོམ་ རྣལ་འབྱོར་པ་དག་འདུས་འགྱུར་ཏེ། །བྱེ་བ་ཕྲག་ནི་བཅུ་གཉིས་བཅུ་གཉིས་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་ཉིས་སྟོང་ཡིན། །མྱ་ངན་འདས་ནས་དམ་པའི་ཆོས་ དག་ཀྱང། །ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་བརྒྱད་པ་གསེར་གྱི་བླ་བྲེར་ལྡན། ། [331B] །ཡུལ་ནི་དབྱངས་དག་དགའ་བ་ཞེས་ཀྱང་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་བཅུ་ཡོད་ཡབ་ནི་དབྱངས་ སྙན་ཡིན། །གདངས་སྙན་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་བདེན་ལྡན་ལྷ་ལེགས་རིམ་གྲོ་པ། །ཡོན་ཏན་དབྱངས་དགའ་བློ་གྲོས་ཅན་ཡིན་ཏེ། །ས་ཡི་དབྱངས་ཞེས་ བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང། །འཇིག་རྟེན་དག་ལ་ཕན་བྱེད་དགྲ་བཅོམ་པ། །བྱེ་བ་ཕྲག་ནི་དགུ་བཅུ་གསུམ་གསུམ་ཡོད། །མི་ཚེ་ ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །དུལ་བ་དུལ་བར་མཛད་པའི་དམ་ཆོས་དག་ལོ་གྲངས་ཉི་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ ཡིན་ཏེ༑ ༑ཀུན་ནས་དཔག་ཚད་གསུམ་པ་དག་ཏུ་འགྱུར། །སེམས་ཅན་སྙིང་པོ་སེངྒེ་སྐྱེ་བ་ཡི། །ཡུལ་ནི་སེངྒེའི་སྒྲ་སྒྲོགས་པ་ཞེས་བྱ་།རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ དཔག་ཚད། །ཉི་ཤུ་རྩ་གཉིས་ཡབ་ནི་སེངྒེ་ཡིན། །རྒྱལ་ཡུམ་རི་དགས་མིག་ཡིན་དབང་ཕྱུག་དགའ། །སྲས་ཡིན་དྲག་ཤུལ་བྱིན་ནི་རིམ་གྲོ་པ། །ང་རོ་སྙན་ཞེས་བྱ་བ་ མཁས་པ་སྟེ། །ང་རོ་ཚངས་པའི་དབྱངས་ནི་རྫུ་འཕྲུལ་ཅན་།འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང། །རྒྱལ་སྲས་ཆོས་འཛིན་པ་དག་འདུས་གྱུར་ཏེ། །ཐེར་འབུམ་ [332A]༄༅། །ཐེར་འབུམ་དག་ནི་འབྱུང་བར་འགྱུར། །མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །རྒྱལ་བའི་དམ་ཆོས་ལོ་གྲངས་སྟོང་ཕྲག་ནི། །བརྒྱ་སྙེད་ ཚངས་བའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །ཞིང་རྣམས་ཀུན་ཏུ་གསེར་གྱིས་རྣམ་པར་བརྒྱན་།དེ་བཞིན་གཤེགས་པ་འོད་ཟེར་ སྣ་ཚོགས་ཀྱི། །སྐྱེ་བའི་ཡུལ་ནི་འོད་ཟེར་མཆོག་ཅེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །ལྔ་ཡོད་ཡབ་ནི་ཟླ་བ་བཟང་པོ་ཡིན། །འོད་ཟེར་མཆོག་ཅེས་ བྱ་བ་རྒྱལ་བའི་ཡུམ། །སྲས་པོ་བཟང་ལྡན་ཟླ་བ་རིམ་གྲོ་པ་།ཟླ་ཉིའི་འོད་ཅེས་བྱ་བ་མཁས་པ་སྟེ། །སྐར་མཁན་རྒྱལ་པོ་ཞེས་བྱ་རྫུ་འཕྲུལ་ཅན། །འདུས་པ་དག་ནི་ ལན་གྲངས་བདུན་ཅུ་ལ། །དབང་ཐོབ་པའི་ཚོགས་དག་འདུས་འགྱུར་ཏེ་།འབུམ་ཕྲག་བརྒྱད་ཅུ་རྩ་གསུམ་སྙེད་གཅིག་འབྱུང། །མི་ཚེ་ལོ་གྲངས་དག་ནི་དགུ་ཁྲི་ ཡིན། །སྟོན་པ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་དགུ་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །རིན་ཆེན་ལྷ་ ཡི་གཞལ་མེད་ཁང་པར་ལྡན། །དེ་བཞིན་གཤེགས་པ་ཡི་ཤེས་དཔའ་པོ་ཡི། །སྐྱེ་བའི་ཡུལ་ནི་ས་ཡི་མཆོད་རྟེན་ཡིན། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ [332B] ༑ཉི་ཤུ་རྩ་གཅིག་ཡབ་ནི་དོན་བྱས་ཡིན། །མཐུ་རྩལ་བློ་གྲོས་མ་ནི་རྒྱལ་བའི་ཡུམ། །སྲས་པོ་ཆོས་ཅན་ཆོས་བཟང་རིམ་གྲོ་པ། །མི་དབང་བློ་གྲོས་ཞེས་བྱ་བློ་ཅན་ཏེ། ། འཁྲུགས་པ་མེད་པར་གནས་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ཉི་ཤུ་ཀུན་ལ་ཡང། །ཐར་པར་གཞོལ་བ་ཞི་བ་ཐོབ་པ་པོ། །བྱེ་བ་ཕྲག་ནི་དགུ་བཅུ་གཉིས་གཉིས་ ཡོད༑ ༑མི་ཚེ་ལོ་གྲངས་དགུ་ཁྲི་སུམ་སྟོང་ཡིན། །འགོགས་པར་ཕྱིན་པའི་དམ་པའི་ཆོས་དག་ཀྱང། །ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་ མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་ལྔ་པ་བཀོད་པས་རྣམ་པར་སྤྲས། །དེ་བཞིན་གཤེགས་པ་པདྨའི་ཕུང་པོ་ཡི། །སྐྱེ་བའི་ཡུལ་ནི་བསོད་ནམས་སྣང་ཞེས་བྱ། །རྒྱལ་ བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་ཡབ་ནི་པདྨ་ཡིན། །རིན་ཆེན་མེ་ཏོག་ཅེས་བྱ་རྒྱལ་བའི་ཡུམ། །སྲས་པོ་པད་ལྡན་པད་དཀར་རིམ་གྲོ་པ་ །ངེས་པར་བྱས་ཞེས་བྱ་བ་མཁས་པ་སྟེ། །ཁ་ལོ་བསྒྱུར་བའི་རྒྱལ་པོ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བཅུ་གཅིག་ཀུན་ལ་ཡང། །བདུད་ཀྱི་ཕྱོགས་རྣམས་རབ་ཏུ་ བཅོམ་པ་པོ། །བྱེ་བ་ཕྲག་ནི་ཁྲི་ཕྲག་གསུམ་གསུམ་ཡོད། །མི་ཚེ་མོ་གྲངས་སུམ་ཁྲི་དྲུག་སྟོང་ཡིན། །གྲགས་པ་མཐའ་ཡས་པ་ཡི་དམ་ཆོས་དག་ལོ་གྲངས་འབུམ་ [333A]༄༅། །གྱི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་གྲངས་ནི་ཐེར་འབུམ་དགུ་བཅུ་ཡོད་།འཇིག་ རྟེན་གོན་པོ་མེ་ཏོག་རྒྱས་པ་ཡིན། །སྐྱེ་ཡུལ་མེ་ཏོག་རྒྱས་པས་བརྒྱན་ཅེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བཅུ་ཡོད་ཡབ་ནི་ངོས་བཟང་ ཡིན༑ ༑མེ་ཏོག་ཤིང་རྟ་རྒྱལ་ཡུམ་མེ་ཏོག་ནི། །སྲས་ཡིན་མེ་ཏོག་བཟང་པོ་རིམ་གྲོ་པ། །ཡོན་ཏན་མེ་ཏོག་འཆང་བ་བློ་ཅན་ཏེ། །མེ་ཏོག་བསྩགས་ཞེས་བྱ་བ་རྫུ་ འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་དྲུག་ཀུན་ལའང། །རྣམ་ཐར་མཆོག་དང་རྣམ་པར་གྲགས་ཐོབ་པ། །བྱེ་བ་ཕྲག་ནི་བདུན་ཅུ་ལྔ་ལྔ་ཡོད། །མི་ཚེ་ལོ་ གྲངས་སུམ་ཁྲི་དྲུག་སྟོང་ཡིན། །མྱ་ངན་འདས་པ་དེ་ཡི་དམ་ཆོས་དག་ལོ་གྲངས་ཉི་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ འཕང་དུ། །དཔག་ཚད་གཅིག་པ་ལེགས་སྤྲས་མཐའ་ཡང་ཡས། །དེ་བཞིན་གཤེགས་པ་མཐུ་རྩལ་སྟོབས་སྐྱེ་བའི། །ཡུལ་ནི་བསོད་ནམས་ཤིན་ཏུ་རྩལ་དང་ ལྡན༑ ༑རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་རྩ་གཉིས་ཡབ་ནི་མཐུ་རྩལ་ཅན། །འགྲོས་སྙོམས་པ་ནི་རྒྱལ་ཡུམ་མཐུ་རྩལ་ཅན། །སྲས་ཡིན་ཉམས་ [333B] །དགའ་བའི་མཐུ་རྩལ་ཅན་ནི་མཁས་པ་སྟེ། །རྣམ་པར་གནོན་པའི་རྒྱལ་པོ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བཅོ་བརྒྱད་ཀུན་ལ་ ཡང། །འཇིག་རྟེན་བདེ་དང་པན་ཕྱིར་གནས་པ་པོ། །བྱེ་བ་ཕྲག་ནི་དགུ་བཅུ་རེ་རེ་ཡོད། །མི་ཚེ་ལོ་གྲང་སུམ་ཁྲི་དྲུག་སྟོང་ཡིན་།འདྲེན་པ་མྱ་ངན་འདས་ནས་དམ་ ཆོས་དག་ལོ་གྲངས་སུམ་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །འཇིག་རྟེན་དག་གིས་མཆོད་ཅིང་བཀུར་བར་འགྱུར། །དེ་ བཞིན་གཤེགས་པ་བསོད་ནམས་ཕུང་པོ་ཡི། །སྐྱེ་བའི་ཡུལ་ནི་བསོད་ནམས་འོད་ཅེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད་།དཔག་ཚད་བརྒྱ་ཡོད་ བསོད་ནམས་བཟང་པོ་ཡབ། །བསོད་ནམས་འོད་ཅེས་བྱ་བ་རྒྱལ་བའི་ཡུམ་།སྲས་པོ་ལེགས་དགའ་མཐུ་ལྡན་རིམ་གྲོ་པ། །ནོར་ལ་དགའ་ཞེས་བྱ་བ་མཁས་པ་སྟེ། ། སེམས་ཅན་མཆོག་ཅེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱ་ཅུ་ཀུན་ལ་ཡང། །ཡེ་ཤེས་དགའ་བ་བྱང་ཆུབ་གཞོལ་པ་པོ་།བྱེ་བ་ཕྲག་ནི་དགུ་བཅུ་གཉིས་ གཉིས་ཡོད། །མི་ཚེ་ལོ་གྲངས་དྲུག་ཁྲི་བཞི་སྟོང་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་བདུན་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་ [334A]༄༅། །སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་བཞི་པ་རྒྱལ་མཚན་དག་གིས་བསྐོར། །དེ་བཞིན་གཤེགས་པ་གཟུགས་ མཆོག་སྐྱེ་བ་ཡི། །ཡུལ་ནི་ལེགས་པར་བསམ་སེམས་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་རྩ་གཉིས་ཡབ་ནི་གཟུགས་བཟང་ ཡིན༑ ༑གཟུགས་ལྡན་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །བསྡུ་པོ་སྡུག་གྱ་མཛེས་པ་རིམ་གྲོ་པ། །ཡོན་ཏན་གཟུགས་ལྡན་པ་ནི་མཁས་པ་སྟེ་།གཟུགས་ལ་རྣམ་ པར་ལྟ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་དྲུག་ཀུན་ལའང། །ལས་དང་ཉོན་མོངས་སྲིད་དང་བྲལ་པ་པོ། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་ཡོད། ། མི་ཚེ་ལོ་གྲངས་དག་ནི་བདུན་ཁྲི་ཡིན། །འཇིག་རྟེན་མཁྱེན་པའི་དམ་པའི་ཆོས་དག་ཀྱང། །ལོ་གྲངས་སུམ་ཁྲིའི་བར་དུ་གནས་པར་འགྱུར་།འཇིག་རྟེན་མཁྱེན་པ་ མྱ་ངན་འདས་ནས་ཀྱང། །འཇིག་རྟེན་གསུམ་ཀུན་སྐུ་གདུང་རྒྱས་པར་འགྱུར། །མི་ཡི་འདྲེན་པ་སྐར་མཁན་སྐྱེ་བ་ཡིས། །ཡུལ་ནི་གཟི་བརྗིད་འོད་དང་ལྡན་ཞེས་ བྱ༑ ༑རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །སུམ་ཅུ་རྩ་གཉིས་ཡབ་ནི་ལེགས་སྣང་ཡིན། །གསལ་མཆོག་མ་ཞེས་བྱ་བ་རྒྱལ་བའི་ཡུམ་།གླང་པོ་སྲས་ [334B] །ཆོ་ག་བཟང་ཞེས་སྣང་ནི་བློ་ཅན་ཏེ། །སྐར་མཁས་རྒྱལ་པོ་ཞེས་བྱ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་ཡང། །ཉོན་ མོངས་རྒྱས་པ་ཐམས་ཅད་ཞི་གྱུར་པ། །བྱེ་བ་ཕྲག་ནི་བདུན་ཅུ་གསུམ་གསུམ་ཡོད། །མི་ཚེ་ལོ་གྲངས་དག་ནི་དགུ་ཁྲི་ཡིན། །ཞི་བར་ཕྱིན་པའི་དམ་པའི་ཆོས་དག་ཀྱང། ། ལོ་གྲངས་ཉི་ཁྲི་ཉིས་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །ཀུན་ཀྱང་པདྨ་བླ་བྲེས་མཛེས་པར་བྱས་།དེ་བཞིན་གཤེགས་པ་ཟླ་བའི་སྒྲོན་མ་ཡི། ། སྐྱེ་བའི་ཡུལ་ནི་ཉི་མའི་སྒྲོན་ཞེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་དཔག་ཚད། །དྲུག་ཅུ་རྩ་གསུམ་ཡབ་ནི་ཏོག་བཟང་ཡིན། །འོད་རྒྱལ་མ་ཞེས་བྱ་བ་རྒྱལ་བའི་ ཡུམ༑ ༑སྲས་པོ་གཟི་བརྗིད་དགའ་བ་རིམ་གྲོ་པ། །ལྷ་ཆེན་རྒྱལ་པོ་བློ་གྲོས་ཅན་ཡིན་ཏེ། །འཇིགས་པ་མེད་པའི་གཟི་བརྗིད་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བདུན་ ཅུ་ཀུན་ལ་ཡང། །བསམ་གཏན་རྣམ་པར་ཐར་ལ་འཇིགས་མེད་པ། །བྱེ་བ་ཕྲག་ནི་དྲུག་ཅུ་དགུ་དགུ་ཡོད། །མི་ཚེ་ལོ་གྲངས་དག་ནི་བདུན་ཁྲི་ཡིན། །མྱ་ངན་འདས་པ་དེ་ཡི་དམ་ ཆོས་དག་ལོ་གྲངས་བདུན་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྡུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་དྲུག་པ་རིན་པོ་ཆེ་ཡི་སྤྲས། །དེ་བཞིན་གཤེགས་ [335A]༄༅། །པ་གཟི་བརྗིད་ཕུང་པོ་ཡི། །སྐྱེ་བའི་ཡུལ་ནི་གཟི་བརྗིད་སྡུག་ཅེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །སུམ་ཅུ་རྩ་དྲུག་ ཏིལ་མར་དབང་པོ་ཡ་བ། །ལྷ་ཆེན་བློ་གྲོས་རྒྱལ་ཡུམ་སྲས་པོ་ནི་།ཡེ་ཤེས་དགའ་ཡིན་སྣང་བ་རིམ་གྲོ་བ། །སྣང་བ་མཐའ་ཡས་བློ་གྲོས་ཅན་ཡིན་ཏེ། །བདག་ཉིད་ ཆེན་པོའི་སྒྲོན་མ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་བཅུ་ཀུན་ལ་ཡང། །འཇིག་རྟེན་ཆོས་ཀྱིས་ཉེ་བར་མ་གོས་པ། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་ ཡོད༑ ༑མི་ཚེ་ལོ་གྲངས་བདུན་ཁྲི་ཉིས་སྟོང་ཡིན། །མྱ་ངན་འདས་པ་དེ་ཡི་དམ་ཆོས་དག་ལོ་གྲངས་བདུན་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་ དག་ནི་རྒྱས་འགྱུར་ལ། །འགྲོ་བ་ཀུན་གྱིས་མཆོད་ཅིང་བཀུར་བར་འགྱུར། །བདེ་བར་གཤེགས་པ་བྱང་ཆུབ་རྒྱལ་པོ་ཡི། །སྐྱེ་ཡུལ་ཡེ་ཤེས་རྟོགས་པར་བྱེད་ཅེས་ བྱ༑ ༑རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་དྲུག་ཅུ་ཡབ་ནི་བློ་བཟང་ཡིན། །རྟོགས་བྱེད་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་རྟོགས་ལྡན་ རྟོགས་ཆེན་རིམ་གྲོ་པ། །རྟོགས་སྦྱིན་ཞེས་ནི་བྱང་མཁས་པ་སྟེ་།རྟོགས་པ་རྣམ་པར་ལྟ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ཉི་ཤུ་ཀུན་ལ་ཡང། །ཐར་ [335B] །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་བཞི་སྟོང་ཡིན། །འགྲོ་ལ་ཕན་ཕྱིར་དམ་པའི་ཆོས་ དག་ཀྱང། །ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་དགུ་པ་རིན་ཆེན་རྒྱལ་མཚན་བརྒྱན། ། སེམས་ཅན་སྙིང་པོ་མི་ཟད་སྐྱེ་བའི་ཡུལ། །འོད་ཟེར་དག་ནི་མི་ཟད་པ་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །བདུན་ཅུ་རྩ་གཅིག་མི་ཟད་རྒྱལ་པོ་ཡབ། ། རྒྱ་མཚོའི་སྒྲ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་གྲགས་ལྡན་ལེགས་དག་རིམ་གྲོ་པ། །བློ་གྲོས་མི་ཟད་པ་ནི་མཁས་པ་སྟེ། །བློ་རབ་མཆོག་ཅེས་བྱ་བ་རྫུ་འཕྲུལ་ ཅན༑ ༑འདུས་པ་ལན་གྲངས་བཅུ་གཅིག་ཀུན་ལ་ཡང། །འཇིག་རྟེན་དྲི་མ་དྲི་མེད་ཡིད་ལྡན་པ། །ཐེར་འབུམ་ཕྲག་ནི་དགུ་དགུ་འབྱུང་བར་འགྱུར། །མི་ཚེ་ལོ་གྲངས་ དགུ་ཁྲི་སུམ་སྟོང་ཡིན། །རྒྱལ་བ་མྱ་ངན་འདས་ན་དམ་ཆོས་དག་།ལོ་གྲངས་དྲུག་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། ། མཆོད་རྟེན་འབུམ་ཕྲག་སྙེད་ཀྱི་འཁོར་དང་ལྡན། །རྒྱལ་བ་མངོན་པར་རྟོགས་པའི་སྤྱན་དག་གི་སྐྱེ་བའི་ཡུལ་ནི་ཡེ་ཤེས་གནས་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ [336A]༄༅། །ཟེ་འོད་ཀྱི་ཚད། །དཔག་ཚད་གསུམ་ཡོད་ཡབ་ནི་མིག་བཟང་ཡིན། །མིག་སྡུག་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་མིག་ལེགས་ བྱམས་པ་རིམ་གྲོ་པ། །བདུད་རྩིའི་མིག་ཅེས་བྱ་བ་བློ་ཅན་ཏེ། །མིག་སྦྱངས་པ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་གཉིས་ཀུན་ལའང། །དྲི་ གསུམ་དྲི་མ་ཤིན་ཏུ་དྲི་མེད་པ། །དེ་དག་བྱེ་བ་རྒྱ་དྲུག་ཅུ་གསུམ་གསུམ་ཡོད། །མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་ དག་ལོ་གྲངས་དགུ་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་དེ། །ལྷ་མི་དག་གིས་མཆོད་པ་བྱས་པར་འགྱུར། །དེ་བཞིན་ གཤེགས་པ་ཡན་ལག་རྒྱས་པ་ཡི། །སྐྱེ་བའི་ཡུལ་ནི་རྣམ་པར་དག་ཅེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་ཉི་ཤུ་ཡབ་ནི་ལེགས་ མཆོག་ཡིན། །ཡན་ལག་ཆོག་ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་བླ་མ་འཕགས་པ་རིམ་གྲོ་བ། །འཇིག་རྟེན་འདས་ཞེས་བྱ་བ་མཁས་པ་སྟེ། །འགྲོ་བ་ཀུན་ གྱི་བླ་མ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་ཡང། །དགྲ་བཅོམ་ཚོགས་ཀུན་དག་ནི་འདུས་འགྱུར་ཏེ། །ཁྲི་ཕྲག་དག་ནི་དྲུག་ཅུ་གསུམ་ [336B] །མི་ཚེ་ལོ་གྲངས་དགུ་ཁྲི་ཅིག་སྟོང་ཡིན། །འགྲོ་ལ་ཕན་ཕྱིར་དེ་ཡི་དམ་ཆོས་དག་ལོ་གྲངས་དག་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་ དག་ནི་རྒྱས་འགྱུར་ལ། །འགྲོ་བ་ཀུན་གྱིས་བཀུར་ཞིང་མཆོད་པར་འགྱུར། །དེ་བཞིན་གཤེགས་པ་ཡུལ་འཁོར་ཤེས་རབ་ཀྱི། །སྐྱེ་བའི་ཡུལ་ནི་ཡུལ་འཁོར་འབྱུང་ ཞེས་བྱ༑ ༑རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་ཡུལ་འཁོར་དབང་པོ་ཡབ། །ཡུལ་འཁོར་མཆོག་མ་རྒྱལ་ཡུམ་སྲས་པོ་ནི། །ཡུལ་འཁོར་ བཟང་པོ་ཡུལ་འཁོར་རིམ་གྲོ་པ། །ཡུལ་འཁོར། །ཆེན་པོ་བློ་གྲོས་ཅན་ཡིན་ཏེ། །བྱང་ཆུབ་ཕྲག་ཅེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ ཡང། །སྲེད་དང་ཉོན་མོངས་པ་དང་བྲལ་བ་པོ། །བྱེ་བ་ཕྲག་ནི་དགུ་བཅུ་དགུ་བཅུ་ཡོད། །མི་ཚེ་ལོ་གྲངས་དག་ནི་དགུ་ཁྲི་ཡིན། །སྲིད་མཐར་ཕྱིན་པའི་དམ་པའི་ཆོས་ དག་ཀྱང། །ལོ་གྲངས་དགུ་ཁྲི་དགུ་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །འགྲོ་བ་ཀུན་གྱིས་སྤྱི་བོས་གནོད་པར་གྱུར། །འཇིག་རྟེན་ མགོན་པོ་མཆོག་མ་སྐྱེ་བ་ཡི། །ཡུལ་ནི་ཐམས་ཅད་མཆོག་ཏུ་ཕྱིན་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །སུམ་ཅུ་རྩ་གཉིས་བདག་ཉིད་ཆེན་པོ་ཡབ། ། [337A]༄༅། །མཆོག་གི་བློ་གྲོས་རྒྱལ་ཡུམ་སྲས་པོ་ནི། །མཆོག་གི་རྒྱལ་པོ་ཡོན་ཏན་རིམ་གྲོ་པ། །ཡོན་ཏན་མཆོད་རྟེན་ཞེས་བྱ་མཁས་པ་སྟེ་ ལྷས་མཆོད་པ་ཞེས་བྱ་བརྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བདུན་ཅུ་དྲུག་ཀུན་ལའང། །ཐམས་ཅད་རྣམ་གྲོལ་བྱང་ཆུབ་གཞོལ་བ་པོ་།བྱེ་བ་ཕྲག་ནི་ བདུན་ཅུ་གསུམ་གསུམ་ཡོད། །མི་ཚེ་ལོ་གྲངས་དྲུག་ཁྲི་ཉིས་སྟོང་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས་ པར་འགྱུར། །རྒྱལ་བའི་སྐུ་གདུང་མཆོད་རྟེན་དཔག་ཚད་ནི། །བདུན་ཅུ་པ་སྟེ་གཅིག་ཡིན་བླ་རེས་བརྒྱན། །དེ་བཞིན་གཤེགས་པ་གཟི་བརྗིད་ཚིམ་མཛད་ཀྱི། ། སྐྱེ་བའི་ཡུལ་ནི་རིམས་ནད་མེད་ཅེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་དགུ་ཡོད་ཡབ་ནི་གསལ་བ་ཡིན། །གསལ་ལྡན་མ་ཞེས་བྱ་བ་ རྒྱལ་བའི་ཡུམ། །སྲས་པོ་ཞུམ་མེད་དམན་མེད་རིམ་གྲོ་པ། །ཡོན་ཏན་མཐུ་རྩལ་ཅན་ནི་མཁས་པ་སྟེ། །འཕགས་པ་བསྡུས་ཤེས་བྱ་བ་རྫུ་འཕྲུལ་ཅན། །འདུས་ པ་ལན་གྲངས་དྲུག་ཅུ་གཉིས་ཀུན་ལའང། །དགྲ་བཅོམ་ཡིད་ནི་ཡོངས་སུ་དག་པ་པོ། །དེ་དག་བྱེ་བ་ཕྲག་ནི་སྟོང་སྟོང་ཡོད། །མི་ཚེ་ལོ་གྲངས་དག་ནི་དྲུག་ཁྲི་ཡིན། ། [337B] །དམ་ཆོས་ལོ་གྲངས་སྟོང་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །ནོར་བུ་མི་ཤེལ་བརྒྱ་ཡི་དྲ་བས་ སྤྲས༑ ༑སངས་རྒྱས་ཤེས་རབ་བྱིན་ནི་སྐྱེ་བ་ཡི། །ཡུལ་ནི་རྨད་དུ་བྱུང་བའི་འོད་ཅེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད་།ཉི་ཤུ་རྩ་གཉིས་ཤེས་རབ་ཆེན་པོ་ ཡབ༑ ༑ཤེས་རབ་མཆོག་མ་རྒྱལ་ཡུམ་ཤེས་རབ་བྱིན། །སྲས་ཡིན་ཤེས་རབ་བཟང་པོ་རིམ་གྲོ་པ། །ཤེས་རབ་ཆེན་པོ་བློ་གྲོས་ཅན་ཡིན་ཏེ་།འཇིགས་པ་མེད་པའི་ ཤེས་རབ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང། །རྒྱལ་བའི་རྒྱལ་པོ་ཡི་ནི་ཚོགས་མཆོག་རྣམས། །བྱེ་བ་ཕྲག་ནི་ཁྲི་ཕྲག་བཅུ་བཅུ་ཡོད། །མི་ ཚེ་ལོ་གྲངས་བྱེ་བ་བདུན་ཅུ་དྲུག་བདུད་དང་ཉོན་མོངས་ཐམས་ཅད་འཇོམས་མཛད་པའི། །དམ་ཆོས་ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས་།རྒྱལ་བའི་སྐུ་གདུང་དག་ནི་ རྒྱས་འགྱུར་ལ། །མཆོད་རྟེན་འབུམ་ཕྲག་སྙེད་ཀྱི་འཁོར་དང་ལྡན་།དེ་བཞིན་གཤེགས་པ་འཇམ་པའི་དབྱངས་སྐྱེ་བའི། །ཡུལ་ནི་ཡིད་དུ་འོང་བའི་དབྱངས་ཞེས་བྱ། ། རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་བདུན་སྟོང་ཡབ་ནི་ཡིད་འཐད་ཡིན། །དབྱངས་མཆོག་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་དབྱངས་ [338A]༄༅། །སྲེད་དགའ་བོ་རིམ་གྲོ་པ། །དུལ་བར་གནས་པའི་དབྱངས་ནི་མཁས་པ་སྟེ། །མཆོག་གི་དབྱངས་ཞེས་བྱ་བ་རྫུ་འཕྲུལ་ཅན་།འདུས་པ་ ལན་གྲངས་བཅུ་སྟེ་ཀུན་ལ་ཡང། །ཕ་རོལ་ཕྱིན་ལ་ཤིན་ཏུ་ངེས་ཐོབ་པ། །བྱེ་བ་ཕྲག་ནི་ཉི་ཤུ་གསུམ་གསུམ་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་དྲུག་སྟོང་ཡིན་ །འཇིག་རྟེན་མཁྱེན་པའི་དམ་པའི་ཆོས་དག་ཀྱང། །ལོ་གྲངས་སྟོང་གི་བར་དུ་གནས་པར་འགྱུར། །འཇིག་རྟེན་མཁྱེན་པའི་མྱ་ངན་འདས་པ་ཡི། །སྐུ་གདུང་མཆོད་རྟེན་ དཔག་ཚད་བརྒྱད་པ་གཅིག། དེ་བཞིན་གཤེགས་པ་ཆགས་པ་མེད་མཛད་ཀྱི། །སྐྱེ་བའི་ཡུལ་ནི་བསོད་ནམས་བསགས་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེའི་ འོད་ཀྱི་ཚེ། །དཔག་ཚད་བདུན་ཅུ་ཡབ་ནི་ཆགས་མེད་ཡིན། །ལྷ་བདག་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་བདེན་སྦྱིན་ལྷ་ཆེན་རིམ་གྲོ་པ། །མཛད་ཆེན་ འཆང་བ་བློ་གྲོས་ཅན་ཡིན་ཏེ། །རྣམ་པར་ངེས་པའི་ལྷ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་ཀུན་ལ་ཡང། །དངོས་པོར་འཛིན་དང་བྲལ་བའི་བསམ་ གཏན་པ། །བྱེ་བ་ཕྲག་ནི་བཅུ་གཅིག་བཅུ་གཅིག་ཡོད། །མི་ཚེ་ལོ་གྲངས་དག་ནི་བདུན་ཁྲི་ཡིན། །སྟོན་པ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་དགུ་ [338B] །རྒྱལ་བའི་སྐུ་གདུང་རྒྱས་འགྱུར་མཆོད་རྟེན་གྲངས། །བྱེ་བ་ཕྲག་ནི་སྟོང་ཕྲག་བརྒྱད་ཅུ་འབྱུང། །དེ་བཞིན་གཤེགས་པ་གཙོ་བོས་བྱིན་ སྐྱེ་བའི༑ ༑ཡུལ་ནི་སྐྱེ་བའི་མཆོད་རྟེན་ཞེས་ཀྱང་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་རྩ་གཉིས་ཡབ་ནི་གཙོ་བཟང་ཡིན། །གཙོ་མཆོག་མ་ཞེས་བྱ་བ་ རྒྱལ་བའི་ཡུམ། །སྲས་པོ་གཙོ་སྲེད་གཙོ་བོ་རིམ་གྲོ་པ། །གཙོ་བྱིན་ཞེས་ནི་བྱ་བ་མཁས་པ་སྟེ། །འཇིགས་པ་མེད་པའི་ཡེ་ཤེས་རྫུ་འཕྲུལ་ཅན། །འདུས་པ་ལན་ གྲངས་སུམ་ཅུ་དྲུག་ཀུན་ལའང། །རྒྱགས་དང་ང་རྒྱལ་བྲལ་བའི་བསམ་གཏན་པ། །བྱེ་བ་ཕྲག་ནི་དགུ་བཅུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་དག་ནི་ལྔ་ཁྲི་ ཡིན༑ ༑སྟོང་པ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་བདུན་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་ བདུན་པ་གསེར་གྱིས་རྣམ་པར་སྤྲས། །དེ་བཞིན་གཤེགས་པ་གཙོ་བོ་སྐྱེ་བ་ཡི། །ཡུལ་ནི་མཆོད་པ་མཆོག་དང་ལྡན་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་ དཔག་ཚད། །ཉི་ཤུ་གཉིས་ཡོད་ཡབ་ནི་མཆོག་ལེགས་ཡིན། །བསོད་ནམས་རིན་ཆེན་མ་ནི་རྒྱལ་བའི་ཡུམ། །སྲས་པོ་སྐར་ལྡན་སྐར་བཟང་རིམ་གྲོ་པ། །བསོད་ནམས་ [339A]༄༅། །འདོད་ཅེས་བྱ་བ་མཁས་པ་སྟེ། །བདེན་པ་རྣམ་པར་ལྟ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་དྲུག་ཀུན་ལའང་།བདུད་ དང་ཉོན་མོངས་ལྟ་བ་ཆབ་འཇོམས་པ། །བྱེ་བ་ཕྲག་ནི་ཉི་ཤུ་གསུམ་གསུམ་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་ཉིས་སྟོང་ཡིན། །ཞི་བར་ཕྱིན་པའི་དམ་པའི་ཆོས་ དག་ཀྱང། །ལོ་གྲངས་དགུ་ཁྲིའི་བར་དུ་གནས་པར་འགྱུར། །འཇིག་རྟེན་མཁྱེན་པ་མྱ་ངན་འདས་པ་ཡི། །སྐུ་གདུང་མཆོད་རྟེན་དཔག་ཚད་ལྔ་པ་གཅིག་དེ་ བཞིན་གཤེགས་པ་ཡེ་ཤེས་མཐུ་རྩལ་གྱི། །སྐྱེ་བའི་ཡུལ་ནི་ཡེ་ཤེས་ལྟ་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །དགུ་བཅུ་རྩ་གཅིག་ཤེས་ལྡན་ བཟང་པོ་ཡབ། །ཤེས་མཆོག་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ཤེས་ལེན་ཤེས་ཆེན་རིམ་གྲོ་པ། །ཤེས་པའི་ཟླ་བ་ཞེས་བྱ་མཁས་པ་སྟེ། །བློ་ཡི་མར་མེ་ མཁན་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བཅུ་སྟེ་ཀུན་ལ་ཡང། །གསེར་དང་བོང་བ་མཚུངས་པར་མཐོང་བ་པོ། །བྱེ་བ་ཕྲག་ནི་ཁྲི་ཕྲག་གསུམ་གསུམ་ ཡོད༑ ༑མི་ཚེ་ལོ་གྲངས་བདུན་ཁྲི་བརྒྱད་སྟོང་ཡིན། །ཞི་བར་ཕྱིན་པའི་དམ་པའི་ཆོས་དག་ཀྱང། །ལོ་གྲངས་བདུན་ཁྲི་བཞི་སྟོང་བར་དུ་གནས། །ཞི་བར་ཕྱིན་ [339B] །བྱེ་བ་སྟོང་ཕྲག་དབུ་བཅུ་རྩ་བརྒྱད་འབྱུང། །འཇིག་རྟེན་མགོན་པོ་འོད་འཕྲོ་ཅན་སྐྱེ་བའི་།ཡུལ་ནི་གཟི་ལྡན་ལེགས་པར་མཆོད་ཅེས་ བྱ༑ ༑རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་རྩ་གཉིས་ཡབ་ནི་གསལ་བ་ཡིན། །རྡོ་རྗེའི་འོད་ནི་རྒྱལ་ཡུམ་སྲས་པོ་ནི་།འོད་འཕྲོ་འོད་འཕྲོ་བཟང་པོ་རིམ་གྲོ་ པ༑ ༑ཡོན་ཏན་འོད་འཕྲོ་ཅན་ན་མཁས་པ་སྟེ། །རྣམ་པར་གྲོལ་བའི་སྒྲོན་མ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང། །དགྲ་བཅོམ་མི་སློབ་ཉོན་ མོངས་བསྲེགས་པ་པོ། །ཐེར་འབུམ་ཐེར་འབུམ་དག་ནི་འདུས་པར་འགྱུར་།མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །མྱ་ངན་འདས་པ་དེ་ཡི་དམ་ཆོས་དག་ལོ་གྲངས་ བདུན་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །ཡིད་དུ་འོང་བའི་གདུགས་སྟོང་སྙེད་ཀྱིས་བརྒྱན་།སེམས་ཅན་སྙིང་པོ་དབང་པོ་སྐྱེ་བ་ ཡི༑ ༑ཡུལ་ནི་དབང་པོའི་རྟོག་དང་ལྡན་ཞེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་རྒྱལ་མཚན་དབང་པོ་ཡབ། །རིན་ཆེན་མཆོག་མ་ ཞེས་བྱ་རྒྱལ་བའི་ཡུམ། །དབང་པོ་སྲས་ཡིན་བཟང་དབང་རིམ་གྲོ་པ། །དབང་ཆེན་ཏོག་ནི་བློ་གྲོས་ཅན་ཡིན་ཏེ། །མཚོན་ཆའི་དབང་པོ་ཞེས་བྱ་རྫུ་འཕྲུལ་ཅན། །འདུས་ [340A]༄༅། །པ་ལན་གྲངས་དྲུག་ཅུ་ཀུན་ལ་ཡང། །མི་སློབ་དགྲ་བཅོམ་པ་ཡི་ཚོགས་ཀུན་དག་བྱེ་བ་ཕྲག་ནི་དགུ་བཅུ་གཉིས་གཉིས་ཡོད། །མི་ ཚེ་ལོ་གྲངས་ཉི་ཁྲི་ཅིག་སྟོང་ཡིན། །དམ་ཆོས་ལོ་གྲངས་ཅིག་ཁྲི་ཅིག་སྟོང་གནས། །སྐུ་གདུང་མཆོད་རྟེན་ཡིད་འོད་གཅིག་ཡིན་ལ་།འཕང་དུ་དཔག་ཚད་བཅུ་ གཉིས་པ་ཡིན་ཏེ། །གསེར་གྱི་རྒྱལ་མཚན་ཏོག་བཅས་དག་གིས་སྤྲས་།དེ་བཞིན་གཤེགས་པ་ཤུགས་འཆང་སྐྱེ་བ་ཡི། །ཡུལ་ནི་ཆོས་ཀྱི་རྒྱལ་མཚན་ཞེས་ ཀྱང་བྱ༑ ༑རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །བདུན་ཅུ་རྩ་གཉིས་ཡབ་ནི་བློ་བཟང་ཡིན། །ཡོན་ཏན་རྒྱ་མཚོ་ཞེས་བྱ་རྒྱལ་བའི་ཡུམ། །སྲས་པོ་བདེན་སྨྲ་སྟོབས་ ལྡན་རིམ་གྲོ་བ། །མཐུ་རྩལ་སྟོབས་ཞེས་བྱ་བ་མཁས་པ་སྟེ་།གོམས་པར་མཆོད་ཅེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང། ། ཕྱིར་མི་ལྡོག་པ་བྱང་ཆུབ་གནས་པ་ཀུན། །བྱེ་བ་ཕྲག་ནི་བདུན་ཅུ་བཞི་བཞི་ཡོད། །མི་ཚེ་ལོ་གྲངས་དགུ་ཁྲི་སུམ་སྟོང་ཡིན། །རྒྱལ་བ་མྱ་ངན་འདས་ནས་དམ་ཆོས་ དག་ལོ་གྲངས་ཐེར་འབུམ་ཕྲག་ནི་གསུམ་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །ཞིང་རྣམས་ཀུན་ཏུ་མཛེས་པ་དག་ཏུ་འགྱུར། །སེམས་ཅན་ [340B] །ཡུལ་ནི་འོད་འཕྲོའི་འོད་དང་ལྡན་ཞེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད་།དཔག་ཚད་བརྒྱ་ཡོད་སྦྱིན་སྲེག་འོད་འཕྲོ་ཡབ། ། འོད་འཕྲོ་ཆེན་མོ་ཞེས་བྱ་རྒྱལ་བའི་ཡུམ། །སྲས་པོ་སྐར་མཁན་སྣང་དབང་རིམ་གྲོ་པ། །རབ་ཏུ་བརྒྱན་ཅེས་བྱ་བ་མཁས་པ་སྟེ་།འོད་དབང་མཐའ་ཡས་པ་ནི་རྫུ་འཕྲུལ་ ཅན༑ ༑འདུས་པ་ལན་གྲངས་སུམ་ཅུ་དྲུག་ཀུན་ལའང། །དགྲ་བཅོམ་རྣམ་པར་ཐར་པ་བརྒྱད་ཐོབ་པ། །བྱེ་བ་ཕྲག་ནི་བདུན་ཅུ་གསུམ་གསུམ་ཡོད། །མི་ཚེ་ལོ་གྲངས་ཉི་ ཁྲི་ཉིས་སྟོང་ཡིན། །མྱ་ངན་འདས་པ་དེ་ཡི་དམ་ཆོས་དག་ལོ་གྲངས་བདུན་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ ཚད་བཅུ་པ་རིན་པོ་ཆེ་ཡིས་སྤྲས། །འཇིག་རྟེན་མགོན་པོ་འོད་ནི་བཟང་པོ་ཡི། །སྐྱེ་བའི་ཡུལ་ནི་ནོར་འབྱོར་པ་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་ རྩ་གཉིས་ཡབ་ནི་བློ་བཟང་ཡིན། །བློ་འོད་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་བློ་ལེགས་བློ་ཆེན་རིམ་གྲོ་པ། །བློ་ཡི་འབྱུང་གནས་ཞེས་བྱ་མཁས་པ་སྟེ། །བློ་ལ་ གནས་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང། །སྲིད་པ་ཀུན་ལ་ཆགས་པ་མེད་གྱུར་པ། །བྱེ་བ་ཕྲག་ནི་དགུ་བཅུ་གཉིས་གཉིས་ཡོད་ [341A]༄༅། །མི་ཚེ་ལོ་གྲངས་དགུ་ཁྲི་དགུ་སྟོང་ཡིན། །རྒྱལ་བ་ཡོངས་སུ་མྱ་ངན་འདས་ནས་ཀྱང། །དམ་ཆོས་ལོ་གྲངས་དྲུག་ཁྲིའི་བར་དུ་གནས། ། རྒྱལ་བའི་སྐུ་གདུང་དག་གི་རྒྱས་འགྱུར་ལ། །མཆོད་རྟེན་གསེར་གྱི་རྒྱལ་མཚན་དག་གིས་བསྐོར། །འཇིག་རྟེན་མགོན་པོ་གྲགས་པ་བྱིན་པ་ཡི། །སྐྱེ་བའི་ཡུལ་ནི་ མཆོད་ཅིང་བཀུར་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད་།སུམ་ཅུ་རྩ་གཉིས་ཡབ་ནི་བློ་བཟང་ཡིན། །བྱང་ཆུབ་འདོད་ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་ པོ་ཟམ་པ་དུལ་བ་རིམ་གྲོ་པ། །ཕྱོགས་ཀྱི་མཆོད་རྟེན་ཞེས་བྱ་མཁས་པ་སྟེ། །འཇིག་རྟེན་མངོན་བསྟོད་པ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་རྩ་ བཞི་སྟེ༑ ༑ཀུན་ལའང་ཐ་བ་མེད་པར་བསྒམས་པ་པོ། །བྱེ་བ་ཕྲག་ནི་སྟོང་སྟོང་འབྱུང་བར་འགྱུར། །མི་ཚེ་ལོ་གྲངས་དགུ་ཁྲི་སུམ་སྟོང་ཡིན། །འགོག་པར་རྒྱན་པའི་ དམ་པའི་ཆོས་དག་ཀྱང། །ལོ་གྲངས་བརྒྱད་ཁྲི་སུམ་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་བརྒྱད་པ་གསེར་གྱིས་རྣམ་ པར་སྤྲས། །སེམས་ཅན་སྙིང་པོ་གཟུགས་ནི་བཟང་པོ་ཡི། །སྐྱེ་བའི་ཡུལ་ནི་ཐར་པ་དགའ་ཞེས་བྱ། །དེའི་རིགས་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །དྲུག་ཅུ་རྩ་ [341B] །ཡོན་ཏན་ཚོགས་ནི་རྒྱལ་ཡུམ་སྲས་པོ་ནི། །ཡོན་ཏན་བདག་ཉིད་དོན་ལྡན་རིམ་གྲོ་པ། །ཡོན་ཏན་མེ་ཏོག་རྒྱས་པ་མཁས་པ་སྟེ། །མཐའ་ ཡས་ཡོན་ཏན་དོན་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང། །དགྲ་བཅོམ་རིམས་ནད་མེད་པ་དགེ་བ་ཅན། །བྱེ་བ་ཕྲག་ནི་བདུན་ཅུ་གསུམ་གསུམ་ ཡོད༑ ༑མི་ཚེ་ལོ་གྲངས་བདུན་ཁྲི་བཞི་སྟོང་ཡིན། །ལྷག་མ་མེད་པར་ཕྱིན་པའི་དམ་ཆོས་དག་ལོ་གྲངས་བདུན་ཁྲིའི་བར་དུ་གནས་པར་འགྱུར། །མཚུངས་པ་མེད་པ་མྱ་ ངན་འདས་ནས་ཀྱང། །ཞིང་རྣམས་ཀུན་དུ་སྐུ་གདུང་རྒྱས་པར་འགྱུར། །མཚུངས་པ་མེད་པ་རྒྱལ་པོ་སྐྱེ་བ་ཡི། །ཡུལ་ནི་དད་པའི་རྒྱལ་པོ་ཞེས་ཀྱང་བྱ། །རིགས་ནི་བྲམ་ཟེ་ ཡིན་ཏེ་འོད་དཔག་ཚད། །བདུན་ཅུ་རྩ་གཉིས་གཟི་བརྗིད་བཟང་པོ་ཡབ་།རྒྱལ་པོའི་འོད་ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་རྒྱལ་བྱིན་རྒྱལ་བྱིན་རིམ་གྲོ་པ། །མི་ཡི་ རྒྱལ་པོ་ཞེས་བྱ་མཁས་པ་སྟེ། །རྒྱལ་པོ་དད་པར་བྱེད་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་བརྒྱད་ཀུན་ལའང་།དགྲ་བཅོམ་གྲགས་པ་བསྒྲུབས་པ་ དེ་དག་གྲངས། །ཐེར་འབུམ་ཐེར་འབུམ་དག་ནི་འདུས་པར་འགྱུར། །མི་ཚེ་ལོ་གྲངས་འབུམ་ཕྲག་ཉི་ཁྲི་ཡིན། །རྣམ་པར་གྲོལ་བར་ཕྱིན་པའི་དམ་ཆོས་དག་ལོ་གྲངས་ [342A]༄༅། །དགུ་ཁྲི་ཉིས་སྟོང་བར་དུ་གནས། །རྒྱལ་བ་མྱ་ངན་འདས་པའི་སྐུ་གདུང་དག་ཞིང་རྣམས་ཀུན་ཏུ་ཁྱབ་པར་འབྱུང་བར་འགྱུར། །དེ་ བཞིན་གཤེགས་པ་དོན་ནི་གྲུབ་པ་ཡི། །སྐྱེ་བའི་ཡུལ་ནི་ཐར་པ་འབྱོར་ཅེས་བྱ། །རིགས་ནི་བྲམ་ཟེ་ལན་ཏེ་འོད་ཀྱི་ཚད། །དཔག་ཚད་དགུ་བཅུ་ཡབ་ནི་བདེ་དོན་ ཡིན༑ ༑དོན་ལ་དགའ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་དོན་སྦྱིན་དོན་ཆེན་རིམ་གྲོ་པ། །སྤོབས་པ་བརྩེགས་པ་བློ་གྲོས་ཅན་ཡིན་ཏེ་།བསོད་ནམས་འདོད་ཅེས་ བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང། །རྒྱགས་དང་ང་རྒྱལ་བྲལ་བ་འཁྲུལ་མེད་པ། །བྱེ་བ་ཕྲག་ནི་བརྒྱད་ཅུ་གཉིས་གཉིས་ཡོད། །མི་ ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །ཐ་བ་སྤངས་པའི་དམ་པའི་ཆོས་དག་ཀྱང། །ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་དག་གི་ མཆོད་རྟེན་ནི། །དཔག་ཚད་དགུ་པ་གཅིག་ཅིག་འབྱུང་བར་འགྱུར། །དེ་བཞིན་གཤེགས་པ་སེངྒེའི་སྡེ་དག་གི་སྐྱེ་བའི་ཡུལ་ནི་བཟོད་པར་དགའ་ཞེས་བྱ། །རྒྱལ་ བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བརྒྱད་ཡོད་མཆོད་སྦྱིན་བཟང་པོ་ཡབ། །འཕགས་པའི་འོད་ཅེས་བྱ་བ་རྒྱལ་བའི་ཡུམ་།སྲས་པོ་འབྲུག་སྒྲ་ཏོག་ནི་ [342B] །དཔག་སྟོབས་ཅན་ཞེས་བྱ་བ་མཁས་པ་སྟེ་།སེངྒེའི་སྟོབས་ཀྱིས་འགྲོ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་དྲུག་ཀུན་ལའང། །མཆོད་པ་མཆོག་ གིས་མཆོད་པར་འོས་པ་པོ། །དགྲ་བཅོམ་ཐ་སྤངས་ཐེར་འབུམ་ཐེར་འབུམ་ཡོད། །མི་ཚེ་ལོ་གྲངས་སུམ་ཁྲི་དྲུག་སྟོང་ཡིན། །བཟུང་བ་མེད་པར་ཕྱིན་པའི་དམ་ཆོས་དག་ ལོ་གྲངས་ཉི་ཁྲི་བཞི་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་བྱེ་བ་འབུམ་ཕྲག་དགུ་བཅུ་དགུ་།སེམས་ཅན་སྙིང་པོ་ནོར་ལྷའི་བུ་ སྐྱེ་བའི༑ ༑ཡུལ་ནི་གཟི་བརྗིད་འབྱུང་བ་ཞེས་ཀྱང་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །སུམ་ཅུ་རྩ་གཉིས་ཟླ་བའི་དབང་པོ་ཡབ། །རྒྱུ་སྐར་རྒྱལ་པོ་རྒྱལ་ཡུམ་ སྲས་པོ་ནི། །ལེགས་འོངས་པར་གནས་སྐྱེས་པ་རིམ་གྲོ་པ། །ལྷ་ཡི་འོད་ཅེས་བྱ་བ་མཁས་པ་སྟེ། །ལྷ་ཡི་མི་ཅེས་བྱ་བ་རྫུ་འཕྲུལ་ཅན་།འདུས་པ་ལན་གྲངས་དགུ་བཅུ་ཀུན་ ལ་ཡང། །དགྲ་བཅོམ་བསོད་ནམས་འབྲས་བུ་མཆོག་ཐོབ་པ། །བྱེ་བ་ཕྲག་ནི་བདུན་ཅུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་དགུ་ཁྲི་བཞི་སྟོང་ཡིན། །སྲིད་བཞི་བར་ ཕྱིན་པའི་དམ་ཆོས་དག་ལོ་གྲངས་དགུ་ཁྲི་ཉིས་བོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་ལྔ་པ་རིན་པོ་ཆེ་ཡིས་སྤྲས། །མཚུངས་ [343A]༄༅། །པ་མེད་པ་གྲགས་པ་སྐྱེ་བ་ཡི། །ཡུལ་ནི་མཆོད་པ་དག་གིས་བརྒྱན་ཅེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད་།དཔག་ ཚད་དགུ་ཡོད་ཡབ་ནི་འབྱོར་ལྡན་ཡིན། །གྲགས་མཆོག་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་སྐར་ལྡན་ལེགས་བྱིན་རིམ་གྲོ་པ། །མཐུ་རྩལ་ཟླ་བ་ཞེས་བྱ་མཁས་ པ་སྟེ༑ ༑མཐའ་ཡས་འོད་ཅེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དག་ནི་ལན་གྲངས་བརྒྱད་ཅུ་སྟེ། །ཀུན་ལའང་ཆགས་པ་མེད་པར་གྱུར་དེ་དག། །བྱེ་བ་ཕྲག་ནི་སྟོང་སྟོང་ འདུས་པར་འགྱུར། །མི་ཚེ་ལོ་གྲང་བདུན་ཁྲི་སུམ་སྟོང་ཡིན། །འགྲོ་ལ་ཕན་ཕྱིར་དམ་པའི་ཆོས་དག་ཀྱང། །ལོ་གྲངས་དགུ་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་ བ་ཡོངས་སུ་མྱ་ངན་འདས་ནས་ཀྱང། །སྐུ་གདུང་རྒྱས་འགྱུར་མཆོད་རྟེན་བྱ་བ་སྟོང། །འཇིག་རྟེན་མགོན་པོ་རྒྱལ་བ་སྐྱེ་བ་ཡི། །ཡུལ་ནི་རྒྱལ་བར་དགའ་བ་ཞེས་ཀྱང་བྱ། ། རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་ཉི་ཁྲི་དབང་པོ་ཆེན་པོ་ཡབ། །རྒྱགས་མེད་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་རྣམ་ངེས་ཟླ་བ་རིམ་གྲོ་ བ༑ ༑ཆོས་ཀྱི་འགྲོས་ཞེས་བྱ་བ་མཁས་པ་སྟེ། །ཕྱིར་ཞིང་ལེགས་པར་སེམས་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་རྩ་བཞི་སྟེ། །ཀུན་ལའང་དགྲ་ [343B] །བྱེ་བ་ཕྲག་ནི་འབུམ་འབུམ་འདུས་པར་འགྱུར། །མི་ཚེ་ལོ་གྲངས་དག་ནི་དགུ་ཁྲི་ཡིན། །དམ་ཆོས་ལོ་གྲངས་བདུན་ཁྲི་དྲུག་ སྟོང་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་གསུམ་པ་གསེར་གྱི་བླ་བྲེར་ལྡན། །རྟ་བབས་བྱེ་བ་སྟོང་ཕྲག་བཅུ་ཡང་ཡོད། །དེ་བཞིན་ གཤེགས་པ་རྒྱ་ཆེན་སྙིང་པོ་ཡི། །སྐྱེ་བའི་ཡུལ་ནི་མཆོད་པ་མཐའ་ཡས་ཡིན། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་རྩ་གཉིས་ཡབ་ནི་ལེགས་རྟོགས་ ཡིན༑ ༑ཐར་འདོད་པ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ལེགས་གྲོལ་རྣམ་གྲོལ་རིམ་གྲོ་པ། །ས་ཡི་འོད་ཅེས་བྱ་བ་མཁས་པ་སྟེ། །བདུད་རྣམས་ཕུང་བར་བྱེད་པ་ རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་།མཁའ་དང་མཚུངས་པའི་སེམས་ཐོབ་དྲང་སྲོང་དག་བྱེ་བ་ཕྲག་ནི་དགུ་བཅུ་གཉིས་གཉིས་ཡོད། ། མི་ཚེ་ལོ་གྲངས་ཉི་ཁྲི་བཞི་སྟོང་ཡིན། །དམ་པའི་ཆོས་དག་ལོ་གྲངས་གཅིག་འབུམ་དང། །ཉི་ཁྲི་ཅིག་སྟོང་བར་དུ་གནས་པར་འགྱུར་།སྐུ་གདུང་མཆོད་རྟེན་དཔག་ ཚད་ལྔ་པ་གཅིག་གཙུག་གི་ནོར་བུ་སྟོང་ཕྲག་ཉིད་ཀྱང་སྦྱངས། །དེ་བཞིན་གཤེགས་པ་བསོད་ནམས་འོད་ཟེར་གྱི། །སྐྱེ་བའི་ཡུལ་ནི་སྐར་མའི་འོད་ཅེས་བྱ། །རིགས་ [344A]༄༅། །ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་ཉི་ཤུ་བསོད་ནམས་བཟང་པོ་ཡབ། །བསོད་ནམས་འོད་ནི་རྒྱལ་ཡུམ་སྲས་པོ་ནི། །བསོད་ ནམས་སྟོབས་ཡིན་ཡོན་ཏན་རིམ་གྲོ་པ། །ཡོན་ཏན་ཁ་ལོ་བསྒྱུར་བ་མཁས་པ་སྟེ། །ལྷས་མཆོད་མ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བདུན་ཅུ་དྲུག་ ཀུན་ལའང། །ཐེག་པ་མཆོག་གིས་རྣམ་ཐར་ཐོབ་པ་པོ། །བྱེ་བ་ཕྲག་ནི་བདུན་ཅུ་རེ་རེ་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་སུམ་སྟོང་ཡིན། །འགྲོ་ལ་ཕན་ཕྱིར་དམ་ པའི་ཆོས་དག་ཀྱང། །ལོ་གྲངས་བདུན་ཁྲི་ཅིག་སྟོང་བར་དུ་གནས་།རྒྱལ་བའི་སྐུ་གདུང་རྒྱས་འགྱུར་མཆོད་རྟེན་གྲངས། །བྱེ་བ་ཕྲག་ནི་སྟོང་ཕྲག་བརྒྱད་ཅུ་འབྱུང། ། འཇིག་རྟེན་མགོན་པོ་འོད་ཟེར་བཟང་པོ་ཡི། །སྐྱེ་བའི་ཡུལ་ནི་འོད་བརྟག་པ་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་རྩ་བརྒྱད་ཡབ་ནི་ལྷག་ མཐོང་ཡིན། །འོད་ཀྱིས་བརྒྱན་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་འོད་བྱིན་འོད་ཆེན་རིམ་གྲོ་པ། །ངེས་པའི་འོད་ཅེས་བྱ་བ་མཁས་པ་སྟེ། །མཐའ་ཡས་འོད་ ཅེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་སྟེ་ཀུན་ལ་ཡང། །རི་མཚུངས་འཁྲུགས་པ་མེད་པར་གྱུར་པ་པོ། །བྱེ་བ་ཕྲག་ནི་དགུ་བཅུ་དགུ་དགུ་ཡོད། ། [344B] །དམ་ཆོས་ལོ་གྲངས་དགུ་བཅུ་རྩ་དྲུག་གནས། །སྐུ་གདུང་མཆོད་རྟེན་དཔག་ཚད་བཞི་པ་གཅིག་རིན་ཆེན་བརྒྱ་ཡི་ཆུན་པོ་ རབ་སྦྱངས་པ། །སིལ་སྙན་བྱེ་བ་བརྒྱ་སྟོང་གྲ་ཡང་འཁྲོལ་།མཚུངས་པ་མེད་པ་སྨྲང་འདོན་སྐྱེ་བའི་ཡུལ། །མྱ་ངན་རྣམ་པར་འཚང་བར་བྱེད་ཅེས་བྱ། །རྡུལ་བྲལ་རིགས་ ནི་རྒྱལ་རིགས་འོད་ཀྱི་ཚད། །སྟོང་གསུམ་ཙམ་ཡོད་ཡབ་ནི་མཐུ་ལྡན་ཡིན། །གཟི་ཆེན་བདོག་པ་རྒྱལ་ཡུམ་སྲས་པོ་ནི། །ཡོན་ཏན་ཚོགས་ཡིན་དྲན་ལྡན་རིམ་གྲོ་ པ༑ ༑ཐར་པའི་འོད་ཅེས་བྱ་བ་མཁས་པ་སྟེ། །རྒོལ་བ་ཚང་གཅོད་པ་ནི་རྫུ་འཕྲུལ་ཅན། །འདུས་པ་དག་ནི་མཐའ་ཡས་ཀུན་ལ་ཡང་།བྱང་ཆུབ་མཆོག་རབ་དག་ ལ་རབ་གནས་པ། །གཟུངས་ཐོས་ཕྱིར་མི་ལྡོག་པ་ཤ་སྟག་གོ་མི་ཚེ་ལོ་གྲངས་བྱེ་བ་སྟོང་ཡང་ཡིན། །ཕྱིར་མི་ལྡོག་པའི་ཚོགས་ཕྱིར་དམ་ཆོས་དང། །ལོ་གྲངས་ བྱེ་བ་བདུན་ཅུ་དྲུག་ཏུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །སྟོང་གསུམ་ལྟ་མི་དག་གིས་གང་བར་འགྱུར། །དེ་བཞིན་གཤེགས་པ་སྒྲོན་མའི་རྒྱལ་པོ་ སྐྱེ་བའི་ཡུལ་ནི་བཟང་ལྡན་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ་།འོད་ནི་དཔག་ཚད་སུམ་སྟོང་ངོ། །ཡབ་ནི་འོད་ཀྱི་ཕུང་པོ་ཆེན་པོ་ཞེས་བྱའོ། །ཡུམ་ནི་གཟི་བརྗིད་ [345A]༄༅། །ཕུང་པོའི་འོད་ཅེས་བྱའོ། །སྲས་ནི་ངན་སོང་སྤོང་ཞེས་བྱའོ། །རིམ་གྲོ་པ་ནི་བློ་གྲོས་མཐའ་ཡས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ ནི་བློ་གྲོས་དོན་ཡོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རིན་པོ་ཆེའི་ཏོག་ཅེས་བྱའོ། །འདུས་པ་ནི་ལན་དྲུག་ཅུ་སྟེ་།ཐམས་ཅད་ལའང་བྱེ་བ་ཕྲག་འབུམ་ འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཡེ་ཤེས་ བརྩེགས་སྐྱེ་བའི་ཡུལ་ནི་འོད་ལྡན་མ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སྟོང་ངོ། །ཡབ་ནི་ཡེ་ཤེས་མཆོག་ཅེས་བྱའོ། །ཡུམ་ནི་གྲགས་པའི་ འོད་ཅེས་བྱའོ། །སྲས་ནི་མཐུ་རྩལ་རིན་པོ་ཆེ་ཞེས་བྱའོ། །རིམ་གྲོ་པ་ནི་བློ་གནས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་བརྩེགས་པ་ཞེས་བྱའོ། །རྫུ་འཕྲུལ་ ཅན་རྣམས་ཀྱི་མཆོག་ནི་འོད་ཀྱི་ཕུང་པོ་ཆེན་པོ་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་དུང་ཕྱུར་ཕྲག་དགུ་དང། བྱེ་བ་ཕྲག་བརྒྱད་དོ། །གཉིས་པ་ལ་ནི་དུང་ཕྱུར་ ཕྲག་དགུའོ། །གསུམ་པ་ལ་ནི་ཐེར་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲིའོ། །དམ་པའི་ཆོས་ནི་ལོ་སུམ་སྟོང་གི་བར་དུ་གནས་སོ་།སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་ [345B]མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ལྟ་མཆོག་སྐྱེ་བའི་ཡུལ་ནི་ཡན། །ལག་མཆོག་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བཅུ་ གཉིས་སོ། །ཡབ་ནི་ཆོས་ལྡན་ཞེས་བྱའོ། །ཡུམ་ནི་བདེ་ལྡན་མ་ཞེས་བྱའོ། །སྲས་ནི་ཡན་ལག་མཆོག་ཅེས་བྱའོ། །རིམ་གྲོ་པ་ནི་ཡན་ལག་རྒྱལ་པོ་ཞེས་བྱའོ། །ཤེས་ རབ་ཅན་རྣམས་ཀྱི་མཆོག་ནི་ལུས་པ་མེད་པའི་བློ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཤེས་རབ་སྒྲིབ་པ་མེད་པ་ཞེས་བྱའོ། །འདུས་པ་ནི་ལན་བཅུ་སྟེ། ། ཐམས་ཅད་ལའང་ས་ཡ་ཕྲག་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་ལྔ་ཁྲིའོ། །དམ་པའི་ཆོས་ནི་ལོ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་བོ་གཅིག་ཏུ་འདུག་གོ་ མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་སའི་བདག་པོ་སྐྱེ་བའི་ཡུལ་ནི་ཤེས་རབ་འཕགས་ཞེས་བྱའོ། །རིགས་ནི་བྲམ་ཟེའོ་།འོད་ནི་དཔག་ཚད་སྟོང་ ངོ། །ཡབ་ནི་དབང་སྒྱུར་ཞེས་བྱའོ། །ཡུམ་ནི་ཟིལ་གྱིས་མི་ནོན་པ་ཞེས་བྱའོ། །སྲས་ནི་གྲགས་མཛེས་ཤེས་བྱའོ། །རིམ་གྲོ་པ་ནི་སྐྱེ་བའི་མཆོད་རྟེན་ཞེས་བྱའོ། །ཤེས་རབ་ ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་དཔའ་བོ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རྩལ་གྱིས་རབ་ཏུ་འགྲོ་བ་ཞེས་བྱའོ། །འདུས་པ་ནི་ལན་བཅུ་བཞི་སྟེ་ [346A]༄༅། །ཐམས་ཅད་ལ་ཡང་བྱེ་བ་ཕྲག་སྟོང་སྟོང་ངོ། །སྐུ་ཚེའི་ཚད་ནི་ལོ་བཞི་ཁྲིའི། །དམ་པའི་ཆོས་ནི་ལོ་ཁྲི་བཞི་སྟོང་གི་བར་དུ་གནས་སོ། །སྐུ་ གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་རྣམ་གྲོལ་བསྙེས་སྐྱེ་བའི་ཡུལ་ནི་ཟིལ་གྱིས་མི་ནོན་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་ སུམ་སྟོང་ངོ། །ཡབ་ནི་ནམ་མཁའི་མཛོད་ཅེས་བྱའོ། །ཡུམ་ནི་མཆོད་པ་བཀོད་པ་ཞེས་བྱའོ། །སྲས་ནི་ནོར་བུ་བཀོད་པ་ཞེས་བྱའོ། །རིམ་གྲོ་པ་ནི་སྟོང་པར་ དགའ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བདེན་བའི་དབྱངས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དབང་ཕྱུག་ཆེན་པོའི་དབྱངས་ཞེས་བྱ་ བྱའོ༑ ༑འདུས་པ་ནི་ལན་སུམ་ཅུ་སྟེ། །ཐམས་ཅད་ལའང་བྱེ་བ་ཕྲག་ཉི་ཁྲི་ཉི་ཁྲིའོ། །སྐུ་ཚེའི་ཚད་ནི་ལོ་སུམ་ཁྲིའོ། །དམ་པའི་ཆོས་ནི་ལོ་དྲུག་ཁྲིའི་བར་དུ་གནས་ སོ༑ ༑སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་གཙུག་གི་གསེར་སྐྱེ་བའི་ཡུལ་ནི་དྲིན་པའི་གཙུག་ཅེས་ བྱའོ༑ ༑རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་ལྔ་སྟོང་ངོ། །ཡབ་ནི་གཟི་བརྗིད་རིན་པོ་ཆེ་ཞེས་བྱའོ། །ཡུམ་ནི་སྔགས་འདོད་མ་ཞེས་བྱའོ། །སྲས་ནི་རྒྱལ་བུ་ [346B] །རིམ་གྲོ་པ་ནི་བློ་སྙོམས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཐོགས་པ་མེད་པའི་བློ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཀུན་ཏུ་ཡོན་ ཏན་ཞེས་བྱའོ། །འདུས་པ་ནི་ལན་བཅུ་བདུན་ཏེ། །ཐམས་ཅད་ལ་ཡང་ཁྲི་ཕྲག་རེ་རེའོ། །སྐུ་ཚེའི་ཚད་ནི་ལོ་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་སྒྲ་གཅན་བཟང་པོ་སྐྱེ་བའི་ཡུལ་ནི་གཟི་བརྗིད་མཐའ་ཡས་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ དྲུག་གོ་ཡབ་ནི་རྙོག་པ་མེད་པའི་འོད་ཅེས་བྱའོ། །ཡུམ་ནི་དབྱིག་འགྲོ་མ་ཞེས་བྱའོ། །སྲས་ནི་བློ་གྲོས་གསལ་བ་ཞེས་བྱའོ། །རིམ་གྲོ་པ་ནི་ཕྱོགས་མཆོད་ཅེས་བྱའོ། ། ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཐའ་ཡས་བློ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ལུས་དག་ཅེས་བྱའོ། །འདུས་པ་ནི་ལན་དྲུག་སྟེ། ཐམས་ཅད་ལའང་བྱེ་བ་ཕྲག་ སྟོང་སྟོང་ངོ། །སྐུ་ཚེའི་ཚད་ནི་ལོ་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་ པ་ཐུབ་པ་དཀའ་སྐྱེ་བའི་ཡུལ་ནི་རྒྱལ་བའི་འོད་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བདུན་བརྒྱའོ། །ཡབ་ནི་འཕགས་འདུལ་ཞེས་བྱའོ། །ཡུམ་ནི་ལྷའི་མེ་ [347A]༄༅། །ཏོག་ཅེས་བྱའོ། །སྲས་ནི་ལྟ་འོད་ཅེས་བྱའོ། །རིམ་གྲོ་པ་ནི་བྱང་ཆུབ་རེག་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དགེ་དབྱངས་ཞེས་ བྱའོ༑ ༑རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡིད་འོད་དབྱངས་ཞེས་བྱའོ། །འདུས་པ་ནི་ལན་བརྒྱད་དེ། །ཐམས་ཅད་ལའང་དུང་ཕྱུར་ཕྲག་རེ་རེའོ། །སྐུ་ཚེའི་ཚད་ནི་ལོ་ དགུ་སྟོང་ངོ། །དམ་པའི་ཆོས་ཀྱང་ལོ་དགུ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་ པ་ཐུབ་གསལ་སྐྱེ་བའི་ཡུལ་ནི་རབ་ཏུ་ཞི་བའི་སྟོབས་ཞེས་བྱའོ་།རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སྟོང་ངོ། །ཡབ་ནི་དབང་པོ་དུལ་ཞེས་བྱའོ། །ཡུམ་ནི་ མཆོད་རྟེན་ཆུང་ཞེས་བྱའོ། །སྲས་ནི་འགྲོས་བརྟན་ཞེས་བྱའོ་།རིམ་གྲོ་པ་ནི་སྒྲིབ་པའི་འགྲོས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཤེས་རབ་ དཔག་ཏུ་མེད་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གཟི་བརྗིད་མི་ཏོག་ཅེས་བྱའོ། །འདུས་པ་ནི་ལན་དྲུག་སྟེ། ཐམས་ཅད་ལའང་དུང་ཕྱུར་ཕྲག་བརྒྱད་ བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་།མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་ [347B]རྣམ་པར་སྣང་བ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་སུམ་སྟོང་ངོ། །ཡབ་ནི་དགའ་བའི་ ཟླ་བ་ཞེས་བྱའོ། །ཡུམ་ནི་གསལ་ལྡན་མ་ཞེས་བྱའོ། །ནི་ལྟ་མཆོག་ཅེས་བྱའོ། །རིམ་གྲོ་པ་ནི་མཆོད་ལྷ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རྣམ་པར་གྲོལ་ བས་འཇོམས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མྱ་ངན་མེད་པས་བྱིན་ཞེས་བྱའོ། །འདུས་པ་ནི་ལན་བདུན་ཅུ་སྟེ། ཐམས་ཅད་ལའང་དུང་ཕྱུར་ཕྲག་དགུ་ དགུའོ༑ ༑སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་གསེར་གྱི་འོད་སྐྱེ་ བའི་ཡུལ་ནི་གསེར་གྱི་འོད་ཅན་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ་།འོད་ནི་དཔག་ཚད་བརྒྱའོ། །ཡབ་ནི་མཐོང་དགའ་ཞེས་བྱའོ། །ཡུམ་ནི་འཇིག་རྟེན་ལྟ་ཞེས་བྱའོ། །སྲས་ ནི་གཙུག་ན་རིན་པོ་ཆེ་ཞེས་བྱའོ། །རིམ་གྲོ་བ་ནི་རིན་ཆེན་སྙིང་པོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཐའ་ཡས་འོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ ནི་སྟོན་པར་དགའ་ཞེས་བྱའོ། །འདུས་པ་ལན་གསུམ་སྟེ། །ཐམས་ཅད་ལའང་དུང་ཕྱུར་ཕྲག་བདུན་བདུན་ནོ། །སྐུ་ཚེའི་ཚད་ནི་ལོ་དགུ་བཅུའོ། །དམ་པའི་ཆོས་ནི་ལོ་དགུ་ [348A]༄༅། །བཅུའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ་།འཁོར་སེམས་ཅན་ཇི་སྙེད་པ་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཁོ་ནར་གནས་པ་ཤ་སྟག་གོ་དེ་བཞིན་གཤེགས་པ་ལེགས་བྱིན་སྐྱེ་བའི་ཡུལ་ནི་ཚོགས་ཀྱི་དབང་བོ་དང་མཚུངས་པ་ཞེས་བྱའོ། །རིགས་ ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ལྔ་བརྒྱའོ། །ཡབ་ནི་ཕྱོགས་ལྟ་ཞེས་བྱའོ། །ཡུམ་ནི་འཕགས་དགྱེས་བྱེད་ཅེས་བྱའོ། །སྲས་ནི་དུལ་བར་གནས་ཞེས་བྱའོ། །རིམ་ གྲོ་པ་ནི་མཚོན་ཆ་བཟང་པོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མེ་ཏོག་སྒྲོན་མ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རིན་ཆེན་སྒྲོན་མ་ཞེས་བྱའོ། ། འདུས་པ་ནི་ལན་དགུ་བཅུ་སྟེ། ཐམས་ཅད་ལའང་དུང་ཕྱུར་ཕྲག་དགུ་དགུའོ། །སྐུ་ཚེའི་ཚད་ནི་ལོ་འབུམ་མོ། །དམ་པའི་ཆོས་ནི་ལོ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ལྷའི་ཡོན་ཏན་དབང་པོ་སྐྱེ་བའི་ཡུལ་ནི་ལྷའི་ཡུལ་འཁོར་ཞེས་བྱའོ། །རིགས་ ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བརྒྱའོ། །ཡབ་ནི་ཚངས་ལྟེ་ཞེས་བྱའོ། །ཡུམ་ནི་ཚངས་སྒྲ་ཞེས་བྱའོ། །སྲས་ནི་ལྷ་དགའ་ཞེས་བྱའོ། །རིམ་གྲོ་པ་ནི་འཕགས་ [348B] །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དགེ་བ་དགའ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡིད་གཉིས་སྤོང་ཞེས་བྱའོ། །འདུས་པ་ནི་ལན་བདུན་ཅུ་ སྟེ་ཐམས་ཅད་ལའང་ས་ཡ་ཕྲག་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་ཉི་ཁྲི་ཉིས་སྟོང་ངོ། །དམ་པའི་ཅོས་ནི་ལོ་བདུན་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་ འགྱུར་རོ། །དེ་བཞིན་གཤེགས་པ་ཆོས་ཀྱི་གདུགས་སྐྱེ་བའི་ཡུལ་ནི་དགེ་བའི་རྒྱལ་པོ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བརྒྱའོ། །ཡབ་ནི་ཟླ་གདུགས་ ཞེས་བྱའོ། །ཡུམ་ནི་ལྷ་དགའ་མ་ཞེས་བྱའོ། །སྲས་ནི་ཡོན་ཏན་མེ་ཏོག་ཅེས་བྱའོ། །རིམ་གྲོ་པ་ནི་ཡེ་ཤེས་མེ་ཏོག་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི། མཆོད་ འོས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡིད་གཉིས་སྤོང་ཞེས་བྱའོ། །འདུས་པ་ནི་ལན་སུམ་ཅུ་རྩ་དགུ་སྟེ། ཐམས་ཅད་ལའང་བྱེ་བ་ཕྲག་འབུམ་འབུམ་མོ། ། སྐུ་ཚེའི་ཚད་ནི་ལོ་སྟོང་ངོ། །དམ་པའི་ཆོས་ནི་ལོ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་བསོད་ནམས་ལག་སྐྱེ་བའི་ཡུལ་ ནི་ལག་པ་དག་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་ལྔ་བརྒྱའོ། །ཡབ་ནི་རིན་པོ་ཆེའི་ལག་པ་ཞེས་བྱའོ། །ཡུམ་ནི་ཀླུ་ལག་མ་ཞེས་བྱའོ། ། །སྲས་ནི་ [349A]༄༅། །ལྷའི་མཆོད་རྟེན་ཞེས་བྱའོ། །རིམ་གྲོ་བ་ནི་ཡོན་ཏན་གྱི་ཚོགས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་མཆོད་ཅེས་བྱའོ། ། རྫུ་འཕྲུ་ཅན་རྣམས་ཀྱི་མཆོག་ནི་མཆོག་གི་རྒྱལ་པོ་ཞེས་བྱའོ་།འདུས་པ་ནི་ལན་ཉི་ཤུ་རྩ་བརྒྱད་དེ། ཐམས་ཅད་ལའང་དུང་ཕྱུར་ཕྲག་ལྔ་ལྔའོ། །སྐུ་ཚེའི་ཚད་ནི་ལོ་ སུམ་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་སུམ་ཁྲིའི་བར་དུ་གནས་སོ་།སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ ཆགས་པ་སྐྱེ་བའི་ཡུལ་ནི་ཡོན་ཏན་གྱི་འབྱུང་གནས་ཞེས་བྱའོ་།རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བརྒྱད་བརྒྱའོ། །ཡབ་ནི་ལྟ་བ་གསལ་ཞེས་ བྱའོ། །ཡུམ་ནི་ལྷ་དགའ་ཞེས་བྱའོ། །སྲས་ནི་ཡིད་བདེ་སྐྱེས་ཤེས་བྱའོ། །རིམ་གྲོ་བ་ནི་ལྷ་མཆོག་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རྡོ་རྗེའི་བློ་གྲོས་ ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བཟང་པོའི་ཏོག་ཅེས་བྱའོ། །འདུས་པ་ནི་ལན་བཅུ་དྲུག་སྟེ། ཐམས་ཅད་ལའང་འབུམ་མོ། །སྐུ་ཚེའི་ཚད་ནི་ ལོ་བརྒྱད་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཡེ་ཤེས་ཀྱི་ནོམ་སྐྱེ་བའི་ཡུལ་ནི་གྱ་ [349B] །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སུམ་ཁྲིའོ། །ཡབ་ནི་ཡེ་ཤེས་འོད་ཅེས་བྱའོ། །ཡུལ་ནི་ཡེ་ཤེས་འོད་ཟེར་ཞེས་བྱའོ། །སྲས་ནི་ལྷའི་ ཡེ་ཤེས་ཞེས་བྱའོ། །རིམ་གྲོ་པ་ནི་བློ་གྲོས་གྲགས་པ་ཞེས་བྱའོ་།ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་རྒྱ་མཚོ་ཞེས་བྱའོ་།རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡུལ་ འཁོར་ལྷ་ཞེས་བྱའོ། །འདུས་པ་ནི་ལན་སུམ་ཅུ་སྟེ། ཐམས་ཅད་ལའང་ཐེར་འབུམ་ཐེར་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་བཞི་ཁྲིའི་བར་ དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་བློ་གྲོས་ཞི་བ་མོ་སྐྱེ་བའི་ཡུལ་ནི་ཉམས་དགའ་བ་ འབྱུང་བ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བདུན་བརྒྱའོ། །ཡབ་ནི་ལུས་པ་མེད་པའི་བློ་ཞེས་བྱའོ། །ཡུམ་ནི་ཡན་ལག་མ་སྨད་པ་ཞེས་བྱའོ་ སྲས་ནི་ཙནྡན་དགའ་ཞེས་བྱའོ། །རིམ་གྲོ་པ་ནི་འཇིག་རྟེན་མཆོད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་དཔའ་བོ་ཞེས་བྱའོ། །རྫུ་འཕྲུལ་ཅན་ རྣམས་ཀྱི་མཆོག་ནི་དགྲ་བཅོམ་ལྷ་ཞེས་བྱའོ། །འདུས་པ་ནི་ལན་ལྔ་བཅུ་སྟེ། ཐམས་ཅད་ལའང་བྱེ་བ་ཕྲ་བཅོ་བརྒྱད་བཅོ་བརྒྱད་དོ་།སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲིའོ། ། [350A]༄༅། །དམ་པའི་ཆོས་ཀྱང་ལོ་དྲུག་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་གཟི་བྱིན་ཐམས་ཅད་སྐྱེ་བའི་ ཡུལ་ནི་གཟི་བརྗིད་བདག་པོ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་སྟོང་ངོ། །ཡབ་ནི་ཏོག་གི་འོད་ཅེས་བྱའོ། །ཡུམ་ནི་ཡོན་ཏན་འོད་ ཅེས་བྱའོ། །སྲས་ནི་བསོད་ནམས་འོད་ཅེས་བྱའོ། །རིམ་གྲོ་པ་ནི་སྙན་པར་གྲགས་པ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ལྷ་སེམས་ཞེས་བྱའོ། །རྫུ་ འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཐར་པའི་འོད་ཟེས་ཞེས་བྱའོ། །འདུས་པ་ནི་ལན་སུམ་ཅུ་སྟེ། ཐམས་ཅད་ལའང་ཐེར་འབུམ་ཐེར་འབུམ་མོ་།སྐུ་ཚའི་ཚད་ནི་ལོ་དྲུག་ ཁྲི་སུམ་སྟོང་ངོ། །དམ་པའི་ཆོས་ཀྱང་ལོ་དྲུག་ཁྲི་སུམ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་ གཤེགས་པ་རྩི་སྨན་སྐྱེ་བའི་ཡུལ་ནི་མྱ་ངན་མེད་པའི་འོད་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སྟོང་ངོ། །ཡབ་ནི་མིག་སྡུག་ཅེས་བྱའོ། །ཡུམ་ནི་ གློག་སྦྱིན་མ་ཞེས་བྱའོ། །སྲས་ནི་བློའི་སྒྲོན་མ་ཞེས་བྱའོ་།རིམ་གྲོ་པ་ནི་དཔལ་གྱི་བཟང་མཆོག་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འཇིག་རྟེན་མཆོག་ [350B] །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཐམས་ཅད་མཐོང་ཞེས་བྱའོ། །འདུས་པ་ནི་ལན་དྲུག་ཅུ་སྟེ། ཐམས་ཅད་ལའང་དུང་ཕྱུར་ཕྲག་དགུ་དགུའོ། །སྐུ་ཚེའི་ཚད་ནི་ལོ་བདུན་ ཁྲིའོ༑ ༑དམ་པའི་ཆོས་ཀྱང་ལོ་བདུན་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ་།དེ་བཞིན་གཤེགས་པ་རྣམ་པར་གྲོལ་བའི་ ཏོག་སྐྱེ་བའི་ཡུལ་ནི་ཏོག་གི་རྒྱལ་མཚན་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ལྔ་བརྒྱའོ། །ཡབ་ནི་ཏོག་གི་རྒྱལ་མཚན་ཞེས་བྱའོ། །ཡུམ་ནི་ཏོག་ཆེན་ མ་ཞེས་བྱའོ། །སྲས་ནི། གྲགས་པའི་བློ་ཞེས་བྱའོ། །རིམ་གྲོ་པ་ནི་ཕྱོགས་གྲགས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སེངྒེའི་མཐུ་རྩལ་ཞེས་བྱའོ། །རྫུ་ འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འབྲུག་སྒྲའི་རོ་ཞེས་བྱའོ། །འདུས་པ་ནི་ལན་བཅོ་བརྒྱད་དེ། ཐམས་ཅད་ལའང་བྱེ་བ་ཕྲག་འབུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་བདུན་ ཁྲི་ལྔ་སྟོང་ངོ། །དམ་པའི་ཆོས་ཀྱང་ལོ་བདུན་ཁྲི་ལྔ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་འོད་ཀྱི་མཛོད་སྐྱེ་བའི་ཡུལ་ནི་རིན་ པོ་ཆེ་སྦེད་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་གླིང་ཆེན་པོ་བཞི་བའི་འཇིག་རྟེན་གྱི་ཁམས་དྲུག་ཙམ་མོ། །ཡབ་ནི་རིན་ཆེན་སེམས་ཞེས་བྱའོ། །ཡུམ་ནི་དད་ [351A]༄༅། །མཆོག་ཅེས་བྱའོ། །སྲས་ནི་གསལ་མཆོག་ཅེས་བྱའོ། །རིམ་གྲོ་པ་ནི་མཐོང་དགའ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཏོག་ གི་རྒྱལ་མཚན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ནོར་ལྷའི་བུ་ཏོག་ཅེས་བྱའོ། །འདུས་པ་ནི་ལན་སུམ་ཅུ་སྟེ། ཐམས་ཅད་ལའང་བྱེ་བ་ཕྲག་འབུམ་་ མོ༑ ༑སྐུ་ཚེའི་ཚད་ནི་ལོ་དགུ་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་དགུ་ཁྲིའི་བར་དུ་ །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཡེ་ཤེས་རྒྱལ་པོ་ བའི་ཡུལ་ནི་གཟི་བརྗིད་མཆོག་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ་།འོད་ནི་དཔག་ཚད་བདུན་བརྒྱའོ། །ཡབ་ནི་སྣང་བ་ཅན་ཞེས་བྱའོ་།ཡུམ་ནི་ཡོན་ཏན་འོད་ ཅེས་བྱའོ། །སྲས་ནི་མཚན་གྱིས་རབ་ཏུ་བརྒྱན་པ་ཞེས་བྱའོ། །རིམ་གྲོ་པ་ནི་བལྟ་ན་སྡུག་པ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ལྟ་བའི་སྒྲོན་མ་ཞེས་བྱའོ། །རྫུ་ འཕྲུལ་ཅན་རྣམས་ཀྱི་མཆོག་ཨི་སྣང་བའི་མེ་ཏོག་ཅེས་བྱའོ། །འདུས་པ་ནི་ལན་སུམ་ཅུ་སྟེ། །ཐམས་ཅད་ལའང་དུང་ཕྱུར་ཕྲག་བདུན་བདུན་ནོ། །སྐུ་ཚེའི་ཚད་ནི་ལོ་དགུ་ ཁྲི་ཉིས་སྟོང་ངོ། །དམ་པའི་ཆོས་ཀྱང་ལོ་དགུ་ཁྲི་ཉིས་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་འཇིགས་མཛད་སྐྱེ་བའི་ཡུལ་ [351B] །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སུམ་བརྒྱའོ། །ཡབ་ནི་དབང་ཕྱུག་ཆེན་པོ་ཞེས་བྱའོ། །ཡུལ་ནི་དགེ་བ་ཅན་ཞེས་བྱའོ། །སྲས་ནི་ལྷ་མཆོག་ཅེས་ བྱའོ༑ ༑རིམ་གྲོ་པ་ནི་ཡོན་ཏན་གྱི་ཚོགས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མི་ཟད་པའི་བློ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ལྟ་བས་མཐོང་ཞེས་བྱའོ། ། འདུས་པ་ནི་ལན་དྲུག་སྟེ། ཐམས་ཅད་ལའང་བྱེ་བ་ཕྲག་སྟོང་སྟོང་ངོ། །སྐུ་ཚེའི་ཚད་ནི་ལོ་བདུན་སྟོང་སྟོང་ངོ། །དམ་པའི་ཆོས་ཀྱང་ལོ་བདུན་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་ རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཆུ་བོ་སྤོང་བ་སྐྱེ་བའི་ཡུལ་ནི་བཀོད་པ་གསལ་བ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་ དཔག་ཚད་བཞི་བཅུའོ། །ཡབ་ནི་དཔའ་བོའི་འོད་ཅེས་བྱའོ། །ཡུམ་ནི་འདམ་ལས་རྒལ་ཞེས་བྱའོ། །སྲས་ནི་ཡུམ་འཁོར་ཁ་ལོ་བསྒྱུར་ཞེས་བྱའོ། །རིམ་གྲོ་པ་ནི་བལྟ་བཟོད་ཅེས་ བྱའོ༑ ༑ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཁ་ན་མ་ཐོ་བ་མེད་པའི་ལས་ཅན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རྐང་མི་འཁྱོལ་ཞེས་བྱའོ། །འདུས་པ་ནི་ལན་དྲུག་ སྟེ༑ ཐམས་ཅད་ལའང་ཐེར་འབུམ་ཕྲག་དྲུག་ཅུ་དྲུག་བཅུའོ། །སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲི་དྲུག་སྟོང་ངོ། །དམ་པའི་ཆོས་ནི་ལོ་དྲུག་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་ [352A]༄༅། །གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ་།འཕགས་པ་བསྐལ་བ་བཟང་པོ་པ་ཞེས་བྱ་བ་དེ་ཐེག་པ་ཆེན་པོའི་ མདོ༑ བམ་པོ་བཅོ་བརྒྱད་པ། དེ་བཞིན་གཤེགས་པ་ཐོགས་མེད་གྲགས་པ་སྐྱེ་བའི་ཡུལ་ནི་ཕྱོགས་ལ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སུམ་ཅུའོ། ། ཡབ་ནི་དབང་ཆེན་བྱིན་ཞེས་བྱའོ། །ཡུམ་ནི་གསལ་ལྡན་མ་ཞེས་བྱའོ། །སྲས་ནི་སེམས་གསལ་ཞེས་བྱའོ། །རིམ་གྲོ་པ་ནི་སྐར་མའི་འོད་ཟེར་ཞེས་བྱའོ། །ཤེས་རབ་ཅན་ རྣམས་ཀྱི་མཆོག་ནི་ཤིན་ཏུ་འདུལ་བ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རབ་ཏུ་ཞི་བའི་འགྲོས་ཞེས་བྱའོ། །དགྲ་བཅོམ་པ་འདུས་པ་ནི་ལན་སུམ་བཅུ་སུམ་སྟེ། ཐམས་ ཅད་ལའང་ལྔ་འབུམ་ལྔ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་སུམ་ཁྲི་སུམ་སྟོང་ངོ། །དམ་པའི་ཆོས་ནི་ལོ་སུམ་ཁྲིའི་བར་དུ་གནས་སོ་།སྐུ་གདུང་དེ་ནི་རིལ་པོ་གཅིག་ཏུ་འདུག་གོ་ མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས། །པ་བདེན་པའི་ཕུང་པོ་སྐྱེ་བའི་ཡུལ་ནི་བདེན་པའི་ཏོག་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ བདུན་བརྒྱའོ། །ཡབ་ནི་དྲི་མ་མེད་པར་གྲགས་པ་ཞེས་བྱའོ། །ཡུམ་ནི་ཆོས་མཐོང་མ་ཞེས་བྱའོ། །སྲས་ནི་རྣམ་པར་སྣང་བྱེད་ཅེས་བྱའོ། །རིམ་གྲོ་པ་ནི་ཆོས་དབྱངས་ [352B] །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འཁྲུལ་མེད་སེམས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཉམ་པ་དང་མི་མཉམ་པ་ལྟ་བ་ཞེས་བྱའོ། །དགྲ་བཅོམ་པ་འདུས་ པ་ནི་ལན་ལྡན་བཅུ་སྟེ། །ཐམས་ཅད་ལའང་ལྔ་འབུམ་ལྔ་འབུམ་མོ་།སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲི་ལྔ་སྟོང་ངོ། །དམ་པའི་ཆོས་ནི་ལོ་དྲུག་ཁྲི་ཉིས་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་དབྱངས་སྙན་སྐྱེ་བའི་ཡུལ་ནི་ཡུལ་འཁོར་ཡུལ་བཟང་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བཅུ་དྲུག་གོ་ ཡབ་ནི་མཐུ་རྩལ་སྤྱོད་ཅེས་བྱའོ། །ཡུམ་ནི་ཆོས་ལྡན་མ་ཞེས་བྱའོ། །སྲས་ནི་སྟོན་དགའ་ཞེས་བྱའོ། །རིམ་གྲོ་བ་ནི་ལེགས་མཐོང་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ ཏོག་ཆེན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བློ་ཞེས་བྱའོ། །དགྲ་བཅོམ་པ་འདུས་པ་ནི་ལན་བདུན་ཅུ་སྟེ། །ཐམས་ཅད་ལའང་དུང་ཕྱུར་དུང་ཕྱུར་རོ། །སྐུ་ཚེའི་ ཚད་ནི་ལོ་བརྒྱད་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་རི་དབང་མཚུངས་སྐྱེ་བའི་ཡུལ་ནི་སྣ་ ཚོགས་རྗེས་སུ་འབྲེལ་བ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སྟོང་ངོ། །ཡབ་ནི་བཀོད་པའི་རྒྱལ་པོ་ཞེས་བྱའོ། །ཡུམ་ནི་བཀོད་པ་མཐའ་ཡས་མ་ཞེས་བྱའོ། ། [353A]༄༅། །སྲས་ནི་བཀོད་པ་ཆེན་པོ་ཞེས་བྱའོ། །རིམ་གྲོ་བ་ནི་ཐོས་པ་བསགས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་བརྩེགས་ཞེས་བྱའོ། ། རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ནོར་སྦྱིན་གསལ་ཞེས་བྱའོ་།དགྲ་བཅོམ་པ་འདུས་པ་ནི་ལན་བརྒྱད་ཅུའོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲི་བཞི་སྟོང་ངོ། །དམ་པའི་ཆོས་ ཀྱང་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཆོས་བརྩེགས་སྐྱེ་བའི་ཡུལ་ནི་ བཀོད་པ་སྣ་ཚོགས་བཟང་པོ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་དགུའོ། །ཡབ་ནི་སྤོབས་པ་མཛེས་ཞེས་བྱའོ། །ཡུམ་ནི་གཟི་བརྗིད་བཀོད་པ་ཞེས་བྱའོ། ། སྲས་ནི་ལྟ་བ་གསལ་ཞེས་བྱའོ། །རིམ་གྲོ་བ་ནི་སྐར་མདའ་འཆང་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་གྱི་ཚོགས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་ མཆོག་ནི་བདེན་པའི་མཐུ་རྩལ་ཞེས་བྱའོ། །དགྲ་བཅོམ་པ་འདུས་པ་ནི་ལན་སུམ་ཅུ་རྩ་གཉིས་ཏེ། ཐམས་ཅད་ལའང་དུང་ཕྱུར་ཕྲག་གསུམ་མོ། །སྐུ་ཚེའི་ཚད་ནི་ ལོ་གསུམ་ཁྲི་བརྒྱད་སྟོང་ངོ། །དམ་པའི་ཆོས་ཀྱང་ལོ་སུམ་ཁྲི་བརྒྱད་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ་།དེ་བཞིན་གཤེགས་པ་ཐར་པའི་གཟི་བྱིན་སྐྱེ་བའི་ [353B] །རིགས་ནི་བྲམ་ཟེའོ་།འོད་ནི་དཔག་ཚད་བཅུ་བཞིའོ། །ཡབ་ནི་གཟི་བྱིན་མཐའ་ཡས་ཞེས་བྱའོ། །ཡུམ་ནི་བཀོད་པ་མཐའ་ཡས་མ་ཞེས་ བྱའོ༑ ༑སྲས་ནི་དགེ་བར་སེམས་ཞེས་བྱའོ། །རིམ་གྲོ་པ་ནི་འཕགས་འདུས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཆོས་གྲགས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་ མཆོག་ནི་མཐུ་རྩལ་དྲི་མེད་ཅེས་བྱའོ། །དགྲ་བཅོམ་པ་འདུས་པ་ནི་ལན་ལྔ་བཅུ་རྩ་དགུ་སྟེ། །ཐམས་ཅད་ལའང་བྱེ་བ་ཕྲག་འབུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲི་དྲུག་ སྟོང་ངོ། །དམ་པའི་ཆོས་ཀྱང་ལོ་དྲུག་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ལེགས་མཛད་སྐྱེ་བའི་ཡུལ་ནི་མྱ་ངན་དང་བྲལ་ བ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ཉིས་བརྒྱའོ། །ཡབ་ནི་ལེགས་མཐོང་ཞེས་བྱའོ། །ཡུམ་ནི་ཀུན་མཐོང་མ་ཞེས་བྱའོ། །སྲས་ནི་ཟིལ་མི་ནོན་ཞེས་ བྱའོ༑ ༑རིམ་གྲོ་པ་ནི་ཡོན་ཏན་གྱི་ཚོགས་ཞེས་བྱའོ། །ཤེས་རབ་ཅན་རྣམས། །ཀྱི་མཆོག་ནི་ཤེས་རབ་འོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་རྡོ་རྗེ་ཞེས་ བྱའོ༑ ༑དགྲ་བཅོམ་པ་འདུས་པ་ནི་ལན་དྲུག་སྟེ། །ཐམས་ཅད་ལའང་བྱེ་བ་ཕྲག་སྟོང་སྟོང་ངོ། །སྐུ་ཚེའི་ཚད་ནི་ལོ་སྟོང་ངོ་།དམ་པའི་ཆོས་ཀྱང་ལོ་སྟོང་གི་བར་དུ་གནས་སོ། །སྐུ་ [354A]༄༅། །གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་རབ་ཏུ་ཞི་བ་སྐྱེ་བའི་ཡུལ་ནི་རབ་ཏུ་ཞི་དུལ་ཞེས་བྱའོ། །རིགས་ ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སུམ་ཅུའོ། །ཡབ་ནི་གླང་པོའི་མཐུ་རྩལ་ཞེས་བྱའོ། །ཡུམ་ནི་བསོད་ནམས་འོད་ཅེས་བྱའོ། །སྲས་ནི་དུལ་གནས་དགའ་ཞེས་བྱའོ། །རིམ་གྲོ་པ་ནི་ གནས་དག་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཚུལ་ཁྲིམས་ཡོངས་སུ་དག་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྤྱོད་པ་མི་གནས་པ་ཞེས་བྱའོ། །དགྲ་བཅོམ་ པ་འདུས་པ་ནི་ལན་བཅུ་གཅིག་སྟེ། །ཐམས་ཅད་ལའང་དུང་ཕྱུར་ཕྲག་ལྔ་ལྔའོ། །སྐུ་ཚེའི་ཚད་ནི་ལོ་ཁྲི་ཉིས་སྟོང་ངོ་།དམ་པའི་ཆོས་ནི་ལོ་ཁྲི་ཆིག་སྟོང་གི་བར་དུ་གནས་སོ། ། སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཡིད་དུ་འོང་བའི་གསུང་སྐྱེ་བའི་ཡུལ་ནི་བཀོད་པ་ཡིད་དུ་འཐད་པ་ཞེས་བྱའོ་།རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ ཚད་བདུན་པ་རྒྱའོ། །ཡབ་ནི་སེངྒེའི་ང་རོ་ཞེས་བྱའོ། །ཡུམ་ནི་ཆགས་མེད་བློ་ཞེས་བྱའོ། །སྲས་ནི་འཇིགས་པ་མེད་པའི་གཟི་བརྗིད་ཅེས་བྱའོ། །རིམ་གྲོ་པ་ནི་གྱ་ནོམ་ང་རོ་ ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་དཔའ་བོ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྟོབས་ཀྱི་འཁོར་ལོ་ཞེས་བྱའོ། །འདུས་པ་ནི་ལན་སུམ་ཅུ་ [354B] །ཐམས་ཅད་ལའང་དུང་ཕྲག་ལྔ་ལྔའོ་།སྐུ་ཚེའི་ཚད་ནི་ལོ་སུམ་ཁྲི་སུམ་སྟོང་ངོ། །དམ་པའི་ཆོས་ཀྱང་སུམ་ཁྲི་སུམ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་ གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་བློ་སྦྱངས་སྐྱེ་བའི་ཡུལ་ནི་འགྲོས་སྟོབས་བཟང་པོ་ཞེས་བྱའོ་།རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ ཚད་ལྔ་བརྒྱའོ། །ཡབ་ནི་སེངྒེའི་ལེགས་ཞེས་བྱའོ། །ཡུམ་ནི་སེངྒེའི་བློ་གྲོས་མ་ཞེས་བྱའོ། །སྲས་ནི་འབྲུག་སྒྲའི་རྒྱལ་པོ་ཞེས་བྱའོ། །རིམ་གྲོ་པ་ནི་སེངྒེའི་ང་རོ་ཞེས་བྱའོ། །ཤེས་རབ་ ཅན་རྣམས་ཀྱི་མཆོག་ནི་སྒྲིབ་མ་མེད་པའི་དབྱངས་ཞེས་བྱའོ་།རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྤྱོད་པ་ཅན་ཞེས་བྱའོ་།དགྲ་བཅོམ་པ་འདུས་པ་ནི་ལན་བདུན་ཅུ་སྟེ། །ཐམས་ ཅད་ལའང་འབུམ་ཕྲག་དྲུག་བཅུ་རྩ་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲི་དྲུག་གུ་སྟོང་ངོ། །དམ་པའི་ཆོས་ཀྱང་ལོ་དྲུག་ཁྲི་དགུ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་ པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཆུ་ལྷ་སྐྱེ་བའི་ཡུལ་ནི་ཀླུ་དབྱངས་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ བརྒྱའོ༑ ༑ཡབ་ནི་ཀླུ་དབྱངས་ང་རོ་ཞེས་བྱའོ། །ཡུམ་ནི་ཀླུ་དཔལ་ཞེས་བྱའོ། །སྲས་ནི་ཀླུ་མཆོག་ཅེས་བྱའོ། །རིམ་གྲོ་པ་ནི་འགྲོ་གཙོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ [355A]༄༅། །ནི་སྤོབས་པ་སེམས་ཤེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འཇིགས་མེད་བློ་ཞེས་བྱའོ། །འདུས་པ་ནི་ལན་བདུན་ཅུ་སྟེ། ཐམས་ཅད་ལའང་བྱེ་ བ་ཕྲག་སུམ་ཅུ་རྩ་དྲུག་དྲུག་གོ་སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་བརྒྱའི་ཁྲིའི་བར་དུ་གནས་སོ་།སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ འགྲོ་བས་མཆོད་སྐྱེ་བའི་ཡུལ་ནི་སྭ་ལའི་དབང་པོ་ཞེས་བྱའོ་།རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་གསུམ་མོ། །ཡབ་ནི་དབང་པོའི་ང་རོ་སྒྲོགས་ཅེས་བྱའོ། །ཡུམ་ནི་སྟོན་པ་ མཐའ་ཡས་མ་ཞེས་བྱའོ། །སྲས་ནི་དབང་པོའི་འོད་ཟེར་ཞེས་བྱའོ་།རིམ་གྲོ་པ་ནི་དབང་པོས་བྱིན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་རིན་པོ་ཆེའི་ཐུ་རྩལ་ཞེས་ བྱའོ༑ ༑རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཤེས་རབ་སྨོན་ལམ་སེམས་ཞེས་བྱའོ། །འདུས་པ་ནི་ལན་སུམ་ཅུ་རྩ་བརྒྱད་དེ། །ཐམས་ཅད་ལའང་བྱེ་བ་ཕྲག་འབུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ ལོ་བཞི་ཁྲིའོ། །དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་སེངྒེའི་ལོགས་སྐྱེ་བའི་ཡུལ་ནི་གསེར་གྱི་ལོགས་ཞེས་ བྱའོ༑ ༑རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བརྒྱད་ཅུའོ་།ཡབ་ནི་རིན་པོ་ཆེའི་རྒྱལ་མཚན་ཞེས་བྱའོ། །ཡུམ་ནི་གཟི་བརྗིད་རིན་ཆེན་ཞེས་བྱའོ། །སྲས་ནི་རིན་ཆེན་སྦེད་ཅེས་ [355B] ༑རིམ་གྲོ་བ་ནི་མཛེས་སྦྱིན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་འོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གྲགས་པ་མ་འདྲེས་པ་ཞེས་བྱའོ། །འདུས་པ་ནི་ ལན་གསུམ་ཅུ་རྩ་དྲུག་སྟེ། ཐམས་ཅད་ལའང་བྱེ་བ་ཕྲག་འབུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲིའོ། །དམ་པའི་ཆོས་ནི་ལོ་སུམ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་ གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཆོས་ཀྱི་མཐུ་རྩལ་སྐྱེ་བའི་ཡུལ་ནི་ཡོན་ཏན་མཐུ་རྩལ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བརྒྱའོ། ། ཡབ་ནི་མཐུ་རྩལ་ཆེན་པོ་ཞེས་བྱའོ། །ཡུམ་ནི་ཡེ་ཤེས་མཐུ་རྩལ་ཞེས་བྱའོ། །སྲས་ནི་རིན་ཆེན་འཕགས་ཞེས་བྱའོ། །རིམ་གྲོ་པ་ནི་སེམས་གསལ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ ཀྱི་མཆོག་ནི་འབྲུག་སྒྲ་སྒྲོགས་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཐུ་དཔལ་ཞེས་བྱའོ། །འདུས་པ་ནི་ལན་ཅུ་དྲུག་རྩ་དྲུག་སྟེ། ཐམས་ཅད་ལའང་ས་ཡ་ཕྲག་སུམ་ གསུམ་མོ། །སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲི་སུམ་སྟོང་ངོ། །དམ་པའི་ཆོས་ནི་ལོ་སུམ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི། རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་བསྐལ་པ་བཟང་པོ་སྐྱེ་ བའི་ཡུལ་ནི་བཀོད་པ་སྡུག་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ་།འོད་ནི་དཔག་ཚད་ལྔའོ། །ཡབ་ནི་རྣམ་སྨིན་སྡུག་ཅེས་བྱའོ། །ཡུམ་ནི་ཡོན་ཏན་འོད་ཅེས་བྱའོ། །སྲས་ནི་ [356A]༄༅། །ལྷ་འདོད་ཅེས་བྱའོ། །རིམ་གྲོ་པ་ནི་འཁྲུལ་མེད་གནས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་གྲགས་པའི་སྒྲོན་མ་ཞེས་བྱའོ། །རྫུ་འཕྲུལ་ ཅན་རྣམས་ཀྱི་མཆོག་ནི་ཟླ་བས་རབ་ཏུ་བརྒྱན་པའི་འོད་ཟེར་ཞེས་བྱའོ། །འདུས་པ་ནི་ལན་བཅུ་བཞི་སྟེ། ཐམས་ཅད་ལའང་ཐེར་འབུམ་ཕྲག་བཅུ་བཅུའོ། །སྐུ་ཚེའི་ཚད་ནི་ ལོ་བདུན་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་བདུན་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་ པ་མི་འཁྲུགས་པའི་མདོག་སྐྱེ་བའི་ཡུལ་ནི་འོད་དཔལ་མཐོ་རིས་མཆོག་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་སྟོང་གི་འཇིག་རྟེན་གྱི་ཁམས་ཙམ་མོ། ། ཡབ་ནི་གསེར་བཟང་ངེས་འོད་གཟི་བརྗིད་རྒྱལ་པོ་ཞེས་བྱའོ། །ཡུམ་ནི་ཡོན་ཏན་མཐའ་ཡས་བཀོད་པ་ཞེས་བྱའོ། །སྲས་ནི་ཟླ་བས་རབ་ཏུ་བརྒྱན་པའི་གཟི་བརྗིད་འོད་ ཟེར་དབྱངས་ཞེས་བྱའོ། །རིམ་གྲོ་པ་ནི་ཤེས་རབ་སྟོབས་བྱེད་བཀོད་པའི་རྒྱལ་པོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་གྱི་རྒྱ་མཚོའི་བློ་ཅན་ངེས་པར་ སྟོན་པའི་བློ་གྲོས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྐྱོན་གྱིས་ཟིལ་གྱི་མི་ནོན་ཞིང་བདུད་ཀྱི་དཔུང་རབ་ཏུ་ཕུང་བར་བྱེད་པའི་གཟི་བརྗིད་ཀྱི་ཁ་དོག་ཅེས་ [356B] ༑འདུས་པ་ནི་ལན་འབུམ་སྟེ། ཐམས་ཅད་ལའང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བརྒྱད་ཅུ་བརྒྱད་ཅུའོ། །སྐུ་ཚེའི་ཚད་ནི་ལོ་བདུན་ ཁྲིའོ༑ ༑དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་གཟི་བརྗིད་རྒྱལ་པོ་སྐྱེ་བའི་ཡུལ་ནི་ཡོན་ཏན་རིན་པོ་ཆེ་ བརྒྱ་སྟོང་གི་ཡན་ལག་གི་རྒྱལ་པོ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འདོ་ནི་དཔག་ཚད་ས་ཡ་ཕྲག་གསུམ་མོ། །ཡབ་ནི་གཟི་བརྗིད་མཐའ་ཡས་འོད་ཅེས་བྱའོ། །ཡུམ་ནི་ རིགས་པའི་གཟི་བྱིན་འོད་ཟེར་ཞེས་བྱའོ། །སྲས་ནི་ཟླ་བ་དྲི་མ་མེད་པའི་རྟོག་དཔལ་རྒྱལ་མཚན་ཞེས་བྱའོ། །རིམ་གྲོ་པ་ནི་ཡེ་ཤེས་འོད་བྱིན་ཞེས་བྱའོ། །ཤེས་རབ་ཅན་ རྣམས་ཀྱི་མཆོག་ནི་བཀོད་པ་དཔག་ཏུ་མེད་པ་སྒྲུབ་པར་སེམས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འོད་ཀྱི་གཟི་བརྗིད་སངས་རྒྱས་ལས་ཡང་དག་པར་བྱུང་བ་ ཞེས་བྱའོ། །འདུས་པ་ནི་ལན་བཅུ་སྟེ། ཐམས་ཅད་ལའང་དུང་ཕྱུར་ཕྲག་དགུ་དགུའོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་བདུན་ཁྲིའི་བར་དུ་གནས་ སོ༑ ༑སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་རྟོགས་མཛད་སྐྱེ་བའི་ཡུལ་ནི་གཟི་བརྗིད་གསལ་ཞེས་བྱའོ། །རིགས་ [357A]༄༅། །ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བརྒྱད་བརྒྱའོ་།ཡབ་ནི་ཤིན་ཏུ་རྣམ་པར་དག་པའི་བློ་ཞེས་བྱའོ། །ཡུམ་ནི་བློ་གསལ་ལྡན་ཞེས་ བྱའོ༑ ༑སྲས་ནི་ཡོན་ཏན་ཐམས་ཅད་རྟོགས་བྱེད་ཡེ་ཤེས་བྱིན་ཞེས་བྱའོ། །རིམ་གྲོ་བ་ནི་ཡིད་འོང་སེམས་པའི་འདོད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ ཤེས་རབ་ཀྱི་འབྱུང་གནས་བྱང་ཆུབ་ཏུ་སྨོན་པའི་བློ་ཅན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རིན་པོ་ཆེའི་མེ་ཏོག་གི་འོད་ཅེས་བྱའོ། །འདུས་པ་ནི་ ལན་བཅོ་བརྒྱད་དེ། །ཐམས་ཅད་ལའང་ཐེར་འབུམ་ཕྲག་བརྒྱད་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་བཞི་ཁྲི་ཉིས་སྟོང་ངོ། །དམ་པའི་ཆོས་ནི་ལོ་ཁྲི་བརྒྱད་སྟོང་གི་བར་ དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་སྤྱན་ལེགས་སྐྱེ་བའི་ཡུལ་ནི་ཡོན་ཏན་འབུམ་ཕྲག་བཀོད་པར་སྣང་བ་ཞེས་བྱའོ། །རིགས་ ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་སུམ་ཁྲི་བཞི་སྟོང་ངོ། །ཡབ་ནི་སྤྱོད་པ་མ་འཁྲུལ་གསལ་བའི་རྒྱལ་པོ་ཞེས་བྱའོ། །ཡུམ་ནི་ཡེ་ཤེས་ཕུང་པོ་གཟི་བརྗིད་ འཕགས་ལྡན་མ་ཞེས་བྱའོ། །སྲས་ནི་སྒྲ་སྐད་ཟད་མི་ཤེས་པར་སྟོན་པའི་བློ་གྲོས་ཅན་ཞེས་བྱའོ། །རིམ་གྲོ་པ་ནི་ཤེས་རབ་ཀྱི་སྣང་བ་རྣམ་པར་གདོན་མི་ཟ་བའི་མེ་ཏོག་ [357B] །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བདུང་བྱེ་བ་བརྒྱ་ཕྲག་སྙིང་ཀྱིས་ཟིལ་གྱིས་མི་ནོམ་པའི་ཉི་མའི་གཟི་བརྗིད་ཀྱི་ཁ་དོན་ཅན་ཞེས་བྱའོ། །རྫུ་འཕྲུལ་ ཅན་རྣམས་ཀྱི་མཆོག་ནི་རིན་པོ་ཆེ་ཐམས་ཅད་ཀྱི་གཟི་བརྗིད་རྣམ་པར་གྲགས་པའི་རྒྱལ་པོ་ཞེས་བྱའོ། །འདུས་པ་ནི་ལན་ལྔ་བཅུ་སྟེ་ཐམས་ཅད་ལའང་བྱེ་བ་ཕྲག་ཁྲི་ཕྲག་ རེ་རེའོ༑ ༑སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲིའོ། །དམ་པའི་ཆོས་ནི་སུམ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་།མཆོད་རྟེན་ཡང་གཅིག་ཏུ་ཟད་ དོ༑ ༑དེ་བཞིན་གཤེགས་པ་དོན་ལ་གནས་པའི་བློ་མངའ་བ་སྐྱེ་བའི་ཡུལ་ནི་དོན་མཐའ་ཡས་པའི་བཀོད་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ ཚད་བཅུའོ། །ཡབ་ནི་དོན་གྱི་རྒྱལ་པོ་ཞེས་བྱའོ། །ཡུམ་ནི་སེམས་ཅན་གྱི་དོན་ལ་རྣམ་པར་གདོན་མི་ཟ་བའི་རྒྱལ་མོ་ཞེས་བྱའོ། །སྲས་ནི་རིན་པོ་ཆེའི་མཛོད་ཅེས་ བྱའོ༑ ༑རིམ་གྲོ་པ་ནི་ཡོན་ཏན་འབུམ་ཕྲག་སྙེད་འཆང་བའི་གཟི་བརྗིད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཕས་ཀྱི་རྒོལ་བ་ཚར་གཅོད་པ་ཞེས་བྱའོ། །རྫུ་ འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་བརྩེགས་པའི་རྣ་རྒྱན་གྱིས་བརྒྱན་པ་ཞེས་བྱའོ། །འདུས་པ་ནི་ལན་ལྔ་བཅུ་སྟེ། ཐམས་ཅད་ལའང་ཐེར་འབུམ་ཕྲག་བཅུ་བཅུའོ། ། [358A]༄༅། །སྐུ་ཚེའི་ཚད་ནི་ལོ་ལྔ་ཁྲི་སུམ་སྟོང་ངོ། །དམ་པའི་ཆོས་ཀྱང་ལོ་ལྔ་ཁྲི་སུམ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་ གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་སྣང་བའི་འོད་ཟེར་སྐྱེ་བའི་ཡུལ་ནི་སྣང་བ་མཐའ་ཡས་པའི་གཟི་བརྗིད་བཀོད་པ་ཞེས་བྱའོ། །རིགས་ནི་ བྲམ་ཟེའོ། །འོད་ནི་དཔག་ཚད་སུམ་སྟོང་ངོ། །ཡབ་ནི་སྣང་བ་ཐམས་ཅད་ཀྱིས་བརྒྱན་པ་ཞེས་བྱའོ། །ཡུམ་ནི་ཡེ་ཤེས་སྣང་བའི་འོད་ཀྱི་གཟི་བརྗིད་ཅེས་བྱའོ། །སྲས་ ནི་གཟི་བརྗིད་ཀྱི་ཕུང་པོའི་འོད་རྣམ་པར་གྲགས་པ་ཞེས་བྱའོ་།རིམ་གྲོ་པ་ནི་བློའི་ཡེ་ཤེས་ཀྱི་རྒྱལ་པོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བློའི་རྣམས་པར་ ངེས་པར་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གྲགས་པ་རྫོགས་པའི་རྒྱལ་མཚན་གྱི་ཏོག་ཅེས་བྱའོ། །འདུས་པ་ནི་ལན་བདུན་ཅུ་སྟེ། ཐམས་ཅད་ལའང་དུང་ ཕྱུར་ཕྲག་བདུན་བདུན་ནོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་དྲུག་སྟོང་ངོ། །དམ་པའི་ཆོས་ནི་ལོ་བདུན་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་ བཞིན་གཤེགས་པ་སྤོས་ཀྱི་གཟི་བརྗིད་སྐྱེ་བའི་ཡུལ་ནི་ཨ་ག་རུའི་དྲི་བསུང་གིས་ངེས་པར་བདུགས་པའི་གཟི་བརྗིད་འོད་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ [358B] །ཡབ་ནི་མཐའ་ཡས་སྤོས་འོད་ཅེས་བྱའོ་།ཡུམ་ནི་ཡོན་ཏན་བརྒྱའི་སྤོས་འོད་མ་ཞེས་བྱའོ། །སྲས་ནི་སྤོས་ཀྱི་དབང་ཕྱུག་རྒྱལ་པོའི་བློ་ཅན་ སེམས་ཞེས་བྱའོ། །རིམ་གྲོ་པ་ནི་ཡོན་ཏན་སྤོས་འོད་བློ་ཞེས་བྱའོ་།ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཙནྡན་དྲི་བསུང་ཞིམ་པོའི་ཉི་མའི་འོད་ཅེས་བྱའོ། །རྫུ་འཕྲུལ་ཅན་ རྣམས་ཀྱི་མཆོག་ནི་སྤོས་ཀྱི་གཟི་བརྗིད་རྣམ་པར་སྣང་བར་བྱེད་པའི་འོད་ཅེས་བྱའོ། །འདུས་པ་ནི་ལན་བཅུ་དྲུག་སྟེ། ཐམས་ཅད་ལའང་བྱེ་བ་ཕྲག་བཅུ་དྲུག་བཅུ་དྲུག་གོ་ སྐུ་ཚེའི་ཚད་ནི་ལོ་ལྔ་ཁྲིའོ། །དམ་པའི་ཆོས་ནི་ལོ་དགུ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཀུན་ཏུ་དགའ་བར་མཛད་པའི་ སྐྱེ་བའི་ཡུལ་ནི་ཡོན་ཏན་རིན་པོ་ཆེ་མཐོང་བས་ངོམས་པར་བྱེད་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་དྲུག་གོ་ཡབ་ནི་བདུད་རྩིའི་དབྱངས་ཀྱི་ སེལ་བ་ཞེས་བྱའོ། །ཡུམ་ནི་ངག་འཇམ་བརྗོད་པའི་ཚིག་ཅན་ཞེས་བྱའོ། །སྲས་ནི་ལྟ་བ་གསལ་བའི་ལུས་ཞེས་བྱའོ། །རིམ་གྲོ་པ་ནི་ཆོག་ཤེས་ཡོན་ཏན་གཟི་བརྗིད་ འོད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡན་ལག་ཡེ་ཤེས་ཀྱི་ཚིམ་པ་གྱ་ནོམ་སེམས་ཕན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གཡོ་བ་མེད་པར་ [359A]༄༅། །གནས་པས་ཕས་ཀྱི་རྒོལ་རབ་ཏུ་འཇོམས་པ་ཞེས་བྱའོ་།འདུས་པ་ནི་ལན་དགུ་བཅུ་རྩ་བརྒྱད་དེ། །ཐམས་ཅད་ལའང་ཁྲི་ཕྲག་བཅུ་དྲུག་པའི་བཅུ་དྲུག་ གོ་སྐུ་ཚེའི་ཚད་ནི་ལོ་བྱེ་བའོ། །དམ་པའི་ཆོས་ཀྱང་ལོ་བྱེ་བའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་དོན་ཡོད་པར་གཤེགས་པ་སྐྱེ་ བའི་ཡུལ་ནི་སྒྲིབ་པ་མེད་པའི་གཟི་བརྗིད་བཀོད་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འདོ་ནི་དཔག་ཚད་ལྔ་བརྒྱའོ། །ཡབ་ནི་ཡིད་གཉིས་རྣམ་པར་འཐོར་བའི་ གཟི་བརྗིད་ཕྲུ་གུ་ཞེས་བྱའོ། །ཡུམ་ནི་ཤེས་རབ་ཀྱི་སྣང་བ་རྣམ་པར་ངེས་པ་ཐོབ་པ་ཞེས་བྱའོ། །སྲས་ནི་ཕྱོགས་ལྟ་བཟོད་ཅེས་བྱའོ། །རིམ་གྲོ་པ་ནི་ཤེས་རབ་ཀྱི་སྣང་བ་ བྱེད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བདེན་སྒྲ་རྣམ་པར་སྒྲོག་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཟིལ་གྱིས་མི་ནོན་པའི་ཏོག་གི་རྒྱལ་ མཚན་རྒྱལ་པོ་ཞེས་བྱའོ། །འདུས་པ་ནི་ལན་དྲུག་ཅུ་རྩ་དྲུག་སྟེ་ཐམས་ཅད་ལའང་དུང་ཕྱུར་ཕྲག་དྲུག་དྲུག་གོ་སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲི་བརྒྱད་སྟོང་ངོ། །དམ་པའི་ ཆོས་ནི་ལོ་དྲུག་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཁྲོ་བ་བཅོམ་པ་སྐྱེ་བའི་ཡུལ་ནི་ཐ་བའི་ཚེར་མ་མེད་པ་ཞེས་ [359B] ༑རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བཞི་སྟོང་ངོ། །ཡབ་ནི་མུན་བྲལ་ཞེས་བྱའོ། །ཡུམ་ནི་བྱམས་སེམས་མཐོང་ཞེས་བྱའོ། །སྲས་ནི་ཡོན་ཏན་ཕུང་པོ་ ཞེས་བྱའོ། །རིམ་གྲོ་པ་ནི་སྐྱོན་མེད་སྦྱིན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རྒྱགས་པའི་སྐྱོན་ཞི་བར་གནས་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ ཞི་གནས་དང། དུལ་བར་གནས་པའི་མེ་ཏོག་ཅེས་བྱའོ། །འདུས་པ་དང་པོ་ལ་ནི་དགྲ་བཅོམ་པ་བྱེ་བ་ཕྲག་བདུན་ཅུའོ། །གཉིས་པ་ལ་ནི་བྱེ་བ་ཕྲག་བརྒྱད་ཅུའོ། །གསུམ་པ་ ལ་ནི་བྱེ་བ་ཕྲག་དྲུ་བཅུའོ། །བཞི་པ་ལ་ནི་ཐེར་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་ལྔ་ཁྲི་དྲུག་སྟོང་ངོ། །དམ་པའི་ཆོས་ནི་ལོ་དྲུག་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། །སྐུ་ གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ་།དེ་བཞིན་གཤེགས་པ་གཟུགས་མཆོག་སྐྱེ་བའི་ཡུལ་ནི་ཡལ་ལག་གདམ་པ་རིན་པོ་ཆེ་མཆོད་གནས་ ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་དགུ་བཅུ་རྩ་དྲུག་གོ་ཡབ་ནི་རིན་པོ་ཆེའི་གཟི་བརྗིད་ཕུང་པོ་ཞེས་བྱའོ་།ཡུམ་ནི་འཇིག་རྟེན་པའི་གཟུགས་ཐམས་ ཅད་ཀྱིས་ཟིལ་གྱིས་མི་ནོན་པའི་གཟི་བརྗིད་ཅེས་བྱའོ། །སྲས་ནི་གཟུགས་བྱིན་ཞེས་བྱའོ། །རིམ་གྲོ་པ་ནི་གཟུགས་ཀྱི་བརྡའ་སྒྲུབ་པར་སེམས་ཤེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་ [360A]༄༅། །མཆོག་ནི་འདོ་ཟེར་གྱི་གཟི་བརྗིད་མེ་ཏོག་ཀུན་ཏུ་རྒྱས་པའི་རྒྱལ་པོ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གཟུགས་ཀྱི་བརྡའ་སྒྲུབ་ པ་ཕ་རོལ་ཏུ་ཕྱིན་པར་སེམས་པ་ཞེས་བྱའོ། །དགྲ་བཅོམ་པ་འདུས་པ་ནི་ལན་བརྒྱད་ཅུ་སྟེ། ཐམས་ཅད་ལའང་འབུམ་ཕྲག་བཅུ་བཞི་བཅུ་བཞིའོ། །སྐུ་ཚེའི་ཚད་ནི་ལོ་ དྲུག་ཁྲི་བརྒྱད་སྟོང་ངོ། །དམ་པའི་ཆོས་ཀྱང་ལོ་དྲུག་ཁྲི་བརྒྱད་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་ གཤེགས་པ་ལེགས་གཤེགས་སྐྱེ་བའི་ཡུལ་ནི་འགྲོས་ཆེན་བཀོད་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བདུན་ཅུའོ། །ཡབ་ནི་འགྲོས་མཛེས་ སེམས་པ་ཞེས་བྱའོ། །ཡུམ་ནི་ཁྱུ་མཆོག་མིག་མཐོང་འགྲོས་ཞེས་བྱའོ། །སྲས་ནི་དབང་བོའི་མཚོན་ཆ་འགྲོས་ཀྱིས་བྱིན་ཞེས་བྱའོ་།རིམ་གྲོ་པ་ནི་ཆུ་བོའི་རྒྱལ་པོ་ སུམ་ཅུ་སེངྒེའི་བདག་པོ་ལུས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བསྐལ་པ་གྲངས་མེད་པའི་ནས་ཡང་དག་པར་སྒྲུབས་པའི་བློ་ཅན་ཞེས་བྱའོ། །རྫུ་འཕྲུལ་ ཅན་རྣམས་ཀྱི་མཆོག་ནི་བརྩོན་པ་མི་ཏོང་ཞིང་བཀོད་པ་ཆེན་པོ་རྟག་པ་ཞེས་བྱའོ། །དགྲ་བཅོམ་པ་འདུས་པ་ནི་ལན་ཉི་ཤུ་རྩ་ལྔ་སྟེ། །ཐམས་ཅད་ལའང་དུང་ཕྱུར་ཕྲག་ [360B] །སྐུ་ཚེའི་ཚད་ནི་ལོ་ཉི་ཁྲི་བརྒྱད་སྟོང་ངོ། །དམ་པའི་ཆོས་ཀྱང་ལོ་ཉི་ཁྲི་བརྒྱད་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་ པ་རབ་ཏུ་སྦྱིན་པར་གྲགས་པ་སྐྱེ་བའི་ཡུལ་ནི་གྲགས་པ་མཐའ་ཡས་རྒྱལ་མཚན་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བརྒྱུད་བརྒྱའོ། །ཡབ་ནི་མཐུ་རྩལ་ གྲགས་པ་ཞེས་བྱའོ། །ཡུམ་ནི་གྲགས་པ་མཐའ་ཡས་འཛིན་ཞེས་བྱའོ་།སྲས་ནི་གྲགས་པ་ཀུན་ཏུ་འཕགས་པ་ཞེས་བྱའོ། །རིམ་གྲོ་པ་ནི་གྲགས་ཆེན་རྒྱལ་པོ་ཞེས་བྱའོ། ། ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་གྲང་མཆོག་གསལ་བ་ཞེས་བྱའོ་།རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གཞན་གྲགས་དད་བྱེད་ཡང་དག་འཕགས་ཞེས་བྱའོ། །ཉན་ ཐོས་འདུས་པ་ནི་ལན་བཅོ་བརྒྱད་དེ། །ཐམས་ཅད་ལའང་ཐེར་འབུམ་ཐེར་འབུམ་མོ། །སྐུ་ཚེའི་ཚེའི་ནི་ལོ་བརྒྱད་ཁྲི་བཞི་སྟོང་ངོ་།དམ་པའི་ཆོས་ནི་ལོ་ཉི་ཁྲིའི་བར་དུ་ གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་འོད་གཙང་སྐྱེ་བའི་ཡུལ་ནི་འཕགས་པ་གཟིགས་པ་ཞེས་ བྱའོ༑ ༑རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བཅུ་དྲུག་གོ་།ཡབ་ནི་ཡང་དག་དོན་སེམས་ཞེས་བྱའོ། །ཡུམ་ནི་བདུད་རྩིའི་སེམས་ཞེས་བྱའོ། །སྲས་ [361A]༄༅། །ནི་དུས་བྱིན་དོ་དབྱངས་ཞེས་བྱའོ། །རིམ་གྲོ་པ་ནི་སྒྲ་དང་བརྡ་ཟད་མི་ཤེས་པ་འཛིན་པ་ཞེས་བྱའོ། །ཤེས་རབ་ ཅན་རྣམས་ཀྱི་མཆོག་ནི་དཔུང་གི་ཚོགས་རབ་ཏུ་འཇོམས་པ་ཞེས་བྱའོ་།རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཕས་ཀྱི་རྒོལ་བ་རྣམ་པར་འཇིག་པ་ལ་དཔའ་བ་ཞེས་བྱའོ། ། ཉན་ཐོས་འདུས་པ་ནི་ལན་བཅོ་བརྒྱད་དེ། །ཐམས་ཅད་ལའང་བྱེ་བ་ཕྲག་བཅུ་བདུན་བཅུ་བདུན་ནོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲིའོ་།དམ་པའི་ཆོས་ནི་ལོ་ཁྲི་དྲུག་ སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ལྷའི་ཉི་མ་སྐྱེ་བའི་ཡུལ་ནི་གཟི་བརྗིད་མཐའ་ཡན་པའི་འོད་ཅེས་བྱའོ། །རིགས་ ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བརྒྱད་སྟོང་ངོ། །ཡབ་ནི་འོད་འཕགས་ཞེས་བྱའོ། །ཡུམ་ནི་སྣང་བ་མཐའ་ཡས་བཀོད་པའི་གཟི་བརྗིད་ཅེས་བྱའོ། །སྲས་ནི་ འཇིག་རྟེན་ཐམས་ཅད་ན་མཛེས་བ་ཞེས་བྱའོ། །རིམ་གྲོ་པ་ནི་འཇིག་རྟེན་ཐམས་ཅད་ཀྱིས་བསྔགས་པར་སེམས་པ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མངོན་ པར་ཤེས་པ་ཡོན་ཏན་རིན་པོ་ཆེ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་ཐམས་ཅད་ཀྱི་བརྡ་འཛིན་བ་ཞེས་བྱའོ་།དགྲ་བཅོམ་པ་འདུས་པ་ནི་ལན་བདུན་ [361B] ཐམས་ཅད་ལའང་བྱེ་བ་ཕྲག་ལྔ་བཅུ་ཙ་དྲུག་དྲུག་གོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་ཉིས་སྟོང་ངོ། །དམ་པའི་ཆོས་ནི་ལོ་ལྔ་ཁྲི་ལྔ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་ རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་བེ་ཤེས་རབ་བྱིན་སྐྱེ་བའི་ཡུལ་ནི་ཤེས་རབ་སྐར་མདའ་ཅན་ཞེས་བྱའོ། །རིགས་ནི་བྲམ་ ཟེའོ༑ ༑འོད་ནི་དཔག་ཚད་དྲུག་གོ། །ཡབ་ནི་ཤེས་རབ་སྐར་མདངས་མངོན་པར་ཤེས་པའི་མེ་ཏོག་ཀུན་དུ་རྒྱས་པ་ཞེས་བྱའོ། །ཡུམ་ནི་ལུས་ཤིན་ཏུ་རྣམས་པར་འབྱེས་པ་ འོད་མཐའ་ཡས་པ་ཞེས་བྱའོ། །སྲས་ནི་ཤེས་རབ་རྣམ་པར་ངེས་པའི་རྒྱལ་བོ་ཞེས་བྱའོ། །རིམ་གྲོ་པ་ནི་ཤེས་རབ་ཀྱིས་རྣམ་པར་བསྒོམས་ཤིན་སྦྱངས་པའི་སེམས་ཞེས་བྱའོ། ། ཤེས་རབ་ཅན་རྣམས་ཀྱི་མོ་ཆོག་ནི་མ་འཁྲུགས་ཤིང་གིས་རབ་བརྩེགས་པའི་འགྲོས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཤིན་ཏུ་རྣམ་པར་ངེས་པའི་རི་བོ་ཞེས་བྱའོ། ། དགྲ་བཅོམ་པ་འདུས་པ་ནི་ལན་དྲུག་ཅུ་སྟེ། ཐམས་ཅད་ལའང་ཐེར་འབུམ་ཕྲག་བཅུ་བཅུའོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་ཉིས་སྟོང་ངོ། །དམ་པའི་ཆོས་ནི་ལོ་བདུན་ཁྲིའི་ བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་མཉམ་པར་བཞག་པའི་བདག་ཉིད་སྐྱེ་བའི་ཡུལ་ནི་ཀུན་ནས་གནས་པར་གྲགས་པ་ཞེས་བྱའོ། ། [362A]༄༅། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ལྔ་བརྒྱའོ་།ཡབ་ནི་ཞེས་གནས་སྙེད་ཅིང་ཐོབ་པ་ཞེས་བྱའོ། །ཡུམ་ནི་སེམས་ལ་གཡོ་བ་མེད་ པ་ཞེས་བྱའོ། །སྲས་ནི་བདུད་རྩི་དྲན་པའི་གཟི་བརྗིད་ཅེས་བྱའོ་།རིམ་གྲོ་པ་ནི་ཐར་པ་རིན་པོ་ཆེའི་སྣོད་བློ་ཅན་ཞེས་བྱའོ་།ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དགེ་བའི་ སེམས་ལ་རབ་ཏུ་ཞི་བའི་འགྲོས་ལ་གནས་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གཡོ་བ་མེད་པའི་གོ་འཕང་རྣམ་པར་གནོན་པའི་སེམས་ཞེས་བྱའོ། །དགྲ་ བཅོམ་པ་འདུས་པ་ནི་ལན་བརྒྱད་ཅུ་སྟེ། ཐམས་ཅད་ལའང་ཐེར་འབུམ་ཐེར་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་དགུ་ཁྲི་ཉིས་སྟོང་ངོ། །དམ་པའི་ཆོས་ནི་ལོ་དགུ་ཁྲིའི་ བར་དུག་ནས་སོ། །སྐུ་གདུང་ནི་རིལ་བོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་ད། །དེ་བཞིན་གཤེགས་པ་གཟི་མདངས་སྐྱེ་བའི་ཡུལ་ནི་ཡོན་ཏན་གདངས་ འགྲོ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སུམ་སྟོང་ངོ། །ཡབ་ནི་ཏོག་མཆོག་གཟི་བརྗིད་རྒྱལ་པོ་ཞེས་བྱའོ། །ཡུམ་ནི་ཡེ་ཤེས་སྔན་བ་སྦྱིན་ཞེས་ བྱའོ༑ ༑སྲས་ནི་ནོར་ལྷ་གསལ་བ་ཞེས་བྱའོ། །རིམ་གྲོ་པ་ནི་བསོད་ནམས་ཀྱི་ཕུང་པོ་ཏོག་གི་རྒྱལ་མཚན་ཞེས་བྱའོ། །ཤེས་ར་པ་ཅན་རྣམས་ཀྱི་མཆོག་ནི་སྒྲོན་མའི་ཕུང་ [362B] །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཆགས་པ་མེད་པའི་མཐའ་ཡས་ངེས་པར་འབྱུང་བའི་བློ་ཅན་ཞེས་བྱའོ། །དགྲ་བཅོམ་པ་འདུས་པ་ནི་ལན་སུམ་ཅུ་སྟེ་ ཐམས་ཅད་ལའང་བྱེ་བ་གྲག་འབུམ་འབུམ་མོ། །སྐུ་ཚེའི་ནི་ལོ་བདུན་ཁྲིའོ། །དམ་པའི་ཆོས་ནི་ལོ་བདུན་ཁྲི་བཞི་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་ རོ༑ ༑དེ་བཞིན་གཤེགས་བརྒྱལ་རིགས་སྐྱེ་བའི་ཡུལ་ནི་རྒྱལ་པོའི་དྲང་སྲོང་ཕྲུ་གུ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ལྔ་སྟོང་ངོ། །ཡབ་ནི་བསོད་ནམས་ འབྱོར་བའི་ཏོག་ཅེས་བྱའོ། །ཡུམ་ནི་བསོད་ནམས་འགྲོས་ཞེས་བྱའོ་།སྲས་ནི་ཡུལ་འཁོར་ཆོས་དགེ་ཞེས་བྱའོ། །རིམ་གྲོ་པ་ནི་རྒྱལ་སྲིད་འཕེལ་བར་བྱེད་པའི་བློ་ཅན་ཞེས་ བྱའོ༑ ༑ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་སྟོབས་བྱིན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཟླ་བཞིན་དོན་ཡོད་གདོང་ཞེས་བྱའོ། །འདུས་པ་ནི་ལན་བརྒྱད་ཅུ་ རྩ་བཞི་སྟེ་ཐམས་ཅད་ལའང་ཐེར་འབུམ་ཕྲག་བཅུ་བཞི་བཅུ་བཞིའོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་དྲུག་སྟོང་ངོ། །དམ་པའི་ཆོས་ནི་ལོ་བདུན་ཁྲིའི་བར་དུ་གནས་སོ། །སྐུ་ གདུང་ནི་རི་ལ་བོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་སྐལ་ལྡན་ཤིང་རྟ་སྐྱ་བའི་ཡུལ་ནི་འཇིགས་པ་མོད་པའི་འོད་ཅེས་བྱའོ། །རིགས་ [363A]༄༅། །ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བཅུ་གསུམ་མོ། །ཡབ་ནི་ཆུ་ལྷས་བྱིན་ཞེས་བྱའོ། །ཡུམ་ནི་ལྟ་བས་མཐོང་ཞས་བྱའོ་།སྲས་ནི་མི་ ཟད་པའི་ཏོག་ཅེས་བྱའོ། །རིམ་གྲོ་པ་ནི་ཤིན་ཏུ་འཕགས་སེམས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ལྟ་བ་བསལ་ཞེས་བྱའོ་།རྫུ་འཕྲུལ་ཅན་རྣམས་ཀྱི་ མཆོག་ནི་ཐེ་ཚོམ་མེད་པའི་བློ་གྲོས་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་ལྔ་བཅུ་རྩ་དྲུག་སྟེ། ཐམས་ཅད་ལའང་དུང་ཕྱུར་ཕྲག་དྲུག་དྲུག་གོ་སྐུ་ཚེའི་ཚད་ནི་ ལོ་བདུན་ཁྲིའོ། །དམ་པའི་ཆོས་ནི་ལོ་དྲུག་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་བོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་ གཤེགས་པ་གསེར་མཆོག་སྐྱེ་པའི་ཡུལ་ནི་གཟི་བརྗིད་མཆོག་ཅེས་བྱའོ་།རྒྱལ་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བརྒྱད་ཅུའོ། །ཡབ་ནི་རིན་པོ་ ཆེའི་འོད་ཅེས་བྱའོ། །ཡུམ་ནི་བཻ་ཌཱུརྱའི་འོད་ཅེས་བྱའོ། །སྲས་ནི་རིན་ཆེན་ཡོངས་དག་ཅེས་བྱའོ། །རིམ་གྲོ་པ་ནི་རིན་ཆེན་འབྱུང་གནས་ཞེས་བྱའོ། །ཤེས་རབ་ ཅན་རྣམས་ཀྱི་མཆོག་ནི་རིན་ཆེན་མཐའ་ཡས་སྒྲོག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རིན་ཆེན་ཐམས་ཅད་མངོན་པར་ཤེས་པ་ཞེས་བྱའོ། །དགྲ་ [363B] །ཐམས་ཅད་ལའང་ཐེར་འབུམ་ཕྲག་གཉིས་གཉིས་སོ། །སྐུ་ཚེའི་ཆེད་ནི་ལོ་ཉི་ཁྲི་འོ་།དམ་པའི་ཆོས་ཀྱང་ལོ་ཉི་ཁྲིའི་བར་དུ་ གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་རྣམ་པར་གྲོལ་པའི་གཙུག་སྐྱེ་བའི་ཕུལ་ནི་དགའ་བ་མཐོང་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ ནི་དཔག་ཆད་ཁྲིའོ། །ཡབ་ནི་རྨོག་གྱོན་ཞེས་བྱའོ། །ཡུམ་ནི་ཉི་མ་གསལ་བྱེད་ཅེས་བྱའོ། །སྲས་ནི་ཏོག་གི་རྒྱལ་མཚན་ཞེས་བྱའོ། །རིམ་གྲོ་པ་ནི་ཆགས་མེད་སེམས་ ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་གཡོ་བ་མེད་པར་གནས་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མ་ཆོག་ནི་འོད་མཆོག་ཁ་ལོ་སྒྱུར་བ་ཞེས་ བྱའོ༑ ༑དགྲ་བཅོམ་པ་འདུས་པ་ནི་ལན་བཞི་བཅུ་རྩ་གཅིག་སྟེ། ཐམས་ཅད་ལའང་ས་ཡ་ཕྲག་བཞི་བཞིའོ། །སྐུ་ཚེའི་ཚད་ནི་དན་ལོ་དྲུག་ཁྲི་ཉིས་སྟོང་ངོ། །དམ་པའི་ཆོས་ ནི་ལོ་ལྔ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཆོས་ལྡན་སྐྱེ་བའི་ཡུལ་ནི་ཆོས་ ཀྱི་སྐར་མདའ་སྣང་བ་དང་ལྡན་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ལྔ་བརྒྱའོ། །ཡབ་ནི་རིན་པོ་ཆེའི་སྒྲོན་མ་ཞེས་བྱའོ། །ཡུམ་ནི་བྱང་ཆུབ་དད་ [364A]༄༅། །ཅས་བྱའོ། །སྲས་ནི་འགྲོ་བའི་འོད་ཟེར་ཞེས་བྱའོ། །རིམ་གྲོ་པ་ནི་འཇིག་རྟེན་མཆོད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བདུད་ རྩིའི་བཅུད་ཀྱི་ཏོག་གཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འགྲོ་དང་གཟི་བརྗིད་ཅེས་བྱའོ། །དགྲ་བཅོམ་པ་འདུས་པ་ནི་ལན་བརྒྱད་ཅུ་སྟེ། ཐམས་ཅད་ལའང་ བྱེ་བ་ཕྲག་བརྒྱད་ཅུ་རྩ་དྲུག་དྲུག་གོ། །སྐུ་ཚེའི་ཚད་ནི་ལོ་དགུ་ཁྲི་དགུ་སྟོང་ངོ། །དམ་པའི་ཆོས་ནི་ལོ་དགུ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པ་བར་གྱུར་རོ། ། དེ་བཞིན་གཤེགས་པ་སྤོས་གནས་སྐྱེ་བའི་ཡུལ་ནི་འགྲོ་བ་ཐམས་ཅད་དད་པ་ཞེས་བྱའོ། །རིགས་ནི་བམ་ཟེའོ། །འོད་ནི་དབང་ཚད་བཅུ་བདུན་ནོ། །ཡབ་ནི་ གནས་དང་གནས་མ་ཡིན་པ་སྤོང་ཞེས་བྱའོ། །ཡུམ་ནི་རྟོགས་པའི་དོན་ལ་གནས་པ་འབྱོར་བ་ལྡོག་པར་བྱེད་པ་ཞེས་བྱའོ། །སྲས་ནི་འགྲོ་བ་ཐམས་ཅད་མི་ འབྱུང་བར་གྱུར་པ་ཞེས་བྱའོ། །རིམ་གྲོ་པ་ནི་ཀླུའི་བདག་པོ་ཁྱིམ་བློ་ཅན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འགྲོ་བ་ཐམས་ཅད་རབ་ཏུ་ཞི་བར་བྱེད་ པའི་སྣང་བ་ཐོབ་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རྟོགས་པ་དང་བློ་གྲོས་ཀྱི་ཡོངས་སུ་སྤང་བར་སེམས་པ་ཞེས་བྱའོ། །འདུས་པ་ནི་ལན་ཉི་ཤུ་ [364B] ཐམས་ཅད་ལའང་བྱེ་བ་ཕྲག་བདུན་ཅུ་རྩ་དགུ་དགུའོ། །སྐུ་ཚེའི་ཚད་ནི་ལོ་སུམ་ཁྲིའོ། །དམ་པའི་ཆོས་ནི་ལོ་སུམ་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་དྲེགས་པ་སྤངས་པ་སྐྱེ་བའི་ཡུལ་ནི་མཁས་པའི་བློ་གྲོས་ཅན་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་ བདུན་བརྒྱའོ། །ཡབ་ནི་ཁེངས་པ་མེད་པའི་བློ་ཞེས་བྱའོ། །ཡུམ་ནི་སྤྱོད་པ་མ་འཁྲུལ་ཞེས་བྱའོ། །སྲས་ནི་སེངྒེའི་མཐུ་རྩལ་ང་རོ་ཞེས་བྱའོ། །རིམ་གྲོ་པ་ནི་མཆོད་ མཆོག་ཐོབ་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འཕགས་པ་ལ་དད་པའི་ཏོག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དྲང་སྲོང་སྤོད་པའི་བློ་གྲོས་ཞེས་ བྱའོ༑ ༑དགྲ་བཅོམ་པ་འདུས་པའི་ནི་ལན་བདུན་སྟེ། ཐམས་ཅད་ལའང་ཐེར་འབུམ་ཕྲག་ལྔ་ལྔའོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་སྟོང་ངོ། །དམ་པའི་ཆོས་ནི་ལོ་བདུན་ཁྲིའི་ བར་དུ་གནས་སོ། །སྐུ་གདུང་ནི་རི་པོ་གཅིག་ཏུ་འདུག་གོ། །མཆོག་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཡེ་ཤེས་ཀྱི་མཛོད་སྐྱེ་བའི་ཡུལ་ནི་ཡོན་ཏན་ མཐའ་ཡས་པ་བཀོད་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་གླིང་ཆེན་པོ་བཞི་བའི་འཇིག་རྟེན་གྱི་ཁམས་བརྒྱད་ཙམ་མོ། །ཡབ་ནི་གཟུགས་ཀྱི་བརྡ་ཟད་མི་ [365A]༄༅། །ཤེས་པའི་བློ་གྲོས་ཤེས་བྱའོ། །ཡུལ་ནི་འོད་གསལ་བློ་གྲོས་མ་ཞེས་བྱའོ། །སྲས་ནི་དགའ་བའི་དབྱིངས་ཞེས་བྱའོ། །རིམ་གྲོ་པ་ནི་ཀླུ་དབྱངས་ སེམས་པ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཤིན་དུ་རྣམ་པར་གྲོལ་བའི་རིན་པོ་ཆེ་ལ་རབ་ཏུ་གནས་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྟོན་ པ་གསལ་བ་བརྩེགས་ཞེས་བྱའོ། །དགྲ་བཅོམ་འདུས་པ་ནི་ལན་བཅུ་བཞི་སྟེ། །ཐམས་ཅད་ལའང་བྱེ་བ་ཕྲག་ཉི་ཤུ་རྩ་བརྒྱད་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲི་དྲུག་ སྟོང་ངོ། །དམ་པའི་ཆོས་ནི་ལོ་ཁྲི་བཞི་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཚངས་པར་གཤེགས་པ་སྐྱེ་བའི་ཡུལ་ ནི་སྙིང་རྗེ་དང་གཏེ་མུག་མེད་པ་རིན་པོ་ཆེ་ཞིས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་དྲུག་ཅུའོ། །ཡབ་ནི་སྙིང་རྗེ་ཆེར་སེམས་ཞེས་བྱའོ། །ཡུམ་ནི་ སྒྲིབ་མེད་བྱམས་པ་མཐོང་ཞེས་བྱའོ། །སྲས་ནི་བལྟ་བཟོད་ཅེས་བྱའོ། །རིམ་གྲོ་པ་ནི་ལུས་བཟང་གཟི་བརྗིད་རྒྱལ་པོ་ཞེས་བྱའོ་།ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ ཡེ་ཤེས་ཐམས་ཅད་ཡང་དག་པར་འཕགས་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བཀོད་པ་ཀུན་ཏུ་མཛེས་པ་ཞེས་བྱའོ། །དགྲ་བཅོམ་པ་འདུས་པ་ནི་ལན་ [365B] ཐམས་ཅད་ལའང་འབུམ་ཕྲག་བཅུ་དྲུག་བཅུ་དྲུག་གོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་སྟོང་ངོ། །དམ་པའི་ཆོས་ནི་ལོ་བདུན་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་ རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཙནྡན་སྐྱེ་བའི་ཡུལ་ནི་ཡུལ་འཁོར་བརྟན་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ ནི་དཔག་ཚད་བརྒྱད་སྟོང་ངོ། །ཡབ་ནི་མཁས་བརྩོན་ཞེས་བྱའོ་།ཡུམ་ནི་བརྩོན་པ་མི་གཏོང་བ་ཞེས་བྱའོ། །སྲས་ནི་མཐུ་རྩལ་གནས་ཞེས་བྱའོ། །རིམ་གྲོ་པ་ནི་ གཞན་གྱིས་མི་ཐུབ་པའི་མཐུ་རྩལ་ཅན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་མཐུ་རྩལ་སྦྱིན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འཇིག་ རྟེན་མཆོད་འོས་ཐོབ་ཅེས་བྱའོ། །དག་བཅོམ་པ་འདུས་པ་ནི་ལན་དགུ་བཅུ་སྟེ། ཐམས་ཅད་ལའང་བྱེ་བ་ཕྲག་དྲུག་ཅུ་རྩ་གཉིས་གཉིས་སོ། །སྐུ་ཚེའི་ཚད་ནི་ལོ་དགུ་ ཁྲིའོ༑ ༑དམ་པའི་ཆོས་ཀྱང་ལོ་དགུ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་པའི་རྒྱུར་རོ། །དེ་བཞིན་གཤེགས་པ་མྱ་ངན་མེད་པ་སྐྱེ་བའི་ཡུལ་ནི་མྱ་ངན་དང་བྲལ་བ་ ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་ཉི་ཁྲི་ཞི་སྟོང་ངོ། །ཡབ་ནི་གསལ་དག་ཅེས་བྱའོ། །ཡུམ་ནི་མྱ་ངན་ཐམས་ཅན་གཏོང་ཞེས་བྱའོ། །སྲས་ནི་ [366A]༄༅། །སྨོན་ལམ་མ་འཁྲུལ་པ་ཞེས་བྱའོ། །རིམ་གྲོ་པ་ནི་བློ་མ་འཛིངས་པ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མ་འདྲེས་པར་སེམས་ པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ལྟ་གསལ་བློ་ཅན་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་སུམ་ཅུ་སྟེ། ཐམས་ཅད་ལའང་བྱེ་བ་ཕྲག་སུམ་ཅུ་རྩ་ གཉིས་གཉིས་སོ། །སྐུ་ཚེའི་ཚད་ནི་ལོ་སུམ་སུམ་སྟོང་ངོ། །དམ་པའི་ཆོས་རི་ལོ་དགུ་ཁྲི་དུག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་ རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་སེངྒེའི་འོད་ཟེར་སྐྱེ་བའི་ཡུལ་ནི་བདག་མེད་པ་དང་ལྡན་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་ སུམ་ཅུ་རྩ་དྲུག་གོ། །ཡབ་ནི་ཆོས་མཐོང་ཞེས་བྱའོ། །ཡུམ་ནི་སྟོང་པ་ཉིད་ལ་གནས་པ་ཞེས་བྱའོ། །སྲས་ནི་ཀུན་ཏུ་ལྟ་བ་ཅན་ཞེས་བྱའོ། །རིམ་གྲོ་པ་ནི་བཀོད་པ་ མི་གནས་པ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་གསལ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡོངས་མཐོང་བློ་ངེས་ཞེས་བྱའོ། ། ཉན་ཐོས་འདུས་པ་ནི་ལན་སུམ་ཅུ་རྩ་གཉིས་སྟེ། ཐམས་ཅད་ལའང་འབུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་ཉི་ཁྲི་ཉིས་སྟོང་ངོ། །དམ་པའི་ཆོས་ནི་ལོ་ཉིས་ཁྲི་ [366B] །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཡུལ་འཁོར་ཏོག་སྐྱེ་བའི་ཡུལ་ནི་ ཡུལ་འཁོར་མཐའ་ཡས་ཏོ་གཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བརྒྱའོ། །ཡབ་ནི་ཏོག་གི་ང་རོ་ཞེས་བྱའོ། །ཡུམ་ནི་ཏོག་འབྲང་ཞེས་བྱའོ། ། སྲས་ནི་མཐའ་ཡས་ཏོག་ཅེས་བྱའོ། །རིམ་གྲོ་པ་ནི་ཡོན་ཏན་རིན་ཆེན་རྣམས་པར་གྲགས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཤེས་རབ་ཏོག་གསལ་ཞེས་ བྱའོ༑ ༑རྫུ་ཕྲུལ་ཅན་རྣམས་ཀྱི་མཆོག་ནི་ལྷ་དགའ་ཁ་ལོ་སྒྱུར་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བཅུ་གཉིས་ཏེ། ཐམས་ཅད་ལའང་སྟོང་ཕྲག་བཅོ་ལྔ་བཅོ་ ལྔའོ༑ ༑སྐུ་ཚེའི་ཚད་ནི་ལོ་ཁྲི་བཞི་སྟོང་ངོ། །དམ་པའི་ཆོས་ཀྱང་ལོ་ཁྲི་བཞི་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་ གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་པདྨའི་སྙིང་པོ་སྐྱེ་བའི་ཡུལ་ནི་མེ་ཏོག་ཐམས་ཅད་འབྱུང་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ ཉི་ཤུ་རྩ་གཉིས་སོ། །ཡབ་ནི་སྙན་པ་ཐོབ་ཅེས་བྱའོ། །ཡུམ་ནི་ཡེ་ཤེས་ཅན་ཞེས་བྱའོ། །སྲས་ནི་གཞལ་མེད་གཟི་བརྗིད་བཟང་པོ་ཞེས་བྱའོ། །རིམ་གྲོ་པ་ནི་ལྷའི་ [367A]༄༅། །ཚོགས་ཀྱི་ལྷ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ལྟ་བ་མཆོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ལྟ་པ་མཐའ་ཡས་འཕགས་ ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བདུན་ཅུ་སྟེ། །ཐམས་ཅད་ལའང་བྱེ་བ་ཕྲག་བཅོ་བརྒྱད་བཅོ་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲི་དྲུག་སྟོང་ངོ། །དམ་པའི་ཆོས་ ནི་ལོ་བདུན་འཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་བོ་གཅིག་ཏུ་འདུག་གོ། མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་གཟི་བརྗིད་མཐའ་ཡས་སྐྱེ་བའི་ ཡུལ་ནི་ཡོན་ཏན་གཟི་བརྗིད་ཀྱིས་རྣམ་པར་བརྒྱན་པ་ཞེས་བྱའོ་།རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བདུན་ཅུའོ། །ཡབ་ནི་ལྷས་མཆོད་ཅེས་བྱའོ། ། ཡུལ་ནི་འོད་སྦྱིན་མ་ཞེས་བྱའོ། །སྲས་ནི་བློའི་སྒྲོན་མ་ཞེས་བྱའོ། །རིམ་གྲོ་པ་ནི་མཐའ་ཡས་བློ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དགེ་བ་ཀུན་ཏུ་འབྱུང་ བ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སོ་བཟང་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་དྲུག་ཅུ་སྟེ། ཐམས་ཅད་ལའང་ཐེར་འབུམ་ཐེར་འབུམ་མོ། །སྐུ་ ཚེའི་ཚད་ནི་ལོ་བདུན་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་བདུན་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ལྷའི་འོད་ཟེར་སྐྱེ་བའི་ [367B] །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བརྒྱའོ། །ཡབ་ནི་མཐུ་རྩལ་མི་གཡོ་བ་ཞེས་བྱའོ། །ཡུམ་ནི་མཆོད་དོན་ཞེས་བྱའོ། །སྲས་ནི་ མཆོད་འདོད་ཅེས་བྱའོ། །རིམ་གྲོ་པ་ནི་མེ་ཏོག་བྱིན་ཞེས་བྱའོ་།ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དོན་ཆེན་ཐོབ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཤིན་ཏུ་ མཐུ་རྩལ་སྟོབས་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བདུན་ཅུ་སྟེ། །ཐམས་ཅད་ལའང་འབུམ་ཕྲག་དྲུག་དྲུག་གོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །དམ་པའི་ཆོས་ ཀྱང་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཤེས་རབ་མེ་ཏོག་སྐྱེ་བའི་ཡུལ་ ནི་རིན་པོ་ཆེའི་མེ་ཏོག་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བརྒྱད་ཅུའོ། །ཡབ་ནི་ཡོན་ཏན་མེ་ཏོག་ཅེས་བྱའོ། །ཡུམ་ནི་བདུད་རྩེའི་མེ་ ཏོག་ཅེས་བྱའོ། །སྲས་ནི་བསོད་ནམས་མེ་ཏོག་ཅེས་བྱའོ། །རིམ་གྲོ་པ་ནི་མྱ་ངན་ལས་འདས་པའི་མེ་ཏོག་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རྟེན་གྱི་མེ་ཏོག་ ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རིན་ཆེན་མེ་ཏོག་ཅེས་གཟི་བརྗིད་ཅེས་བའོ། །ཉན་ཐོས་འདུས་པ་ནི་ལན་བཅུ་དྲུག་སྟེ་ཐམས་ཅད་ལའང་ས་ཕྲག་གསུམ་ [368A]༄༅། །གསུམ་མོ། །སྐུ་ཚེའི་ཚད་ནི་ལོ་བུན་ཁྲིའོ། །དམ་པའི་ཆོས་ནི་ལོ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་ གཤེགས་པ་མཁས་པ་སྐྱེ་བའི་ཡུལ་ནི་རིན་པོ་ཆེ་བཀོད་བ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བརྒྱད་ཅུ་རྩ་པ་ཞེའོ། །ཡབ་ནི་པདྨའི་སྙིང་པོ་ཞེས་ བྱའོ༑ ༑ཡུམ་ནི་མེ་ཏོག་བཟང་པོའི་གཟི་བྱིན་མ་ཞེས་བྱའོ། །སྲས་ནི་བསོད་ནམས་གཟི་བརྗིད་གཟུགས་བརྙན་གཟི་བྱིན་སེམས་ཞེས་བྱའོ། །རིམ་གྲོ་པ་ནི་སྤ་གོས་ཞེས་ བྱའོ༑ ༑ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཆོད་སྦྱིན་གོ་བགོས་ང་རོའི་བློ་ཅན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འོད་གསལ་དྲི་མེད་སེམས་ཞེས་བྱའོ། ། ཉན་ཐོས་འདུས་པ་ནི་ལན་བཅུ་བཞི་སྟེ། ཐམས་ཅད་ལའང་ཐེར་འབུམ་ཐེར་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲིའོ། །དམ་པའི་ཆོས་ནི་ལོ་ཁྲི་བཞི་སྟོང་གི་བར་ དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཡེ་ཤེས་འབྱོར་ལྡན་སྐྱེ་བའི་ཡུལ་ནི་རིན་པོ་ཆེ་འབྱོར་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་ སོ༑ ༑འོད་ནི་དཔག་ཚད་དགུ་བརྒྱའོ། །ཡབ་ནི་རིན་ཆེན་གཟི་བརྗིད་སྣང་བ་ཞེས་བྱའོ། །ཡུམ་ནི་རིན་ཆེན་འོད་ཅེས་བྱའོ། །སྲས་ནི་རིན་པོ་ཆེའི་འབྱུང་གནས་ཞེས་ [368B] ༑རིམ་གྲོ་པ་ནི་རིན་པོ་ཆེའི་སྒྲོན་མ་ཞེས་བྱའོ་།ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རིན་ཆེན་བཟང་པོ་ཞེས་བྱའོ་།རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བཟང་མཆོག་དཔལ་ ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་དགུ་སྟེ། ཐམས་ཅད་ལའང་ས་ཡ་ཕྲག་གསུམ་གསུམ་མོ། །སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲིའོ། །དམ་པའི་ཆོས་ནི་ལོ་དགུ་སྟོང་གི་བར་ དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཚངས་པ་དབྱིག་སྐྱེ་བའི་ཡུལ་ནི་དབྱིག་སྣང་ཞེས་བྱའོ། ། རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་སུམ་ཅུའོ། །ཡབ་ནི་གཟུངས་ཀྱི་ང་རོ་ཞེས་བྱའོ། །ཡུམ་ནི་ཚངས་མཆོག་དཔལ་ཞེས་བྱའོ་།སྲས་ནི་ཐར་པ་ལ་ དམིགས་པའི་རྒྱལ་པོ་ཞེས་བྱའོ། །རིམ་གྲོ་པ་ནི་ཕུང་པོ་མཐའ་ཡས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་གྲགས་པའི་རྒྱལ་མཚན་རྒྱལ་ཆེན་ཞེས་བྱའོ། །རྫུ་ འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་བདུད་རྩི་གནས་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བརྒྱད་ཅུ་རྩ་བརྒྱད་དེ། ཐམས་ཅད་ལའང་དུང་ཕྱུར་ཕྲག་བརྒྱད་བརྒྱད་ དོ༑ ༑སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ་།དེ་བཞིན་གཤེགས་པ་ཕྱག་ན་རིན་ཆེན་ [369A]༄༅། །སྐྱེ་བའི་ཡུལ་ནི་རིན་པོ་ཆེ་བཀོད་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བརྒྱད་བརྒྱའོ། །ཡབ་ནི་རིན་ཆེན་ལག་ཅེས་བྱའོ། །ཡུམ་ནི་ རིན་ཆེན་མཐའ་ཡས་མ་ཞེས་བྱའོ། །སྲས་ནི་ཡོན་ཏན་རྣམ་པར་ལྟ་ཞེས་བྱའོ། །རིམ་གྲོ་པ་ནི་རིན་ཆེན་མིག་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་བཀོད་པའི་ ལུས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ལུས་མ་སྨད་ཅེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བཅུ་བཞི་སྟེ་ཐམས་ཅད་ལའང་ས་ཡ་ཕྲག་དྲུག་དྲུག་གོ་ སྐུ་ཚེའི་ཚད་ནི་ལོ་སུམ་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་སུམ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་།མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། ། དེ་བཞིན་གཤེགས་པ་དབང་ལྡན་སྐྱེ་བའི་ཡུལ་ནི་དབང་པོའི་རྒྱན་བཀོད་པ་རྣམ་པར་གྲངས་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བདུན་ བཅུའོ། །ཡབ་ནི་དབང་པོས་བྱིན་ཞེས་བྱའོ། །ཡུམ་ནི་ལྷ་མ་ཡིན་གྱི་གཟི་བརྗིད་ཅེས་བྱའོ། །སྲས་ནི་དབང་གསལ་བྱིན་ཞེས་བྱའོ། །རིམ་གྲོ་པ་ནི། དཔལ་ བརྩེགས་དབང་པོ་བརྟན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རྣམ་པར་སྣང་བྱེད་རྒྱལ་མཚན་གྲགས་པ་གསལ་ཞེས་བྱའོ་།རྫུ་འཕྲུལ་ཅན་རྣམས་ཀྱི་ [369B]།ཉན་ཐོས་འདུས་པ་ནི་ལན་སུམ་ཅུ་རྩ་དྲུག་སྟེ་ཐམས་ཅད་ལའང་ཐེར་འབུམ་ཕྲག་དྲུག་ཅུ་དྲུག་ཅུའོ། །སྐུ་ ཚེའི་ཚད་ནི་ལོ་འབུམ་མོ། །དམ་པའི་ཆོས་ནི་ལོ་བྱེ་བའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་རྫོགས་པར་གསུང་བ་སྐྱེ་བའི་ ཡུལ་ནི་བཀོད་པ་ཆེན་པོ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་ལྔ་བརྒྱའོ། །ཡབ་ནི་མི་ཐུབ་ཐུལ་ཞེས་བྱའོ། །ཡུམ་ནི་ཡོན་ཏན་ གསལ་ཞེས་བྱའོ། །སྲས་ནི་བློ་མཆོག་ཅེས་བྱའོ། །རིམ་གྲོ་པ་ནི་ཞི་བ་གསལ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འཕགས་དད་གཟེ་བརྗིད་ ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རྣམ་པར་གདོན་མེ་ཟ་བའི་རྒྱལ་པོ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བརྒྱད་ཅུ་རྩ་བཞི་སྟེ་ཐམས་ཅད་ལའང་བྱེ་ བ་ཕྲག་འབུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་དགུ་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་དགུ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་ རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་མཆོག་གསུང་སྐྱེ་བའི་ཡུལ་ནི་ཤིན་ཏུ་ལྟ་ན་གསལ་བ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ [370A]༄༅། །བརྒྱའོ༑ ༑ཡབ་ནི་འོད་མཆོག་དཔལ་ཞེས་བྱའོ། །ཡུམ་ནི་ཟིལ་གྱིས་མི་ནོན་པའི་མདོག་ཅན་ཞེས་བྱའོ། །སྲས་ནི་རྣམ་གྲགས་རྒྱལ་པོ་ཞེས་ བྱའོ༑ ༑རིམ་གྲོ་པ་ནི་བདུད་རྩིའི་སྒྲོན་མ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་མཐའ་ཡས་སྤྱད་པའི་བློ་ཅན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་ མཆོག་ནི་སྒྲ་ལ་བགོས་པ་མེད་པའི་སྟོན་པའི་བློ་གྲོས་ཞེས་བྱའོ་།ཉན་ཐོས་འདུས་པ་ནི་ལན་བརྒྱད་ཅུ་རྩ་བརྒྱད་དེ། ཐམས་ཅད་ལའང་འབུམ་ཕྲག་བརྒྱད་ཅུ་རྩ་ བརྒྱད་བརྒྱད་དོ། །སྐུ་ཚེའི་ཚད་ནི། ལོ་བརྒྱད་ཁྲིའོ། །དམ་པའི་ཆོས་ནི་ལོ་བདུན་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི། རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་ པ་མཆོད་འོས་སྐྱེ་བའི་ཡུལ་ནི་གཟི་བརྗིད་མཐའ་ཡས་པ་ཞེས་བྱའོ་།རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བརྒྱད་བརྒྱའོ། །ཡབ་ནི་དོན་དཔྱོད་ཅེས་བྱའོ། ། ཡུམ་ནི་སྐར་འོད་ཅན་ཞེས་བྱའོ། །སྲས་ནི་འཇིག་རྟེན་དགའ་ཞེས་བྱའོ། །རིམ་གྲོ་པ་ནི་འཕགས་པ་དང་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འགྲོ་ བས་མཆོག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཤེས་རབ་སྤོབས་པ་རྣམ་པར་ངེས་པའི་རྒྱལ་པོ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བརྒྱད་ཅུ་རྩ་བཞི་སྟེ་ [370B] །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲི་བཞི་སྟོང་ངོ། །དམ་པའི་ཆོས་ནི་ལོ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་ འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་སྐར་རྒྱལ་སྐྱེ་བའི་ཡུལ་ནི་གཟི་བརྗིད་མཐའ་ཡས་འོད་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་གླིང་ ཆེན་པོ་ཞི་བའི་འཇིག་རྟེན་གྱི་ཁམས་སུམ་ཅུ་ཙམ་མོ། །ཡབ་ནི་ཡོན་ཏན་རིན་ཆེན་ཏོག་འོད་གྲགས་ཞེས་བྱའོ། །ཡུམ་ནི་སྤོབས་པའི་རྒྱན་བཀོད་པའི་རྒྱལ་མོ་ཞེས་བྱའོ། །སྲས་ ནི་ཡོན་ཏན་རིན་ཆེན་མངོན་པར་ཤེས་པ་ཞེས་བྱའོ། །རིམ་གྲོ་པ་ནི་བདུད་རྣམས་པར་སྐྲག་པར་བྱེད་པ་གཞན་གྱིས་མི་ཐུབ་པའི་བློ་ཅན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ ཀྱི་མཆོག་ནི་བག་ཚ་བ་མེད་པས་རྣམ་པར་རྩེ་བའི་མངོན་པར་ཤེས་པ་ཐུབ་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཐུབ་པ་ མེད་པའི་ཚོགས་ཅན་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་ལྔ་བཅུ་སྟེ། ཐམས་ཅད་ལའང་ཐེར་འབུམ་ཕྲག་གསུམ་གསུམ་མོ། །སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲིའོ། །དམ་ པའི་ཆོས་ཀྱང་ལོ་དྲུག་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཉི་མ་སྐྱེ་བའི་ཡུལ་ནི་ཉི་མའི་འོད་བཀོད་པ་ཞེས་བྱའོ། །རིགས་ནི་ [371A]༄༅། །རྒྱལ་རིགས་སོ། །འོད་ནི་སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས་ཙམ་མོ། །ཡབ་ནི་ཕྱོགས་གསལ་གྲགས་ཞེས་བྱའོ། །ཡུམ་ནི་ཉི་ མའི་སྙིང་པོ་འོད་ཅེས་བྱའོ། །སྲས་ནི་དྲི་མེད་འོད་འཕྲོ་ཏོག་འགྱུར་བློ་ཞེས་བྱའོ། །རིམ་གྲོ་པ་ནི་འཇིག་རྟེན་གྱི་སྤྱོད་པས་མཆོད་པའི་བཀོད་པའི་རྒྱལ་པོ་ཞེས་བྱའོ། །ཤེས་ རབ་ཅན་རྣམས་ཀྱི་མཆོག་ནི་བརྩོན་འགྲུས་བརྟན་པོས་ཕ་རོལ་གནོན་པར་གྲགས་ལ་མ་སྨད་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་རིན་པོ་ཆེའི་ མེ་ཏོག་རྣམ་པར་རྩི་བའི་དབྱངས་ཅན་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་དགུ་བཅུ་རྩ་དྲུག་སྟེ། ཐམས་ཅད་ལའང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ དུང་ཕྱུར་ཕྲག་རེ་རེའོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ་།དམ་པའི་ཆོས་ནི་ལོ་དགུ་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་ བཞིན་གཤེགས་པ་འདམ་ལས་རྒལ་བ་སྐྱེ་བའི་ཡུལ་ནི་དགའ་བ་བཀོད་པ་མཐའ་ཡས་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་སྟོང་སུམ་གྱི་ འཇིག་རྟེན་གྱི་ཁམས་ཙམ་མོ། །ཡབ་ནི་ཆུ་བོ་སྤོང་ཞེས་བྱའོ་།ཡུམ་ནི་ཡོན་ཏན་རིན་ཆེན་རྒྱ་མཚོའི་བློ་གྲོས་ཞེས་བྱའོ། །སྲས་ནི་དབྱངས་སྙན་བཀོད་པའི་སེམས་ [371B] །རིམ་གྲོ་པ་ནི་ཡེ་ཤེས་མི་ཏོག་མངོན་པར་ཤེས་བའི་རྒྱལ་པོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་གཏི་མུག་མེད་པའི་གནས་པ་རྣམ་པར་བརྩེ་བའི་ གཟི་བརྗིད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྟོབས་བཅུ་ལ་རྟོག་ཅིང་མི་ཚུགས་པར་གྲགས་པ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་སུམ་ཅུ་རྩ་དྲུག་སྟེ་ ཐམས་ཅད་ལའང་བྱང་ཆུབ་སེམས་དཔག་སྐྱེ་བ་གཅིག་གིས་ཐོགས་པ་ཐེར་འབུམ་ཕྲག་རེ་རེ་དང། །དུང་ཕྱུར་ཕྲག་བདུན་བདུན་དང། བྱེ་བ་ཕྲག་བཞི་བཞིའོ། །སྐུ་ཚེའི་ཚད་ ནི་ལོ་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཡེ་ཤེས་བརྙེས་སྐྱེ་བའི་ཡུལ་ནི་ཡེ་ཤེས་ཀྱིས་རྣམ་ པར་སྤྲུལ་ཞིང་གསལ་བར་རབ་ཏུ་བརྒྱན་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བརྒྱད་དོ། །ཡབ་ནི་ཡེ་ཤེས་འཕེལ་ཞེས་བྱའོ། །ཡུམ་ནི་ཡེ་ ཤེས་སྙིང་པོ་ཞེས་བྱའོ། །སྲས་ནི་ཡེ་ཤེས་གསལ་ཞེས་བྱའོ། །རིམ་གྲོ་པ་ནི་ཡེ་ཤེས་ཉན་འདོད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཚུལ་ཐམས་ཅད་ ཀྱིས་བདེན་པའི་ཁྱད་པར་གྱི་སྒྲ་སྒྲོགས་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རྣམ་པར་འཕྲུལ་པ་ཐམས་ཅད་ཀུན་ཏུ་སྟོན་པ་ཞེས་བྱའོ། །དགྲ་བཅོམ་པ་འདུས་ [372A]༄༅། །པ་ནི་ལན་དྲུག་ཅུ་སྟེ། ཐམས་ཅད་ལའང་དུང་ཕྱུར་ཕྲག་རེ་རེའོ། །སྐུ་ཚེའི་ཚད་ནི་ལོ་ལྔ་ཁྲིའོ། །དམ་པའི་ཆོས་ནི་ལོ་དྲུག་ཁྲིའི་བར་དུ་ གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །འཕགས་པ་བསྐལ་པ་བཟང་པོ་པ་ཞེས་བྱ་བ་ཐེག་པ་ཆེན་ པོའི་མདོ། །བམ་པོ་བཅུ་དགུ་མ། དེ་བཞིན་གཤེགས་པ་གྲུབ་པ་སྐྱེ་བའི་ཡུལ་ནི་ནོར་རིན་པོ་ཆེས་ཁོང་སྣུམས་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་ དཔག་ཚད་དྲུག་བརྒྱའོ། །ཡབ་ནི་བྱང་ཆུབ་ལ་དད་པའི་མེད་པ་ཞེས་བྱའོ། །ཡུམ་ནི་ཉི་ཟླ་རྣམ་པར་མཐོང་བའི་འོད་ཅེས་བྱའོ་།སྲས་ནི་རིན་ཆེན་མེ་ཏོག་གཟི་ བརྗིད་ཅེས་བྱའོ། །རིམ་གྲོ་པ་ནི་ཡོན་ཏན་སྣང་བའི་སེམས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཕས་ཀྱི་རྒོལ་བ་ཚར་གཅོད་པ་ཞེས་བྱའོ། །རྫུ་འཕྲུལ་ ཅན་རྣམས་ཀྱི་མཆོག་ནི་ནོར་སྦྱིན་མཐུ་རྩལ་མ་འཁྲུལ་སེམས་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་ལྔ་སྟེ། ཐམས་ཅད་ལའང་དུང་ཕྱུར་ཕྲག་རེ་རེའོ། །སྐུ་ཚེའི་ ཚད་ནི་ལོ་ཁྲི་ལྔ་སྟོང་ངོ། །དམ་པའི་ཆོས་ནི་ལོ་ང་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་ [372B]འོང་བ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བརྒྱད་དོ། །ཡབ་ནི་ལག་ཤུགས་སྒྲ་ སྐད་ཅེས་བྱའོ། །ཡུམ་ནི་མི་མའི་ཅི་འོད་དབྱངས་ཞེས་བྱའོ། །སྲས་ནི་བརྡ་དང་སྒྲ་ཐམས་ཅད་པ་ཞེས་བྱའོ། །རིམ་གྲོ་པ་ནི་གཏི་མུག་མེད་པའི་དབང་ཕྱུག་གནས་ ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་གི་སྒྲ་སྣང་བ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དགེ་བ་བརྒྱ་སྟོང་གིས་རབ་ཏུ་བརྒྱན་པའི་ང་རོ་ཞེས་ བྱའོ༑ ༑ཉན་ཐོས་འདུས་པ་ནི་ལན་ལྔ་བཅུ་སྟེ། ཐམས་ཅད་ལའང་ས་ཡ་ཕྲག་ལྔ་ལྔའོ། །སྐུ་ཚེའི་ཚད་ནི་ལ་སུམ་ཁྲི་དྲུག་སྟོང་ངོ། །དམ་པའི་ཆོས་ནི་ལོ་བཞི་ཁྲིའི་ བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཆོས་སྦྱིན་སྐྱེ་བའི་ཡུལ་ནི་འོད་ཀྱི་བཀོད་པ་ཡང་དག་པར་བསྒྲུབས་པ་ཞེས་བྱའོ། །རིགས་ ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་དྲུག་ཅུ་རྩ་དྲུག་གོ་ཡབ་ནི་ཆོས་ཀྱི་འབྱུང་གནས་ཞེས་བྱའོ། །ཡུམ་ནི་ལེགས་པར་བསམ་པ་སེམས་པ་ཆོས་ཀྱི་བློ་གྲོས་ མ་ཞེས་བྱའོ། །སྲས་ནི་ཆོས་རིན་པོ་ཆེའི་ཏོག་ཅེས་བྱའོ། །རིམ་གྲོ་པ་ནི་ཆོས་ཀྱི་སྒྲོན་མའི་རྒྱལ་པོ་ཆེན་པོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་ [373A]༄༅། །ཐམས་ཅད་སྣང་བར་བྱེད་པའི་རྫུ་འཕྲུལ་ཐོབ་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་གྱི་ཕུང་པོ་འཕགས་པའི་གཟི་ བརྗིད་ཅེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་ཉི་ཤུ་རྩ་ལྔ་སྟེ་ཐམས་ཅད་ལའང་ཉི་ཤུ་ཉི་ཤུའོ། །སྐུ་ཚེའི་ཚད་ནི་ལོ་ཉི་ཁྲིའོ། །དམ་པའི་ཆོས་ནི་ལོ་ཉི་ཁྲི་སུམ་ སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་།མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཕན་པར་བཞད་པ་སྐྱེ་བའི་ཡུལ་ནི་ གྲགས་པ་མ་སྨད་པའི་གཟུགས་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ་།འོད་དཔག་ཚད་དགུ་བརྒྱའོ། །ཡབ་ནི་དྲང་སྲོང་སེམས་གསལ་ཞེས་བྱའོ། ། ཡུམ་ནི་ཉི་མའི་གཟུགས་བརྡ་སྟོན་ཞེས་བྱའོ། །སྲས་ནི་སྐྱེ་བའི་ཚུལ་སྣང་བར་བྱེད་པར་གྲགས་པ་ཞེས་བྱའོ། །རིམ་གྲོ་བ་ནི་དགེ་བས་རབ་ཏུ་བརྒྱན་པ་ཞེས་ བྱའོ༑ ༑ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྒྲིབ་པ་མེད་པར་བརྩེགས་པའི་རྒྱལ་པོ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་ཐམས་ཅད་ཀྱིས་ བག་ཚ་བ་མེད་པར་གནས་པ་ཞེས་བྱའོ། །དགྲ་བཅོམ་པ་འདུས་པ་ནི་ལན་དགུ་བཅུ་སྟེ། ཐམས་ཅད་ལའང་ས་ཡ་ཕྲག་བདུན་བདུན་ནོ། །སྐུ་ཚེའི་ཚད་ནི་ལོ་དགུ་ [373B] །དམ་པའི་ཆོས་ཀྱང་ལོ་དགུ་ཁྲི་ཆིག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཡེ་ཤེས་ལྡན་སྐྱེ་བའི་ཡུལ་ནི་ཡེ་ ཤེས་ཀྱིས་རྣམས་པར་བརྒྱན་པའི་གཟི་བརྗིད་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བརྒྱའོ། །ཡབ་ནི་ཡེ་ཤེས་ཀྱི་འབྱུང་གནས་མཐའ་ཡས་པ་ ཞེས་བྱའོ། །ཡུམ་ནི་སྤོབས་པ་ཐམས་ཅད་སྟོན་པ་ཞེས་བྱའོ། །སྲས་ནི་དབྱངས་ཀྱི་དབང་གི་རྒྱལ་པོ་སེངྒེའི་སྒྲ་རྣམས་པས་སྒྲོག་པ་ཞེས་བྱའོ། །རིམ་གྲོ་པ་ནི་ཉི་མའི་ གཟི་བརྗིད་ཀྱིས་རབ་ཏུ་བརྒྱན་པའི་ང་རོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བསྒོམ་པ་ལ་དད་པའི་ཁྱིམ་གཏི་མུག་མེད་ཅིང་སྒྲིབ་པ་མེད་པར་གནས་པ་ཞེས་བྱའོ། ། རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མི་གནས་པའི་བཀོད་པ་ཐུབ་པ་མེད་པའི་ཚོགས་སྟོན་པ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བརྒྱད་ཅུ་སྟེ། ཐམས་ཅད་ལའང་ འབུམ་ཕྲག་བཅོ་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་དགུ་ཁྲི་དྲུག་སྟོང་ངོ། །དམ་པའི་ཆོས་ཀྱང་ལོ་བརྒྱད་ཁྲིའི་བར་དུ་གནས་སོ་།སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་ གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་གྲགས་པ་སྐྱེ་བའི་ཡུལ་ནི་དགའ་བས་རྒྱས་པ་ཡང་དག་པར་རྟོག་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་ [374A]༄༅། །སོ༑ ༑འོད་ནི་གླིང་ཆེན་བཞི་པའི་འཇིག་རྟེན་གྱི་ཁམས་བཞི་བཅུ་སྙེད་ཙམ་མོ། །ཡབ་ནི་བསམ་པ་ཐམས་ཅད་འཕགས་ཞེས་བྱའོ། །ཡུམ་ ནི་ཡིད་ཀྱིས་སེམས་པ་ཡོངས་སུ་ཚིམ་པར་བྱེད་པ་ཞེས་བྱའོ། །སྲས་ནི་བརྡ་སྐད་ཐམས་ཅད་ལ་རབ་ཏུ་སྤོབས་པ་ཞེས་བྱའོ། །རིམ་གྲོ་པ་ནི་མི་ཐུབ་པའི་ཚོགས་ཀྱི་ མཛོད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ལྷུན་པོའི་རྣ་རྒྱན་སྡུག་པ་ཉམས་དགའ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རིན་ཆེན་ཀུན་ཏུ་འོད་ཅེས་ བྱའོ༑ ༑ཉན་ཐོས་འདུས་པ་ནི་ལན་ཉི་ཤུ་རྩ་གཉིས་ཏེ། ཐམས་ཅད་ལའང་ཐེར་འབུམ་ཕྲག་སུམ་ཅུ་རྩ་དྲུག་དྲུག་གོ་སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །དམ་པའི་ཆོས་ ཀྱང་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་འོད་ཟེར་གྱི་དྲ་བ་སྐྱེ་བའི་ཡུལ་ནི་རིན་པོ་ཆེའི་དྲ་བ་མཐའ་ཡས་པ་ བཀོད་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ལྔ་བཅུ་སྙེད་ཙམ་མོ། །ཡབ་ནི་ཐུབ་པ་མེད་པའི་ཚོགས་སྟོན་པའི་བློ་ གྲོས་ཞེས་བྱའོ། །ཡུམ་ནི་དགྲ་ཐུལ་གཟི་བརྗིད་བློ་གྲོས་མ་ཞེས་བྱའོ། །སྲས་ནི་འདོད་ཞོ་ཡུལ་འཁོར་མཆོད་ཅེས་བྱའོ། །རིམ་གྲོ་པ་ནི་བརྡ་སྐད་ཟད་མི་ཤེས་པའི་བློ་ཅན་ [374B] །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རིན་པོ་ཆེའི་དྲ་བས་རྣམ་པར་བརྒྱན་པའི་མཛོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བརྩོན་འགྲུས་ཀྱི་སྟོབས་ཀྱི་ ཕ་རོལ་གནོན་པའི་བློ་ཅན་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བརྒྱད་ཅུ་སྟེ། ཐམས་ཅད་ལའང་འབུམ་ཕྲག་བཅུ་དྲུག་བཅུ་དྲུག་གོ་།སྐུ་ཚེའི་ཚད་ནི་ལོ་དགུ་ཁྲི་དྲུག་སྟོང་ངོ། ། དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་རྣམ་པར་བཅོམ་པ་སྐྱེ་བའི་ཡུལ་ནི་མྱ་ངན་མེད་པའི་རྒྱལ་པོ་ ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བདུན་སྟོང་ངོ་།ཡབ་ནི་སེངྒེའི་རྣམ་པར་རྩེ་བའི་གཟི་བརྗིད་ཅེས་བྱའོ། །ཡུམ་ནི་རིན་ཆེན་མེ་ཏོག་ཅན་ཞེས་བྱའོ། །སྲས་ ནི་བརྟུལ་ཞུགས་འབྱུང་བའི་རྒྱལ་པོ་ཞེས་བྱའོ། །རིམ་གྲོ་པ་ནི་རྣམ་པར་སྣང་བྱེད་འོད་ཏོག་ཅེས་བྱའོ། །ཤེར་རབ་ཅན་རྣམས་ཀྱི་མཆོག་ནི་རྒྱགས་པའི་སྐྱོན་དང་སྒྲིབ་པ་ ཐམས་ཅད་སྤངས་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྟོན་པ་གསལ་བར་བརྩེགས་པའི་སེམས་ཤེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་དགུ་བཅུ་སྟེ། ཐམས་ ཅད་ལའང་བྱེ་བ་སྟོང་ཕྲག་ཉི་ཤུ་རྩ་བདུན་བདུན་ནོ། །སྐུ་ཚེའི་ཚད་ནི་ལོ་འབུམ་མོ། །དམ་པའི་ཆོས་ནི་ལོ་བདུན་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་ [375A]༄༅། །འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་བཻ་ཌཱུརྱའི་སྙིང་པོ་སྐྱེ་བའི་ཡུལ་ནི་གློག་སྣང་བར་བྱེད་པ་ཤིན་ཏུ་འཕགས་ པའི་གཟི་བརྗིད་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བརྒྱའོ། །ཡབ་ནི་རིན་ཆེན་སྙིང་པོ་འོད་ཅེས་བྱའོ། །ཡུམ་ནི་བྱི་རུ་གསལ་ཞེས་བྱའོ། ། སྲས་ནི་བཟང་མཆོག་ཏོག་ཅེས་བྱའོ། །རིམ་གྲོ་པ་ནི་བརྩོན་འགྲུས་བརྟན་པོས་ཕ་རོལ་གནོན་པ་ཅན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རིན་ཆེན་བཀོད་ པའི་གོ་གྱོན་སེངྒེའི་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཕྱོགས་བཅུ་མཐོང་བས་རྣམ་པར་རྩེ་བའི་མངོན་པར་ཤེས་པ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་ ཉི་ཤུ་རྩ་གཉིས་ཏེ། ཐམས་ཅད་ལའང་ཐེར་འབུམ་ཐེར་འབུམ་མོ་།སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་འོ། །དམ་པའི་ཆོས་ཀྱང་ལོ་བདུན་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་ རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་མེ་ཏོག་སྐྱེ་བའི་ཡུལ་ནི་རིན་པོ་ཆེའི་མེ་ཏོག་གོས་རབ་ཏུ་བརྒྱན་པ་ཅེས་བྱའོ། ། རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བརྒྱད་ཅུ་རྩ་བཞིའོ་།ཡབ་ནི་རིན་པོ་ཆེའི་མེ་ཏོག་ཐམས་ཅད་སྣང་བ་ཞེས་བྱའོ། །ཡུམ་ནི་རིན་པོ་ཆེའི་མེ་ཏོག་གིས་ [375B] །སྲས་ནི་ཁྲུལ་པ་མེད་པའི་སེམས་ཞེས་བྱའོ། །རིམ་གྲོ་པ་ནི་མཐུ་རྩལ་ལེགས་པར་སྤྱོད་ཅེས་བྱའོ། །ཤེས་རབ་ཅན་ རྣམས་ཀྱི་མཆོག་ནི་ཡེ་ཤེས་ལྟ་བས་མཆོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བརྡ་སྐད་ཐམ་ཅད་ཀྱི་རྒྱལ་པོ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་ བདུན་ཅུ་སྟེ། ཐམས་ཅད་ལའང་བྱེ་བ་ཕྲག་བཅུ་གཉིས་བཅུ་གཉིས་སོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །དམ་པའི་ཆོས་ནི་ལོ་བདུན་ཁྲིའི་བར་དུ་གནས་སོ། །སྐུ་ གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ་།དེ་བཞིན་གཤེགས་པ་ལྷའི་རྒྱལ་པོ་སྐྱེ་བའི་ཡུལ་ནི་དགའ་བའི་ཉི་མ་བཀོད་པ་ཞེས་བྱའོ། ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་སྟོང་ངོ། །ཡབ་ནི་ལྷ་དང་རབ་བརྒྱན་ཞེས་བྱའོ། །ཡུམ་ནི་རིན་ཆེན་ལྷའི་སྙིང་པོ་ཞེས་བྱའོ། །སྲས་ནི་ངན་སོང་ ལས་འདའ་བར་སེམས་པ་ཞེས་བྱའོ། །རིམ་གྲོ་པ་ནི་ཆགས་མེད་སྤོབས་པ་བརྩེགས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མངོན་པར་ཤེས་པའི་རྒྱལ་པོ་བྱང་ ཆུབ་འཕགས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འཇིག་རྟེན་པ་ཐམས་ཅད་མགུ་ཞིང་མངོན་པར་དགའ་བར་སེམས་པ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ [376A]༄༅། །ལན་བརྒྱད་ཅུ་སྟེ། ཐམས་ཅད་ལའང་ཐེར་འབུམ་ཐེར་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་ཉི་ཁྲིའི་ཉིས་སྟོང་ངོ། །དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་ བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཟླ་བ་སྐྱེ་བའི་ཡུལ་ནི་ཚིག་ལ་མངོན་པར་དགའ་བ་ཅན་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། ། འོད་ནི་དཔག་ཚད་སུམ་ཅུའོ། །ཡབ་ནི་འཇིག་རྟེན་པས་བསྔགས་པ་ཞེས་བྱའོ། །ཡུམ་ནི་སེམས་གསལ་མ་ཞེས་བྱའོ། །སྲས་ནི་འཇིག་རྟེན་ཀུན་མཆོག་ ཅེས་བྱའོ། །རིམ་གྲོ་པ་ནི་མཆོག་གི་ཡེ་ཤེས་རྒྱལ་པོ་ཞེས་བྱའོ་།ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་གྲགས་པ་འོད་ཅེས་བྱའོ་།རྫུ་འཕྲུལ་ཅན་ རྣམས་ཀྱི་མཆོག་ནི་སྲིད་པའི་རྒྱ་རྒྱ་མཚོ་ཐམས་ཅད་ལས་རྒྱལ་བའི་གློ་ཅན་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་ལྔ་བཅུ་སྟེ་ཐམས་ཅད་ལའང་བྱེ་བ་ཕྲག་ རེ་རེའོ༑ ༑སྐུ་ཚེའི་ཚད་ནི་ལོ་ཁྲི་དྲུག་སྟོང་ངོ། །དམ་པའི་ཆོས་ཀྱང་ལོ་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་ གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་དྲན་པའི་འོད་སྐྱེ་བའི་ཡུལ་ནི་དྲན་པའི་གོ་བ་གོས་པ་གནས་ཀྱི་མཆོག་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ [376B]ཙམ་མོ། །ཡབ་ནི་བསྐལ་པ་གྲངས་མེད་མཐོང་བར་སེམས་ཞེས་བྱའོ་།ཡུམ་ནི་དུས་གསུམ་མཉམ་ཉིད་བློ་ ཞེས་བྱའོ། །སྲས་ནི་རིན་པོ་ཆེའི་ཚོགས་ཀྱི་མཛོད་ཅེས་བྱའོ། །རིམ་གྲོ་པ་ནི་སངས་རྒྱས་ཀྱི་ཡོན་ཏན་གྱི་ཚོགས་ཀྱིས་རྣམ་པར་རྩེ་བའི་ང་རོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ ཀྱི་མཆོག་ནི། མྱ་ངན་སེལ་བ་བག་ཚ་བ་མེད་པ་ཐོབ་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི། ཐོས་པ་ཐམས་ཅད་ཀྱིས་རྣམ་པར་སྤྲུལ་པ་བཀོད་པ་ཞེས་བྱའོ། །འདུས་ པ་ནི་ལན་བརྒྱ་སྟེ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཐེར་འབུམ་ཕྲག་སུམ་ཅུ་སྙེད་དོ། །སྐུ་ཚེའི་ཚད་ནི། ལོ་ཁྲི་ཉིས་སྟོང་ངོ། །དམ་པའི་ཆོས་ནི་བྱང་ཆུབ་ སེམས་དཔའ་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ལོ་ཁྲི་ཉིས་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་དགེ་བའི་འོད་ དག་གི་སྐྱེ་བའི་ཡུལ་ནི་འཇིག་རྟེན་མཁས་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །ཡོན་ཏན་འོད་དཔག་ཚད། སུམ་ཅུ་རྩ་གཉིས་ཡབ་ནི་ལེགས་སེམས་ཡིན། ཡོན་ཏན་བུ་ནི་རྒྱལ་ ཡུམ་ཡོན་ཏན་སེམས། །སྲས་ཡིན་ཡོན་ཏན་ནོར་ནི་རིམ་གྲོ་པ། །ཡོན་ཏན་ཚོགས་ཀྱི་ཏོག་ནི་བློ་ཅན་ཏེ། །ཡོན་ཏན་ཐམས་ཅད་མཆོག་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ [377A]༄༅། །མཐའ་ཡས་ཀུན་ལ་ཡང། །བྱང་ཆུབ་དག་ལས་ཕྱིར་ནི་མི་ལྡོག་པ། །བྱེ་བ་འབུམ་ཕྲག་འབུམ་ཕྲག་འདུས་པར་འགྱུར། །མི་ཚེ་ལོ་གྲངས་དགུ་ཁྲི་ ཉིས་སྟོང་ཡིན། །སྲིད་མཐར་ཕྱིན་པའི་དམ་པའི་ཆོས་དག་ཀྱང་།ལོ་གྲངས་བདུན་ཁྲི་བཞི་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་ནག་ནི་རྒྱས་འགྱུར་ལ། །ཞིང་ཁམས་ ཀུན་ཏུ་སྐུ་གདུང་དག་གིས་ཁྱབ། །སངས་རྒྱས་ཡོན་ཏན་མཆོག་མ་ཀུན་འོད་ཀྱི། །སྐྱེ་བའི་ཡུལ་ནི་རྫུ་འཕྲུལ་སྣང་ཞེས་བྱ། །རིགས་ནི་བྲམ་ཟེའི་ཡིན་ཏེ་དྲི་མེད་འོད། །དཔག་ ཚད་བཅུ་ཡོད་འོད་ཀྱི་དབང་པོ་ཡབ། །ཡོན་ཏན་ཚོགས་ནི་རྒྱལ་ཡུམ་ཡོན་ཏན་མཆོག་སྲས་ནི་ཡོན་ཏན་དབང་པོ་རིམ་གྲོ་པ། །ཡོན་ཏན་རྒྱ་མཚོ་ཞེས་བྱ་མཁས་པ་སྟེ་ ཡོན་ཏན་དབང་པོ་གནས་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང། །མཚུངས་མེད་ཡོན་ཏན་ཀུན་བསགས་སྣང་མེད་ཐོབ་།སྦྱོར་བསྲེགས་བྱེ་བ་ ཉི་ཤུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་སུམ་སྟོང་ཡིན། །མྱ་ངན་འདས་པ་དེ་ཡི་དམ་ཆོས་དག་ལོ་གྲངས་ཉི་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་ གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་གསུམ་པ་བཀོད་པས་རྣམ་པར་སྤྲས། །དེ་བཞིན་གཤེགས་པ་རིན་པོ་ཆེ་ཡི་དཔལ། །བྱེ་བའི་ཡུལ་ནི་དཔལ་གྱི་ཚོགས་ [377B] ༑རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་གྲངས་པའི་དབང་པོ་ཡབ། །དཔལ་མཆོད་མ་ནི་རྒྱལ་ཡུམ་རིན་པོ་ཆེ། །སྲས་ནི་རིན་ཆེན་དཔལ་ ནི་རིམ་གྲོ་པ། །གྲགས་པར་གནས་པ་ཤེས་རབ་ཅན་ཡིན་ཏེ། །མཁས་པ་ཞེས་ནི་བྱ་བ་རྫུ་འཕྲུལ་ཅན། །ཀུན་ཀྱང་རི་བོ་ལྷུན་ལྟར་མི་གཡོ་བ། །བྱེ་བ་ཕྲག་ནི་ཉི་ཤུ་བཞི་སྙེད་ཡོད། །ཡོངས་ སུ་མྱ་ངན་འདས་པའི་དམ་ཆོས་དག་ལོ་གྲངས་སུམ་ཁྲི་བརྒྱད་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ་།མཆོད་རྟེན་ས་ཡ་ས་ཞི་རྣམས་ཁྱབ་པར་འགྱུར། ། དེ་བཞིན་གཤེགས་པ་སྐྱེས་བུ་ཟླ་བུ་ཟླ་བ་ཡི། །སྐྱེ་བའི་ཡུལ་ནི་ཟླ་བས་བརྒྱན་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་དགུ་ཡོད་ཡབ་ནི་ལེགས་མཆོད་ཡིན། །ཟླ་ མཆོག་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ཟླ་བཟང་ཟླ་བ་རིམ་གྲོ་པ། །བཞིན་ལྡན་ཞེས་ནི་བྱ་བ་མཁས་པ་སྟེ། །འཇིག་རྟེན་རྣམ་པར་ལྟ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་ གྲངས་སུམ་ཅུ་ཀུན་ལ་ཡང། །ངར་མི་འཛིན་པ་མཁའ་དང་མཚུངས་པ་པོ། །བྱེ་བ་ཕྲག་ནི་བདུན་བཅུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་སུམ་ཁྲི་ཉིས་སྟོང་ཡིན། །དམ་པའི་ཆོས་ དག་ལོ་གྲངས་སྟོང་ཕྲག་ནི། །སུམ་ཅུ་རྩ་བདུན་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །གསེར་གྱི་རྒྱལ་མཚན་མཆོད་སྟོང་སྙེད་ཀྱིས་སྤྲས། ། [378A]༄༅། །འཇིག་རྟེན་མགོན་པོ་སྒྲ་ཅན་སྐྱེ་བ་ཡི། །ཡུལ་ནི་ལྷ་མིན་མཆོད་རྟེན་ཞེས་ཀྱང་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་དཔག་ཚད། །ཉི་ཤུ་རྩ་གཉིས་ཡབ་ནི་ལྷ་དབང་ཡིན། །ལྷ་མ་ཡིན་དབང་བདག་མོ་རྒྱལ་བའི་ཡུམ། །སྲས་པོ་ནོར་ལྡན་ནོར་བཟང་རིམ་གྲོ་བ། །དུལ་གནས་དགའ་ཞེས་བྱ་བ་མཁས་པ་སྟེ། །དགྲ་ཡིས་འཇིགས་པ་མེད་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བཅུ་གཉིས་ཀུན་ལ་ཡང་སྲེད་པ་འགོག་པར་ཐར་པར་དགའ་བ་པོ། །ཐེར་འབུམ་ཕྲག་ནི་གསུམ་གསུམ་ཡོད་པར་འགྱུར། །མི་ཚེ་ལོ་གྲངས་དག་ནི་ཁྲི་ཡང་ཡིན། །སྲིད་མཐར་ཕྱིན་པ་མྱ་ངན་འདས་ནས་ཀྱང། །དམ་ཆོས་ལོ་གྲངས་སྟོང་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ་།སྲིད་པ་གསུམ་པོར་མཆོད་ཅིང་བཀུར་བར་འགྱུར། །དེ་བཞིན་གཤེགས་པ་བདུད་རྩི་འོད་སྐྱེ་བའི། །ཡུལ་ནི་ཡོན་ཏན་སྣང་བར་བྱད་ཅེས་བྱ་།རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་གསུམ་ཡབ་ནི་མཐུ་ལྡན་ཡིན། །དང་ལྡན་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་གོ་བ་གོས་དུལ་བ་རིམ་གྲོ་བ། །བདུད་རྩིའི་ང་རོ་ཞེས་བྱ་བ་མཁས་པ་སྟེ། །བསམ་གཏན་པ་ལ་དང་བྱེད་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བཅུ་དྲུག་ཀུན་ལའང། །ཉོན་མོངས་བདུད་ཀུན་འཇོམས་པར་བྱེད་པ་པོ། །བྱེ་བ་ཕྲག་ནི་བདུན་བཅུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་ཅིག་སྟོང་ཡིན། །དམ་ཆོས་ལོ་གྲངས་དྲུག་ཁྲི་དྲུག་སྟོང་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ་།དཔག་ཚད་བཅུ་གནས་གསེར་གྱི་བླ་རེར་ལྡན། །རིན་ཆེན་མཆོག་གི་རྣ་རྒྱན་དག་གིས་བརྒྱན། །བདེ་གཤེགས་འཇིག་རྟེན་མཆོག་མ་སྐྱེ་བའི་ཡུམ། །ཤིན་ཏུ་སྙན་པའི་གཏམ་དང་ལྡན་ཞེས་བྱའོ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་རྩ་གསུམ་མེ་ཏོག་བཟང་པོ་ཡབ། །དཔག་རྒྱལ་མེ་ཏོག་རྒྱལ་ཡུམ་མེ་ཏོག་གསལ། །སྲས་ཡིན་ཙམ་པ་ཀ་ནི་རིམ་གྲོ་བ། །མེ་ཏོག་སྡུག་ཅེས་བྱ་བ་མཁས་པ་སྟེ། །འཇིགས་མེད་མེ་ཏོག་ཅེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ཉི་ཤུ་དྲུག་ཀུན་ལའང། །ཆགས་ལས་འདས་པ་འཇིག་རྟེན་མི་ལྟ་བ། །བྱེ་བ་ཕྲག་ནི་ཉི་ཤུ་གསུམ་གསུམ་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་ལྔ་སྟོང་ཡིན། །དམ་ཆོས་ལོ་གྲངས་བདུན་ཁྲི་དྲུག་སྟོང་གནས་།རྒྱལ་བའི་སྐུ་གདུང་ནི་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་བཞི་བ་མུ་ཏིག་བླ་རེར་ཅེས། །བཻ་ཌཱུརྱ་ཡི་རྣ་རྒྱན་བརྩེགས་པར་ལྡན་།དེ་བཞིན་གཤེགས་པ་སྐར་མའི་འོད་དག་གི་སྐྱེ་བའི་ཡུལ་ནི་འོད་འཕྲོ་ཅན་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་ཉི་ཤུ་སྣང་བའི་དབང་པོ་ཡབ། །འོད་འཕྲོག་ [379A]༄༅། །སྣང་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་མེད་བྱིན་འོད་ལྡན་རིམ་གྲོ་པ། །གློག་འོད་གཟི་བརྗིད་བློ་གྲོས་ཅན་ཡིན་ཏེ། །འོད་འཕྲོ་གསལ་བའི་ དཔལ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་ཀུན་ལ་ཡང་།ཆུ་བོ་བཞི་ཡི་ཕ་མཐར་ལེགས་གནས་པ། །བྱེ་བ་ཕྲག་ནི་ཉི་ཤུ་ལྔ་ལྔ་ཡོད། །མི་ཚེ་ལོ་གྲངས་ཉི་ ཁྲི་བརྒྱད་སྟོང་ཡིན། །ཡོན་ཏན་སློབ་དཔོན་དག་གི་དམ་ཆོས་དག་ལོ་གྲངས་སུམ་ཁྲི་དྲུག་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཚན་མོ་ མར་མེ་སྟོང་སྙེད་འོད་ཀྱང་འབར། །དེ་བཞིན་གཤེགས་པ་ཞི་བའི་སྟབས་དག་གི་སྐྱེ་བའི་ཡུལ་ནི་མཁས་པས་མཆོད་ཅེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ ཚད༑ ༑ཉི་ཤུ་རྩ་བདུན་ཡབ་ནི་རྣམ་གྲོལ་ཡིན། །དགྲ་བཅོམ་དགའ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་འཆད་མཁན་དགེ་ལེགས་རིམ་གྲོ་པ། །མཆོད་རྟེན་ཆེན་པོ་ ཞེས་བྱ་མཁས་པ་སྟེ། །རྒོལ་བས་འཇིགས་པ་མེད་པ་རྫུ་འཕྲུལ་ཅན་།འདུས་པ་ལན་གྲངས་སུམ་ཅུ་དྲུག་ཀུན་ལའང། །འཇིག་རྟེན་ཟང་ཟིང་མེད་པའི་དགྲ་བཅོམ་པ། ། བྱེ་བ་ཕྲག་ནི་ཉི་ཤུ་གསུམ་གསུམ་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་སུམ་སྟོང་ཡིན། །དམ་ཆོས་ལོ་གྲངས་སུམ་ཁྲི་ཆིག་སྟོང་གནས་།རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ [379B] ༑དཔག་ཚད་བཞི་པ་རིན་ཆེན་ཕལ་པོ་ཆེའི། །དྲ་བས་སྤྲས་པས་འོད་ནི་མཐའ་ཡང་ཡས། །དེ་བཞིན་གཤེགས་པ་ཡེ་ཤེས་རྒྱ་མཚོ་ཡི། །སྐྱེ་བའི་ཡུལ་ནི་ཡེ་ཤེས་ཚོགས་ ཞེས་བྱ༑ ༑རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །སུམ་ཅུ་རྩ་གསུམ་ཡབ་ནི་ཡོན་ཏན་དོན། །དོན་འདོད་མ་ཞེས་བྱ་བ་རྒྱལ་བའི་ཡུམ་།སྲས་པོ་ལེགས་གཞི་ཟླ་དབང་ རིམ་གྲོ་པ། །མཆོད་རྟེན་ཤིང་རྟ་ཞེས་བྱ་མཁས་པ་སྟེ། །འཇིགས་མེད་ཡེ་ཤེས་ལྡན་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང། །སྲེད་པའི་རྒྱ་མཚོ་རྣམ་ པར་སྐེམས་པ་པོ། །བྱེ་བ་ཕྲག་ནི་བདུན་ཅུ་གསུམ་གསུམ་ཡོད། །མི་ཚེ་ལོ་གྲངས་དགུ་ཁྲི་ཉིས་སྟོང་ཡིན། །རྒྱལ་བ་མྱ་ངན་འདས་ནས་དམ་ཆོས་དག་འོད་ཀྱང་ལོ་གྲངས་སྟོང་དུ་ གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ་།ཞིང་རྣམས་ཀུན་དུ་འོད་ནི་མཐའ་ཡང་ཡས། །ཆོས་ཀྱི་དབང་ཕྱུག་རི་ཡི་དབང་པོ་ཡི། །སྐྱེ་བའི་ཡུལ་ནི་མཛེས་ པར་སྤྲས་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད་།དཔག་ཚད་བཅུ་ཡོད་ཡབ་ནི་ལྷ་བཟང་ཡིན། །ལྷ་ཡི་དབང་ཕྱུག་མ་ནི་རྒྱལ་བའི་ཡུམ། །སྲས་པོ་ཙནྡན་སྤོས་བཟང་ རིམ་གྲོ་པ། །རིན་ཆེན་འགྲོས་ཞེས་བྱ་བ་མཁས་པ་སྟེ། །ཆོས་ལ་རྣམ་པར་ལྟ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་དྲུག་ཀུན་ལའང། །དགྲ་བཅོམ་ཐམས་ཅད་ཆགས་ [380A]༄༅། །པ་མེད་གྱུར་པ། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་སུམ་སྟོང་ཡིན། །འགྲོ་ལ་ཕན་ཕྱིར་དམ་པའི་ཆོས་དག་ཀྱང། ། ལོ་གྲངས་སུམ་ཁྲི་བཞི་སྟོང་བར་དུ་གནས། །སྐུ་གདུང་རྒྱས་འགྱུར་མཆོད་རྟེན་དམ་པའི་གྲངས། །བྱེ་བ་སྟོང་ཕྲག་ཉི་ཤུ་རྩ་གཉིས་འབྱུང། །མི་ཡི་མགོན་པོ་རབ་ཏུ་ཞི་བ་ཡི། །སྐྱེ་ བའི་ཡུལ་ནི་གྲགས་པར་སྣང་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་རྩ་གཉིས་ཤིན་ཏུ་ཞི་བ་ཡབ། །ཞི་གནས་དགའ་ཞེས་བྱ་བ་རྒྱལ་བའི་ཡུམ། ། སྲས་པོ་ཞི་བྱིན་ཞི་དབང་རིམ་གྲོ་པ། །བདུད་བཞི་བྱེད་པ་བློ་གྲོས་ཅན་ཡིན་ཏེ། །ཡིད་དབང་ཤིང་དུ་ཞི་བ་རྫུ་འཕྲུལ་ཅན་།འདུས་པ་ལན་གྲངས་བཅུ་དྲུག་ཀུན་ལ་ཡང། ། སྲིད་པ་འཛིན་པའི་མདུད་པ་རྣམ་གྲོལ་པ། །བྱེ་བ་ཕྲག་ནི་བདུན་ཅུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་སུམ་ཁྲི་སུམ་སྟོང་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་ དག་ལོ་གྲངས་ཉི་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་ལྔ་པ་རིན་ཆེན་བདུན་ལས་བྱས། །དེ་བཞིན་གཤེགས་ པ་ཡོན་ཏན་མཐའ་སྟོབས་ཀྱི། །སྐྱེ་བའི་ཡུལ་ནི་ལེགས་པར་སྐྱེས་ཞེས་བྱ། །རིགས་ནི་བྲམ་ཟེ་ཁྱད་པར་འཕགས་པའི་འོད། །དཔག་ཚད་བདུན་ཅུ་ཡབ་ནི་ལེགས་བརྩེགས་ [380B] ༑ཡོན་ཏན་འོད་འཕྲོ་རྒྱལ་ཡུམ་ཡོན་ཏན་མཆོག་སྲས་ཡིན་ཡོན་ཏན་གཙོ་བོ་རིམ་གྲོ་པ། །ཡོན་ཏན་ཁ་ལོ་སྒྱུར་བ་མཁས་པ་སྟེ། །ཡོན་ཏན་དབང་པོ་གསལ་ནི་རྫུ་འཕྲུལ་ ཅན༑ ༑འདུས་པ་ལན་གྲངས་བདུན་ཅུ་དྲུག་ཀུན་ལའང། །དགྲ་བཅོམ་ཐམས་ཅད་ཆགས་མེད་གནས་པོ་པོ། །བྱེ་བ་ཕྲག་ནི་དགུ་བཅུ་བཞི་བཞི་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་ སུམ་སྟོང་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་བདུན་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་ བདུན་པ་ཏོག་མཆོག་བླ་བྲེར་ལྡན། །དེ་བཞིན་གཤེགས་པ་ལྷ་ཡི་དབང་པོ་ཡི། །སྐྱེ་བའི་ཡུལ་ནི་དབང་པོས་བརྒྱན་ཞེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། ། དཔག་ཚད་བཅུ་ཡོད་ཡབ་ནི་དབང་ཆེན་ཡིན། །དགེ་དབང་བློ་གྲོས་རྒྱལ་ཡུམ་སྲས་པོ་དེ། །ཚིག་ལེན་ནོར་ཀུན་བཟང་པོའི་རིམ་གྲོ་པ་།དབང་པོ་རྒྱལ་མཚན་ཏོག་གི་བློ་ཅད་ཏེ། ། བག་ཡོད་རྣམ་པར་གྲགས་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་གཉིས་ཀུན་ལའང། །འཆིང་དང་འདྲ་བ་འདོང་བར་བྱེད་པ་པོ། །བྱེ་བ་ཕྲག་ནི་ཉི་ཤུ་བཞི་བཞི་ཡོད། ། མི་ཚེ་ལོ་གྲངས་ཉི་ཁྲི་སུམ་སྟོང་ཡིན། །འཇིག་རྟེན་མཁྱེན་པ་མྱ་ངན་འདས་ནས་ཀྱང། །དམ་ཆོས་ལོ་གྲངས་སུམ་ཁྲི་དྲུག་སྟོང་གནས། །མཆོད་རྟེན་དཔག་ཚད་བརྒྱད་པ་འབྱུང་ [381A]༄༅། །འགྱུར་ཏེ། །རིན་ཆེན་བརྒྱ་ཡི་དྲ་བས་རྣམ་པར་སྤྲས་།མི་ཡི་འདྲེན་པ་དབྱངས་དག་སྙན་པ་ཡི། །སྐྱེ་བའི་ཡུལ་ནི་དབྱངས་ཀྱི་ཡན་ལག་ཡིན། ། རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་ཡབ་ནི་དབྱངས་སྙན་ཡིན། །གདངས་སྙན་མ་ནི་རྒྱལ་ཡུམ་སྲས་པོ་ནི། །མཆོག་མ་ཤིན་ཏུ་རྒྱལ་དཀའ་ རིམ་གྲོ་པ། །ཡོན་ཏན་གྲགས་པའི་དབང་ཕྱུག་བློ་ཅན་ཏེ། །འཇིག་རྟེན་དག་གིས་མི་འཇིགས་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བདུན་ཅུ་དྲུག་ཀུན་ལའང། །རིགས་ ཀྱི་འོད་ལྡན་ལུང་ནི་མཚུངས་པ་པོ། །བྱེ་བ་ཕྲག་ནི་དགུ་བཅུ་དགུ་དགུ་ཡོད། །མི་ཚེ་ལོ་གྲངས་དག་ནི་དྲུག་ཁྲི་ཡིན། །དངོས་པོ་མེད་པར་ཕྱིན་པའི་དམ་ཆོས་དག་ལོ་གྲངས་ བདུན་ཁྲིའི་བར་དུ་གནས་པར་འགྱུར། །མི་མཆོག་མྱ་ངན་འདས་ནས་སྐུ་གདུང་ནི། །མཆོད་རྟེན་དཔག་ཚད་སུམ་ཅུ་པ་གཅིག་འབྱུང། །དེ་བཞིན་གཤེགས་པ་ངོས་བཟང་ སྐྱེ་བ་ཡི༑ ༑ཡུལ་ནི་གཟི་བརྗིད་སྣང་བར་བྱེད་ཅེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་རྩ་གཉིས་ཡབ་ནི་ལྷ་བཟང་ཡིན། །རིལ་བ་སྟོབས་བརྟན་རྒྱལ་ ཡུམ་སྲས་པོ་ནི། །དཀའ་ཐུབ་ཆེན་པོ་མཐོང་ལྡན་རིམ་གྲོ་པ་།ཕྱོགས་རྣམས་རྣམ་པར་ལྟ་བ་མཁས་པ་སྟེ། །འཇིག་རྟེན་སྒྲོན་མ་འབྱིན་པ་རྫུ་འཕྲུལ་ཅན། །འདུས་པ་ལན་ [381B] །དྲེ་བ་སྲང་དྲི་མེད་ཐེར་འབུམ་ཐེར་འབུམ་ཡོད། །མི་རྣམས་དག་གི་ཚེའི་ཚད་དག་ཀྱང། །ལོ་གྲངས་བདུན་ཁྲི་སུམ་སྟོང་ཐམ་པ་ཡིན། །ཡོངས་ སུ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་བདུན་ཁྲི་ཚད་པའི་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །ལྷ་མི་དག་གིས་བསྟོད་ཅིང་མཆོད་པར་འགྱུར། ། མི་ཡི་འདྲེན་པ་དོན་ལ་གནས་པ་ཡི། །སྐྱེ་ཡུལ་དོན་སྟོན་བློ་གྲོས་ཞེས་ཀྱང་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད་།དཔག་ཚད་ལྔ་ཡོད་ཡབ་ནི་དོན་བྱས་ཡིན། ། དོན་སྒྲ་ཞེས་ནི་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་མཆོག་མ་འགྲོས་ལྷན་རིམ་གྲོ་པ། །འགྲོ་དོན་སྐྱོང་ཞེས་བྱ་བ་མཁས་པ་སྟེ། །འཇིག་རྟེན་སྒྲོན་མ་འབྱིན་པ་རྫུ་འཕྲུལ་ཅན། །འདུས་ པ་ལན་གྲངས་སུམ་ཅུ་དྲུག་ཀུན་ལའང། །དགྲ་བཅོམ་དང་མི་འཛིན་པ་སྡིག་སྦྱངས་པ། །ལེགས་གནས་དེ་དག་ཐེར་འབུམ་ཐེར་འབུམ་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་ ཉིས་སྟོང་ཡིན། །རྒྱལ་བ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་སུམ་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་ འབུམ་ཕྲག་སྙེད་ཀྱིས་བརྒྱན་པར་འགྱུར། །དེ་བཞིན་གཤེགས་པ་ཡོན་ཏན་གཟི་བརྗིད་དཔལ། །སྐྱེ་ཡུལ་ཡོན་ཏན་ཐམས་ཅད་འབྱུང་ཞེས་བྱ་།རིགས་ནི་རྒྱལ་རིགས་ [382A]༄༅། །ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་རྩ་བཞི་ཡབ་ནི་གཟུགས་བཟང་ཡིན། །གཟི་བརྗིད་འོད་ནི་རྒྱལ་ཡུམ་སྲས་པོ་ནི། །གཟི་བྱིན་ཡོན་ཏན་གཟི་བརྗིད་ རིམ་གྲོ་པ། །ཕྱོགས་མཆོད་པ་ཞེས་བྱ་བ་མཁས་པ་སྟེ། །བདུད་རབ་འཇོམས་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་དྲུག་ཀུན་ལའང། །དགྲ་བཅོམ་བྱེ་བ་ བཅུ་དྲུག་བཅུ་དྲུག་ཡོད། །མི་རྣམས་དག་གི་ཚེ་ཡི་ཚད་དག་ཀྱང་།ལོ་གྲངས་ཉི་ཁྲི་བདུན་སྟོང་ཐམ་པ་ཡིན། །རྒྱལ་བ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་སུམ་ཁྲིའི་ བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །པདྨ་འབུམ་ཕྲག་སྙེད་ཀྱི་བརྒྱན་པར་འགྱུར། །དེ་བཞིན་གཤེགས་པ་མཁྱེན་ལྡན་ཟླ་མེད་ པ༑ ༑སྐྱེ་ཡུལ་ཤེས་ལྡན་སྣང་བར་བྱེད་ཅེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །བདུན་ཅུ་རྩ་གསུམ་མཆོད་སྦྱིན་བཟང་པོ་ཡབ། །ཡེ་ཤེས་ཅན་ནི་རྒྱལ་ ཡུམ་ཤེས་ལྡན་བྱིན། །སྲས་ཡིན་ལེགས་པའི་མཆོད་སྦྱིན་རིམ་གྲོ་པ་།ཡེ་ཤེས་དབང་ཕྱུག་ཅེས་བྱ་མཁས་པ་སྟེ། །ཆགས་མེད་རྣམ་པར་གྲོལ་བ་རྫུ་འཕྲུལ་ཅན། ། འདུས་པ་ལན་གྲངས་ཉི་ཤུ་གཉིས་ཀུན་ལའང། །སྲེད་ཕྱགས་དྲི་མ་ངག་དང་བྲལ་བ་པོ། བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་ཡོད་།མི་ཚེ་ལོ་གྲངས་དག་ནི་སྟོང་ཡང་ [382B] ༑དམ་ཆོས་ལོ་གྲངས་བདུན་ཁྲི་དྲུག་གོ་སྟོང་གནས་།རྒྱལ་བའི་སྐུ་གདུང་མཆོད་རྟེན་དཔག་ཚད་གྲངས། །བཅུ་གསུམ་པ་སྟེ་གཅིག་ཅིག་འབྱུང་འགྱུར་ལ། །གསེར་གྱི་བླ་ བྲེ་བརྒྱ་ཕྲག་སྙེད་ཀྱིས་བརྒྱན། །དེ་བཞིན་གཤེགས་པ་ང་རོ་དཔག་མེད་ཀྱི། །སྐྱེ་བའི་ཡུལ་ནི་རྟ་སྐད་དབྱངས་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ ཚད་ཉི་ཤུ་ཡབ་ནི་དབྱངས་སྙན་ཡིན། །ཤེས་ལྡན་དབྱངས་ནི་ཡུམ་ཡིན་སྲས་པོ་ནི། །བྱེ་བརྒྱད་པ་ཡིན་སྙན་ལྡན་རིམ་གྲོ་པ། །གདངས་སྙན་པ་ཞེས་བྱ་བ་མཁས་པ་སྟེ། ། བདུད་རྣམས་རྣམ་པར་འཇིག་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལའང། །ཐུབ་པའི་དགྲ་བཅོམ་ཡེ་ཤེས་མཆོད་ལྡན་པ་།ཐེར་འབུམ་ཐེར་འབུམ་ དག་ནི་འདུས་པར་འགྱུར། །མི་ཚེ་ལོ་གྲངས་དགུ་ཁྲི་བཞི་སྟོང་ཡིན་།ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་དགུ་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་ སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་སྟོང་ཕྲག་སྙེད་ཀྱིས་ཀུན་ཏུ་གང། །སྐྱེས་བུ་དམ་པ་འོད་བཟང་སྐྱེ་བ་ཡི། །ཡུལ་ནི་འོད་ཀྱིས་ལེགས་པར་བརྒྱན་ཞེས་བྱ། །རིགས་ ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་རྩ་གཉིས་ཡབ་ནི་མཐུ་ལྡན་ཡིན། །གཟི་བརྗིད་ཆེན་མོ་ཅན་ནི་རྒྱལ་བའི་ཡུམ། །སྲས་པོ་ཚངས་སྦྱིན་ཡུལ་ས་རིམ་གྲོ་པ། །ཉི་ [383A]༄༅། །མའི་འོད་ཅེས་བྱ་བ་མཁས་པ་སྟེ། །འཇིགས་པ་མེད་པའི་བློ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བདུན་ཅུ་ཀུན་ལའང་།ཚངས་ པར་སེམས་བཟང་ལྷ་ཡིས་མཆོད་འགྱུར་བ། །བྱེ་བ་ཕྲག་ནི་ཤུ་བཞི་བཞི་ཡོད། །མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག་ ལོ་གྲངས་ཉི་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །འཇིག་རྟེན་ཕན་ཕྱིར་རྒྱལ་བར་རྣམ་པར་བཀང། །འཇིག་རྟེན་མཆོག་མ་ཤིན་ཏུ་ ཐུགས་གཞུངས་པའི། །སྐྱེ་བའི་ཡུལ་ནི་བྱང་ཆུབ་ཚོགས་ཞེས་བྱ་།རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་དགུ་ཡོད་ཡབ་ནི་གསལ་བ་ཡིན། །གཟི་བརྗིད་ འོད་ལྡན་མ་ནི་རྒྱལ་བའི་ཡུམ། །སྲས་པོ་ཡུལ་དུ་ལེགས་མཐོང་རིམ་གྲོ་པ། །མི་སྙོམས་ཏོག་ནི་བློ་གྲོས་ཅན་ཡིན་ཏེ། །འཇིགས་པ་མེད་པའི་བློ་ནི་རྫུ་འཕྲུལ་ཅན། ། འདུས་པ་ལན་གྲངས་ཉི་ཤུ་ཀུན་ལའང། །ཐམས་ཅད་ཟང་ཟིང་མེད་པའི་ཆོས་སྦྱིན་བྱེ། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་ཡོད་།མི་ཚེ་ལོ་གྲངས་ཉི་ཁྲི་ཉིས་སྟོང་ ཡིན༑ ༑དམ་ཆོས་ལོ་གྲངས་བདུན་ཁྲི་དྲུག་སྟོང་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །འཕང་སྲིད་དུ་ནི་དཔག་ཚད་བཞི་འཕགས་ལ། །གསེར་གྱི་རྒྱན་ [383B] །དེ་བཞིན་གཤེགས་པ་དོན་དགོངས་གཏི་མུག་བྲལ། །སྐྱེ་ཡུལ་རྣམ་པར་གྲོལ་བ་མཆོག་ཅེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། ། སུམ་ཅུ་རྩ་གསུམ་ཡབ་ནི་ལེགས་བཟང་ཡིན། །བཟང་བྱེད་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་བཟང་ལྡན་ཟླ་ལེགས་རིམ་གྲོ་པ། །ཡོན་ཏན་གྲགས་པར་བྱེད་པ་བློ་ཅན་ ཏེ༑ ༑འཇིག་རྟེན་རྣམ་པར་སྣང་བྱེད་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དགུ་བཅུ་གཅིག་ལའང། །ཁུར་བོར་ཕ་རོལ་དག་དུ་ཕྱིན་པ་པོ་།བྱེ་བ་ཕྲག་ནི་དགུ་བཅུ་དགུ་ དགུ་ཡོད། །མི་ཚེ་ལོ་གྲངས་དགུ་ཁྲི་གཅིག་སྟོང་ཡིན། །མྱ་ངན་འདས་པ་དེ་ཡི་དམ་ཆོས་དག། ལོ་གྲངས་བདུན་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་ མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་ལྔ་པ་ཀུན་ནས་ལེགས་པར་སྤྲས། །སངས་རྒྱས་དབྱངས་ཀྱི་ཡན་ལག་ཁྱད་འཕགས་ཀྱི། །སྐྱེ་ཡུལ་ཁྱད་འཕགས་སྣང་བར་ བྱེད་ཅེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །བདུན་ཅུ་རྩ་གཉིས་ཡབ་ནི་ང་རོ་མཆོག་གདང་མཆོག་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ཁ་སྒྱུར་ ཡིད་འཐད་རིམ་གྲོ་པ། །རབ་ཏུ་ཞི་བའི་ང་རོ་མཁས་པ་སྟེ་།དབྱངས་ཀྱི་ཡན་ལག་ཁྱད་འཕགས་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ཉི་ཤུ་དྲུག་ཀུན་ལའང། །ལྟ་ [384A]༄༅། །བ་གསལ་བ་གཏི་མུག་མེད་གྱུར་པ། །བྱེ་བ་ཕྲག་ནི་ཉི་ཤུ་རེ་རེ་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་བཞི་སྟོང་ཡིན། །མྱ་ངན་འདས་པ་དེ་ཡི་དམ་ཆོས་ དག་ལོ་གྲངས་བདུན་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་བརྒྱད་པ་གསེར་གྱིས་མཛེས་པར་བྱས། །རྒྱལ་བ་ མཆོག་ཏུ་མཛེས་པོར་གཤེགས་པ་ཡི། །སྐྱེ་བའི་ཡུལ་ནི་འཇིག་རྟེན་བསྔགས་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་ཡབ་ནི་ལྷ་ བཟང་ཡིན། །ཆོས་ཀྱི་དབང་ཕྱུག་མ་ནི་རྒྱལ་བའི་ཡུམ། །སྲས་པོ་མཐར་བྱེད་རྣམ་ཐར་རིམ་གྲོ་པ། །ཡོན་ཏན་མཆོད་རྟེན་ཞེས་བྱ་མཁས་པ་སྟེ། །རྣམ་གྲོལ་གསལ་ ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ཉི་ཤུ་གསུམ་ཀུན་ལའང། །དགྲ་བཅོམ་ཟླ་བ་ཉིད་དང་འདྲ་བ་པོ། །དེ་དག་ཐེར་འབུམ་ཕྲག་ནི་གསུམ་གསུམ་ཡོད། ། མི་ཚེ་ལོ་གྲངས་ཉི་ཁྲི་བཞི་སྟོང་ཡིན། །མྱ་ངན་འདས་ནས་དམ་པའི་ཆོས་དག་ཀྱང། །ལོ་གྲངས་ཉི་ཁྲི་དྲུག་སྟོང་བར་དུ་གནས་།རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ ཡིན་ཏེ༑ ༑གསེར་གྱི་བླ་རེ་རྒྱལ་མཚན་དག་གིས་བསྐོར། །འཇིག་རྟེན་མཆོག་མ་ཞི་འདོན་སྐྱེ་བའི་ཡུལ། །རྣམ་པར་གདོན་མི་ཟ་བའི་དོན་ཞེས་བྱ། །རྒྱལ་བའི་རིགས་ནི་ [384B] །དཔག་ཚད་བཅུ་ཡོད་བཟི་བརྗིད་བཟང་པོ་ཡབ། །གཟི་བརྗིད་འོད་ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་སྟོན་བྱེད་ཡུལ་བཟངས་རིམ་གྲོ་པ། །ཕྱོགས་ མཆོད་པ་ཞེས་བྱ་བ་མཁས་པ་སྟེ། །ཡོན་ཏན་ཀུན་གྱི་མཆོག་མ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་དེ་ཀུན་ལ་ཡང། །མི་ཁོམ་སྲེད་པའི་དྲ་བ་གཅོད་པ་པོ། །དེ་ དག་བྱེ་ཕྲག་བཅུ་བཞི་བཅུ་བཞི་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་བཞི་སྟོང་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་ཉི་ཁྲི་བཞི་སྟོང་བར་དུ་གནས། །རྒྱལ་ བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །སྟོང་གསུམ་འབྲོ་བ་ཐམས་ཅད་དབང་དུ་མཛད། །ཆོས་བྱིང་དབང་ཕྱུག་སྐྱོན་མེད་སྐྱེ་བ་ཡི་།ཡུལ་ནི་སྐྱོན་རྣམས་རབ་ཏུ་སེལ་ཞེས་ བྱ༑ ༑རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །སུམ་ཅུ་རྩ་གཉིས་ཡབ་ནི་རྒྱ་ཆེན་ཡིན། །ལྷ་མཆོག་མ་ཞེས་བྱ་བ་རྒྱལ་བའི་ཡུམ་།སྲས་པོ་ཁ་སྒྱུར་མཐུ་རྩལ་ རིམ་གྲོ་པ། །ཡོན་ཏན་མཆོད་རྟེན་ཞེས་བྱ་མཁས་པ་སྟེ། །བསམ་གཏན་པ་ཡིས་བསྔགས་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བདུན་ཅུ་དྲུག་ཀུན་ལའང། །མཚོ་ ལྟར་གང་བ་དེ་དང་མཚུངས་པ་པོ། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་ཉིས་སྟོང་ཡིན། །རྒོལ་བ་ཚར་གཅོད་པ་ཡི་དམ་ཆོས་དག་ལོ་གྲངས་ [385A]༄༅། །དགུ་ཁྲི་ཉིས་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་གཅིག་པ་བླ་རེ་སྟོང་དང་ལྡན། །བདེ་བར་ གཤེགས་པ་བློ་དབྱངས་དགའ་བ་ཡི། །སྐྱེ་ཡུལ་དགེ་བ་སྣང་བར་བྱེད་ཅེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་བཅུ་ཡོད་ཡབ་ནི་བློ་བཟང་ ཡིན༑ ༑དགེ་འོད་མ་ནི་རྒྱལ་ཡུམ་སྲས་པོ་ནི། །གཟུངས་ཀྱི་དབང་ཕྱུག་རྒྱལ་བའི་རིམ་གྲོ་པ། །ཕྱོགས་མཆོད་པ་ཞེས་བྱ་བ་མཁས་པ་སྟེ་།འཇིག་རྟེན་སྣང་བར་བྱེད་པ་ རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་།ཐམས་ཅད་ཆགས་མེད་གྱུར་པ་བསམ་གཏན་པ། །བྱེ་བ་ཕྲག་ནི་ཉི་ཤུ་བཞི་བཞི་ཡོད། །མི་ཚེ་ལོ་ གྲངས་ཉི་ཁྲི་ཉིས་སྟོང་ཡིན། །སྣང་བ་མེད་པར་ཕྱིན་པའི་དམ་ཆོས་དག་ལོ་གྲངས་ཉི་ཁྲི་བཞི་སྟོང་བར་དུ་གནས། །འགྲོ་བའི་དོན་དུ་རྒྱལ་བའི་སྐུ་གདུང་དག། འཇིག་ རྟེན་གསུམ་ཀུན་རྒྱས་ཤིང་གང་བར་འགྱུར། །རྡུལ་དང་བྲལ་བའི་པདྨའི་མཛོད་སྐྱེ་བའི། །ཡུལ་ནི་པདྨའི་ཕུང་པོ་ཞེས་ཀྱང་བྱ་།རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ ཚད༑ ༑བདུན་ཅུ་རྩ་དྲུག་ཡབ་ནི་པདྨ་བཟང། །པད་དཔལ་མ་ནི་རྒྱལ་ཡུམ་སྲས་པོ་ནི། །སྙིང་རྗེ་ཆེན་པོ་ཏོག་ནི་རིམ་གྲོ་པ། །ཡོན་ཏན་མེ་ཏོག་འཛིན་པ་བློ་ཅན་ཏེ། །མཆོག་ [385B] །འདུས་པ་ལན་གྲངས་བཅུ་གསུམ་ཀུན་ལ་ཡང། །ཆ་གཉིས་དག་ལས་རྣམ་གྲོལ་དགྲ་བཅོམ་མཆོག་།བྱེ་བ་ཕྲག་ནི་ཉི་ཤུ་བཞི་བཞི་ཡོད། ། མི་ཚེ་ལོ་གྲངས་ཁྲི་དྲུག་སྟོང་ཡིན། །དམ་ཆོས་ལོ་གྲངས་ཉི་ཁྲི་བཞི་སྟོང་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་བྱེ་བ་སྟོང་ཕྲག་བཅུ་དྲུག་སྟེ། །མཆོད་ རྟེན་དེ་ཀུན་རིན་ཆེན་བདུན་ལ་བྱས། །འཇིག་རྟེན་མཆོད་མ་འོད་ཟེར་བཟང་པོ་ཡི། །སྐྱེ་ལུ་ལེ་འོད་ཟེར་སྣང་བར་བྱེད་ཅེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། ། ཉི་ཤུ་རྩ་བཞི་འོད་ཟེར་ཆེན་པོ་ཡབ། །དགའ་བ་གྲགས་འཛིན་མ་ནི་རྒྱལ་བའི་ཡུམ། །སྲས་པོ་པདྨ་ལེགས་མཐོང་རིམ་གྲོ་པ། །ཆགས་པ་མེད་པའི་སྒྲ་ནི་བློ་ཅན་ཏེ། །གླེང་ བའི་ང་རོ་ཞེས་བྱ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ཉི་ཤུ་ཀུན་ལ་ཡང། །མེ་འོད་འཕྲོ་བ་ལྟར་ནི་ཆགས་མེད་པ། །བྱེ་བ་ཕྲག་ནི་སུམ་ཅུ་གཉིས་གཉིས་ཡོད། །མི་ཚེ་ ལོ་གྲངས་ཉི་ཁྲི་བཞི་སྟོང་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་ཉི་ཁྲི་ལྔ་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། ། དཔག་ཚད་བརྒྱ་པ་གསེར་གྱི་འོད་དང་ལྡན། །དེ་བཞིན་གཤེགས་པ་སྤོབས་པའི་མདོག་དག་གི་སྐྱེ་བའི་ཡུལ་ནི་སྤོབས་པའི་མདོག་ཅེས་བྱ་།རྒྱལ་བ་དེ་ཡི་རིགས་ [386A]༄༅། །ནི་བྲམ་ཟེ་ཡིན། །འོད་ནི་མཐའ་ཡས་བདག་ཉིད་ཆེན་པོ་ཡབ། །འོད་ཀྱི་ཁ་དོག་ཅན་ནི་རྒྱལ་བའི་ཡུམ། །རིན་ཆེན་མཆོག་སྲས་ཤེས་ལྡན་རིམ་ གྲོ་པ༑ ༑སྤོབས་པའི་དབྱངས་ནི་བློ་གྲོས་ཅན་ཡིན་ཏེ། །ཤེས་རབ་རྣམ་པར་འཕྲུལ་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང། །ཆགས་དང་ བྲལ་བར་གྱུར་པ་བསམ་གཏན་པ། །བྱེ་བ་ཕྲག་ནི་སུམ་ཅུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་བཞི་སྟོང་ཡིན། །ཡོན་ཏན་མངོན་དགྱེས་པ་ཡི་དམ་ཆོས་ དག་ལོ་གྲངས་ཉིས་ཁྲི་ཉིས་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་བྱེ་བ་སྟོང་ཕྲག་དྲུག་ཅུ་འབྱུང། །མི་ཡི་འདྲེན་པ་སྟེགས་ནི་བཟང་ པོ་ཡི༑ ༑སྐྱེ་ཡུལ་འཕགས་པ་དང་བར་བྱེད་ཅེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་རྩ་གསུམ་ཡབ་ནི་དོན་ཆེན་ཡིན་།བདུད་རྩིའི་ང་རོ་ཞེས་བྱ་རྒྱལ་ བའི་ཡུམ། །སྲས་པོ་ཞི་བ་ཉེར་ཞི་རིམ་གྲོ་པ། །ཡོན་ཏན་ཚོགས་ཞེས་བྱ་བ་མཁས་པ་སྟེ། །མཐུ་རྩལ་མཐའ་ཡས་བ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ སུམ་ཅུ་དྲུག་ཀུན་ལའང། །འཇིག་རྟེན་བདེ་དང་ཕན་ཕྱིར་གནས་པ་པོ། །བྱེ་བ་ཕྲག་ནི་ཉི་ཤུ་བཞི་བཞི་ཡོད། །མི་ཚེ་ལོ་གྲངས་སུམ་ཁྲི་ཉིས་སྟོང་ཡིན། །དམ་ཆོས་ [386B] །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ལ། །དཔག་ཚད་བཅུ་གསུམ་པ་སྟེ་གསེར་གྱིས་སྤྲས། །རྒྱལ་མཚན་བྱེ་བ་སྟོང་ གིས་མཛེས་པར་བྱས། །ཡོན་ཏན་རྒྱ་མཚོ་ཆོགས་ཀྱི་དབང་པོ་ཡི་།སྐྱེ་བའི་ཡུལ་ནི་དབང་པོས་བརྒྱན་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་རྩ་ གཅིག་དགའ་བའི་དབང་པོ་ཡབ། །ཚོགས་ཅན་སྤོའི་ནི་རྒྱལ་ཡུམ་སྲས་པོ་ནི། །འཕགས་པ་དད་བྱེད་ངེས་པ་རིམ་གྲོ་པ། །ཐར་པ་དགའ་ཞེས་བྱ་བ་མཁས་པ་སྟེ། །བདེན་ལ་ དད་པར་བྱེད་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བཅུ་དྲུག་ཀུན་ལ་ཡང། །མི་སློབ་འབྲས་བུ་དག་ནི་ཐོབ་པ་པོ། །འབུམ་ཕྲག་ཉི་ཤུ་བཞི་བཞི་འདུས་པར་འགྱུར། །མི་ ཚེ་ལོ་གྲངས་སྟོང་ཕྲག་བཅོ་བརྒྱད་ཡིན། །དམ་ཆོས་ལོ་གྲངས་སྟོང་ཕྲག་བཅོ་བརྒྱད་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་དགུ་པ་མུ་ཏིག་ བླ་བྲེར་ལྡན། །གསེར་གྱི་རྒྱལ་མཚན་སྟོང་གིས་འཁོར་བར་བསྐོར་།དེ་བཞིན་གཤེགས་པ་བསྙེངས་དང་བྲལ་བ་ཡི། །སྐྱེ་བའི་ཡུལ་ནི་མ་འཇིགས་སྦྱིན་ཞེས་བྱ། ། རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་ཅུ་དྲུག་ཡབ་ནི་སྐྲག་མེད་ཡིན། །ཀླུ་འོད་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་དགའ་བྱེད་མཐུ་རྩལ་རིམ་གྲོ་པ། ། [387A]༄༅། །གནོད་མེད་པ་ཞེས་བྱ་བ་མཁས་པ་སྟེ། །འཇིགས་པ་མེད་པའི་མཆོད་རྟེན་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བདུན་ཅུ་དྲུག་ཀུན་ ལའང། །ཆ་གཉིས་དག་ལ་རྣམ་གྲོལ་མི་སློབ་པ། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་ཞི་སྟོང་ཡིན། །མྱ་ངན་འདས་པ་དེ་ ཡི་དམ་ཆོས་དག་ལོ་གྲངས་སྟོང་ཕྲག་བཅུ་བཞིའི་བར་དུ་གནས་།རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །འཇིག་རྟེན་ཁམས་རྣམས་ཐམས་ཅད་གང་ བར་འགྱུར། །བདེ་བར་གཤེགས་པ་ཡེ་ཤེས་བཞེད་པ་ཡི། །སྐྱེ་ཡུལ་ཡེ་ཤེས་རྣམ་པར་སྒྲོགས་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་ གསུམ་ཡོད་ཡབ་ནི་ལེགས་ཤེས་ལྡན། །ཡེ་ཤེས་ལྷུན་གྲུབ་མ་ནི་རྒྱལ་བའི་ཡུམ། །སྲས་པོ་ཤེས་མཆོག་ནུས་ལྡན་རིམ་གྲོ་པ། །ཡེ་ཤེས་རི་བོ་ཞེས་བྱ་མཁས་པ་ སྟེ༑ ༑ཡེ་ཤེས་མཐོང་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ཉི་ཤུ་གཉིས་ཀུན་ལའང། །པདྨ་ལྟ་བུར་སྲིད་པས་མི་གོས་པ། །བྱེ་བ་ཕྲག་ནི་སུམ་ཅུ་དྲུག་དྲུག་ ཡོད༑ ༑མི་ཚེ་ལོ་གྲངས་སྟོང་ཕྲག་བཅོ་ལྔ་ཡིན། །དམ་ཆོས་ལོ་གྲངས་དྲུག་ཁྲི་དྲུག་སྟོང་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་ [387B] །རྣ་རྒྱན་དག་གིས་མཛེས་བྱས་གསེར་གྱི་སྤྲས། །དེ་བཞིན་གཤེགས་པ་སྤོབས་པའི་སྤྱན་དག་གི་།སྐྱེ་བའི་ཡུལ་ནི་འཇིག་རྟེན་ མཐོང་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །སུམ་ཅུ་རྩ་གསུམ་ཡབ་ནི་སྤྱན་ལེགས་ཡིན། །མིག་སྡུག་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ གཉེན་པོ་བློ་ཆེན་རིམ་གྲོ་པ། །སྤོབས་པའི་སྙིང་སྟོབས་བློ་གྲོས་ཅན་ཡིན་ཏེ། །རྣམ་པར་གྲོལ་བར་གནས་བརྫུ་འཕྲུལ་ཅན། །འདུས་བདག་ནི་ལ་ནི་གྲངས་དྲུག་ཅུ་སྟེ། ། འབྲས་བུའི་མཆོག་མ་དགྲ་བཅོམ་ཐོབ་པ་པོ། །འབུམ་ཕྲག་ཉི་ཤུ་རྩ་ནི་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས། །དག་ནི་སུམ་སྟོང་ཡིན། །འཇིག་རྟེན་ཕན་ཕྱིར་དམ་ པའི་ཆོས་དག་ཀྱང། །མྱ་ངན་འདས་ནས་ལོ་སྟོང་བར་དུ་གནས་།རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་བྱེ་བ་སྟོང་དུ་འཆང་བར་འགྱུར། ། དེ་བཞིན་གཤེགས་པ་བློ་ཡི་མཆོག་མ་ཡི། །སྐྱེ་བའི་ཡུལ་ནི་བློ་ཡི་ཚོགས་ཞེས་བྱ། །རྒྱལ་བའི་རིགས་ནི་རྒྱས་རིགས་འོད་ཀྱི་ཚད་།དཔག་ཚད་དགུ་ཡོད་ཡབ་ནི་ བློ་བཟངས་ཡིན། །འོད་འཕྲོ་བ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ཆོས་ལྡན་ཆོས་བཟང་རིམ་གྲོ་པ། །སྤོབས་པའི་བློ་ནི་བློ་གྲོས་ཅན་ཡིན་ཏེ། །ལེགས་པ་བསགས་པའི་ [388A]༄༅། །བློ་ནི་རྫུ་འཕྲུལ་ཅན། །དྲི་གསུམ་དྲི་མ་ཤིན་ཏུ་དྲི་མེད་པ། །དགྲ་བཅོམ་བསམ་གཏན་པ་ནི་ཐེར་འབུམ་སྙེད། །དེ་དག་ཐམས་ཅད་ལྷ་ མི་ཕན་ཕྱིར་འདུས། །མི་ཚེ་ལོ་གྲངས་དགུ་ཁྲི་བརྒྱད་སྟོང་ཡིན་།མྱ་ངན་འདས་ནས་དེ་ཡི་མཆོག་ཆོས་དག། །ལོ་གྲངས་ཉི་ཁྲི་དྲུག་སྟོང་བར་དུ་གནས། །རྒྱལ་བའི་ སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་བརྒྱད་པའི་འཁོར་ཡུག་བླ་བྲེར་ལྡན། །ཆོས་ཀྱི་དབང་ཕྱུག་ཟླ་བ་སྐྱེ་བ་ཡི། །ཡུལ་ནི་ཟླ་བ་སྣང་བར་བྱེད་ཅེས་བྱ། ། རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་རྩ་གཉིས་ཡབ་ནི་མིག་བཟང་ཡིན། །ཟླ་བཞིན་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ཞི་ལྡན་ལྷ་དབང་རིག་གྲོ་ པ༑ ༑མཆོད་རྟེན་ཆེན་པོ་ཞེས་བྱ་མཁས་པ་སྟེ། །འཇིག་རྟེན་བསྔགས་ཤེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ཉི་ཤུ་གཉིས་ཀུན་ལའང། །དགྲ་བཅོམ་ ཐམས་ཅད་ཟང་ཟིང་མེད་པ་པོ། །བྱེ་བ་ཕྲག་ནི་ཉི་ཤུ་རེ་རེ་ཡོད། །མི་ཚེ་ལོ་གྲངས་བརྒྱད་ཁྲི་དགུ་སྟོང་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་ ཉི་ཁྲིའི་བར་དུ་གནས་པར་འགྱུར། །ཐུགས་རྗེ་ཆེན་པོའི་རྒྱལ་བའི་སྐུ་གདུང་དག་ཞིང་རྣམས་དག་ཏུ་རྒྱས་ཤིང་གང་བར་འགྱུར། །དེ་བཞིན་གཤེགས་པ་རིན་ [388B] །སྐྱེ་བའི་ཡུལ་ནི་བློ་གྲོས་ཏོག་ཅེས་བྱ་།རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་རྩ་གསུམ་ཡབ་ནི་འོད་ལྡན་ཡིན། །ལྷ་མཆོད་མ་ཞེས་ བྱ་བ་རྒྱལ་བའི་ཡུམ། །སྲས་པོ་མཐའ་ཡས་བཞིན་སྡུག་རིམ་གྲོ་པ་།སྣང་བྱེད་ཅེས་བྱ་བློ་གྲོས་ཅན་ཡིན་ཏེ། །འཕགས་པ་གཞོལ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ ལན་གྲངས་ཉི་ཤུ་བཞི་ཀུན་ལའང། །གཏི་མུག་མེད་བྱུང་བཞི་བའི་བསམ་གཏན་པ། །བྱེ་བ་ཕྲག་ནི་ཁྲི་ཕྲག་གཉིས་གཉིས་ཡོད། །མི་ཚེ་ལོ་གྲང་ཉིས་ཁྲི་ལྔ་སྟོང་ཡིན། ། མགོན་པོ་མཆོག་མ་མྱ་ངན་འདས་ནས་ཀྱང། །དམ་ཆོས་ལོ་གྲངས་བདུན་ཁྲི་དྲུག་སྟོང་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་བ་བརྒྱ་པ་ཁོར་ ཡུག་བླ་བྲིར་ལྡན། །འཇིག་རྟེན་མགོན་པོ་བསྙེངས་པ་མེད་པ་ཡི་།སྐྱེ་བའི་ཡུལ་ནི་ཡེ་ཤེས་ཚོགས་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །བདུན་ཅུ་ རྩ་གཉིས་ཡབ་ནི་མཐུ་ལྡན་ཡིན། །འགྲོ་བས་མཆོད་ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་བྱམས་ལྡན་སྐྱོན་མེད་རིམ་གྲོ་པ། །ཡོན་ཏན་མཐུ་རྩལ་ཞེས་བྱ་མཁས་པ་སྟེ། ། འཇིགས་པ་མེད་པའི་བློ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང། །བདུད་ཀྱི་དཔུང་དག་དཔུང་མེད་བྱེད་པ་པོ་།བྱེ་བ་ཕྲག་ནི་ཁྲི་དྲུག་བཅུ་བཅུ་ [389A]༄༅། །ཡོད༑ ༑མི་ཚེ་ལོ་གྲངས་དགུ་ཁྲི་དགུ་སྟོང་ཡིན། །རྒྱལ་བའི་དམ་ཆོས་ལོ་གྲངས་སྟོང་ཕྲག་ནི། །དགུ་བཅུ་རྩ་དྲུག་བར་དུ་གནས་པར་འགྱུར། ། ལྷ་མི་དག་ལ་ཕན་ཕྱིར་རྒྱལ་བ་ཡི། །སྐུ་གདུང་རྒྱས་ཤིང་རྣམ་པར་གང་བར་འགྱུར། །དེ་བཞིན་གཤེགས་པ་གཟི་བརྗིད་ཆེན་པོ་ཡི་།རྒྱལ་བའི་ཡུལ་ནི་འཇིག་རྟེན་ལྟ་ ཞེས་བྱ༑ ༑རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །དགུ་བཅུ་རྩ་དགུ་གཟི་བརྗིད་བཟང་པོ་ཡབ། །ཟླ་ལྟ་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་བློ་ལྡན་བློ་བཟང་ རིམ་གྲོག་པ། །ཡེ་ཤེས་འགྲོས་ཞེས་བྱ་བ་མཁས་པ་སྟེ། །ཆོས་ལ་རྣམ་པར་ལྟ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་གཉིས་ཀུན་ལའང། །ཆགས་མེད་ དངོས་པོ་མེད་པར་སོང་བ་པོ། །བྱེ་ཕྲག་གསུམ་ཅུ་གཉིས་གཉིས་ཆང་བར་ཡོད། །མི་ཚེ་ལོ་གྲངས་དག་ནི་དྲུག་ཁྲི་ཡིན། །རྒྱལ་བ་མྱ་ངན་འདས་ནས་དམ་ཆོས་དག་ ལོ་གྲངས་དྲུག་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་དྲུག་པ་གསེར་གྱི་བླ་བྲེར་ལྡན། །དེ་བཞིན་གཤེགས་ པ་ཚངས་པའི་དབྱངས་དག་གི་སྐྱེ་བའི་ཡུལ་ནི་མཆོད་རྟེན་མཆོད་ཅེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །བདུན་ཅུ་རྩ་གཉིས་ཡབ་ནི་ཚངས་བཟང་ [389B] ༑ཆོས་ཀྱི་དབང་ཕྱུག་མ་ནི་རྒྱལ་བའི་ཡུམ། །སྲས་པོ་ཁ་སྒྱུར་ཕམ་མེད་རིམ་གྲོ་པ། །དགྲ་འཇོམས་པ་ཞེས་བྱ་བ་མཁས་པ་སྟེ། །འཇིག་རྟེན་འཇིགས་པ་མེད་པ་རྫུ་འཕྲུལ་ཅན། ། འདུས་པ་ལན་གྲངས་བདུན་ཅུ་གཉིས་ཀུན་ལའང། །སྲིད་གསུམ་རྣམ་གྲོལ་ཡིད་ལྡན་མི་སློབ་པ། །ཐེར་འབུམ་ཐེར་འབུམ་དག་ནི་ཡོད་པར་འགྱུར་།མི་ཚེ་ལོ་གྲངས་བདུན་ཁྲི་ དྲུག་སྟོང་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་བདུན་ཁྲི་ཚང་བར་གནས་པར་འགྱུར། །ལྟ་མི་དག་ལ་ཕན་དང་བདེ་བའི་ཕྱིར། །རྒྱལ་བའི་སྐུ་གདུང་ དག་ནི་རྒྱས་པར་འགྱུར། །འཇིག་རྟེན་མཆོག་མ་དབྱངས་ནི་བཟང་པོ་ཡི། །སྐྱེ་བའི་ཡུལ་ནི་ཡིད་འོད་ལྡན་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །སུམ་ཅུ་རྩ་ གཉིས་ཡབ་ནི་ཚངས་བཟང་ཡིན། །གྲགས་ལྡན་ང་རོ་ཞེས་བྱ་རྒྱལ་བའི་ཡུམ། །སྲས་པོ་ར་བཞི་ལེགས་ཞི་རིམ་གྲོ་པ། །རབ་ཞི་དགའ་ཞེས་བྱ་བ་མཁས་པ་སྟེ། །གསལ་བར་ གནས་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་དྲུག་ཀུན་ལའང། །འཇིག་རྟེན་ཕན་ཕྱིར་གནས་པའི་དགྲ་བཅོམ་པ། །བྱེ་བ་ཕྲག་ནི་སུམ་ཅུ་གཉིས་གཉིས་ ཡོད༑ ༑མི་ཚེ་ལོ་གྲངས་སུམ་ཁྲི་ཉིས་སྟོང་ཡིན། །དམ་ཆོས་ལོ་གྲངས་ཉི་ཁྲི་དྲུག་སྟོང་གནས། །རྒྱལ་བའི་སྐུ་གདུང་ངག་གི་མཆོད་རྟེན་ནི། །དཔག་ཚད་བརྒྱ་པ་གཅིག་ནི་འབྱུང་ [390A]༄༅། །འགྱུར་ཏེ། །རིན་ཆེན་སྟོང་སྙེད་དག་གི་རྣམ་པར་སྤྲས་།རྒྱལ་བ་ཤེས་རབ་ཆེན་པོའི་སྟེགས་དག་གི་སྐྱེ་བའི་ཡུལ་ནི་འཇིག་རྟེན་ཚོགས་ ཞེས་བྱ༑ ༑རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་རྩ་གཉིས་ཡབ་ནི་བློ་གྲོས་ཅན། །ཤེས་རབ་མཆོད་མ་རྒྱལ་ཡུམ་ཤེས་རབ་ཅན། །སྲས་ཡིན་ ཤེས་རབ་བཟང་པོ་རིམ་གྲོ་པ། །ཤེས་རབ་འབྱུང་གནས་ཞེས་བྱ་མཁས་པ་སྟེ། །ཤེས་རབ་སྣང་བར་བྱེད་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བཅུ་སྟེ་ཀུན་ལ་ ཡང། །རྒྱ་མཚོ་ལྟ་བུའི་བློ་དང་ལྡན་པ་པོ། །བྱེ་བ་ཕྲག་ནི་བདུན་ཅུ་བཞི་བཞི་ཡོད། །མི་ཚེ་ལོ་གྲངས་སུམ་ཁྲི་བཞི་སྟོང་ཡིན་།དམ་ཆོས་ལོ་གྲངས་སུམ་ཁྲི་དྲུག་སྟོང་ གནས༑ ༑རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་སུམ་ཅུ་པ་སྟེ་གསེར་ལས་བྱས། །མུ་ཏིག་བླ་རེར་ལྡན་ཞིང་གསེར་གྱིས་བྱིས་སྤྲས། །དེ་བཞིན་ གཤེགས་པ་བློ་གྲོས་ཟླ་མེད་པའི། །སྐྱེ་བའི་ཡུལ་ནི་མཁས་པས་ཆོད་ཅེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་ལྟེ་བ་ བཟང་པོ་ཡབ། །ཡོན་ཏན་མཆོད་རྟེན་ཞེས་བྱ་རྒྱལ་བའི་ཡུམ། །སྲས་པོ་བློ་ལྡན་དྲན་ལྡན་རིམ་གྲོ་པ། །བྱང་ཆུབ་འོད་ཅེས་བྱ་བ་མཁས་པ་སྟེ། །ཡེ་ཤེས་འོད་བྱེད་ [390B] །འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་ཡང། །འཁྲུལ་མེད་ཡོན་ཏན་ཕ་རོལ་ཕྱིན་པ་པོ། །བྱེ་བ་ཕྲག་ནི་བདུན་ཅུ་དྲུག་དྲུག་ཡོད། །མི་ཚེ་ལོ་གྲངས་ བདུན་ཁྲི་ཉིས་སྟོང་ཡིན། །བདེན་པ་གསུངས་པ་མྱ་ངན་འདས་ནས་ཀྱང། །དམ་ཆོས་ལོ་གྲངས་བདུན་ཁྲིར་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ ལ༑ ༑མཆོད་རྟེན་གྲངས་ཐེར་འབུམ་དགུ་བཅུ་འབྱུང། །དེ་བཞིན་གཤེགས་པ་རྡོ་རྗེ་འཁྲིགས་པ་ཡི། །སྐྱེ་ཡུལ་རབ་ཏུ་འདུལ་བར་དཀའ་ཞེས་བྱ། །རྒྱལ་བའི་རིགས་ ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་ཡབ་ནི་དབྱེར་མེད་ཡིན། །མི་ཐུབ་ཐུབ་ནི་རྒྱལ་ཡུམ་བསམ་གཏན་འགྲོ། །སྲས་ཡིན་ཆགས་པ་མེད་པར་རིམ་གྲོ་པ། ། མཐུ་རྩལ་བརྟེན་པོ་ཞེས་བྱ་མཁས་པ་སྟེ། །འགྲོས་མི་འཁྱོལ་ཤེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང། །མཆོག་ཏུ་ཞི་བར་ཕྱིན་པའི་ བསམ་གཏན་པ། །བྱེ་བ་ཕྲག་ནི་བརྒྱད་ཅུ་བཞི་བཞི་ཡི། །མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་བརྒྱད་ ཁྲིའི་བར་དུ་གནས་པར་འགྱུར། །ཀུ་དུང་མཆོད་རྟེན་དཔག་ཚད་ཆེན་བཅུ་གཅིག་པ། །གཅིག་སྟེ་རིན་ཆེན་བརྒྱ་སྙེད་དག་གིས་སྤྲས། །དེ་བཞིན་གཤེགས་པ་བྱང་ཆུབ་ [391A]༄༅། །བློ་གྲོས་ཀྱི། །སྐྱེ་བའི་ཡུལ་ནི་བློ་གྲངས་འཆང་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་རྩ་གཉིས་ཡབ་ནི་ཤེད་བུ་ཡིན། ། སྤོས་ལྡན་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་བློ་ལྡན་བློ་ཆེན་རིམ་གྲོ་པ། །བྱང་ཆུབ་རྒྱལ་མཚན་ཞེས་བྱ་མཁས་པ་སྟེ་།བྱང་ཆུབ་ཚོགས་ཞེས་བྱ་བ་རྫུ་འཕྲུལ་ཅན། ། འདུས་པ་ལན་གྲངས་དགུ་བཅུ་གཉིས་ཀུན་ལའང། །ཁུར་པོར་རྣམ་པར་གྲོལ་བར་ཕྱིན་པ་པོ། །བྱེ་བ་ཕྲག་ནི་དགུ་བཅུ་དགུ་བཅུ་ཡོད། །མི་ཚེ་ལོ་གྲངས་དགུ་ཁྲི་དགུ་ སྟོང་ཡིན། །རྒྱལ་བ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་དགུ་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་ རྟེན་བྱེ་བ་སྟོང་ཕྲག་བརྒྱད་ཅུ་འབྱུང། །མེ་ཡི་མཆོག་མ་ལྗོན་ཤིང་དབང་པོ་ཡི། །སྐྱེ་བའི་ཡུལ་ནི་དབང་པོ་སྣང་ཞེས་བྱ་།རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། ། དཔག་ཚད་བརྒྱ་ཡོད་རྒྱལ་བའི་དབང་པོ་ཡབ། །ཡོན་ཏན་ཚོགས་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་སྐོར་མཁན་ལེགས་སྣང་རིམ་གྲོ་པ་།ཡོན་ཏན་དག་གིས་ བརྒྱན་པ་མཁས་པ་སྟེ། །འཇིགས་པ་མེད་པའི་ཕྲུ་གུ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་ཀུན་ལ་ཡང། །བྱེ་བ་ཕྲག་ནི་བདུན་ཅུ་བཞི་བཞི་དང། །གཞན་ [391B] །མི་ཚེ་ལོ་གྲངས་སུམ་ཁྲི་བཞི་སྟོང་ཡིན། །ཡོན་ཏན་མཐའ་ཡས་པ་ཡི་དམ་ཆོས་དག་ལོ་གྲངས་ཉི་ཁྲི་ཉིས་སྟོང་གནས་ པར་འགྱུར། །ལྷ་མི་དག་ལ་ཕན་ཞིང་པ་དེ་བའི་ཕྱིར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་པར་འགྱུར། །དེ་བཞིན་གཤེགས་པ་གདངས་སྙན་སྐྱེ་བའི་ཡུལ། །ཡིད་དུ་འོང་ བའི་དབྱངས་དང་ལྡན་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བདུན་ཅུ་རབ་ཏུ་དགའ་བ་ཡབ། །མཆོག་མཐོང་མ་ཞེས་བྱ་བ་རྒྱལ་བའི་ཡུམ། ། སྲས་པོ་རྒྱལ་མཆོད་ཆོས་ཅན་རིམ་གྲོ་པ། །བདུད་རྩིའི་ང་རོ་ཞེས་བྱ་མཁས་པ་སྟེ། །འཕགས་པ་བསྔགས་ཞེས་བྱ་བ་རྫུ་འཕྲུལ་ཅན་།འདུས་པ་ལན་གྲངས་བརྒྱད་ཅུ་ ཀུན་ལ་ཡང། །དགྲ་བཅོམ་ཞི་བ་གཏི་མུག་མེད་གྱུར་པ། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་ཡོད། །མི་ཚེ་ལ་གང་ཉི་ཁྲི་ཉིས་སྟོང་ཡིན། །ཆགས་པ་མེད་པར་ཕྱིན་པའི་ དམ་ཆོས་དག་ལོ་གྲངས་ཉི་ཁྲི་ཉིས་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་གི་མཆོད་རྟེན་ནི། །དཔག་ཚད་བདུན་ཅུ་རྩ་བདུན་པ་གཅིག་འབྱུང། །དེ་བཞིན་ གཤེགས་པ་བསོད་ནམས་སྟོབས་དག་གི་སྐྱེ་ཡུལ་བསོད་ནམས་སྣང་བར་བྱེད་ཅེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །བདུན་ཅུ་རྩ་གསུམ་ཡབ་ནི་ [392A]༄༅། །བསོད་ནམས་འོད། །བསོད་ནམས་ཟླ་བ་རྒྱལ་བའི་ཡུམ་ཡང་ཡིན། །སྲས་པོ་བློ་ལྡན་བློ་ཆེན་རིམ་གྲོ་པ། །བློ་ཆེན་འོད་ནི་བློ་གྲོས་ཅན་ཡིན་ ཏེ༑ ༑བློ་གྲོས་རྣམ་པར་གྲོལ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་དྲུག་ཀུན་ལའང། །སྲིད་པའི་ཀུན་ལ་ཆག་བྲལ་བར་ཡིད་ལྡན་པ། །བྱེ་བ་ཕྲག་ནི་དགུ་བཅུ་ བཞི་བཞི་ཡོད། །མི་ཚེ་ལོ་གྲངས་སྟོང་ཕྲག་བཅོ་བརྒྱད་ཡིན་།སངས་རྒྱས་ཡོངས་སུ་མྱ་ངན་འདས་ནས་ཀྱང། །དམ་ཆོས་ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས། ། རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་བྱེ་བ་སྟོང་ཕྲག་བརྒྱད་ཅུ་འབྱུང། །དེ་བཞིན་གཤེགས་པ་མཐུ་ཡི་དཔལ་དག་གི། སྐྱེ་བའི་ཡུལ་ནི་བརྟན་ པར་སྣང་ཞེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་དཔག་ཚད་།དགུ་བཅུ་རྩ་གཉིས་ཡབ་ནི་ལེགས་མཐུ་ཡིན། །ཡོན་ཏན་མཐུ་དག་རྒྱལ་ཡུམ་ཡང་ དག་གནས། །སྲས་ཡིན་གནས་པའི་དབང་པོ་རིམ་གྲོ་པ། །ཡེ་ཤེས་གནས་ཞེས་བྱ་བ་མཁས་པ་སྟེ། །ཐུ་རྩལ་ལགས་པར་གནས་པ་རྫུ་འཕྲུལ་ཅན། །འདུས་ པ་ལན་གྲངས་བརྒྱད་པ་ཅུ་ཀུན་ལ་ཡང། །དག་བཅོམ་ཐམས་ཅད་རྣམ་པར་གྲོལ་གྱུར་པ། །བྱེ་བ་ཕྲག་ནི་དགུ་བཅུ་བཞི་བཞི་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་ཆིག་ [392B] །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་བདུན་ཁྲི་ལྔ་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་ བརྒྱ་པ་གསེར་ལས་བྱས་པ་ཡིན། །དེ་བཞིན་གཤེགས་པ་འཕགས་པ་དགྱེས་པ་ཡི། །སྐྱེ་ཡུལ་དྲང་སྲོང་དད་པར་བྱེད་ཅེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། ། དཔག་ཚད་བརྒྱ་ཡོད་ཡབ་ནི་ལྷ་བཟང་ཡིན། །དགྲ་བཅོམ་མཆོད་ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་མཆོད་པ་མཆོད་ལྡན་རིམ་གྲོ་པ་།འཕགས་པའི་འོད་ཅེས་བྱ་བ་ མཁས་པ་སྟེ། །འཕགས་པ་དད་པར་བྱེད་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་དྲུག་ཀུན་ལའང། །ཉོན་མོངས་གསུམ་གྱི་དྲི་མ་མེད་གྱུར་པ། །དེ་དག་ཐེར་ འབུམ་ཐེར་འབུམ་འདུས་པར་འགྱུར། །མི་ཚེ་ལོ་གྲངས་ཉི་ཁྲི་ཉིས་སྟོང་ཡིན། །མྱ་ངན་འདས་ནས་དམ་པའི་ཆོས་དག་ཀྱང། །ལོ་གྲངས་དགུ་ཁྲིའི་བར་དུ་གནས་པར་ འགྱུར༑ ༑རྒྱལ་བའི་སྐུ་གདུང་བྱིན་གྱིས་བརླབས་ནས་ཀྱང། །འཇིག་རྟེན་སྐུ་གདུང་རྒྱས་ཤིང་གང་བར་འགྱུར། །འཇིག་རྟེན་མགོན་པོ་མཐུ་སྟོབས་སྐྱེ་བ་ཡི། །ཡུལ་ནི་ཡོན་ཏན་ སྣང་བར་བྱེད་ཅེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད་།དཔག་ཚད་བཅུ་ཡོད་ཡབ་ནི་ལྷ་བཟང་ཡིན། །ལྷ་མཆོད་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་སྒྲ་ [393A]༄༅། །ཅན་སྐར་མ་རིམ་གྲོ་པ། །ཡོན་ཏན་དག་གིས་བརྒྱན་པ་མཁས་པ་སྟེ། །འཇིག་རྟེན་འཇིགས་པ་མེད་པ་རྫུ་འཕྲུལ་ཅན། །འདུས་པ་ལན་ གྲངས་བདུན་ཅུ་ཀུན་ལ་ཡང། །རྫུ་འཕྲུལ་རྐང་བཞིས་ཕྲ་རོལ་ཕྱིན་པ་པོ། །བྱེ་བ་ཕྲག་ནི་བདུན་ཅུ་བཞི་བཞི་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་སུམ་སྟོང་ཡིན། །མྱ་ངན་ འདས་པ་དེ་ཡི་དམ་ཆོས་དག་ལོ་གྲངས་བདུན་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་ལྔ་པ་གསེར་གྱི་མགོ་རྒྱན་ ལྡན༑ ༑སངས་རྒྱས་སྐར་མ་ལ་ནི་དགྱེས་པ་ཡི། །སྐྱེ་བའི་ཡུལ་ནི་འོད་འཕྲོ་སྣང་ཞེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་བཅུ་ཡོད་ཡབ་ནི་ ལྷ་བཟང་ཡིན། །མཆོག་མ་ཆོད་མ་ཞེས་བྱ་བ་རྒྱལ་བའི་ཡུམ་།སྲས་པོ་ལྟ་བྱེད་འོད་འཕྲོ་རིམ་གྲོ་པ། །ཡོན་ཏན་ཁ་ལོ་སྒྱུར་བ་མཁས་པ་སྟེ། །གནས་པ་མཐའ་ ཡས་པ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་དྲུག་ཀུན་ལའང། །མཚོ་ལྟར་གང་བའི་བསམ་གཏན་བ་ཡི་གྲངས། །བྱེ་བ་ཕྲག་ནི་བདུན་ཅུ་བཞི་བཞི་ ཡོད༑ ༑མི་ཚེ་ལོ་གྲངས་སུམ་ཁྲི་བཞི་སྟོང་ཡིན། །རྒྱལ་བ་ཡོངས་སུ་མྱ་ངན་འདས་ནས་ཀྱང། །དམ་ཆོས་ལོ་གྲངས་སུམ་ཁྲིའི་བར་དུ་གནས། །ལྷ་མི་དག་ལ་ [393B] །སྐུ་གདུང་རྒྱས་ཤིང་རྣམ་པར་གང་བར་འགྱུར། །དེ་བཞིན་གཤེགས་པ་ནི་སྤྲིན་གྱི་རྔ་སྒྲ་ཡི་།སྐྱེ་བའི་ཡུལ་ནི་བདུད་རྩིའི་དབྱངས་ཞེས་བྱ། །རིགས་ ནི་བྲམ་ཟེ་ཡིན་ཏེ་དཔག་ཚད། །དགུ་བཅུ་རྩ་གཉིས་ཡབ་ནི་ལེགས་བཟང་ཡིན། །གདངས་སྙན་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ལེགས་མཐོང་སྒྲ་དབྱངས་ རིམ་གྲོ་པ། །ཡོན་ཏན་ངེས་ཞེས་བྱ་བ་མཁས་པ་སྟེ། །ཆོས་ངེས་པ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང། །དགྲ་བཅོམ་ཐམས་ཅད་ ཆགས་པ་མེད་པར་གྱུར་པ། །བྱེ་བ་ཕྲག་ནི་སུམ་ཅུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་བཞི་སྟོང་ཡིན། །མཐའ་ཡས་འདུལ་བར་མཛད་པའི་དམ་ཆོས་དག་ ལོ་གྲངས་ཉི་ཁྲི་སུམ་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་དྲུག་པ་ཁོར་ཡུག་བླ་བྲེར་ལྡན། །དེ་བཞིན་གཤེགས་པ་སྤྱན་ སྡུག་པ་ཡི་ཞལ། །སྐྱེ་པའི་ཡུལ་ནི་མཐོང་བས་མཆོད་ཅེས་བྱ་།རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་ཡབ་ནི་སྤྱན་ལེགས་ཡིན། །མི་སྦྱིན་ མ་ཞེས་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོའི་འཇིག་རྟེན་ཆགས་མེད་རིམ་གྲོ་པ། །ཡོན་ཏན་མཐོང་ཞེས་བྱ་བ་མཁས་པ་སྟེ། །འཇིག་པ་མེད་པར་གྲགས་པ་རྫུ་འཕྲུལ་ཅན། ། [394A]༄༅། །འདུས་པ་ལན་གྲངས་དྲུག་ཅུ་ཀུན་ལ་ཡང། །ཐེག་པ་མཆོག་གིས་ལེགས་གནས་འབྲས་འཐོབ་པ། །བྱེ་བ་ཕྲག་ནི་དགུ་བཅུ་དགུ་དགུ་ ཡོད༑ ༑མི་ཚེ་ལོ་གྲངས་སུམ་ཁྲི་བཞི་སྟོང་ཡིན། །འགོག་པར་ཕྱིན་པའི་དམ་པའི་ཆོས་དག་ཀྱང། །ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས་པར་འགྱུར། ། རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །ཞིང་རྣམས་སྟོང་སྙེད་དག་ཏུ་གང་བར་འགྱུར། །དེ་བཞིན་གཤེགས་པ་ཡི་ཤེས་བཟང་ལྡན་གྱི། །སྐྱེ་ཡུལ་ ཡེ་ཤེས་སྒྲོན་མ་ཞེས་ཀྱང་བྱ། །དེའི་རིགས་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བདུན་ཅུ་ཡེ་ཤེས་སྐར་མདའ་ཡབ། །ཡེ་ཤེས་དབང་ཕྱུག་མ་ནི་རྒྱལ་ བའི་ཡུམ། །སྲས་པོ་ཤེས་དགའ་ཤེས་འབྱོར་རིམ་གྲོ་པ། །ཡེ་ཤེས་འབྱུང་གནས་ཞེས་བྱ་མཁས་པ་སྟེ། །ཡེ་ཤེས་རྣམ་པར་འཕྲུལ་པ་རྫུ་འཕྲུལ་ཅན། ། འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང། །ཁོར་ཡུག་ལྟ་བུར་གཡོ་བ་མེད་པ་པོ། །བྱེ་བ་ཕྲག་ནི་དགུ་བཅུ་བཞི་བཞི་ཡོད། །མི་ཚེ་ལོ་གྲངས་དག་ནི་ དགུ་ཁྲི་ཡིན། །མྱ་ངན་འདས་པ་དེ་ཡི་དམ་ཆོས་དག་ལོ་གྲངས་བདུན་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ [394B] ༑དཔག་ཚད་བརྒྱ་པ་འཁོར་ཡུག་བླ་བྲེར་ལྡན། །འཕགས་པ་བསྐལ་པ་བཟང་པོ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། །བམ་པོ་ཉི་ཤུ་པ། ། འཇིག་རྟེན་བླ་མ་འབྱོར་བར་ལྡན་པ་ཡི། །སྐྱེ་བའི་ཡུལ་ནི་རིན་ཆེན་བརྒྱན་ཅེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་རྩ་གཉིས་ཡབ་ནི་བློ་ གྲོས་ཅན། །ཡོན་ཏན་ཚོགས་ནི་རྒྱལ་ཡུམ་ཡོན་ཏན་མཆོག་སྲས་ཡིན་ཡོན་ཏན་གཟི་བརྗིད་རིམ་གྲོ་པ། །ཡོན་ཏན་གཟི་བརྗིད་འཆང་བ་བློ་ཅན་ཏེ། །ཡོན་ ཏན་ཀུན་གྱིས་མཆོད་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་ཡང། །སྲེད་ལྕུག་དྲ་བ་དག་ལས་གྲོལ་བ་པོ། །བྱེ་བ་ཕྲག་ནི་བདུན་ ཅུ་བདུན་ཅུ་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་ཉིས་སྟོང་ཡིན་།ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་བརྒྱད་ཁྲི་བདུན་སྟོང་བར་དུ་གནས། ། ཁམས་གསུམ་ཀུན་གྱི་འགྲོ་ལ་ཕན་པའི་ཕྱིར། །རྒྱལ་བའི་སྐུ་གདུང་ནི་རྒྱས་པར་འགྱུར། །སངས་རྒྱས་ཡོན་ཏན་ཕུང་པོ་སྐྱེ་བའི་ཡུལ་།ཡོན་ཏན་ཐམས་ ཅད་འབྱུང་བའི་གནས་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་ལྷ་ཡི་རྫུ་འཕྲུལ་ཡབ། །རྫུ་འཕྲུལ་འགྲོལ་ཞེས་བྱ་བ་ [395A]༄༅། །རྒྱལ་བའི་ཡུམ། །སྲས་པོ་རྣམ་སྒྲོག་དྲག་ཤུལ་རིམ་གྲོ་པ། །ཡོན་ཏན་ཚོགས་ཞེས་བྱ་བ་མཁས་པ་སྟེ། །ཡོན་ཏན་སྒྲོན་མའི་ མཆོག་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བདུན་ཅུ་དྲུག་ཀུན་ལའང། །སྲིད་གསུམ་འདམ་གྱིས་གོས་པ་མེད་པ་པོ། །བྱེ་བ་ཕྲག་ནི་དགུ་བཅུ་བཞི་བཞི་ ཡོད༑ །མེ་ཚེ་ལོ་གྲངས་བདུན་ཁྲི་བརྒྱད་སྟོང་ཡིན། །རྒྱལ་བ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་བདུན་ཁྲི་བརྒྱད་སྟོང་བར་དུ་གནས། །རྒྱལ་ བའི་སྐུ་གདུང་མཆོད་རྟེན་དཔག་ཚད་ནི། །བཅུ་གཉིས་པ་གཅིག་ལྷ་རྫས་བླ་བྲེར་ལྡན། །འཇིག་རྟེན་བླ་མ་གསལ་བ་སྐྱེ་བའི་ཡུལ་།འཇིགས་པ་ མེད་པའི་བསོད་ནམས་ཞེས་ཀྱང་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །སུམ་ཅུ་རྩ་གཉིས་གྲགས་པའི་དབང་པོ་ཡབ། །ལྷ་གྲགས་འཛིན་ ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་གྲགས་འཛིན་བླ་སྡུག་རིམ་གྲོ་པ། །ཉན་པ་གྲགས་པ་ཐོབ་པ་བློ་ཅན་ཏེ། །སྙན་པར་གྲགས་པར་གསལ་བ་རྫུ་འཕྲུལ་ ཅན༑ ༑འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང། །འཇིག་རྟེན་དག་གིས་མཆོད་འོས་དགྲ་བཅོམ་པ། །བྱ་བ་ཕྲག་ནི་ཁྲི་ཕྲག་བཅུ་བཅུ་ཡོད། །མི་ཚེ་ལོ་གྲངས་ [395B]སེམས་ཅན་སྙིང་པོ་དམ་པའི་ཆོས་དག་ཀྱང། །ལོ་གྲངས་བྱེ་བ་ཉི་ཤུ་གཉིས་སུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་ རྟེན་དེ་ཀུན་རིན་ཆེན་བདུན་ལས་བྱས། །དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་མཚན་གྱི། །སྐྱེ་པའི་ཡུལ་ནི་ཡེ་ཤེས་ཚོགས་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ ཀྱི་ཚད༑ ༑དཔག་ཚད་ཉི་ཤུ་ཡབ་ནི་མྱ་ངན་མེད། །རིན་ཆེན་རྒྱལ་མཚན་ཞེས་བྱ་རྒྱལ་བའི་ཡུམ། །སྲས་པོ་ཤེས་མཆོག་འཕགས་པ་རིམ་གྲོ་པ། །བདུད་རྩིའི་ རྒྱལ་མཚན་ཞེས་བྱ་མཁས་པ་སྟེ། །འཇིགས་པ་མེད་པར་གྲགས་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ཉི་ཤུ་གཉིས་ཀུན་ལའང་།འཇིག་རྟེན་ཆོས་བརྒྱད་ དག་ལས་གྲོལ་བ་པོ། །བྱེ་བ་ཕྲག་ནི་བདུན་ཅུ་བདུན་ཅུ་ཡོད། །མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །དམ་ཆོས་ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས། །རྒྱལ་ བའི་སྐུ་གདུང་དག་གི་མཆོད་རྟེན་ནི། །དཔག་ཚད་བཅུ་པ་གཅིག་སྟེ་གདུགས་ཀྱི་གྲངས། །སྟོང་ཕྲག་བདུན་ཅུ་སྙེད་ཀྱིས་རྣམ་པར་བརྒྱན། །སངས་རྒྱས་ཡེ་ཤེས་ ང་རོ་སྐྱེ་བ་ཡི། །ཡུལ་ནི་ཡེ་ཤེས་རབ་ཏུ་གནས་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་ཡབ་ནི་ཡོན་ཏན་མཆོག་གཙོ་འོད་མ་ [396A]༄༅། །ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་བོ་སྡེ་བཟང་ཁྱད་འཕགས་རིམ་གྲོ་པ། །ཆོས་ཀྱི་སྒྲ་ཞེས་བྱ་བ་མཁས་བ་སྟེ། །ཐར་བའི་སྒྲ་དབྱངས་ ཞེས་བྱ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བདུན་ཅུ་ལྔ་ཀུན་ལའང། །དགྲ་བཅོམ་བྱས་བསྲུངས་ཤེས་རབ་རྣམ་གྲོལ་བ། །བྱེ་བ་ཕྲག་ནི་དགུ་བཅུ་གཉིས་གཉིས་ ཡོད༑ ༑མི་ཚེ་ལོ་གྲངས་བདུན་ཁྲི་བཞི་སྟོང་ཡིན། །གྲངས་པ་མཐའ་ཡས་མྱ་ངན་འདས་ནས་ཀྱང། །དམ་ཆོས་ལོ་གྲངས་སྟོང་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་ གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་བྱེ་སྟོང་སྙིད་ཀྱིས་གང་བར་འགྱུར། །འཇིག་རྟེན་མཆོག་མ་ནམ་མཁའ་སྐྱེ་བ་ཡི། །ཡུལ་ནི་གཟི་བརྗིད་སྒྲོན་མ་ཞེས་ཀྱང་བྱ། །རིགས་ ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བཅུ་བཞི་ཡབ་ནི་རི་དབང་ཡིན། །འགྲོས་བརྟན་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་གནས་མེད་ཐོགས་མེད་རིམ་གྲོ་པ། །གནས་ ལ་དགའ་ཞེས་བྱ་བ་མཁས་བ་སྟེ། །ཆགས་པ་མེད་པར་གནས་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་དྲུག་ཀུན་ལའང། །སྲིད་པ་ཀུན་ལས་གྲོལ་བའི་ཡིད་ལྡན་ པ༑ ༑བྱེ་བ་ཕྲག་ནི་དགུ་བཅུ་བཞི་བཞི་ཡོད། །མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས་པར་ [396B] ༑རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་བརྒྱད་བ་གསེར་གྱི་བླ་བྲེར་ལྡན། །སངས་རྒྱས་མཆོད་སྦྱིན་ང་རོ་སྐྱེ་བ་ཡི། །ཡུལ་ནི་ཆོས་རྣམས་སྣང་བར་བྱེད་ ཅེས་བྱ༑ ༑རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་ལྔ་ཡོད་ཡབ་ནི་སྒྲོན་མ་ཡིན། །ཡོན་ཏན་གདངས་སྙན་མ་ནི་རྒྱལ་བའི་ཡུམ། །སྲས་པོ་སྦྲང་རྩི་སྐད་སྙན་རིམ་གྲོ་ པ༑ ༑སྤོབས་པའི་དབྱངས་ནི་བློ་གྲོས་ཅན་ཡིན་ཏེ། །དབྱངས་མཆོག་མཐའ་ཡས་པ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང། །རྣམ་ཐར་བརྒྱད་ཀྱི་ཕ་མཐར་ཕྱིན་ པ་བོ༑ ༑བྱེ་བ་ཕྲག་ནི་དགུ་བཅུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་དགུ་ཁྲི་བཞི་སྟོང་ཡིན། །ཞི་བར་ཕྱིན་པའི་དམ་པའི་ཆོས་དག་ཀྱང། །ལོ་གྲངས་དགུ་ཁྲི་ཉིས་སྟོང་པར་དུ་གནས། ། རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་བྱེ་བ་སྟོང་ཕྲག་བརྒྱད་ཅུ་འབྱུང། །སངས་རྒྱས་ཤེས་རབ་རྣམ་དགོད་ང་རོ་ཡི། །སྐྱེ་བའི་ཡུལ་ནི་མཆོག་ཏུ་དགའ་ཞེས་བྱ། ། བདེ་བར་གཤེགས་པའི་རིགས་ནི་རྒྱལ་རིགས་ཡིན། །འོད་ནི་སྟོང་གསུམ་ཚད་ཅན་བློ་བཟང་ཡབ། །ངེས་པའི་སྒྲ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་སྣང་བྱེད་ལྷ་ནི་རིམ་གྲོ་པ། །བལྟ་ ན་སྡུག་ཅེས་བྱ་བ་མཁས་པ་སྟེ། །རྣམ་པར་སྣང་བྱེད་ལྷ་ནི་རྫུ་འཕྲུལ་ཅན། །འདུས་བདག་ནི་མཐའ་ཡང་ཡས་པ་སྟེ། །གཟུངས་རྣམས་ཐོབ་པ་ཕྱིར་ནི་མི་ལྡོག་པ། །བྱང་ཆུབ་ [397A]༄༅། །སེམས་དཔའི་འཁོར་རྣམས་འབྱུང་བར་འགྱུར། །མི་ཚེ་ལོ་གྲངས་དག་ནི་བརྒྱད་འབུམ་ཡིན། །བྱང་ཆུབ་བསྲུང་ཕྱིར་དམ་པའི་ཆོས་དག་ཀྱང། །ལོ་གྲངས་ བརྒྱད་འབུམ་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་རྒྱས་འགྱུར་ཞིང་རྣམས་གང། །གསེར་བརྒྱན་བྱེ་བ་དག་གིས་བརྒྱན་པར་འགྱུར། །སངས་རྒྱས་ཡོན་ཏན་འོད་ ཟེར་གཟི་བརྗིད་ཀྱི། །སྐྱེ་ཡུལ་ཡོན་ཏན་ཀུན་དང་ལྡན་ཞེས་བྱ་།རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །སུམ་ཅུ་རྩ་གཉིས་ཡབ་ནི་ཡོན་ཏན་འོད། །ཡོན་ཏན་འོད་བཟང་ རྒྱལ་ཡུམ་སྲས་པོ་ནི། །ཡོན་ཏན་རྒྱ་མཚོ་ཟླ་བ་རིམ་གྲོ་པ། །ཟླ་བ་འཕགས་ཞེས་བྱ་བ་མཁས་པ་སྟེ། །ཡོན་ཏན་མཆོག་གིས་མཆོད་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ ཁྲི་ཀུན་ལའང། །ཡོན་ཏན་ཀུན་གྱི་ཕ་རོལ་ཕྱིན་པ་པོ། །ཐེར་འབུམ་ཐེར་འབུམ་དག་ནི་འདུས་པར་འགྱུར། །མི་ཚེ་ལོ་གྲངས་དག་ནི་དྲུག་ཁྲི་ཡིན། །འགྲོ་ལ་ཕན་ཕྱིར་མྱ་ ངན་འདས་ནས་ཀྱང། །དམ་ཆོས་ལོ་གྲངས་སྟོང་དུ་གནས་པར་འགྱུར་།རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །འགྲོ་བ་ཀུན་གྱིས་མཆོད་ཅིང་བཀུར་བར་འགྱུར། །མི་ ཡི་འདྲེན་པ་དྲང་སྲོང་དབང་པོ་ཡི། །སྐྱེ་བའི་ཡུལ་ནི་འཕགས་པས་བལྟས་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །བདུན་ཅུ་རྩ་གསུམ་ཡབ་ནི་གསལ་པ་ [397B] ༑འཕགས་ཉན་མ་ནི་རྒྱལ་ཡུམ་དྲང་སྲོང་བྱིན། །སྲས་ཡིན་འཕགས་པའི་མེ་ཏོག་རིམ་གྲོ་པ། །ཡོན་ཏན་གཟི་བརྗིད་འཆང་བ་བློ་ཅན་ཏེ། །ཡེ་ཤེས་རྣམ་པར་འཕྲུལ་པ་རྫུ་ འཕྲུལ་ཅན། །འདུས་པ་ལན་གྲངས་ཉི་ཤུ་སུམ་ཀུན་ལའང། །མིང་རྣམས་གསལ་ཞིང་མདུང་པ་སྤངས་པ་པོ། །བྱེ་བ་སྟོང་ཕྲག་དག་ནི་གསུམ་གསུམ་ཡོད། །མི་ཚེ་ལོ་གྲངས་ དག་ནི་བརྒྱད་ཁྲི་ཡིན། །མཐའ་ཡས་འདུལ་བར་མཛད་པའི་དམ་ཆོས་དག་ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ ཏེ༑ ༑དཔག་ཚད་བརྒྱད་པ་ནོར་བུས་རྣམ་པར་སྤྲས། །མི་ཡི་འདྲེན་པ་བློ་དང་ལྡན་པ་ཡི། །སྐྱེ་བའི་ཡུལ་ནི་མཛངས་པས་བལྟས་ཞེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་ འོད་ཀྱི་ཚད། །དཔག་ཚད་བརྒྱད་ཡོད་ཡབ་ནི་དྲན་ལྡན་ཡིན། །དགེ་བའི་ང་རོ་ཞེས་བྱ་རྒྱལ་བའི་ཡུམ། །སྲས་པོ་མེ་ཏོག་མཁས་པ་རིམ་གྲོ་པ། །ཡོན་ཏན་ཁ་ལོ་སྒྱུར་བ་བློ་ཅན་ཏེ། ། ཕན་འདོད་མཐའ་ཡས་པ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱ་སྟེ་ཀུན་ལ་ཡང། །སྲིད་པ་སྤངས་པའི་སེམས་དང་ལྡན་པ་པོ་།དེ་དག་ཐེར་འབུམ་ཕྲག་ནི་བཅུ་བཅུ་ཡོད། །མི་ཚེ་ ལོ་གྲངས་ཉི་ཁྲི་བཞི་སྟོང་ཡིན། །སྣང་མེད་ཐོབ་པ་མྱ་ངན་འདས་ནས་ཀྱང། །དམ་ཆོས་ལོ་གྲངས་སྟོང་གི་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་ [398A]༄༅། །རྟེན་བྱེ་བ་བརྒྱ་ཕྲག་དགུ་བཅུ་འབྱུང། །དེ་བཞིན་གཤེགས་པ་སྤོབས་པའི་ཚོགས་དག་གི་སྐྱེ་བའི་ཡུལ་ནི་མཆོད་ཅིང་བསྒོམས་ཞེས་བྱ། །རིགས་ནི་ བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །དགུ་བཅུ་གསུམ་ཡོད་ཡབ་ནི་རྟོགས་ལྡན་ཡིན། །ཡེ་ཤེས་སྟོབས་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་འཕགས་པ་དགྲ་བཅོམ་རིམ་གྲོ་པ། ། ཡོན་ཏན་ཕུང་པོ་ཞེས་བྱ་མཁས་པ་སྟེ། །ཡེ་ཤེས་ཡོན་ཏན་འབྱུང་གནས་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་།འགྲོ་བའི་མཆོག་ལ་དགའ་བའི་ དགྲ་བཅོམ་བ། །བྱེ་བ་ཕྲག་ནི་སུམ་ཅུ་རེ་རེ་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་ཉིས་སྟོང་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་བདུན་ཁྲི་དྲུག་སྟོང་བར་ དུ་གནས་སོ། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་བརྒྱད་པ་གསེར་གྱིས་རྣམ་པར་སྤྲས། །འཇིག་རྟེན་མཆོག་མ་མཆོད་སྦྱིན་བཟང་པོ་ཡི། །སྐྱེ་ བའི་ཡུལ་ནི་མཆོད་སྦྱིན་གསལ་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །སུམ་ཅུ་རྩ་ལྔ་མཆོད་སྦྱིན་བཟང་པོ་ཡབ། །ཐར་པའི་ང་རོ་རྒྱལ་ཡུམ་སྲས་བོ་ནི། ། བསོད་ནམས་འབྱུང་གནས་རྒྱལ་བ་རིམ་གྲོ་པ། །ངེས་པས་བྱས་ཞེས་བྱ་བ་མཁས་པ་སྟེ། །འཇིགས་པ་མེད་པའི་ཏོག་ནི་རྫུ་འཕྲུལ་ཅན་།འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་ [398B] །དགྲ་བཅོམ་ཐམས་ཅད་ཆགས་པ་མེད་འགྱུར་པ། །བྱེ་བ་ཕྲག་ནི་བདུན་ཅུ་གསུམ་གསུམ་ཡོད། །མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ ཆོས་དག་ལོ་གྲངས་ལྔ་སྟོང་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་བྱེ་བ་སྟོང་གིས་འཁོར་བར་བསྐོར། །དེ་བཞིན་གཤེགས་ པ་ཟླ་བའི་ཞལ་སྐྱེ་བའི། །ཡུལ་ནི་རྣམ་པར་སྣང་བྱེད་ལྷ་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བདུན་ཅུ་ཡབ་ནི་ཡུལ་འཁོར་བཟང། །བུལ་འོད་མ་ ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ལེགས་མཐོང་ཕན་འདོད་རིམ་གྲོ་པ། །མེ་ཏོག་འབྱུང་ནས་ཞེས་བྱ་མཁས་པ་སྟེ། །སྣང་བར་བྱེད་པའི་ལྷ་ནི་རྫུ་འཕྲུལ་ཅན། །འདུས་ པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང། །ཐེག་པ་མཆོག་གིས་རྣམ་པར་གྲོལ་གྱུར་པ། །བྱེ་བ་ཕྲག་ནི་ཉི་ཤུ་གསུམ་གསུམ་ཡོད། །མི་ཚེ་ལོ་གྲངས་དག་ནི་དགུ་ཁྲི་ཡིན། །གྲགས་ པ་མཐའ་ཡས་མྱ་ངན་འདས་ནས་ཀྱང། །དམ་ཆོས་ལོ་གྲངས་སྟོང་གི་བར་དུ་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ་།དཔག་ཚད་ལྔ་པ་གསེར་གྱི་བླ་བྲེར་ ལྡན༑ ༑དེ་བཞིན་གཤེགས་པ་ཤིན་ཏུ་གཟིགས་པ་ཡི། །སྐྱེ་བའི་ཡུལ་ནི་སྐར་མ་སྣང་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད་།དཔག་ཚད་བརྒྱད་ཡོད་ཡབ་ནི་རི་ [399A]༄༅། །དབང་ཡིན། །འོད་མཐའ་ཡས་ཞེས་བྱ་བ་རྒྱལ་བའི་ཡུམ་།སྲས་པོ་ཁ་བ་སྒྱུར་པདྨ་རིམ་གྲོ་པ། །དགའ་བའི་དབྱངས་ཞེས་བྱ་བ་མཁས་པ་སྟེ། ། ཡོན་ཏན་མཆོག་གསལ་བ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བཅུ་སྟེ་ཀུན་ལ་ཡང། །ཐེག་པ་མཆོག་གིས་གཏི་མུག་མེད་གྱུར་པ། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་ ཡོད༑ ༑མི་ཀུན་ཚེ་ལོ་བརྒྱ་ནི་སུམ་ཅུ་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་བདུན་ཁྲི་དྲུག་སྟོང་བར་དུ་གནས་།རྒྱལ་བའི་སྐུ་གདུང་དག་གི་མཆོད་ རྟེན་ནི༑ ༑དཔག་ཚད་བཅུ་དྲུག་པ་གཅིག་གསེར་གྱིས་སྤྲས། །ཡོན་ཏན་རྒྱ་མཚོ་རྡུལ་དང་བྲལ་བ་ཡི། །སྐྱེ་ཡུལ་ཡོན་ཏན་ཀུན་དང་ལྡན་ཞེས་བྱ། །རིགས་ནི་རྒྱལ་ ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་རྩ་བཞི་ཡོན་ཏན་དབང་པོ་ཡབ་།ཡོན་ཏན་བདེན་འཛིན་མ་ནི་རྒྱལ་བའི་ཡུམ། །སྲས་པོ་བཟང་ལྡན་ལེགས་སེམས་རིམ་གྲོ་པ། ། སྟོབས་བཅུའི་འོད་ཅེས་བྱ་བ་མཁས་པ་སྟེ། །ཚོགས་དབང་འོད་ཅེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དགུ་བཅུ་ཀུན་ལ་ཡང་།འཇིག་རྟེན་ཆོས་དང་མཚུངས་ མེད་བསམ་གཏན་པ། །བྱེ་བ་ཕྲག་ནི་དགུ་བཅུ་ལྔ་ལྔ་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་བཞི་སྟོང་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་སུམ་ [399B] །འགྲོ་ལ་ཕན་ཕྱིར་རྒྱལ་བའི་སྐུ་གདུང་དག་ཞིང་རྣམས་དག་ཏུ་རྒྱས་ཤིང་གང་བར་འགྱུར། ། །དེ་བཞིན་གཤེགས་པ་ཡོན་ཏན་ཚོགས་ དག་གི་སྐྱེ་བའི་ཡུལ་ནི་གྲགས་པ་མཆོག་ཅེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་གསུམ་ཅུ་ཡབ་ནི་ཡོན་ཏན་འོད། །ཡོན་ཏན་གཟི་བརྗིད་ འཛིན་པ་རྒྱལ་བའི་ཡུམ། །སྲས་པོ་མཆོད་རྟེན་ལེགས་སྤྱད་རིམ་གྲོ་པ། །སྐད་སྙན་པ་ཞེས་བྱ་བ་མཁས་པ་སྟེ། །འཇིགས་པ་མེད་པའི་ཟླ་བ་རྫུ་འཕྲུལ་ཅན། །འདུས་པ་ ལན་གྲངས་བདུན་ཅུ་ཀུན་ལ་ཡང། །ཆོས་ཀྱི་མཆོག་མ་ཐོབ་པ་དགྲ་བཅོམ་པ། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །རྒྱལ་བ་ མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་དྲུག་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་ལྔ་པ་རྒྱལ་མཚན་མཆོག་ གིས་སྤྲས། །མི་ཡི་འདྲེན་པ་ཏོག་དང་ལྡན་པ་ཡི། །སྐྱེ་ཡུལ་ཏོག་ནི་སྣང་པར་བྱེད་ཅེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་དགུ་ཡོད་ཡབ་ནི་བློ་ གྲོས་ཅན། །ཡོན་ཏན་མིག་ནི་རྒྱལ་ཡུམ་སྲས་པོ་ནི། །སྐལ་ལྡན་ཤིང་རྟ་འབྱོར་བ་རིམ་གྲོ་པ། །ཡེ་ཤེས་འོད་ཅེས་བྱ་བ་མཁས་པ་སྟེ་།རིན་ཆེན་འོད་ཅེས་བྱ་བ་རྫུ་འཕྲུལ་ [400A]༄༅། །ཅན༑ ༑འདུས་པ་ལན་གྲངས་དྲུག་ཅུ་ཀུན་ལ་ཡང། །ཡོན་ཏན་མཆོག་གིས་ཕ་རོལ་ཕྱིན་པ་པོ། །བྱེ་བ་ཕྲག་ནི་བཅུ་གཉིས་བཅུ་གཉིས་ཡོད། །མི་ཚེ་ལོ་ གྲངས་བདུན་ཁྲི་བཞི་སྟོང་ཡིན། །གྲགས་པ་མཐའ་ཡས་མྱ་ངན་འདས་ནས་ཀྱང། །དམ་ཆོས་ལོ་གྲངས་སྟོང་དུ་གནས་པར་འགྱུར་།རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ ལ༑ ༑གསེར་གྱི་རྒྱལ་མཚན་མཆོག་རྒྱས་རྣམ་པར་བརྒྱན། །དེ་བཞིན་གཤེགས་པ་བསོད་ནམས་རྒྱལ་མཚན་གྱི། །སྐྱེ་ཡུལ་ཡེ་ཤེས་རྣམ་པར་སྤྲུལ་ཅེས་བྱ། །རིགས་ནི་ རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །བདུན་ཅུ་རྩ་གཉིས་ཡབ་ནི་བློ་གྲོས་ལྡན། །བལྟ་བཟོད་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་རྩི་སྨན་མདངས་བཟང་རིམ་གྲོ་ པ༑ ༑ཆོས་ཀྱི་འབྱུང་གནས་ཞེས་བྱ་མཁས་པ་སྟེ། །འཇིག་རྟེན་གཞོལ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་ཡང། །འཇིག་རྟེན་ཟང་ཟིང་མེད་ པའི་དགྲ་བཅོམ་པ། །བྱེ་བ་ཕྲག་ནི་ཁྲི་ཕྲག་གཉིས་གཉིས་ཡོད་།མི་ཚེ་ལོ་གྲངས་དགུ་ཁྲི་ཉིས་སྟོང་ཡིན། །མྱ་ངན་འདས་པ་དེ་ཡི་དམ་ཆོས་དག་ལོ་གྲངས་དགུ་ཁྲིའི་བར་ དུ་གནས་པར་འགྱུར། །རྒྱལ་བའི་སྐུག་དུང་མཆོད་རྟེན་གཅིག་ཡིན་ཏེ་།དཔག་ཚད་བདུན་པ་གསེར་གྱི་བླ་བྲེར་ལྡན། །དེ་བཞིན་གཤེགས་པ་ཡུལ་འཁོར་སྤོབས་པ་ [400B] ༑སྐྱེ་བའི་ཡུལ་ནི་མཁས་པས་མཆོད་ཅེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །དགུ་པ་བཅུ་རྩ་དགུ་ཡབ་ནི་ཡོན་ཏན་དོན། །དོན་སྨྲ་བ་ཞེས་བྱ་བ་རྒྱལ་བའི་ ཡུམ༑ ༑སྲས་པོ་བལྟ་བྱེད་ལེགས་མཐོང་རིམ་གྲོ་པ། །བློ་གྲོས་རྒྱ་མཚོ་ཞེས་བྱ་མཁས་པ་སྟེ། །མཆོག་ཏུ་ཁྱད་བར་འཕགས་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ ཀུན་ལ་ཡང། །དགྲ་བཅོམ་ཀུན་ལ་ཕན་ཕྱིར་རྙིད་བརྩེ་བ། །བྱེ་བ་ཕྲག་ནི་བདུན་ཅུ་བཞི་བཞི་ཡོད། །མི་ཚེ་ལོ་གྲངས་ཁྲི་ཕྲག་སྟོང་རྩ་བཞི། །མྱ་ངན་འདས་པ་དེ་ཡི་དམ་ ཆོས་དག་ལོ་གྲངས་བདུན་ཁྲི་དྲུག་སྟོང་བར་དུ་གནས། །འགྲོ་ལ་ཕན་ཕྱིར་རྒྱལ་བའི་སྐུ་གདུང་དག་ཞིང་རྣམས་དག་ཏུ་རྒྱས་ཤིང་གང་བར་འགྱུར། །སངས་རྒྱས་རིན་ཆེན་རབ་ སྦྱིན་སྐྱེ་བ་ཡི། །ཡུལ་ནི་ཐམས་ཅད་སྣང་བར་བྱེད་ཅེས་བྱ་།རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་ཡབ་ནི་འབྱོར་བའི་ལྷ། །ལྷ་ཡི་དབང་ཕྱུག་མ་ནི་ རྒྱལ་བའི་ཡུམ། །སྲས་པོ་ལྷ་དགའ་ལྟ་ནི་རིམ་གྲོ་པ། །བདུད་རྩིའི་དབྱངས་ཞེས་བྱ་བ་མཁས་པ་སྟེ། །གནས་པ་མཐའ་ཡས་པ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དགུ་བཅུ་ ཀུན་ལ་ཡང། །བྱས་པའི་མཐར་ཕྱིར་ཞི་བར་གྱུར་པ་པོ། །བྱེ་བ་ཕྲག་ནི་བདུན་ཅུ་གསུམ་གསུམ་ཡོད། །མི་ཚེ་ལོ་གྲངས་དགུ་ཁྲི་བཞི་སྟོང་ཡིན། །མྱ་ངན་འདས་པ་དེ་ཡིད་དམ་ [401A]༄༅། །ཆོས་དག་ལོ་གྲངས་དགུ་ཁྲིའི་བར་དུ་གནས་པར་འགྱུར་།རྒྱལ་བའི་སྐུ་གདུང་དག་གི་མཆོད་རྟེན་ནི། །དཔག་ཚད་བཅུ་གསུམ་པ་གཅིག་ གསེར་གྱིས་སྤྲས། །དེ་བཞིན་གཤེགས་པ་ཟླ་བ་དགྱེས་པ་ཡི། །སྐྱེ་ཡུལ་ཟླ་བ་རྣམ་པར་སྣང་བྱེད་ཡིན། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་གསུམ་ ཡོད་ཡབ་ནི་ཆགས་མེད་ཡིན། །ལྷ་ཡུལ་མཆོད་ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་པདྨ་སྣང་ལྡན་རིམ་གྲོ་པ། །ཡེ་ཤེས་མཆོག་ཅེས་བྱ་བ་མཁས་པ་སྟེ། །ཡུལ་འཁོར་ མཆོག་ཅེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང། །ངར་མི་འཛིན་པ་མཁའ་དང་མཚུངས་པ་པོ། །བྱེ་བ་ཕྲག་ནི་བརྒྱད་ཅུ་གཉིས་གཉིས་ ཡོད༑ ༑མི་ཚེ་ལོ་གྲངས་བདུན་ཁྲི་སུམ་སྟོང་ཡིན། །རྒྱལ་བ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས་པར་འགྱུར། །འཇིག་རྟེན་ཕན་ཕྱིར་ རྒྱལ་བའི་སྐུ་གདུང་དག་ཁམས་གསུམ་དག་ཏུ་རྒྱས་ཤིང་གང་བར་འགྱུར། །དེ་བཞིན་གཤེགས་པ་སེངྒེའི་སྟོབས་སྐྱེ་བའི། །ཡུལ་ནི་སེངྒེ་རྣམ་པར་བསྒྱིངས་ཞེས་ བྱ༑ ༑རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་དགུ་ཡོད་ཡབ་ནི་ཕན་དོན་ཡིན། །ལྷ་མཆོད་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་བདེན་སྨྲ་དགེ་ [401B] །ལྷུན་པོའི་འོད་ཅེས་བྱ་བ་མཁས་པ་སྟེ་།གནས་པ་མཐའ་ཡས་པ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་ཡང། །བདུད་དང་སྲེད་པའི་དྲ་ བ་འཇོམས་པ་པོ། །བྱེ་བ་ཕྲག་ནི་བདུན་བཅུ་བཞི་བཞི་ཡོད། །མི་ཚེ་ལོ་གྲངས་དགུ་ཁྲི་དྲུག་སྟོང་ཡིན། །འགྲོ་ལ་ཕན་ཕྱིར་མྱ་ངན་འདས་ནས་ཀྱང། །དམ་ཆོས་ལོ་གྲངས་སྟོང་ དུ་ནས་པ་གྱུར། །རྒྱལ་བའི་སྐུ་གདུང་ཐམས་ཅད་རྒྱས་འགྱུར་པ་།གསེར་གྱི་རྒྱལ་མཚན་དག་གིས་འཁོར་བར་སྐོར། །དེ་བཞིན་གཤེགས་པ་དབང་སྒྱུར་རྒྱལ་པོ་ ཡི༑ ༑སྐྱེ་བའི་ཡུལ་ནི་བསོད་ནམས་ལྡན་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་དགུ་བཅུ་རབ་ཏུ་གདུང་བ་ཡབ་།གྲགས་ཏོག་འཛིན་ཅེས་བྱ་བ་རྒྱལ་བའི་ ཡུམ༑ ༑སྲས་པོ་དབང་བྱིན་ཆོས་སྦྱིན་རིམ་གྲོ་པ། །ཡོན་ཏན་ཚོགས་ཞེས་བྱ་བ་མཁས་པ་སྟེ། །བཀོད་པ་སྣང་བར་བྱེད་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་ གཉིས་ཀུན་ལའང། །ལམ་རབ་མཆོག་གིས་ཤིན་ཏུ་དུལ་བ་པོ། །ཐེར་འབུམ་ཕྲག་ནི་བཅུ་བཅུ་ཚང་བར་འགྱུར། །མི་ཚེ་ལོ་གྲངས་ཅིག་ཁྲི་ལྔ་སྟོང་ཡིན། །བདེ་བར་གཤེགས་ པ་མྱ་ངན་འདས་ནས་ཀྱང། །དམ་ཆོས་ལོ་གྲངས་ཆིག་ཁྲི་ལྔ་སྟོང་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །གསེར་གྱི་རྟ་བབས་མུ་ཏིག་བླ་བྲེར་ལྡན། །དེ་ [402A]༄༅། །བཞིན་གཤེགས་པ་བདུད་རྩི་གསལ་བ་ཡི། །སྐྱེ་ཡུལ་འཇིག་རྟེན་སྣང་བར་བྱེད་ཅེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། ། དཔག་ཚད་བཅུ་ཡོད་ཡབ་ནི་གྲགས་བྱིན་ཡིན། །བདུད་རྩི་གྲགས་ཞེས་བྱ་བ་རྒྱལ་བའི་ཡུམ། །ཡོན་ཏན་འོད་སྲས་གཙོ་བོ་རིམ་གྲོ་པ། །ས་ལ་འགྲོ་ཞེས་བྱ་བ་མཁས་པ་སྟེ། ། རྣམ་པར་དག་པར་གནས་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་ཡང། །རྫུ་འཕྲུལ་རྐང་པ་མཆོག་ལ་དབང་གྱུར་བ་།བྱེ་བ་ཕྲག་ནི་བདུན་ཅུ་རེ་རེ་ ཡོད༑ ༑མི་ཚེ་ལོ་གྲངས་བདུན་ཁྲི་སུམ་སྟོང་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་བདུན་ཁྲི་ལྔ་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་ གཅིག་དཔག་ཚད། །གསུམ་པ་ནོར་བུའི་ཆུན་པོ་བླ་བྲེར་ལྡན། །དེ་བཞིན་གཤེགས་པ་བསམ་གཏན་སྙོམས་པ་ཡི། །སྐྱེ་བའི་ཡུལ་ནི་འཕགས་པས་བལྟས་ཞེས་བྱ། །རྒྱལ་ བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་ཡབ་ནི་དབྱངས་བཟང་ཡིན། །དབྱངས་ལྡན་མ་ཞེས་བྱ་བ་རྒྱལ་བའི་ཡུམ་།སྲས་པོ་ལེགས་པ་མ་སྨད་རིམ་གྲོ་ པ༑ ༑དུལ་གནས་དགའ་ཞེས་བྱ་བ་མཁས་པ་སྟེ། །ཉི་མའི་སྒྲོན་མ་ཞེས་བྱ་རྫུ་འཕྲུལ་ཅན། །འདུས་བ་ལན་གྲངས་ཉི་ཤུ་གཉིས་ཀུན་ལའང། །དགྲ་བཅོམ་གཡོ་མེད་ [402B] །བྱེ་བ་ཕྲག་ནི་ཉི་ཤུ་རེ་རེ་ཡོད། །མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་བརྒྱད་ཁྲི་བདུན་སྟོང་བར་དུ་ གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་བཅུ་གཅིག་པ་ལ་རིན་ཆེན་སྤྲས། །མི་ཡི་འདྲེན་པ་འཁྲུག་པ་མེད་པ་ཡི། །སྐྱེ་བའི་ཡུལ་ནི་བྱམས་པས་ བལྟས་ཤེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་རྩ་ལྔ་ལྷ་ཡི་རྫུ་འཕྲུལ་ཡབ། །ལྷ་དགའ་རྒྱལ་བའི་ཡུམ་ཡིན་སྲས་པོ་ནི། །ལྟ་བྱེད་ནི་ཚོད་བཟང་པོ་རིམ་ གྲོ་པ༑ ༑ཡོན་ཏན་ཚོགས་ཤེས་བྱ་བ་མཁས་པ་སྟེ། །ཤིན་ཏུ་བསྒོམས་པའི་བློ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང། །དགྲ་བཅོམ་ཐམས་ཅད་བདག་ཉིད་ དུལ་པ་པོ། །ཐེར་འབུམ་ཐེར་འབུམ་དག་ནི་འདུས་པར་འགྱུར། །མི་ཚེ་ལོ་གྲངས་དག་ནི་བདུན་ཁྲི་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་བདུན་ཁྲི་བརྒྱད་ སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ་།ཞིང་རྣམས་ཀུན་ཏུ་མཆོད་རྟེན་དག་གིས་གང། །དེ་བཞིན་གཤེགས་པ་དྲི་མ་རབ་ཞི་བའི། །སྐྱེ་བའི་ཡུལ་ནི་ཞི་ བའི་འོད་ཅེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་རྩ་བཞི་རབ་ཏུ་ཞི་བ་ཡབ། །དབང་པོ་དུལ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་མཛེས་པ་ལེགས་ཞི་ [403A]༄༅། །རིམ་གྲོ་པ། །ཡོན་ཏན་ཚོགས་ཞེས་བྱ་བ་མཁས་པ་སྟེ་།ཐར་པར་གཞོལ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་གཉིས་ཀུན་ ལའང། །བདུད་དང་ཉོན་མོངས་རབ་ཏུ་འཇོམས་པ་པོ། །དེ་དག་ཐེར་འབུམ་གཉིས་གཉིས་འདུས་པར་འགྱུར། །མི་ཚེ་ལོ་གྲངས་བདུན་ཁྲི་བདུན་སྟོང་ཡིན། །མྱ་ངན་འདས་ པ་དེ་ཡི་དམ་ཆོས་དག་ལོ་གྲངས་ཅིག་ཁྲི་སུམ་སྟོང་བུར་དུ་གནས་།རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་བརྒྱད་པ་ཀུན་ནས་མཛེས་པར་བྱས། ། དེ་བཞིན་གཤེགས་པ་ཕྱོགས་མ་བསླད་པ་ཡི། །སྐྱེ་ཡུལ་ཀུ་མ་ད་ཡི་གཟི་བརྗིད་ཡིན། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་རྩ་གཅིག་ཆོས་ཀྱི་སྐར་མདའ་ ཡབ༑ ༑ཕྱོགས་ལྟ་རྒྱལ་ཡུམ་སྲས་པོ་གཟི་བརྗིད་ཅན། །གི་མི་ལ་ཞེས་བྱ་བ་རིམ་གྲོ་པ། །ཡོན་ཏན་མཐུ་རྩལ་ཞེས་བྱ་མཁས་པ་སྟེ་།སྤོང་སྤོབས་ཞེས་ནི་བྱ་བ་རྫུ་འཕྲུལ་ ཅན༑ ༑འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་འང། །སྲིད་པ་ཀུན་ལ་ཆགས་བྲལ་ཡིད་ལྡན་པ། །བྱེ་བ་ཕྲག་ནི་བཅུ་བཞི་བཅུ་བཞི་ཡོད་།མི་ཚེ་ལོ་གྲངས་བདུན་ཁྲི་དྲུག་ སྟོང་ཡིན། །མྱ་ངན་འདས་པ་དེ་ཡི་དམ་ཆོས་དག་ལོ་གྲངས་བདུན་ཁྲིའི་བར་དུ་གནས་པར་འགྱུར། །འགྲོ་ལ་ཕན་ཕྱིར་རྒྱལ་བའི་སྐུ་གདུང་དག་ཞིང་རྣམས་ [403B] །མི་ཡི་འདྲེན་པ་མཛེས་པ་སྐྱེ་བ་ཡི། །ཡུལ་ནི་རྣམ་པར་བརྒྱན་པའི་མཆོད་ཅེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ ཚད་བརྒྱ་ཡོད་ཡབ་ནི་ལྷ་དབང་ཡིན། །འཇིག་རྟེན་འོད་ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་གཙོ་བོ་ཐར་འབྱོན་རིམ་གྲོ་པ། །རབ་ཏུ་བརྒྱན་ཅེས་བྱ་བ་མཁས་པ་སྟེ། །མཐུ་རྩལ་ གནས་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང། །ལྟ་བ་ཕལ་ཆེན་མ་ལུས་སྤོང་བ་པོ། །བྱེ་བ་ཕྲག་ནི་དགུ་བཅུ་དགུ་དགུ་ཡོད། །མི་ཚེ་ལོ་གྲངས་ དགུ་ཁྲི་བཞི་སྟོང་ཡིན། །དམ་ཆོས་ལོ་གྲངས་བདུན་ཁྲི་བར་དུ་གནས། །མཆོད་རྟེན་དཔག་ཚད་བཅོ་ལྔ་པ་གཅིག་སྟེ། །གསེར་དང་ནོར་བུ་ཀུན་གྱི་ལྡ་ལྡི་བཤམས། །གདུགས་ གྲངས་བརྒྱ་སྙེད་དག་གིས་འཁོར་བར་བསྐོར། །འཇིག་རྟེན་མཆོག་མ་ཞལ་བཟང་སྐྱེ་བ་ཡི། །ཡུལ་ནི་འཇིག་རྟེན་ལེགས་པར་ལྟ་ཞེས་བྱ་།རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ ཚད༑ ༑དཔག་ཚད་དགུ་ཡོད་ཡབ་ནི་ལུས་བཟང་ཡིན། །མཉམ་ཉིད་མཆོག་མ་ཞེས་བྱ་རྒྱལ་བའི་ཡུམ། །སྲས་པོ་ཁ་སྒྱུར་བློ་ལྡན་རིམ་གྲོ་པ། །ཤེས་སྐྱེས་དབང་ཕྱུག་ཅེས་བྱ་ མཁས་པ་སྟེ། །ལེགས་དུལ་སྒྲོན་མ་ཞེས་བྱ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་དེ་ཀུན་ལ་ཡང། །ལྷ་མི་དག་ལ་ཕན་ཕྱིར་གནས་པ་པོ། །བྱེ་བ་ཕྲག་ནི་སུམ་ཅུ་བཞི་བཞི་ [404A]༄༅། །ཡོད༑ ༑མི་ཚེ་ལོ་གྲངས་སུམ་ཅུ་རྩ་བདུན་ཡིན། །མྱ་ངན་འདས་པ་དེ་ཡི་དམ་ཆོས་དག་ལོ་གྲངས་བདུན་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་ སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་བརྒྱད་པ་གསེར་གྱིས་མཛེས་པར་བྱས། །རྒྱལ་བ་ཤུགས་གནས་ཡེ་ཤེས་ལྡན་པ་ཡི། །སྐྱེ་ཡུལ་བསོད་ནམས་ལེགས་པར་ བསགས་ཞེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད་།དཔག་ཚད་བདུན་ཡོད་ཡབ་ནི་ཡོན་ཏན་དོན། །དོན་གྱི་འོད་ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ཀུན་འཕགས་ དགའ་བོ་རིམ་གྲོ་པ། །ཤེས་བཟོད་ཅེས་ནི་བྱ་བ་མཁས་པ་སྟེ། །རྣམ་པར་གྲགས་པའི་སྒྲོན་མ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དགུ་བཅུ་ཀུན་ལ་ཡང། །ཡོན་ཏན་ མཆོག་གི་མེ་ཏོག་ཁ་རྒྱས་པ། །བྱེ་བ་ཕྲག་ནི་ཉི་ཤུ་བཞི་བཞི་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་བཞི་སྟོང་ཡིན། །གྲགས་པ་མཐའ་ཡས་པ་ཡི་དམ་ཆོས་དག་ལོ་གྲང་ཉི་ ཁྲི་ཉིས་སྟོང་བར་དུ་གནས། །རྒྱལ་བ་མྱ་ངན་འདས་པའི་སྐུ་གདུང་དག་འགྲོ་ལ་ཕན་ཕྱིར་ཞིང་རྣམས་གང་བར་འགྱུར། །འཇིག་རྟེན་མཆོག་མ་གསུང་བའི་དབང་པོ་ཡི། ། སྐྱེ་ཡུལ་སྨྲ་བའི་དབང་ཕྱུར་མཆོག་ཅེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་དཔག་ཚད། །སུམ་ཅུ་རྩ་གཉིས་ཤིང་རྟ་དབང་པོ་ཡབ་།འཕགས་པའི་འོད་ཅེས་བྱ་བ་རྒྱལ་ [404B] །སྲས་པོ་གྲགས་དགའ་བསོད་ནམས་རིམ་གྲོ་པ། །དགེ་བའི་སྟོབས་ཞེས་བྱ་བ་མཁས་པ་སྟེ། །ཆོས་ཀྱི་ང་རོ་མཆོག་མ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་ ཀུན་ལ་ཡང། །བླ་མེད་བྱང་ཆུབ་མཆོག་ལ་ངེས་གྱུར་པ། །བྱེ་བ་ཕྲག་ནི་ཁྲི་ཕྲག་བཅུ་བཅུ་ཡོད། །མི་ཚེ་ལོ་གྲངས་སུམ་ཁྲི་བཞི་སྟོང་ཡིན། །མྱ་ངན་འདས་པ་དེ་ཡི་དམ་ཆོས་དག་ ལོ་གྲངས་དགུ་ཁྲི་བར་དུ་གནས་པར་འགྱུར། །ལྷ་མི་དག་ལ་ཕན་ཕྱིར་རྒྱལ་བ་ཡི། །སྐུ་གདུང་དག་གིས་རྒྱས་ཤིང་གང་བར་འགྱུར་།མཚུངས་པ་མེད་པ་གཟི་བརྗིད་ཆེན་པོ་ཡི། ། སྐྱེ་ཡུལ་ལྷ་ཡིས་ཕྱག་བྱས་པ་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་རྩ་བཞི་ལྷ་རྫས་བཟང་པ་ཡབ། །ལྷ་ཡི་དབང་ཕྱུག་རྒྱལ་ཡུམ་ཡོན་ཏན་མཆོག་སྲས་ ཡིན་ཡོན་ཏན་གྲགས་པ་རིམ་གྲོ་པ། །ཐར་པའི་རྒྱལ་མཚན་ཞེས་བྱ་མཁས་པ་སྟེ། །དོན་ལེགས་བསམས་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ཉི་ཤུ་གཉིས་ཀུན་ ལའང༑ ༑དགྲ་བཅོམ་འབྲས་བུ་མཆོག་ནི་ཐབ་པ་པོ། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་སུམ་ཁྲི་བཞི་སྟོང་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་ དག་ལོ་གྲངས་སྟོང་ཕྲག་བཅོ་ལྔའི་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་བྱེ་བ་སྟོང་ཕྲག་བརྒྱད་བཅུ་འབྱུང། །དེ་བཞིན་གཤེགས་པ་བློ་གྲོས་ [405A]༄༅། །ཟབ་མོ་ཡི། །སྐྱེ་བའི་ཡུལ་ནི་ཡུལ་འཁོར་མཆོག་ཅེས་བྱ་།རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་ཡབ་ནི་གྲངས་དོན་ཡིན། ། ཡོན་ཏན་བརྒྱན་བ་རྒྱལ་ཡུམ་སྲས་པོ་ནི། །ཡོན་ཏན་མཆོག་མ་གྲུབ་པ་རིམ་གྲོ་པ། །བྱང་ཆུབ་ཡོན་ཏན་འཛིན་པ་བློ་ཅན་སྟེ། །མཆོད་བསྔགས་ཞེས་ནི་བྱ་བ་རྫུ་འཕྲུལ་ཅན། ། འདུས་པ་ལན་གྲངས་ཉི་ཤུ་གཉིས་ཀུན་ལའང། །དགྲ་བཅོམ་བྱེ་བ་ཕྲག་ནི་བརྒྱད་བརྒྱད་དང། །གཞན་ཡང་ས་ཡ་ཕྲག་ནི་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་བདུན་ ཁྲི་དྲུག་སྟོང་ཡིན། །རྒྱལ་བ་ཡོངས་སུ་མྱ་ངན་འདས་ནས་ཀྱང་།དམ་ཆོས་ལོ་གྲངས་སུམ་ཁྲིར་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་མཆོད་རྟེན་དཔག་ཚད་ནི། ། བཅུ་གཉིས་པ་གཅིག་མུ་ཏིག་བླ་བྲེར་ལྡན། །འཇིག་རྟེན་མགོན་པོ་བདུད་རྩི་སྐྱེ་བ་ཡི། །ཡུལ་ནི་གཟི་བརྗིད་དཔག་ཏུ་མེད་ཅེས་བྱ། །དེ་རིགས་བྲམ་ཟེ་ཡིན་ཏེ་འོད་ ཀྱི་ཚད༑ ༑དཔག་ཚད་བཅུ་གཉིས་ཡབ་ནི་མཐའ་ཡས་ཡིན། །ང་རོ་མཐའ་ཡས་རྒྱལ་ཡུམ་སྲས་པོ་ནི། །ཀུན་མུ་ད་ཡིན་ལྟ་བྱེད་རིམ་གྲོ་པ། །འཇིག་རྟེན་དགའ་ཞེས་ བྱ་བ་མཁས་པ་སྟེ། །འཇིག་རྟེན་དད་པར་བྱེད་པ་རྫུ་འཕྲུལ་ཅན་།འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང། །གང་ཟག་དམ་པ་དགྲ་ནི་ཆོམས་པ་པོ། །བྱེ་བ་ཕྲག་ [405B] །མི་ཚེ་ལོ་གྲངས་ཉི་ཁྲི་ཉིས་སྟོང་ཡིན། །མྱ་ངན་འདས་པ་དེ་ཡི་དམ་ཆོས་དག་ལོ་གྲངས་ཅིག་ཁྲི་སུམ་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་ དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་བྱེ་བ་སྟོང་ཕྲག་དགུ་བཅུ་འབྱུང། །དེ་བཞིན་གཤེགས་པ་ཆོས་སྟོབས་སྐྱེ་བའི་ཡུལ། །བསོད་ནམས་ཏོག་གི་རྒྱལ་མཚན་ཞེས་ཀྱང་བྱ། །རྒྱལ་ བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་གསུམ་ཡོད་ཡབ་ནི་ཚངས་བཟང་ཡིན། །ཚངས་པའི་མཆོད་རྟེན་རྒྱལ་ཡུམ་སྲས་པོ་ཡི་།དབང་པོ་ཐུལ་ཡིན་ཞི་བ་རིམ་གྲོ་པ། །ཡོན་ ཏན་སྣང་བར་བྱེད་པ་མཁས་པ་སྟེ། །ཡོན་ཏན་མཆོག་ལ་གནས་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བཅུ་དྲུག་ཀུན་ལའང། །རྡུལ་ཞི་དྲི་མ་གསུམ་དང་བྲལ་བ་པོ། ། བྱེ་བ་ཕྲག་ནི་དགུ་བཅུ་དགུ་དགུ་ཡོད། །མི་ཚེ་ལོ་གྲངས་དགུ་ཁྲི་བཞི་སྟོང་ཡིན། །བློ་གྲོས་མཐའ་ཡས་པའི་དམ་ཆོས་དག་ལོ་གྲངས་བརྒྱད་ཁྲིའི་བར་དུ་འགྱུར། །རྒྱལ་ བའི་སྐུ་གདུང་མཆོད་རྟེན་དཔག་ཚད་ནི། །བཅུ་གཅིག་པ་གཅིག་རིན་ཆེན་དྲ་བར་ལྡན། །དེ་བཞིན་གཤེགས་པ་མཆོད་ལྡན་སྐྱེ་བའི་ཡུལ་།བསོད་ནམས་དག་གིས་བསྒྲུབས་པ་ ཞེས་ཀྱང་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་ཉི་ཤུ་ཟླ་བའི་དབང་པོ་ཡབ། །ཟླ་བའི་ཏོག་ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་མཆོག་མ་ངེས་པ་རིམ་གྲོ་ [406A]༄༅། །པ༑ ༑ཕྱོགས་མཆོད་པ་ཞེས་བྱ་བ་མཁས་པ་སྟེ། །ཡེ་ཤེས་དག་པ་འཆད་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་བཞི་ཀུན་ལའང། ། དགྲ་བཅོམ་ཞི་བའི་ཡིད་ལྡན་བསམ་གཏན་པ། །ཐེར་འབུམ་ཐེར་འབུམ་དག་ནི་འདུས་པར་འགྱུར། །མི་ཚེ་ལོ་གྲངས་སུམ་ཁྲི་དྲུག་སྟོང་ཡིན་།ཡོངས་སུ་མྱ་ངན་འདས་ ནས་དམ་ཆོས་དག་ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས་པར་འགྱུར་།རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་བདུན་པ་ཀུན་ནས་མཛེས་པར་ བྱས༑ ༑དེ་བཞིན་གཤེགས་པ་མིད་ཏོག་འོད་དག་པ། །སྐྱེ་བའི་ཡུལ་ནི་གཟི་བརྗིད་འཕགས་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བརྒྱད་ཅུ་ཡབ་ནི་ ཞུམ་མེད་ཡིན། །ཡོན་ཏན་རྟོགས་བྱེད་མ་ནི་རྒྱལ་བའི་ཡུམ། །སྲས་པོ་ཀུན་རྒྱལ་རྒྱལ་དག་རིམ་གྲོ་པ། །ཡོན་ཏན་དབང་ཕྱུག་ཅེས་བྱ་མཁས་པ་སྟེ། །རབ་ཏུ་ཞི་བར་གནས་ པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་།མ་སྨད་རྨ་མ་བྱུང་བའི་དགྲ་བཅོམ་པ། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་བཞི་སྟོང་ ཡིན༑ ༑གྲགས་པ་མཐའ་ཡས་མྱ་ངན་འདས་ནས་ཀྱང། །དམ་ཆོས་ལོ་གྲངས་དགུ་ཁྲིར་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ཏེ། །འཇིག་རྟེན་ཞིང་རྣམས་ [406B] །སངས་རྒྱས་ཁམས་གསུམ་དག་གི་མཆོད་གནས་ཀྱི། །སྐྱེ་བའི་ཡུལ་ནི་ཡུལ་འཁོར་འཕེལ་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ ཚད་གསུམ་ཡོད་ཡབ་ནི་ལག་བཟང་ཡིན། །དགེ་བའི་དབང་ཕྱུག་མ་ནི་རྒྱལ་བའི་ཡུམ། །སྲས་པོ་སྐར་མཁན་མིག་ལྡན་རིམ་གྲོ་པ། །ཤེས་རབ་དགའ་བའི་དབྱངས་ནི་བློ་ཅན་ ཏེ༑ ༑མཐའ་ཡས་གནས་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དགུ་བཅུ་ཀུན་ལ་ཡང། །བྱང་ཆུབ་སྤྱོད་པ་མཆོག་ལ་ངེས་གྱུར་པ། །བྱེ་བ་ཕྲག་ནི་དགུ་བཅུ་ དགུ་དགུ་ཡོད། །མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་པའི་སྐུ་གདུང་ མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་ལྔ་པ་བླ་རེས་མཛེས་པར་བྱས། །རྒྱལ་བ་སྒྲ་གཅན་ཉི་མའི་སྙིང་པོ་ཡི། །སྐྱེ་ཡུལ་འཇིག་རྟེན་ཤིན་ཏུ་འཕགས་ཞེས་བྱ། །རིགས་ནི་རྒྱལ་རིགས་ སྟོང་གསུམ་འོད་དག་གིས། །རྒྱས་འགྱུར་ཤིང་རྟ་འདྲེན་པའི་དབང་པོ་ཡབ། །ནམ་མཁའ་དགའ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་གཟི་ལེགས་ཆོས་ལྡན་རིམ་གྲོ་པ། །རྒྱལ་ བའི་མཆོད་རྟེན་ཞེས་བྱ་མཁས་པ་སྟེ། །མཆོག་གི་རྒྱལ་པོ་ཞེས་བྱ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་ཀུན་ལ་ཡང། །བླ་མེད་བྱང་ཆུབ་དག་ལ་ངེས་གྱུར་པ། །བྱེ་ [407A]༄༅། །བ་ཕྲག་ནི་བདུན་ཅུ་བརྒྱད་བརྒྱད་ཡོད། །མི་ཚེ་ལོ་གྲངས་དག་ནི་དུང་ཕྱུར་ཡིན། །དམ་པའི་ཆོས་དག་ལོ་གྲངས་ཁྲི་ཕྲག་ནི། །ཐེར་འབུམ་ བརྒྱད་བཅུའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ཏེ། །སྟོང་གསུམ་འཇིག་རྟེན་ཐམས་ཅད་གང་བར་འགྱུར་།དེ་བཞིན་གཤེགས་པ་ལྷ་ཡིས་ མཆོད་པ་ཡི། །སྐྱེ་བའི་ཡུལ་ནི་ལྷ་དང་ཅེས་ཀྱང་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བརྒྱད་ཡོད་ཡབ་ནི་རྟོགས་བཟང་ཡིན། །མེ་ཏོག་འོད་ཅེས་བྱ་བ་རྒྱལ་ བའི་ཡུམ། །སྲས་པོ་ཙནྡན་ཙམ་ཀ་རིམ་གྲོ་པ། །ལྷ་ཡི་ཁ་ལོ་སྒྱུར་བ་མཁས་པ་སྟེ། །ཀླུ་ཡིས་འཇིགས་པ་མེད་པ་རྫུ་འཕྲུལ་ཅན་།འདུས་པ་ལན་གྲངས་དགུ་བཅུ་ཀུན་ལ་ཡང། ། བདུད་རྩིའི་གོ་འཕང་ཞི་ལ་ལེགས་དུལ་བ། །བྱེ་བ་ཕྲག་ནི་དགུ་བཅུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་དགུ་ཁྲི་བཞི་སྟོང་ཡིན་།ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག་ལོ་ གྲངས་བདུན་ཁྲི་དྲུག་སྟོང་བར་དུ་གནས། །སངས་རྒྱས་ཡོངས་སུ་མྱ་ངན་འདས་ནས་ཀྱང། །འཇིག་རྟེན་ཕན་ཕྱིར་སྐུ་གདུང་རྒྱས་པར་འགྱུར། །དེ་བཞིན་གཤེགས་པ་ཐར་པའི་ རྒྱལ་མཚན་གྱི། །སྐྱེ་ཡུལ་འཇིག་རྟེན་དད་པར་བྱེད་ཅེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །དགུ་བཅུ་རྩ་དགུ་ཡབ་ནི་སྟེགས་བཟང་ཡིན། །སངས་རྒྱས་ [407B] །སྲས་པོ་ཤེས་མཆོག་ཤེས་ལེགས་རིམ་གྲོ་པ། །གསེར་མཆོག་བརྩེགས་ཞེས་བྱ་བ་མཁས་པ་སྟེ། །དབྱངས་མཆོག་ཁྱད་པར་འཕགས་པ་ རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང། །འཇིག་རྟེན་ཆོས་ལས་རྣམ་གྲོལ་བསམ་གཏན་པ། །བྱེ་བ་ཕྲག་ནི་བརྒྱད་ཅུ་གསུམ་གསུམ་ཡོད། །མི་ཚེ་ལོ་གྲངས་དགུ་ ཁྲི་ཉིས་སྟོང་ཡིན། །མཚུངས་པར་མེད་པ་མྱ་ངན་འདས་ནས་ཀྱང་།དམ་ཆོས་ལོ་གྲངས་དགུ་ཁྲིར་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་བྱེ་ བ་སྟོང་ཕྲག་དགུ་བཅུ་འབྱུང། །དེ་བཞིན་གཤེགས་པ་དགེ་བའི་གཙུག་སྐྱེ་བའི་ཡུལ་ནི་བཀོད་པ་ཡིད་དུ་འོང་བ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ ཉིས་བརྒྱའོ། །ཡབ་ནི་རིན་ཆེན་ཏོག་གི་རྒྱལ་མཚན་ཞེས་བྱའོ་།ཡུམ་ནི་དཔལ་གྱི་བཟང་མཆོག་མ་ཞེས་བྱའོ། །སྲས་ནི་ལེགས་མཐོང་ཞེས་བྱའོ། །རིམ་གྲོ་པ་ནི་བསོད་ནམས་མཐོང་ ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྟོན་པ་གསལ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་གྱི་མེ་ཏོག་ཁ་རྒྱས་པ་ཞེས་བྱའོ། །འདུས་པའི་དང་པོ་ལ་ནི་ཉན་ ཐོས་དུང་ཕྱུར་ཕྲག་ལྔའོ། །གཉིས་པ་ལན་དུང་ཕྱུར་ཕྲག་དྲུག་གོ་གསུམ་པ་ལ་ནི་དུང་ཕྱུར་ཕྲག་བདུན་ནོ། །བཞི་པ་ལ་ནི་དུང་ཕྱུར་ཕྲག་བརྒྱད་དོ། །ལྔ་པ་ལ་ནི་དུང་ཕྱུར་ཕྲག་ [408A]༄༅། །དགུའོ༑ ༑སྐུ་ཚེ་ཆད་ནི་ལོ་སུམ་སྟོང་ངོ། །དམ་པའི་ཆོས་ཀྱང་ལོ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་ པ་བདུད་རྩི་འོད་སྐྱེ་བའི་ཡུལ་ནི་ཡོན་ཏན་གཟི་བརྗིད་ལྔ་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་དཔག་ཚད་བདུན་སྟོང་ངོ་།ཡབ་ནི་རིན་ཆེན་མཐའ་ཡས་འོད་ཅེས་བྱའོ། ། ཡུམ་ནི་རྣམ་པར་ཐར་པ་དགའ་ཞེས་བྱའོ། །སྲས་ནི་སྟོན་པ་གསལ་ཞེས་བྱའོ། །རིམ་གྲོ་པ་ནི་འཕགས་དད་བྱིན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་ཚོགས་ ཀྱི་གཟི་བརྗིད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་རྡོ་རྗེ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བཞི་བཅུ་སྟེ་ཐམས་ཅད་ལའང་བྱེ་བ་ཕྲག་སྟོང་སྟོང་ངོ། །སྐུ་ཚེའི་ཚད་ནི་ ལོ་བརྒྱད་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་རྡོ་རྗེ་སྐྱེ་བའི་ ཡུལ་ནི་གདུལ་དཀའ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་ཁྲིའོ། །ཡབ་ནི་སེངྒེས་བྱིན་ཞེས་བྱའོ། །ཡུམ་ནི་ཡིད་དུ་འོང་བའི་དབྱངས་ཞེས་བྱའོ། །སྲས་ནི་ཡོན་ཏན་ མཆོད་རྟེན་ཞེས་བྱའོ། །རིམ་གྲོ་པ་ནི་འཇིག་རྟེན་གྱིས་བསྔགས་པ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་འོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྒྲིབ་ [408B] །ཉན་ཐོས་འདུས་པ་ནི་ལན་སུམ་ཅུ་སྟེ། ཐམས་ཅད་ལའང་བྱེ་བ་འབུམ་ཕྲག་བཅྭ་བརྒྱད་བཅོ་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲིའོ། ། དམ་པའི་ཆོས་ཀྱང་ལོ་བདུན་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་བརྟན་པ་སྐྱེ་བའི་ཡུལ་ནི་ཐོགས་པ་མེད་པ་ཞེས་བྱའོ། །རིགས་ནི་རྒྱལ་ རིགས་སོ། །འོད་ནི་དཔག་ཚད་སྟོང་ངོ། །ཡབ་ནི་མཐོང་བས་སྤོང་པར་བཟོད་ཅེས་བྱའོ། །ཡུམ་ནི་ཐར་པ་དགའ་ཞེས་བྱའོ། །སྲས་ནི་སྒྲིབ་པ་མེད་པར་མཐོང་བ་དང་ལྡན་པ་ བཞེས་བྱའོ། །རིམ་གྲོ་པ་ནི་བདེན་སྨྲ་བརྡའི་འོད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྒྲིབ་པ་མེད་པ་སྟོན་པའི་བློ་གྲོས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འཇིག་རྟེན་ ཐམས་ཅད་དུ་རྣམ་པར་གྲགས་པ་ཐོབ་ཅེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བཞི་བཅུ་སྟེ། ཐམས་ཅད་ལའང་བྱེ་བ་ཕྲག་བཅོ་བརྒྱད་བཅོ་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲིའོ། །དམ་ པའི་ཆོས་ཀྱང་ལོ་བདུན་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་འདུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་རིན་ཆེན་ཕུང་པོ་སྐྱེ་བའི་ཡུལ་ནི་ ཡོན་ཏན་གྱི་ཚོགས་དང་ལྡན་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ་།འོད་ནི་དཔག་ཚད་བདུན་སྟོང་ངོ། །ཡབ་ནི་ཡུལ་མཆོད་ཅེས་བྱའོ་།ཡུམ་ནི་ལྷ་དགའ་ཞེས་བྱའོ། །སྲས་ནི་ནོར་ [409A]༄༅། །སྦྱིན་དགའ་ཞེས་བྱའོ། །རིམ་གྲོ་པ་ནི་ཡེ་ཤེས་ཡང་དག་འཕགས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་ཐམས་ཅད་རྣམ་པར་ འབྱེད་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སེམས་པ་ཐོགས་མེད་སྨྲ་ཞེས་བྱའོ། །འདུས་པ་ནི་ལན་སུམ་ཅུ་སྟེ། ཐམས་ཅད་ལའང་བྱེ་བ་ཕྲག་བཅུ་བཞི་བཅུ་བཞིའོ། ། སྐུ་ཚེའི་ཚད་ནི་ལོ་དགུ་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་དགུ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་མཛེས་པར་གཤེགས་པ་སྐྱེ་བའི་ཡུལ་ ནི་རིན་པོ་ཆེའི་བཀོད་པ་མཐའ་ཡས་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་སུམ་ཁྲི་དྲུག་སྟོང་ངོ། །ཡབ་ནི་རིན་ཆེན་ཏོག་འོད་ཅེས་བྱའོ། །ཡུམ་ནི་གསལ་ལྡན་ མཐོང་ཞེས་བྱའོ། །སྲས་ནི་ཀུན་དུ་བཟང་ཞེས་བྱའོ། །རིམ་གྲོ་པ་ནི་བལྟ་སྡུག་འདོད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་ཡང་དག་འཕགས་ཞེས་བྱའོ། །རྫུ་འཕྲུལ་ ཅན་རྣམས་ཀྱི་མཆོག་ནི་ཐམས་ཅད་བལྟས་སེམས་ཞེས་བྱའོ། །འདུས་པ་ནི་ལན་བདུན་ཅུ་སྟེ། ཐམས་ཅད་ལའང་བྱེ་བ་ཕྲག་སྟོང་སྟོང་ངོ། །སྐུ་ཚེའི་ཚད་ནི་ལོ་འབུམ་མོ། །དམ་པའི་ ཆོས་ཀྱང་ལོ་འབུམ་གྱི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཉི་མ་ལྟར་གཤེགས་པ་སྐྱེ་བའི་ཡུལ་ནི་དག་པར་མཐོང་ཞེས་བྱའོ། །རིགས་ནི་ [409B] །འོད་ནི་དཔག་ཚད་སུམ་ཁྲི་ཉིས་སྟོང་ངོ། །ཡབ་ནི་དགའ་བའི་ཟླ་བ་ཞེས་བྱའོ། །ཡུམ་ནི་ལེགས་མཐོང་མ་ཞེས་བྱའོ། །སྲས་ནི་དགའ་འོད་ཅེས་བྱའོ། །རིམ་གྲོ་པ་ནི་སྟོན་པ་གསལ་ཞེས་ བྱའོ༑ ༑ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འཇིག་རྟེན་རྣམ་པ་དག་བྱེད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ལེགས་མཆོད་ཅེས་བྱའོ། །འདུས་པ་ནི་ལན་བརྒྱད་ཅུ་སྟེ། ཐམས་ཅད་ ལའང་བྱེ་བ་ཕྲག་སྟོང་སྟོང་ངོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །དམ་པའི་ཆོས་ནི་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ ཏུ་ཟད་དོ། །དེ་བཞིན་གཤེགས་པ་དག་པའི་འོད་སྐྱེ་བའི་ཡུལ་ནི་མཛེས་སེམས་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སྟོང་ངོ། །ཡབ་ནི་སེངྒེའི་འགྲམ་པ་ཞེས་བྱའོ། །ཡུམ་ནི་ ཡོན་ཏན་མཐོང་ཞེས་བྱའོ། །སྲས་ནི་ཆོས་ཀྱི་སྒྲོན་མ་ཞེས་བྱའོ་།རིམ་གྲོ་པ་ནི་མཐོང་བས་སྤོང་བའི་བློ་གྲོས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ལྷུན་པོ་བརྩགས་ཞེས་བྱའོ། །རྫུ་འཕྲུལ་ ཅན་རྣམས་ཀྱི་མཆོག་ནི་དོན་ལེགས་སེམས་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བརྒྱད་ཅུ་སྟེ། ཐམས་ཅད་ལའང་བདུན་འབུམ་དྲུག་ཁྲི་དྲུག་ཁྲིའོ། །སྐུ་ཚེའི་ཚད་ནི་ལོ་དགུ་ཁྲིའོ། །དམ་པའི་ ཆོས་ཀྱང་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཡོན་ཏན་གཅུག་སྐྱེ་བའི་ཡུལ་ནི་རིན་པོ་ཆེས་བརྒྱན་པ་ཞེས་བྱའོ། །རིགས་ནི་རྒྱལ་ [410A]༄༅། །རིགས་སོ། །འོད་ནི་དཔག་ཚད་བདུན་ཅུ་རྩ་བཞིའོ། །ཡབ་ནི་མེ་ཏོག་སྒྲོན་མ་ཞེས་བྱའོ། །ཡུམ་ནི་ཟླ་ལེགས་ཞེས་བྱའོ། །སྲས་ནི་ལྷ་དགའ་ཞེས་བྱའོ། །རིམ་ གྲོ་པ་ནི་སྟོན་པ་མཐའ་ཡས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྟོན་གསལ་སེམས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཛེས་དགའ་ཞེས་བྱའོ། །འདུས་པ་ ནི་ལན་བཅུ་གསུམ་སྟེ། ཐམས་ཅད་ལའང་བྱེ་བ་ཕྲག་སྟོང་སྟོང་ངོ། །སྐུ་ཚེའི་ཚད་ནི་ལོ་ལྔ་ཁྲིའོ། །དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་ རོ༑ ༑དེ་བཞིན་གཤེགས་པ་དཔལ་རྫོགས་སྐྱེ་བའི་ཡུལ་ནི་རིན་པོ་ཆེའི་བཀོད་པ་མཐའ་ཡས་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སྟོང་ངོ། །ཡབ་ནི་ཚངས་ལྷ་ ཞེས་བྱའོ། །ཡུམ་ནི་ཚངས་བདག་མ་ཞེས་བྱའོ། །སྲས་ནི་རིན་ཆེན་མཆོག་ཅེས་བྱའོ། །རིམ་གྲོ་པ་ནི་སྟོན་བཟོད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཆོད་རྟེན་ཞེས་ བྱའོ༑ ༑རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འོད་བཟང་ཞེས་བྱའོ་།འདུས་པ་ནི་ལན་བརྒྱད་ཅུ་སྟེ། ཐམས་ཅད་ལའང་འབུམ་འབུམ་མོ་།སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། ། དམ་པའི་ཆོས་ནི་ལོ་བརྒྱད་བཞི་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ་།དེ་བཞིན་གཤེགས་པ་སེངྒེའི་ [410B]།རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བཞི་བརྒྱའོ། །ཡབ་ནི་མཐུ་རྩལ་བག་མི་ཚ་ཞེས་བྱའོ། །ཡུམ་ནི་མཐུ་རྩལ་ འཇིགས་མེད་མ་ཞེས་བྱའོ། །སྲས་ནི་འཇིག་རྟེན་མཆོད་ཅེས་བྱའོ། །རིམ་གྲོ་པ་ནི་བརྩོན་འགྲུས་བརྟེན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བརྩོན་པ་མི་འདོར་བར་ཞེས་བྱའོ། ། རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གཞན་གྱིས་མི་ཐུབ་པའི་རྒྱལ་མཚན་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་ཐེར་འབུམ་ཕྲག་བདུན་ཅུའོ། །གཉིས་པ་ལ་ནི་ཐེར་འབུམ་ཕྲག་ བརྒྱད་ཅུའོ། །གསུམ་པ་ལ་ནི་ཐེར་འབུམ་ཕྲག་དགུ་བཅུའོ། །བཞི་པ་ལ་ནི་ཐེར་འབུམ་ཕྲག་སྟོང་ངོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། ། སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་གྱེན་དུ་འཕགས་སྐྱེ་བའི་ཡུལ་ནི་དགའ་བ་བཀོད་པ་མཐའ་ཡས་བ་ཞེས་བྱའོ་།རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སུམ་ བརྒྱའོ། །ཡབ་ནི་ལྷ་གདུགས་ཞེས་བྱའོ། །ཡུམ་ནི་བདུད་རྩིའི་མེ་ཏོག་ཅེས་བྱའོ། །སྲས་ནི་སྤོབས་བའི་གཟི་བརྗིད་ཅེས་བྱའོ། །རིམ་གྲོ་པ་ནི་ཡེ་ཤེས་མེ་ཏོག་ཅེས་བྱའོ། །ཤེས་རབ་ཅན་ རྣམས་ཀྱི་མཆོག་ནི་ཤེས་རབ་འོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གྲོལ་བའི་ཕུང་པོ་ཞེས་བྱའོ། །འདུས་པ་ནི་ལན་སུམ་ཅུ་སྟེ། ཐམས་ཅད་ལའང་ས་ཡ་ཕྲག་གསུམ་ [411A]༄༅། །གསུམ་མོ། །སྐུ་ཚེའི་ཚད་ནི་ལོ་དགུ་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་དགུ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་མེ་ཏོག་བྱིན་སྐྱེ་བའི་ཡུལ་ནི་མེ་ཏོག་བཀོད་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ས་ཡ་ཕྲག་གསུམ་མོ། ། ཡབ་ནི་ཡོན་ཏན་མེ་ཏོག་ལྷ་ཞེས་བྱའོ། །ཡུམ་ནི་ལྷའི་མེ་ཏོག་ཅེས་བྱའོ། །སྲས་ནི་བདུད་རྩིའི་སྙིང་པོ་ཞེས་བྱའོ། །རིམ་གྲོ་པ་ནི་སྤོས་འོད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་ མཆོག་ནི་འཇིག་རྟེན་རྣམ་པར་གྲགས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བདུད་རྩི་གིས་གྲག་ཞེས་བྱའོ། །འདུས་པ་ནི་ལན་དྲུག་ཅུ་སྟེ། །ཐམས་ཅད་ལའང་ཐེར་འབུམ་ཕྲག་ བརྒྱད་ཅུ་བརྒྱད་ཅུའོ། །སྐུ་ཚེའི་ཚད་ནི་ལ་བྱེ་བ་ཕྲག་དྲུག་གོ་།དམ་པའི་ཆོས་ནི་ལོ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་འོད་འགྱེད་པ་ སྐྱེ་བའི་ཡུལ་ནི་རིན་ཆེན་འོད་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་ཉི་ཤུའོ། །ཡབ་ནི་ནོར་སྦྱིན་གསལ་ཞེས་བྱའོ། །ཡུམ་ནི་ཡེ་ཤེས་བྱིན་ཞེས་བྱའོ། །སྲས་ནི་ ཉི་མའི་སྙིང་པོ་ཞེས་བྱའོ། །རིམ་གྲོ་པ་ནི་འོད་མཆོག་ཅེས་བྱའོ། ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བཟང་པོའི་འབྱུང་གནས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ [411B] །འདུས་པ་ནི་ལན་དྲུག་ཅུ་སྟེ། །ཐམས་ཅད་ལའང་ས་ཡ་ཕྲག་གསུམ་མོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་བདུན་ཁྲིའི་བར་ དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་གུ་འདུག་གོ། །མཆོད་རྟེན་ནི་དཔག་ཚད་བཅུ་པ་སྟེ། གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་པདྨ་སྐྱེ་བའི་ཡུལ་ནི་རྣམ་པར་སྣང་བྱེད་འོད་ ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བརྒྱད་ཁྲིའོ། །ཡབ་ནི་ལྷས་མཆོད་ཅེས་བྱའོ། །ཡུམ་ནི་ཡེ་ཤེས་འཛིན་ཅེས་བྱའོ། །སྲས་ནི་མཁས་པའི་བློ་གྲོས་ཞེས་བྱའོ། ། རིམ་གྲོ་པ་ནི་ཐོགས་པ་མེད་པའི་བློ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་རྡོ་རྗེ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྐྱེ་བའི་མཆོད་རྟེན་ཞེས་བྱའོ། །འདུས་ པ་ནི་ལན་བཅུ་གཉིས་ཏེ། ཐམས་ཅད་ལའང་འབུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་ཁྲི་བཞི་སྟོང་ངོ། །དམ་པའི་ཆོས་ནི་ལོ་སུམ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་ འགྱུར་རོ། །དེ་བཞིན་གཤེགས་པ་ཡེ་ཤེས་དགྱེས་སྐྱེ་བའི་ཡུལ་ནི་ཐར་བའི་མེ་ཏོག་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་དྲུག་གོ་ཡབ་ནི་འབྱོར་བྱིན་ཞེས་བྱའོ། ། ཡུམ་ནི་ལེགས་སྤོང་བྱིན་ཞེས་བྱའོ། །སྲས་ནི་དགའ་བའི་དབྱངས་ཞེས་བྱའོ། །རིམ་གྲོ་པ་ནི་ཡོན་ཏན་བཀོད་པ་མཐའ་ཡས་པ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ [412A]༄༅། །ཟླ་མཆོག་དང་བའི་ཏོག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་རིན་ཆེན་འོད་ཅེས་བྱའོ། །འདུས་པ་ནི་ལན་བདུན་ཅུ་སྟེ། ཐམས་ཅད་ ལའང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་འབུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་སུམ་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་སུམ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་ འགྱུར་རོ། །དེ་བཞིན་གཤེགས་པ་བཀོད་པ་མཛེས་སྐྱེ་བའི་ཡུལ་ནི་ཡེ་ཤེས་བཀོད་བ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བརྒྱའོ། །ཡབ་ནི་བསོད་ནམས་བཀོད་ པ་ཞེས་བྱའོ། །ཡུམ་ནི་བཀྲ་ཤིས་གསལ་ཞེས་བྱའོ། །སྲས་ནི་བསོད་ནམས་ལ་གཅེས་བྱའོ། །རིམ་གྲོ་པ་ནི་ཤེས་དགའ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་ མཐུ་རྩལ་མི་གཡོ་བ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རྒྱ་མཚོའི་བློ་ཞེས་བྱའོ། །འདུས་པ་ནི་ལན་བྱེ་བ་སྟེ་ཐམས་ཅད་ལའང་བྱེ་བ་ཕྲག་སྟོང་སྟོང་ངོ། །སྐུ་ཚེའི་ཚད་ནི་ལོ་ དགུ་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་དགུ་ཁྲིའི་བར་དུ་གནས་སོ་།སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ནི་དཔག་ཚད་བཅུ་གཉིས་པ་སྟེ་གཅིག་ཏུ་ཟད་དོ། །དེ་བཞིན་ གཤེགས་པ་གཏི་མུག་མེད་པར་གནས་པ་སྐྱེ་བའི་ཡུལ་ནི་སྒྲིབ་པ་མེད་པའི་འོད་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ལྔ་བརྒྱའོ། །ཡབ་ནི་རིན་ཆེན་གཏོང་ཞེས་ [412B] ༑ཡུམ་ནི་ལྷའི་འོད་ཟེར་ཞེས་བྱའོ། །སྲས་ནི་ལྷ་མཆོག་ཅེས་བྱའོ། །རིམ་གྲོ་པ་ནི་ཡོན་ཏན་གཞོལ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྐྱོན་མེད་སེམས་ཞེས་བྱའོ། །རྫུ་འཕྲུལ་ ཅན་རྣམས་ཀྱི་མཆོག་ནི་ཐར་བའི་ཕུང་པོ་འོད་ཅེས་བྱའོ། །འདུས་པ་ནི་ལན་དགུ་བཅུ་རྩ་དྲུག་སྟེ། ཐམས་ཅད་ལའང་ཁྲི་ཕྲག་བཅུ་གསུམ་བཅུ་གསུམ་མོ། །སྐུ་ཚེའི་ཚད་ནི་ལོ་འབུམ་ མོ༑ ༑དམ་པའི་ཆོས་ནི་ལོ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་རྨ་མེད་པ་སྐྱེ་བའི་ཡུལ་ནི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཞེས་བྱའོ། ། རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བཞི་སྟོང་ངོ། །ཡབ་ནི་ཀུན་ཏུ་འོད་ཅེས་བྱའོ། །ཡུམ་ནི་དེ་ལྡན་མ་ཞེས་བྱའོ། །སྲས་ནི་རྣམ་པར་སྣང་བྱེད་མིག་ཅེས་བྱའོ། །རིམ་གྲོ་པ་ ནི་ཀུན་དུ་གནས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་སྤྱོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་མཐའ་ཡས་གྲགས་ཞེས་བྱའོ། །འདུས་ པ་ནི་ལན་ལྔ་བཅུ་སྟེ། །ཐམས་ཅད་ལའང་བྱེ་བ་ཕྲག་འབུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་དྲུག་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་ གཅིག་ཏུ་འདུག་གོ་མཆོད་རྟེན་ནི་དཔག་ཚད་བཅོ་ལྔ་པ་སྟེ། གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཏོག་གི་རྒྱལ་མཚན་སྐྱེ་བའི་ཡུལ་ནི་ཏོག་གི་འོད་ཅེས་བྱའོ། །རིགས་ [413A]༄༅། །ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བརྒྱད་སྟོང་ངོ་།ཡབ་ནི་བསོད་ནམས་ཏོག་ཅེས་བྱའོ། །ཡུམ་ནི་བདེན་སྨྲ་ཞེས་བྱའོ་།སྲས་ནི་ཤེས་རབ་ དབྱངས་ཞེས་བྱའོ། །རིམ་གྲོ་པ་ནི་ཡོན་ཏན་ཐམས་ཅད་ཀྱི་ཚོགས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བློ་མཆོག་ཅེས་བྱའོ་།རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡིད་ འོང་མཐུ་རྩལ་ཞེས་བྱའོ། །འདུས་པ་ནི་ལན་དྲུག་ཅུ་སྟེ། །ཐམས་ཅད་ལའང་ཕྱིར་མི་ལྡོག་བའི་བྱང་ཆུབ་སེམས་དཔའ་འབུམ་ཕྲག་དགུ་བཅུ་རྩ་དགུ་དགུ་ཡོད་དོ། །སྐུ་ཚེའི་ཚད་ནི་ལོ་ལྔ་ ཁྲིའི༑ ༑དམ་པའི་ཚེས་ཀྱང་ལོ་ལྔ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་བདེ་བར་དགོངས་སྐྱེ་བའི་ཡུལ་ནི་བདེ་བ་ཅན་ཞེས་བྱའོ། །རིགས་ ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་སྟོང་ཉིས་བརྒྱའོ། །ཡབ་ནི་ཐར་སེམས་རྒྱལ་པོ་ཞེས་བྱའོ། །ཡུམ་ནི་དབང་པོ་དུལ་ཞེས་བྱའོ་།སྲས་ནི་དོན་གྱི་བློ་གྲོས་ཞེས་བྱའོ། །རིམ་གྲོ་ པ་ནི་ཐར་པའི་མཛོད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སེངྒེའི་སྟོབས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བློ་གྲོས་དག་པའི་དོན་ཅེས་བྱའོ། །འདུས་པ་ནི་ ལན་སུམ་ཅུ་རྩ་དྲུག་སྟེ། །ཐམས་ཅད་ལའང་ཐེར་འབུམ་ཕྲག་བཅོ་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་བརྒྱ་ཁྲིའོ། །དམ་པའི་ཆོས་ནི་ལོ་བརྒྱད་ཁྲི་བརྒྱད་སྟོང་གི་བར་དུ་ [413B] །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་གཏི་མུག་མེད་པའི་རྒྱལ་པོ་སྐྱེ་བའི་ཡུལ་ནི་མཆོག་ཏུ་སྤོང་བ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་ དྲུག་གོ་ཡབ་ནི་ལྷ་མཆོད་ཅེས་བྱའོ། །ཡུམ་ནི་བཟང་ལྡན་མ་ཞེས་བྱའོ། །སྲས་ནི་རྩལ་པོ་ཆེ་ཞེས་བྱའོ། །རིམ་གྲོ་པ་ནི་མཐུ་རྩལ་མཐོང་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ ནི་ཡོན་ཏན་གྱི་ཚོགས་ཐམས་ཅད་རབ་ཏུ་གནས་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ན་དབྱངས་སྙན་གནས་ཞེས་བྱའོ་།འདུས་པ་ནི་ལན་སུམ་ཅུ་སྟེ། ཐམས་ཅད་ ལའང་བྱེ་བ་ཕྲག་འབུམ་འབུམ་མོ། །སྐུ་ཚེའི་ཚད་ནི་འབུམ་མོ་།དམ་པའི་ཆོས་ཀྱང་ལོ་འབུམ་གྱི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ནི་དཔག་ཚད་ དྲུག་པ་སྟེ། གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་མཆོག་མཁྱེན་སྐྱེ་བའི་ཡུལ་ནི་སྒྲོན་མ་མཆོག་ཅེས་བྱའོ། །རིགས་ནི་བྲམ་ཟེའོ་།འོད་ནི་དཔག་ཚད་སུམ་ཅུའོ། །ཡབ་ནི་ཏོག་ཅེས་ བྱའོ༑ ༑ཡུམ་ནི་ཡིད་འཐད་དཔལ་ཞེས་བྱའོ། །སྲས་ནི་ལེགས་མཐོང་ཞེས་བྱའོ། །རིམ་གྲོ་པ་ནི་ཞུམ་མདོ་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་མེ་ཏོག་གཅེས་བྱའོ། །རྫུ་ འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གྲགས་པའི་རྒྱལ་མཚན་ཞེས་བྱའོ་།འདུས་པ་ནི་ལན་ཉི་ཤུ་རྩ་ལྔ་སྟེ། །ཐམས་ཅད་ལའང་འབུམ་ཕྲག་གཉིས་ཤུ་རྩ་གསུམ་མོ། །སྐུ་ཚེའི་ཚད་ནི་ལོ་ཉི་ [414A]༄༅། །ཁྲིའོ༑ ༑དམ་པའི་ཚེས་ཀྱང་ལོ་ཉི་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་བོ་གཅིག་ཏུ་འདུག་གོ་མཆོག་རྟེན་ནི་དཔག་ཚད་བདུན་པ་སྟེ། གཅིག་ཏུ་ཟད་དོ། ། དེ་བཞིན་གཤེགས་བདག་བའི་རྒྱ་མཚོ་སྐྱེ་བའི་ཡུལ་ནི་རྟོགས་པས་སྤོང་བ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་སྟོང་ངོ། །ཡབ་ནི་བསོད་ནམས་འཕགས་ ཞེས་བྱའོ། །ཡུམ་ནི་སྒྲ་གཅན་མེ་ཏོག་ཅེས་བྱའོ། །སྲས་ནི་མཐུ་རྩལ་འགྲོས་ཞེས་བྱའོ། །རིམ་གྲོ་པ་ནི་བཟང་དཔལ་ཞེས་བྱའོ་།ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་བརྩེགས་ ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཟིལ་གྱིས་མི་ནོན་ཅེས་བྱའོ། །འདུས་པ་ནི་ལན་བརྒྱད་ཅུ་རྩ་བཞི་སྟེ། །ཐམས་ཅད་ལའང་དུང་འཕྱུར་ཕྲག་བརྒྱད་བརྒྱད་ཡོད་དོ། །སྐུ་ཚེའི་ཚད་ ནི་ལོ་དགུ་ཁྲིའོ། །དམ་པའི་ཆོས་ནི་ལོ་བདུན་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་རིན་ཆེན་མངའ་སྐྱེ་བའི་ཡུལ་ནི་རིན་ཆེན་མཐའ་ ཡས་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་ཁྲི་བཞི་སྟོང་ངོ། །ཡབ་ནི་ཤིན་ཏུ་མཐོང་འགྲོ་ཞེས་བྱའོ། །ཡུམ་ནི་སྭ་ལའི་སྒྲ་རྒྱལ་ཞེས་བྱའོ། །སྲས་ནི་ལྷའི་འོད་ ཟེར་ཞེས་བྱའོ། །རིམ་གྲོ་པ་ནི་ཟླ་གདུགས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རིན་ཆེན་ཏོག་མཆོག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བདུད་རྩིའི་སྤོས་ [414B] །འདུས་པ་ནི་ལན་བཅུ་དྲུག་སྟེ། །ཐམས་ཅད་ལའང་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་དགུ་ཡོད་དོ། །སྐུ་ཚེའི་ཚད་ནི་ལོ་སུམ་ཁྲིའོ། །དམ་པའི་ཆོས་ནི་ལོ་བཞི་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ནི་དཔག་ཚད་བཅུ་གསུམ་པ་སྟེ་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་མི་དམའི་བ་སྐྱེ་བའི་ཡུལ་ནི་འཆི་བ་མེད་པ་ཞེས་བྱའོ། །རིགས་ནི་ རྒྱལ་རིགས་སོ། །འོད་ནི་དཔག་ཚད་ལྔ་སྟོང་ངོ། །ཡབ་ནི་དགྲ་འདུལ་ཞེས་བྱའོ། །ཡུམ་ནི་བཞིན་གསལ་མ་ཞེས་བྱའོ། །སྲས་ནི་བལྟ་སྡུག་ཅེས་བྱའོ། །རིམ་གྲོ་པ་ནི་གཟི་བརྗིད་མཐའ་ ཡས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དཔལ་འཛིན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཆུ་པོ་སྤོང་ཞེས་བྱའོ། །འདུས་པ་ནི་ལན་སུམ་ཅུ་སྟེ། །ཐམས་ཅད་ ལའང་བྱེ་བ་ཕྲག་དགུ་བཅུ་རྩ་གཉིས་གཉིས་སོ། །སྐུ་ཚེའི་ཚད་ནི་པོ་བརྒྱད་ཁྲི་བཞི་སྟོང་ངོ། །དམ་པའི་ཆོས་ཀྱང་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་ རོ༑ ༑དེ་བཞིན་གཤེགས་པ་སྐྱེ་བོ་དགའ་བར་མཛད་པ་སྐྱེ་བའི་ཡུལ་ནི་འབྱོར་པའི་མཛོད་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བདུན་སྟོང་ངོ། །ཡབ་ནི། ཀླུས་བྱིན་ ཞེས་བྱའོ། །ཡུམ་ནི་མཐོང་ལེགས་ཞེས་བྱའོ། །སྲས་ནི་དྲི་མེད་བློ་ཞེས་བྱའོ། །རིམ་གྲོ་པ་ནི་མཛེས་གྲུབ་པ་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་འོད་ཟེར་ཞེས་ [415A]༄༅། །བྱའོ༑ ༑རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རིན་ཆེན་རྣམ་པར་གྲགས་ཞེས་བྱའོ། །འདུས་པ་ནི་ལན་དགུ་བཅུ་སྟེ། །ཐམས་ཅད་ལའང་ས་ཡ་ཕྲག་བཞི་ བཞིའོ༑ ༑སྐུ་ཚེའི་ཚད་ནི་ལོ་བཞི་ཁྲིའོ། །དམ་པའི་ཆོས་ནི་ལོ་བཞི་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ནི་དཔག་ཚད་བཅུ་གཅིག་ པ་སྟེ༑ གཅིག་ཏུ་ཟད་དོ། །འཕགས་པ་བསྐལ་པ་བཟང་པོ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། །བམ་པོ་ཉི་ཤུ་གཅིག་པ། དེ་བཞིན་གཤེགས་པ་རྨ་བྱའི་ང་རོ་སྐྱེ་བའི་ཡུལ་ནི་ སྒྲ་དབྱངས་སྙན་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། འོད་ནི་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་བཅུ་དྲུག་ཙམ་མོ་།ཡབ་ནི་བསོད་ནམས་མཐའ་ཡས་འོད་ཅེས་ བྱའོ༑ ༑ཡུམ་ནི་བསོད་ནམས་ཀྱི་ཚོགས་ཀྱི་གཟི་བརྗིད་ཅེས་བྱའོ། །སྲས་ནི་མཐུ་རྩལ་སྤྱོད་པའི་རྒྱལ་པོ་ཞེས་བྱའོ། །རིམ་གྲོ་པ་ནི་མཆོད་མཐོང་ཞེས་བྱའོ། །ཤེས་རབ་ཅན་རྣམས་ ཀྱི་མཆོག་ནི་གཅོད་པ་མཛེས་པར་སྒྲུབ་པ་སེམས་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཏོག་མཆོད་འོད་ཅེས་བྱའོ། །འདུས་པ་ནི་ལན་དགུ་བཅུ་སྟེ། །ཐམས་ ཅད་ལའང་དུང་འཕྱུར་ཕྲག་བཞི་བཞིའོ། །སྐུ་ཚེའི་ཆད་ནི་ལོ་སུམ་ཁྲིའོ། །དམ་པའི་ཆོས་ནི་ལོ་སུམ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་ [415B]བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སྟོང་ངོ། །ཡབ་ནི་མིའི་ཟླ་བ་ཞེས་བྱའོ། །ཡུམ་ནི་འོད་བཟང་ ཞེས་བྱའོ། །མས་ནི་ཕྱོགས་ལྟ་ཞེས་བྱའོ། །རིམ་གྲོ་པ་ནི་དོན་གྱི་ཏོག་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ལྷས་མཆོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཐའ་ ཡས་ཏོག་ཅེས་བྱའོ། །འདུས་པ་ནི་ལན་བདུན་ཅུ་སྟེ། །ཐམས་ཅད་ལའང་བྱེ་བ་ཕྲག་འབུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲི་བཞི་སྟོང་ངོ། །དམ་པའི་ཆོས་ཀྱང་ལོ་བརྒྱད་ཁྲི་བཞི་ སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་།མཆོད་རྟེན་ནི་དཔག་ཚད་བཅུ་པ་སྟེ། གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་སྲིད་པའི་སྲེད་པ་དྲི་མ་སྤངས་པ་སྐྱེ་ བའི་ཡུལ་ནི་རིན་ཆེན་འོད་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་སུམ་སྟོང་དྲུག་བརྒྱའོ། །ཡབ་ནི་རིན་པོ་ཆེའི་ཕུང་པོ་ཞེས་བྱའོ། །ཡུམ་ནི་གཟི་བརྗིད་གསལ་བ་ ཞེས་བྱའོ། །སྲས་ནི་ཟླ་ལེགས་ཞེས་བྱའོ། །རིམ་གྲོ་པ་ནི་རིན་ཆེན་མཆོག་ཏུ་གྲགས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་གཡོ་བ་མེད་པའི་འགྲོས་ཀྱི་གཟི་བརྗིད་ གནས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ལྷ་དང་སེམས་ཞེས་བྱའོ། །འདུས་པ་ནི་ལན་ཐེར་འབུམ་སྟེ། །ཐམས་ཅད་ལའང་དུང་ཕྱུར་ཕྲག་བཞི་བ་ཞེའོ། །སྐུ་ཚེའི་ཚད་ནི་ [416A]༄༅། །ལོ་དགུ་ཁྲིའི། །དམ་པའི་ཆོས་ཀྱང་ལོ་དགུ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་སྤྱོད་པའི་སྟེགས་སྐྱེ་བའི་ཡུལ་ ནི་དགྲ་བཅོམ་བཀོད་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་ཁྲིའོ། །ཡབ་ནི་མཛེས་པ་ཞེས་བྱའོ། །ཡུམ་ནི་ཉི་མའི་སྙིང་པོ་ཞེས་བྱའོ། །སྲས་ནི་ཟླ་མཆོག་ཅེས་ བྱའོ༑ ༑རིམ་གྲོ་པ་ནི་བཀོད་པ་ཡིད་འོང་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཐོང་བ་གཡོ་བ་མེད་པར་གནས་ཞེས་བྱའོ་།རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རྣམ་ པར་གྲོལ་བས་སྤོང་བའི་གཟི་བརྗིད་རྒྱལ་པོ་ཞེས་བྱའོ། །འདུས་པ་ནི་ལན་དགུ་བཅུ་སྟེ། །ཐམས་ཅད་ལའང་བྱེ་བ་ཕྲག་དགུ་བཅུ་དགུ་བཅུའོ། །སྐུ་ཚེའི་ཚད་ནི་ལོ་དགུ་ཁྲིའོ། །དམ་པའི་ ཆོས་ཀྱང་ལོ་དགུ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ནི་དཔག་ཚད་བཅུ་དྲུག་པ་སྟེ། གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ལྷ་ མང་པོས་སྙན་པར་གྲགས་པ་སྐྱེ་བའི་ཡུལ་ནི་གྲགས་པ་མཐའ་ཡས་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བརྒྱད་ཅུའོ། །ཡབ་ནི་ལྷ་དགའ་ཕྲུག་གུ་ཞེས་ བྱའོ༑ ༑ཡུམ་ནི་པདྨ་དཀར་པོའི་སྤོས་ཞེས་བྱའོ། །སྲས་ནི་སེངྒེའི་སྟབས་གནས་གཟི་བརྗིད་ཅེས་བྱའོ། །རིམ་གྲོ་པ་ནི་ཟླ་དཔལ་བླ་མ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་ [416B] །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བདེ་གནས་ཕྲུག་གུ་སྡུག་ཅེས་བྱའོ། །འདུས་པ་ནི་ལན་ལྔ་བཅུ་སྟེ། །ཐམས་ཅད་ལའང་ཐེར་འབུམ་ ཕྲག་ལྔ་བཅུ་རྩ་དྲུག་དྲུག་གོ་སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་དྲུག་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་རིན་པོ་ཆེའི་ སྟོབས་སྐྱེ་བའི་ཡུལ་ནི་རིན་པོ་ཆེའི་འོད་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་འབུམ་མོ། །ཡབ་ནི་ཡུལ་འཁོར་དྲི་མ་མེད་ཅེས་བྱའོ། །ཡུམ་ནི་གཙུག་ན་རིན་པོ་ཆེ་ཞེས་ བྱའོ༑ ༑སྲས་ནི་ཆོས་འོད་ཅེས་བྱའོ། །རིམ་གྲོ་པ་སྒྲ་དབྱངས་མཆོག་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འཇིག་རྟེན་དགའ་བས་མཆོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་ མཆོག་ནི་སྐྱོན་མེད་རིན་ཆེན་ཞེས་བྱའོ། །འདུས་པ་ནི་ལན་བཞི་བཅུ་སྟེ། །ཐམས་ཅད་ལའང་དུང་ཕྱུར་ཕྲག་གསུམ་གསུམ་མོ། །སྐུ་ཚེའི་ཚད་ནི་ལོ་སུམ་ཁྲིའོ། །དམ་པའི་ཆོས་ ཀྱང་ལོ་སུམ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ནི་དཔག་ཚད་བཅུ་བཞི་པ་སྟེ། གཅིག་ཏུ་ཟད་དོ་།དེ་བཞིན་གཤེགས་པ་ཕྱག་ན་པདྨ་ བསྣམས་པ་སྐྱེ་བའི་ཡུལ་ནི་རིན་པོ་ཆེ་བཀོད་པ་མཐའ་ཡས་བ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ལྔ་བཅུ་རྩ་བཞི་ཙམ་ [417A]༄༅། །མོ༑ ༑ཡབ་ནི་གནས་པ་ལས་འདས་པ་ཞེས་བྱའོ། །ཡུམ་ནི་སྐྱོན་མེད་སེམས་ཞེས་བྱའོ། །སྲས་ནི་གཟི་བརྗིད་ཉི་མ་གསལ་ཞེས་བྱའོ། །རིམ་གྲོ་པ་ནི་ དགའ་པ་སྣ་ཚོགས་ལ་གནས་པར་གྲགས་པ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སེངྒེའི་ང་རོ་སྒྲ་སྒྲོགས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཐེར་མཆོག་ དགའ་ཞེས་བྱའོ། །འདུས་པ་ནི་ལན་སུམ་ཅུ་སྟེ། །ཐམས་ཅད་ལའང་ཐེར་འབུམ་ཐེར་འབུམ་མོ། །སྐུ་ཚེ་ཚད་ནི་ལོ་བཞི་ཁྲི་བཞི་སྟོང་ངོ། །དམ་པའི་ཆོས་ཀྱང་ལོ་བཞི་ཁྲི་ ཞི་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ་།དེ་བཞིན་གཤེགས་པ་དཔལ་སྐྱེ་བའི་ཡུལ་ནི་གཟི་བརྗིད་རྒྱལ་པོའི་འོད་ཅེས་བྱའོ། །རིགས་ནི་རྒྱལ་རིགས་ སོ༑ ༑འོད་ནི་སྟོང་གི་འཇིག་རྟེན་གྱི་ཁམས་ཙམ་མོ། །ཡབ་ནི་བློ་གྲོས་བསོད་ནམས་གསལ་ཞེས་བྱའོ། །ཡུམ་ནི་ལྷ་མཆོད་ཅེས་བྱའོ་།སྲས་ནི་གཟི་བརྗིད་མཐའ་ཡས་ལྟ་ཞེས་བྱའོ། ། རིམ་གྲོ་པ་ནི་ཕྱོགས་དང་ཕྱོགས་མཚམས་འཇིག་རྟེན་མཆོད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མིའི་ཟླ་བ་ཞེས་བྱའོ་།རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་ དཔག་ཏུ་མེད་པའི་འོད་ཅེས་བྱའོ། །འདུས་པ་ནི་ལན་སུམ་ཅུ་རྩ་གསུམ་སྟེ། །ཐམས་ཅད་ལའང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཐེར་འབུམ་ཕྲག་ཉི་ཤུ་ཉི་ཤུའོ། །སྐུ་ཚེའི་ [417B] །ཐམས་ཅད་བྱང་ཆུབ་དུ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དམ་བའི་ཆོས་ནི་ལོ་བྱེ་བའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ དགྲ་ལས་རྒྱལ་པ་སྐྱེ་བའི་ཡུལ་ཞི་ཁ་དོག་ཟིལ་གྱིས་མི་ནོན་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་དྲུག་སྟོང་དྲུག་བརྒྱའོ། །ཡབ་ནི་ལེགས་མཐོང་ཟླ་བ་ཞེས་ བྱའོ༑ ༑ཡུམ་ནི་དགྲ་བཅོམ་དགའ་མཆོད་ཅེས་བྱའོ། །སྲས་ནི་ཡེ་ཤེས་མཆོག་རིགས་འཛིན་ཅེས་བྱའོ། །རིམ་གྲོ་པ་ནི་ལྷ་སེམས་ཞེས་བྱའོ་།ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སེངྒེའི་ མཐུ་རྩལ་སེམས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གྲགས་པ་མཐའ་ཡས་གསལ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་འདུས་པ་ནི་གྲངས་མེད་དེ། །གང་གི་ ཉིན་མོ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་ཉིན་མོ་དེ་ཁོ་ན་ཡོངས་སུ་མྱ་ངན་ལས་འདའ་བར་ཡང་བྱེད་དོ། །སྐུ་ཚེའི་ ཚད་ནི་ལོ་དགུ་ཁྲི་བཞི་སྟོང་ངོ། །ཐམས་ཅད་ཀྱང་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དམ་པའི་ཆོས་ནི་ལོ་བདུན་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་ རོ༑ ༑མཆོད་རྟེན་ནི་ཐེར་འབུམ་འབུམ་ཕྲག་བཅུ་འབྱུང་ངོ། །དེ་བཞིན་གཤེགས་པ་འབྱོར་ལྡན་གྲགས་པ་སྐྱེ་བའི་ཡུལ་ནི་རིན་པོ་ཆེ་ཐམས་ཅད་བཀོད་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། ། [418A]༄༅། །འོད་ནི་དཔག་ཚད་སུམ་སྟོང་དྲུག་བརྒྱའོ། །ཡབ་ནི་རིན་ཆེན་མཆོག་ཅེས་བྱའོ། །ཡུམ་ནི་ཡོན་ཏན་རིན་ཆེན་འོད་ཅེས་བྱའོ་།སྲས་ནི་མཆོད་འདོད་ ཅེས་བྱའོ། །སིམ་རོ་པ་ནི་ཀུན་ཏུ་བཟད་པོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རིན་པོ་ཆེ་ཏོག་གི་རྒྱལ་མཚན་ཞེས་བྱའོ་།རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དོན་ གྲུབ་བློ་གྲོས་ཞེས་བྱའོ། །འདུས་པ་ནི་ལན་བདུན་ཅུ་སྟེ། ཐམས་ཅད་ལའང་བྱེ་བ་ཕྲག་སྟོང་སྟོང་ངོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲི་ལྔ་སྟོང་ངོ། །དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་ བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཡུལ་འཁོར་བཟད་པོ་སྐྱེ་བའི་ཡུལ་ནི་རིན་པོ་ཆེའི་ འོད་དང་ལྡན་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བརྒྱད་ཅུའོ། །ཡབ་ནི་གཟི་བརྗིད་ལེགས་སྤྲས་ཞེས་བྱའོ། །ཡུམ་ནི་མེ་ཏོག་བྱིན་ཞེས་བྱའོ། །སྲས་ནི་ བསོད་ནམས་སྟོབས་ཞེས་བྱའོ། །རིམ་གྲོ་པ་ནི་རྫུ་འཕྲུལ་ཅན་ཞེས་བྱའོ་ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བདེན་པའི་ཏོག་ཅེས་བྱའོ་།རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ འཁྲུལ་བ་མེད་པར་གནས་པ་ཞེས་བྱའོ། །འདུས་པ་ནི་ལན་བདུན་ཅུ་སྟེ། །ཐམས་ཅད་ལའང་བྱེ་བ་སྟོང་ཕྲག་བཅུ་བཅུའོ། །སྐུ་ཚེའི་ཚད་ནི་ལོ་ཉི་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་ཉི་ [418B] །སྐུ་གདུང་ཞི་རྒྱས་པར་འགྱུར་རོ་དེ་བཞིན་གཤེགས་པ་མེ་ཏོག་འོད་སྐྱེ་བའི་ཡུལ་ནི་མེ་ཏོག་ཕུང་པོ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ བརྒྱད་ཁྲི་བཞི་སྟོང་ངོ། །ཡབ་ནི་ཤིང་སྐྱེས་གཙོ་བོ་ཞེས་བྱའོ། །ཡུམ་ནི་བླ་སྡུག་འོད་ཅེས་བྱའོ། །སྲས་ནི་བལྟ་བས་མཐོང་ཞེས་བྱའོ། །རིམ་གྲོ་པ་ནི་བདུད་རྩིའི་སེམས་ཞེས་བྱའོ། །ཤེས་ རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་ཁ་ལ་སྒྱུར་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མེ་ཏོག་མྱ་ངན་འཚང་ཞེས་བྱའོ་།འདུས་པ་ནི་ལན་བཅོ་ལྔ་སྟེ། །ཐམས་ཅད་ལའང་ བྱེ་བ་ཕྲག་སུམ་ཅུ་རྩ་གཉིས་གཉིས་སོ། །སྐུ་ཚེའི་ཚད་ནི་ལོ་ཁྲི་དྲུག་སྟོང་ངོ། །དམ་པའི་ཆོས་ཀྱང་ལོ་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་བོ་གཅིག་ཏུ་འདུག་གོ་མཆོད་ རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་སེངྒེའི་ང་རོ་སྐྱེ་བའི་ཡུལ་ནི་མི་ཐུབ་པའི་ཚོགས་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ལྔ་བརྒྱའོ། ། ཡབ་ནི་ས་མཆོག་ཅེས་བྱའོ། །ཡུམ་ནི་མེ་ཏོག་འོད་ཅེས་བྱའོ། །སྲས་ནི་སེངྒེའི་མཐུ་རྩལ་ཞེས་བྱའོ། །རིམ་གྲོ་པ་ནི་རིན་ཆེན་མེ་ཏོག་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་ མཆོག་ནི་མཐའ་ཡས་དབྱངས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བཟང་མཆོག་ཏོག་ཅེས་བྱའོ། །འདུས་པ་ནི་ལན་བཅུ་གཉིས་ཏེ་ཐམས་ཅད་ལའང་ [419A]༄༅། །འབུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་ པ་ཟླ་བ་ལྟར་ཤར་བ་སྐྱེ་བའི་ཡུལ་ནི་གློག་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བཞི་ཁྲི་ཉིས་སྟོང་ངོ། །ཡབ་ནི་བལྟ་སྡུག་ཅེས་བྱའོ། །ཡུམ་ནི་ཉི་མའི་ བཞིན་ཞེས་བྱའོ། །སྲས་ནི་ཀུན་ཏུ་ལྟ་ཞེས་བྱའོ། །རིམ་གྲོ་པ་ནི་ཀུན་ཏུ་མེ་ཏོག་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་མཐུ་རྩལ་སྟོབས་ཞེས་བྱའོ། །རྫུ་འཕྲུལ་ ཅན་རྣམས་ཀྱི་མཆོག་ནི་གྲགས་པ་རྒྱ་ཆེན་ཞེས་བྱའོ། །འདུས་པ་ནི་ལན་བཅུ་སྟེ། །ཐམས་ཅད་ལའང་འབུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་དགུ་ཁྲིའོ། །དམ་པའི་ཆོས་ཀྱང་ ལོ་དགུ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི། རྒྱས་པར་འགྱུར་རོ་།དེ་བཞིན་གཤེགས་པ་འཇོམས་པའི་མཆོག་སྐྱེ་བའི་ཡུལ་ནི་སྣང་མཐའ་ཡས་ཞེས་བྱའོ། །རིགས་ནི་ བྲམ་ཟེའོ། །འོད་ནི་དཔག་ཚད་སུམ་ཅུ་རྩ་དྲུག་གོ་ཡབ་ནི་ཙནྡན་བཟང་པོ་ཞེས་བྱའོ། །ཡུམ་ནི་རིན་ཆེན་མཆོག་ཅེས་བྱའོ། །སྲས་ནི་རིན་ཆེན་དཔལ་ཞེས་བྱའོ། །རིམ་ གྲོ་བ་ནི་མཐུ་རྩལ་སྟོབས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བལྟ་མཆོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རིན་ཆེན་མཐའ་ཡས་འོད་ཅེས་བྱའོ། ། [419B] །ཐམས་ཅད་ལའང་ཐེར་འབུམ་ཐེར་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་ཉི་ཁྲི་ལྔ་སྟོང་ངོ། །དམ་པའི་ཆོས་ཀྱང་ལོ་ཉི་ཁྲི་ལྔ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་མི་གཡོ་བ་སྐྱེ་བའི་ཡུལ་ནི་བློ་གནས་ཞེས་བྱའོ་།རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ ཁྲི་བདུན་སྟོང་ངོ། །ཡབ་ནི་ལྷ་མཆོད་ཅེས་བྱའོ། །ཡུམ་ནི་མ་ཏོག་ཅན་ཞེས་བྱའོ། །སྲས་ནི་ཡེ་ཤེས་མཆོག་ཅེས་བྱའོ། །རིམ་གྲོ་པ་ནི་རིན་ཆེན་མཐུ་རྩལ་ཅན་ཞེས་བྱའོ། །ཤེས་རབ་ ཅན་རྣམས་གྱི་མཆོག་ནི་སེངྒེའི་སྒྲ་སྒྲོགས་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཆོད་གྲགས་ཞེས་བྱའོ། །འདུས་པ་ནི་ལན་ཉི་ཤུ་རྩ་གསུམ་སྟེ། །ཐམས་ཅད་ལའང་ ཐེར་འབུམ་ཕྲག་དྲུག་ཅུ་དྲུག་ཅུའོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲིའོ། །དམ་པའི་ཆོས་ནི་ལོ་བདུན་ཁྲི་བདུན་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་ གཤེགས་པ་ཕན་པ་དང་ལྡན་པར་གཤེགས་པ་ཀྱི་བའི་ཡུལ་ནི་སེངྒེས་བལྟས་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་སྟོང་ངོ། །ཡབ་ནི་གཟི་བརྗིད་ ཡིད་འཐད་ཅེས་བྱའོ། །ཡུམ་ནི་རིན་ཆེན་འོད་ཅེས་བྱའོ། །སྲས་ནི་འཇིག་རྟེན་དགའ་ཞེས་བྱའོ། །རིམ་གྲོ་པ་ནི་བདུད་རྩིའི་སྒྲོན་མ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ [420A]༄༅། །ནི་བདེན་སྨྲ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཕྲག་སྤོང་ཞེས་བྱའོ། །འདུས་པ་ནི་ལན་དྲུག་ཅུ་སྟེ་།ཐམས་ཅད་ལའང་དུང་ཕྱུར་ཕྲག་ བདུན་བདུན་ནོ། །སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲི་དྲུག་སྟོང་ངོ་།དམ་པའི་ཆོས་ནི་ལོ་དྲུག་ཁྲི་བཞི་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་ གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་བསོད་ནམས་སྒྲོན་མའི་རྒྱལ་པོ་སྐྱེ་བའི་ཡུལ་ནི་བདུད་རྩིའི་སྤོས་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ཁྲི་ ཉིས་སྟོང་ངོ། །ཡབ་ནི་བསོད་ནམས་ཀྱི་འབྱུང་གནས་ཞེས་བྱའོ་།ཡུམ་ནི་མེ་ཏོག་ཅེས་བྱའོ། །སྲས་ནི་རིན་ཆེན་བཟང་པོ་ཞེས་བྱའོ་།རིམ་གྲོ་པ་ནི་རིན་ཆེན་ མཐའ་ཡས་བཀོད་ཆེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དབྱངས་བྱིན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རིན་ཆེན་མཐའ་ཡས་བཀོད་ཅེས་བྱའོ། ། འདུས་པ་ནི་ལན་བདུན་ཅུ་སྟེ། ཐམས་ཅད་ལའང་དུང་ཕྱུར་ཕྲག་བདུན་བདུན་ནོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་བདུན་ཁྲིའི་བར་དུ་གནས་སོ་ སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་དབྱངས་ཀྱིས་བསྐུལ་པ་སྐྱེ་བའི་ཡུལ་ནི་ཡིད་དུ་འོང་བའི་དབྱངས་ཞེས་བྱའོ་།རིགས་ནི་བྲམ་ཟེ་འོ། །འོད་ [420B] །དཔག་ཚད་ཉིས་སྟོང་དྲུག་བརྒྱའོ། །ཡབ་ནི་སྒྲོན་མའི་རྒྱལ་པོ་ཞེས་བྱའོ། །ཡུམ་ནི་གཟི་བརྗིད་ཆེན་མོ་ཞེས་བྱའོ། །སྲས་ནི་རིན་ཆེན་རྣམ་པར་གྲགས་ཞེས་བྱའོ། །རིམ་གྲོ་པ་ནི་ འཁྲུལ་པ་མེད་པར་སེམས་པ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མིག་སྡུག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བསོད་ནམས་སྒྲོན་མ་ཞེས་བྱའོ། །འདུས་པ་ ནི་ལན་བཅུ་གསུམ་སྟེ། ཐམས་ཅད་ལའང་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་དགུའོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་དྲུག་སྟོང་ངོ། །དམ་པའི་ཆོས་ནི་ལོ་ཉི་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་གཽ་ཏ་མ་སྐྱེ་བའི་ཡུལ་ནི་དྲང་སྲོང་གཟི་བརྗིད་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་ དཔག་ཚད་ཁྲི་བཞི་སྟོང་ངོ། །ཡབ་ནི་བསམ་གཏན་དགའ་ཞེས་བྱའོ་།ཡུམ་ནི་ཡིད་དུ་འོང་ཞེས་བྱའོ། །སྲས་ནི་ཙོམ་པ་མཆོག་ཅེས་བྱའོ་།རིམ་གྲོ་པ་ནི་བདུད་རྩིའི་མེ་ཏོག་ ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་སྟོབས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བརྩོན་འགྲུས་བརྟན་པོའི་གོ་བགོས་པ་ཞེས་བྱའོ། །འདུས་པ་ ནི་ལན་བརྒྱད་ཅུ་སྟེ། ཐམས་ཅད་ལའང་བྱེ་བ་ཕྲག་བཅོ་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་བཞི་ཁྲི་བཞི་སྟོང་ངོ། །དམ་པའི་ཆོས་ཀྱང་ལོ་བཞི་ཁྲི་བཞི་སྟོང་གི་བར་ [421A]༄༅། །དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་མདངས་སྟོབས་སྐྱེ་བའི་ཡུལ་ནི་ཡིད་འོང་མཐོང་ཞེས་བྱའོ། །རིགས་ ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ཁྲི་བརྒྱད་སྟོང་ངོ། །ཡབ་ནི་ཟླ་བའི་ཏོག་ཅེས་བྱའོ། །ཡུམ་ནི་ལྟ་བ་གསལ་ཞེས་བྱའོ། །སྲས་ནི་སྙིང་སྟོབས་མཆོག་ཅེས་བྱའོ། །རིམ་ གྲོ་པ་ནི་བདེན་གྲོགས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་བཟང་པོ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡིད་དུ་འོང་བྱིན་ཞེས་བྱའོ། །འདུས་ པ་ནི་ལན་བརྒྱད་ཅུ་རྩ་གཉིས་ཏེ། །ཐམས་ཅད་ལའང་བྱེ་བ་ཕྲག་བརྒྱད་ཅུ་རྩ་རེ་རེའོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲི་སུམ་སྟོང་ངོ། །དམ་པའི་ཆོས་ནི་ལོ་བདུན་ཁྲི་སུམ་སྟོང་གི་ བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་བློ་གནས་པའི་རང་བཞིན་སྐྱེ་བའི་ཡུལ་ནི་འོད་མཐོང་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ ནི་དཔག་ཚད་དགུ་བཅུ་རྩ་གཅིག་གོ་ཡབ་ནི་ལྷས་མཆོད་ཅེས་བྱའོ་།ཡུམ་ནི་ལྷས་མཆོད་མ་ཞེས་བྱའོ། །སྲས་ནི་བདེན་པའི་ཏོག་ཅེས་བྱའོ། །རིམ་གྲོ་པ་ནི་མཚན་བྱིན་ཞེས་བྱའོ། ། ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཆོད་བཀོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་ཀྱི་སྤོང་བ་ཞེས་བྱའོ་།འདུས་པ་ནི་ལན་ལྔ་བཅུ་སྟེ། །ཐམས་ཅད་ལའང་ [421B]སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་སུམ་སྟོང་ངོ། །དམ་པའི་ཆོས་ནི་ལོ་ལྔ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་ གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཟླ་བ་བཟང་པོ་སྐྱེ་བའི་ཡུལ་ནི་འཇིག་རྟེན་མངོན་པར་དགའ་བ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ་།འོད་ནི་དཔག་ཚད་སུམ་ཅུའོ། །ཡབ་ནི་ ཟླ་མཆོག་ཅེས་བྱའོ། །ཡུམ་ནི་སྣང་བ་བྱིན་ཞེས་བྱའོ། །སྲས་ནི་རིན་ཆེན་དཔལ་ཞེས་བྱའོ། །རིམ་གྲོ་པ་ནི་ཡོན་ཏན་གྲགས་པ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ ཡོན་ཏན་རིན་ཆེན་དབྱངས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་ཁ་ལོ་སྒྱུར་ཞེས་བྱའོ། །འདུས་པ་ནི་ལན་བདུན་ཅུ་རྩ་དྲུག་སྟེ། ཐམས་ཅད་ལའང་འབུམ་ ཕྲག་བདུན་ཅུ་རྩ་བདུན་བདུན་ནོ། །སྐུ་ཚེའི་ཚད་ནི་ལོ་ཉི་ཁྲི་ཆིག་སྟོང་ངོ། །དམ་པའི་ཆོས་ནི་ལོ་བདུན་ཁྲི་ཆིག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་ བཞིན་གཤེགས་པ་བྱང་ཆུབ་ཡན་ལག་མེ་ཏོག་སྐྱེ་བའི་ཡུལ་ནི་བདུད་རྩིའི་མེ་ཏོག་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་དགུ་ཁྲིའོ། །ཡབ་ནི་ཡེ་ཤེས་མེ་ ཏོག་ཅེས་བྱའོ། །ཡུམ་ནི་ཆོས་ཀྱི་མེ་ཏོག་ཅེས་བྱའོ། །སྲས་ནི་སྟོན་པ་གྲགས་ཞེས་བྱའོ། །རིམ་གྲོ་པ་ནི་ཐར་པ་པདྨ་དཀར་པོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་གྲགས་ [422A]༄༅། །པའི་རྒྱལ་མཚན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཤེས་རབ་མཐའ་ཡས་ཞེས་བྱའོ། །འདུས་པ་ནི་ལན་སུམ་ཅུ་སྟེ། ཐམས་ཅད་ ལའང་བྱེ་བ་ཕྲག་བཅུ་བཞི་བཅུ་བཞིའོ། །སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲི་བཞི་སྟོང་ངོ། །དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་ བཞིན་གཤེགས་པ་བཀྲ་ཤིས་སྐྱེ་བའི་ཡུལ་ནི་མཐོ་བ་མེད་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བདུན་སྟོང་ངོ། །ཡབ་ནི་ལེགས་མཐོང་ཞེས་བྱའོ། ། ཡུམ་ནི་དལ་གྱིས་འགྲོ་ཞེས་བྱའོ། །སྲས་ནི་སེངྒེའི་སྒྲ་ཞེས་བྱའོ། །རིམ་གྲོ་པ་ནི་དྲག་ཞུལ་སྡེ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ནོར་ལྷ་ཞེས་བྱའོ། །རྫུ་འཕྲུལ་ ཅན་རྣམས་ཀྱི་མཆོག་ནི་སྟོན་པ་སེམས་ཞེས་བྱའོ། །འདུས་པ་ནི་ལན་བཅུ་དྲུག་སྟེ། །ཐམས་ཅད་ལའང་ཐེར་འབུམ་ཕྲག་དགུ་བཅུ་དགུ་བཅུའོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ ཁྲིའོ༑ དམ་པའི་ཆོས་ནི་ལོ་བདུན་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ་།དེ་བཞིན་གཤེགས་པ་ལེགས་སྟོན་ སྐྱེ་བའི་ཡུལ་ནི་སྟོན་པའི་མཆོད་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་འབུམ་ཕྲག་བརྒྱད་དོ། །ཡབ་ནི་རིན་ཆེན་གྲགས་པ་ཞེས་བྱའོ། །ཡུམ་ནི་བློ་གྲོས་ [422B] །སྲས་ནི་མཆོད་བྱིན་ཞེས་བྱའོ། །རིམ་གྲོ་པ་ནི་དགའ་བའི་གཟི་བརྗིད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རིན་ཆེན་གཟི་བརྗིད་གྲགས་ ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སེངྒེའི་བློ་གྲོས་གྲགས་ཞེས་བྱའོ། །འདུས་པ་ནི་ལན་བདུན་ཅུ་རྩ་བདུན་ཏེ། ཐམས་ཅད་ལའང་བྱེ་བ་ཕྲག་སུམ་ཅུ་རྩ་བཞི་བཞི་འོ། ། སྐུ་ཚེའི་ཚད་ནི་ལོ་དགུ་ཁྲིའོ། །དམ་པའི་ཆོས་ནི་ལོ་ཉི་ཁྲི་བཞི་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི། རྒྱས་པར་འགྱུར་རོ་།དེ་བཞིན་གཤེགས་པ་ཡེ་ཤེས་གཟི་བརྗིད་སྟོབས་ཀྱེ་ བའི་ཡུལ་ནི་གཞན་གྱིས་མི་ཐུབ་པའི་གཟི་བརྗིད་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་མེད་དོ། །ཡབ་ནི་མྱ་ངན་བྱིན་ཞེས་བྱའོ། །ཡུམ་ནི་འཇིག་རྟེན་ཟླ་བ་ཞེས་ བྱའོ༑ ༑སྲས་ནི་ཉི་མའི་འོད་ཟེར་ཞེས་བྱའོ། །རིམ་གྲོ་པ་ནི་ཡེ་ཤེས་གཟི་བརྗིད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཤེས་རབ་ཉི་མ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ ཀྱི་མཆོག་ནི་ལྷ་མཆོག་མཆོད་ཅེས་བྱའོ། །འདུས་པ་ནི་ལན་སུམ་ཅུ་སྟེ། །ཐམས་ཅད་ལའང་འབུམ་ཕྲག་ཉི་ཤུ་རྩ་ལྔ་ལྔའོ། །སྐུ་ཚེའི་ཚད་ནི་ལོ་དགུ་ཁྲི་བཞི་སྟོང་ངོ། །དམ་པའི་ ཆོས་ནི་ལོ་དགུ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་དགེ་བའི་སྒྲོན་མ་སྐྱེ་བའི་ཡུལ་ནི་བདུད་རྩིའི་གཟི་བརྗིད་ཅེས་བྱའོ། །རིགས་ནི་ [423A]༄༅། །རྒྱལ་རིགས་སོ། །འོད་ནི་དཔག་ཚད་བརྒྱའོ། །ཡབ་ནི་གྲགས་པ་མཐའ་ཡས་འགྲོ་ཞེས་བྱའོ། །ཡུམ་ནི་དགྲ་བཅོམ་མེ་ཏོག་རིན་ཆེན་གཟི་ བརྗིད་ཅེས་བྱའོ། །སྲས་ནི་ལྷས་མཆོད་ཟླ་བ་ཞེས་བྱའོ། །རིམ་གྲོ་པ་ནི་གྲོལ་བའི་ཕུང་པོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བདེན་པ་ཞེས་བྱའོ། །རྫུ་འཕྲུལ་ ཅན་རྣམས་ཀྱི་མཆོག་ནི་བདེན་པའི་བློ་གྲོས་གཟི་བརྗིད་ཅེས་བྱའོ་།འདུས་པ་ནི་ལན་དགུ་བཅུ་རྩ་གཉིས་ཏེ། ཐམས་ཅད་ལའང་བྱེ་བ་ཕྲག་སུམ་ཅུ་རྩ་ལྔ་ལྔའོ། །སྐུ་ཚེའི་ཚད་ནི་ ལོ་བདུན་ཁྲིའོ། །དམ་པའི་ཆོས་ནི་ལོ་དགུ་ཁྲིའི་བར་དུ་གནས་སོ་།སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་མཐུ་ རྩལ་བརྟན་པོ་སྐྱེ་བའི་ཡུལ་ནི་ཐུབ་དཀའ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བརྒྱད་སྟོང་ངོ། །ཡབ་ནི་ཟླ་ལུས་ཞེས་བྱའོ། །ཡུམ་ནི་ཐར་པའི་ དམིགས་ཞེས་བྱའོ། །སྲས་ནི་གྲགས་ཆེན་ཞེས་བྱའོ། །རིམ་གྲོ་པ་ནི་དགའ་དབྱངས་འདམ་བུ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་གྲགས་གནས་རྒྱལ་མཚན་ ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ང་རོ་འཇམ་པའི་དབྱངས་ཞེས་བྱའོ། །འདུས་པ་ནི་ལན་བཅུ་བཞི་སྟེ། ཐམས་ཅད་ལའང་འབུམ་ཕྲག་བཅུ་བཅུའོ། །སྐུ་ཚེའི་ [423B] །དམ་པའི་ཆོས་ཀྱང་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ལྷ་སྒྲ་སྐྱེ་བའི་ཡུལ་ནི་ཡིད་དུ་འོང་བས་ བྱིན་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བདུན་བརྒྱའོ། །ཡབ་ནི་ལྷ་མཆོད་ཅེས་བྱའོ། །ཡུམ་ནི་བཀོད་པ་ལེགས་མཐོང་མ་ཞེས་བྱའོ། །སྲས་ནི་ཏོག་གི་བློ་ གྲོས་ཞེས་བྱའོ། །རིམ་གྲོ་པ་ནི་གཟི་བརྗིད་མདངས་ཞེས་བྱའོ་།ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཀུན་ཏུ་དགའ་བའི་དབྱངས་ཤེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ ཟླ་བའི་ཏིང་ངེ་འཛིན་ཅེས་བྱའོ། །འདུས་པ་ནི་ལན་དགུ་བཅུ་སྟེ་ཐམས་ཅད་ལའང་ཐེར་འབུམ་ཕྲག་བཅུ་བཅུའོ། །སྐུ་ཚེའི་ཚད་ནི་ལོ་སུམ་ཁྲི་བཞི་སྟོང་ངོ། །དམ་པའི་ཆོས་ནི་ལོ་ བརྒྱད་ཁྲིའི་བར་དུ་ངས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་རབ་ཏུ་ཞི་བ་སྐྱེ་བའི་ཡུལ་ནི་ཀུན་ཏུ་སྒྲ་ཞེས་ བྱའོ༑ ༑རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་དགུ་ཁྲི་བརྒྱད་སྟོང་ངོ། །ཡབ་ནི་བདེན་སྨྲ་ཞེས་བྱའོ། །ཡུམ་ནི་མེ་ཏོག་མ་ཞེས་བྱའོ། །སྲས་ནི་གཟི་བརྗིད་རིན་ཆེན་བདུན་ཞེས་ བྱའོ༑ ༑རིམ་གྲོ་པ་ནི་བདུན་རྩི་ཤིས་པ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཀུན་ཏུ་མཐོང་བ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཀུན་ཏུ་འགྲོ་བའི་སྟོབས་ [424A]༄༅། །ཞེས་བྱའོ། །འདུས་པ་ནི་ལན་བརྒྱད་ཅུ་རྩ་བརྒྱད་དེ་།ཐམས་ཅད་ལའང་ཐེར་འབུམ་ཐེར་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་དྲུག་སྟོང་ངོ། །དམ་ པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཉི་མའི་ཞལ་སྐྱེ་བའི་ཡུལ་ ནི་བཀོད་པ་མཐའ་ཡས་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་སུམ་ཁྲི་སུམ་སྟོང་ངོ། །ཡབ་ནི་སྐྱོབ་པ་ཞེས་བྱའོ་།ཡུམ་ནི་ཁ་ལོ་སྒྱུར་བའི་ཏོག་ཅེས་ བྱའོ༑ ༑སྲས་ནི་དབྱངས་ཅན་ཞེས་བྱའོ། །རིམ་གྲོ་པ་ནི་བརྟུལ་ཞུགས་མེ་ཚུགས་པ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བློ་གྲོས་ལེགས་གནས་ཞེས་བྱའོ། །རྫུ་འཕྲུལ་ ཅན་རྣམས་ཀྱི་མཆོག་ནི་འཇིག་རྟེན་ཀུན་ལས་ཤིན་ཏུ་འཕགས་པ་ཞེས་བྱའོ། །འདུས་པ་ནི་ལན་བརྒྱད་ཅུ་སྟེ། ཐམས་ཅད་ལའང་བྱེ་བ་ཕྲག་ཉི་ཤུ་རྩ་གཉིས་གཉིས་སོ། ། སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་བཞི་སྟོང་ངོ། །དམ་པའི་ཆོས་ནི་ལོ་དགུ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ་།དེ་བཞིན་གཤེགས་པ་ཐར་པའི་བརྟུལ་ཞུགས་ སྐྱེ་བའི་ཡུལ་ནི་སྙན་པར་གྲགས་པར་རྒྱལ་མཚན་ཞེས་བྱའོ་།རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་སྟོང་ངོ། །ཡབ་ནི་ཡིད་འོང་གྲགས་ཞེས་བྱའོ། །ཡུམ་ནི་ཡིད་ [424B] །སྲས་ནི་མཐོང་ཆེན་གྲགས་ཞེས་བྱའོ། །རིམ་གྲོ་པ་ནི་གཟི་བརྗིད་བློ་གྲོས་བདེ་ཞེས་བྱའོ་།ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སེམས་པ་རོ་གཅིག་པ་ ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བདུད་ཀྱི་དབུང་རབ་ཏུ་འཇོམས་པའི་གཟི་བརྗིད་ཅེས་བྱའོ། །འདུས་པ་ནི་ལན་དགུ་བཅུ་རྩ་དྲུག་སྟེ། ཐམས་ཅད་ལའང་བྱེ་བ་ཕྲག་དགུ་བཅུ་ རྩ་གཉིས་གཉིས་སོ། །སྐུ་ཚེའི་ཚད་ནི་ལོ་དགུ་ཁྲི་དགུ་སྟོང་ངོ། །དམ་པའི་ཆོས་ཀྱང་ལོ་དགུ་ཁྲི་དགུ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ ཚུལ་ཁྲིམས་འོད་སྐྱེ་བའི་ཡུལ་ནི་ཁ་ན་མ་ཐོ་བ་མེད་ཅེས་བྱའོ་།རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བརྒྱད་ཁྲི་ལྔ་སྟོང་ངོ་།ཡབ་ནི་སེངྒེའི་བརྟུལ་ཞུགས་བློ་ཞེས་བྱའོ། །ཡུམ་ནི་ གཟི་བརྗིད་མཐའ་ཡས་མཆོད་ཅེས་བྱའོ། །སྲས་ནི་མཆོད་གྲགས་ཏོག་ཅེས་བྱའོ། །རིམ་གྲོ་པ་ནི་ཡོན་ཏན་ཀུན་དུ་སྤྱོད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་གཟི་བརྗིད་ སྣང་བ་མཆོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ལྷའི་མཐུ་རྩལ་སྟོབས་ཞེས་བྱའོ། །འདུས་པ་ནི་ལན་དགུ་བཅུ་སྟེ་ཐམས་ཅད་ལའང་བྱེ་བ་ཕྲག་འབུམ་འབུམ་མོ། །སྐུ་ ཚེའི་ཚད་ནི་ལོ་བདུན་ཁྲིའོ། །དམ་པའི་ཆོས་ནི་ལོ་དུང་ཕྱུར་ཕྲག་བདུན་གྱི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ་།དེ་བཞིན་གཤེགས་པ་བརྟུལ་ཞུགས་གནས་སྐྱེ་བའི་ [425A]༄༅། །ཡུལ་ནི་དགྲ་བཅོམ་སྤོང་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་དུང་ཕྱུར་ཕྲག་བརྒྱད་དོ། །ཡབ་ནི་ཀུན་ཏུ་གཟི་བརྗིད་དཔལ་ ཞེས་བྱའོ། །ཡུམ་ནི་ཡོན་ཏན་གསལ་མཆོད་མ་ཞེས་བྱའོ། །སྲས་ནི་ལྷ་མཆོད་མེ་ཏོག་མཆོད་གྲགས་ཞེས་བྱའོ། །རིམ་གྲོ་པ་ནི་ཁ་ལོ་སྒྱུར་པར་གྲགས་ཞེས་བྱའོ། །ཤེས་རབ་ ཅན་རྣམས་ཀྱི་མཆོག་ནི་འགྲོས་བརྟན་དགེ་བ་ཡངས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མའི་མཆོད་རྟེན་ཞེས་བྱའོ། །འདུས་པ་ནི་ལན་དགུ་བཅུ་རྩ་གཅིག་སྟེ། ཐམས་ ཅད་ལའང་བྱེ་བ་ཕྲག་འབུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲི་བདུན་སྟོང་ངོ། །དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་ གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་རྡུལ་མེད་སྐྱེ་བའི་ཡུལ་ནི་སྐྱོན་མེད་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ་།འོད་ནི་དཔག་ཚད་སུམ་ཁྲི་ལྔ་ སྟོང་ངོ། །ཡབ་ནི་རིན་ཟླ་བ་ཞེས་བྱའོ། །ཡུམ་ནི་ཏོག་བཟང་ཞེས་བྱའོ། །སྲས་ནི་ཀུན་ནས་རིན་ཆེན་མེ་ཏོག་ཅེས་བྱའོ། །རིམ་གྲོ་པ་ནི་ཆེན་པོ་བྱིན་ཞེས་བྱའོ། །ཤེས་ རབ་ཅན་རྣམས་ཀྱི་མཆོག་ནི་གཟི་བརྗིད་མཐའ་ཡས་ཕུང་པོའི་འོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་སྟོབས་གྲུབ་མཆོད་སྦྱིན་ཞེས་བྱའོ། །འདུས་པ་ནི་ [425B] ཐམས་ཅད་ལའང་ཁྲི་ཕྲག་རེ་རེའོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་བདུན་སྟོང་ངོ། །དམ་པའི་ཆོས་ནི་ལོ་བདུན་ཁྲི་བཞི་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་ རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་སྙིང་པོ་འཕགས་སྐྱེས་བའི་ཡུལ་ནི་མཛེས་པ་མི་གཡོ་བ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བརྒྱད་ཅུའོ། །ཡབ་ནི་ བདུད་རྩིའི་བཀོད་པ་ཞེས་བྱའོ། །ཡུམ་ནི་བློ་གྲོས་གྲགས་མ་ཞེས་བྱའོ། །སྲས་ནི་ཆོས་ཀྱི་རྒྱལ་མཚན་ཞེས་བྱའོ། །རིམ་གྲོ་པ་ནི་ཡུལ་འཁོར་སྙོམས་ཞེས་བྱའོ། །ཤེས་རབ་ཅན་ རྣམས་ཀྱི་མཆོག་ནི་ངན་སོང་སྤོང་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཀུན་ཏུ་གསལ་བ་ཏོག་ཅེས་བྱའོ། །འདུས་པ་ནི་ལན་བརྒྱད་ཅུ་སྟེ། ཐམས་ཅད་ལའང་ས་ ཡ་ཕྲག་བརྒྱད་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ་།དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ ཏུ་ཟད་དོ། །དེ་བཞིན་གཤེགས་པ་མིག་སྨན་སྐྱེ་བའི་ཡུལ་ནི་སྤོས་མཆོག་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་མཐའ་ཡས་སོ། །ཡབ་ནི་ཡོན་ཏན་ཐམས་ ཅད་གྲགས་ཞེས་བྱའོ། །ཡུམ་ནི་ཡིད་འོང་བྱིན་ཅེས་བྱའོ། །སྲས་ནི་བདེན་པའི་མེ་ཏོག་ཅེས་བྱའོ། །རིམ་གྲོ་པ་ནི་བསོད་ནམས་བློ་གྲོས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་ [426A]༄༅། །མཆོག་ནི་མཚན་གྱི་མེ་ཏོག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བཀོད་པ་མི་གཡོ་བ་ཞེས་བྱའོ། །འདུས་པ་ནི་ལན་བཅུ་བརྒྱད་དེ། ཐམས་ ཅད་ལའང་ཐེར་འབུམ་ཕྲག་སུམ་ཅུ་རྩ་གཉིས་གཉིས་སོ། །སྐུ་ཚེའི་ཚད་ནི་ལོ་ཁྲི་དྲུག་སྟོང་ངོ། །དམ་པའི་ཆོས་ནི་ལོ་ཉི་ཁྲི་ཉིས་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་ འགྱུར་རོ། །དེ་བཞིན་གཤེགས་པ་འཕེལ་བར་མཛད་པ་སྐྱེ་བའི་ཡུལ་ནི་ཡུལ་འཁོར་མཆོག་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་སུམ་ཁྲི་བཞི་སྟོང་ངོ། ། ཡབ་ནི་ལེགས་བཟང་ཞེས་བྱའོ། །ཡུམ་ནི་གཟི་བརྗིད་མཐའ་ཡས་མཐོང་ཞེས་བྱའོ། །སྲས་ནི་འཇིག་རྟེན་མཆོད་ཅེས་བྱའོ། །རིམ་གྲོ་པ་ནི་ཀུན་ཏུ་སྦེད་ཅེས་བྱའོ། །ཤེས་རབ་ ཅན་རྣམས་ཀྱི་མཆོག་ནི་བློ་གྲོས་མཐའ་ཡས་གྲགས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཉམ་པ་དང་མི་མཉམ་པའི་བློ་ཞེས་བྱའོ། །འདུས་པ་ནི་ལན་དགུ་བཅུ་རྩ་ གཉིས་ཏེ། ཐམས་ཅད་ལའང་ས་ཡ་ཕྲག་བརྒྱད་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་བཞི་ཁྲིའོ། །དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་ རོ༑ ༑དེ་བཞིན་གཤེགས་པ་སྤོས་ཀྱི་འོད་སྐྱེ་པའི་ཡུལ་ནི་བདུད་རྩི་སྤོས་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ལྔ་སྟོང་དྲུག་བརྒྱའོ། །ཡབ་ནི་བདུད་ཟིལ་ [426B] །ཡབ་ནི་ཡུལ་འཁོར་ལྷ་ཆེན་ཞེས་བྱའོ། །སྲས་ནི་འབྱོར་གྲགས་ཞེས་བྱའོ། །རིམ་གྲོ་པ་ནི་འཕགས་བྱིན་འོད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ མཐུ་རྩལ་མི་གཡོ་བ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ལྷ་མཆོག་སེམས་པའི་དབྱངས་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་བརྒྱད་འབུམ་མོ། །གཉིས་པ་ལ་ནི་ དགུ་འབུམ་མོ། །གསུམ་པ་ལ་ནི་ས་ཡའོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་བདུན་སྟོང་ངོ། །དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་ གཤེགས་པ་དུས་མཁྱེན་འོད་སྐྱེ་བའི་ཡུལ་ནི་རྣམས་པར་འབྱེད་པའི་སྡེ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བརྒྱའོ་།ཡབ་ནི་གྲགས་པ་མཆོག་ཅེས་བྱའོ། །ཡུམ་ནི་ སེངྒེའི་ང་རོ་ཞེས་བྱའོ། །སྲས་ནི་ཕྱོགས་མཆོད་ཅེས་བྱའོ། །རིམ་གྲོ་པ་ནི་དྲང་སྲོང་བློ་གྲོས་འགྲོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བཤེས་གཉེན་མཐའ་ཡས་སྟོབས་ ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཛེས་བྱིན་ཞེས་བྱའོ། །འདུས་པ་ནི་ལན་འབུམ་སྟེ། རེ་རེ་པོ་ཐམས་ཅད་ལའང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དཔག་ ཏུ་མེད་དོ། །སྐུ་ཚེའི་ཚད་ནི་ལོ་བྱེ་བའོ། །དམ་པའི་ཆོས་ཀྱང་ལོ་བྱེ་བའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་དྲན་པའི་དབང་པོ་སྐྱེ་བའི་ [427A]༄༅། །ཡུལ་ནི་གཟི་བརྗིད་ཕུང་པོ་འོད་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་ཁྲི་ཉིས་སྟོང་ངོ། །ཡབ་ནི་མཐུ་རྩལ་གྲགས་ཞེས་བྱའོ། །ཡུམ་ ནི་མྱ་ངན་ལས་འདས་པའི་གཟི་བརྗིད་ཅེས་བྱའོ། །སྲས་ནི་ཆོས་ཀྱི་མར་མེ་སྐར་མདའ་ཞེས་བྱའོ། །རིམ་གྲོ་པ་ནི་བདེན་པའི་ཏོག་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ ནི་བཟང་ལྡན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བློ་འདས་ཞེས་བྱའོ། །འདུས་པ་ནི་ལན་དགུ་བཅུ་སྟེ། ཐམས་ཅད་ལའང་ཐེར་འབུམ་ཕྲག་ཉི་ཤུ་རྩ་ལྔ་ ལྔའོ༑ ༑སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་ བཞིན་གཤེགས་པ་ཐོགས་པ་མེད་པའི་རྒྱལ་མཚན་སྐྱེ་བའི་ཡུལ་ནི་མཐའ་ཡས་བརྒྱན་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བདུན་ཁྲིའོ། །ཡབ་ནི་ ཟླ་བའི་གཟི་བརྗིད་མཐུ་ཞེས་བྱའོ། །ཡུམ་ནི་ཉི་མའི་གཟི་བརྗིད་ཕུང་པོའི་འོད་ཅེས་བྱའོ། །སྲས་ནི་ལྷ་དགའ་ཞེས་བྱའོ། །རིམ་གྲོ་པ་ནི་བརྟུལ་ཞུགས་རྫོགས་པ་ལྷ་མཆོད་ གྲགས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འབྱོར་བའི་བློ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཀུན་ལྷ་ཡེ་ཤེས་མཐོང་ཞེས་བྱའོ། །འདུས་པ་ནི་ལན་ [427B] ཐམས་ཅད་ལའང་དུང་ཕྱུར་ཕྲག་དགུ་དགུའོ་།སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ་།དེ་ བཞིན་གཤེགས་པ་བྱང་ཆུབ་མཆོག་བགྲོད་སྐྱེ་བའི་ཡུལ་ནི་ཡེ་ཤེས་སྣང་བ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བདུན་བརྒྱའོ། །ཡབ་ནི་བསོད་ནམས་ཁ་ལོ་སྒྱུར་ ཞེས་བྱའོ། །ཡུམ་ནི་རིན་ཆེན་སྦྱིན་ཞེས་བྱའོ། །སྲས་ནིས་ང་རོ་བདེ་ཞེས་བྱའོ། །རིམ་གྲོ་པ་ནི་ལྷའི་བྱང་ཆུབ་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཐའ་ཡས་བློ་ཞེས་བྱའོ་ རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཀུན་ཏུ་བློ་ཞེས་བྱའོ། །དུས་པ་ནི་ལན་བཅུ་བཞི་སྟེ། ཐམས་ཅད་ལའང་འབུམ་ཕྲག་བཅུ་བཞི་བཅུ་བཞིའོ། །སྐུ་ཚེའི་ཚད་ནི་ལོ་ཁྲི་བརྒྱད་སྟོང་ ངོ། །དམ་པའི་ཆོས་ཀྱང་ལོ་ཁྲི་བརྒྱད་སྟོང་གི་བར་དུ་གནས་སོ་།སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་སྤྱོད་བ་ གསལ་སྐྱེ་བའི་ཡུལ་ནི་སྤྱོད་པ་དང་ལྡན་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་དགུ་སྟོང་ངོ། །ཡབ་ནི་ལ་མཆོད་ཅེས་བྱའོ། །ཡུམ་ནི་འབྱོར་པའི་འོང་ ཅེས་བྱའོ། །སྲས་ནི་རིན་ཆེན་ཏོག་གི་རྒྱལ་མཚན་ཞེས་བྱའོ། །རིམ་གྲོ་པ་ནི་རིན་ཆེན་མཐའ་ཡས་མཛོད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བསོད་ནམས་ [428A]༄༅། །སྒྲོན་མ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མེ་ཏོག་འབྱོར་བྱའོ། །འདུས་པ་ལན་བཅུ་གཅིག་སྟེ། ཐམས་ཅད་ལའང་བྱེ་བ་ ཕྲག་དགུ་བཅུ་རྩ་བཞི་བཞིའོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲི་བདུན་སྟོང་ངོ། །དམ་པའི་ཆོས་ཀྱང་ལོ་བརྒྱད་ཁྲི་བདུན་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། ། དེ་བཞིན་གཤེགས་པ་རིན་ཆེན་དགྱེས་སྐྱེ་བའི་ཡུལ་ནི་ཟླ་བ་སྣང་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་དགུ་བཅུའོ། །ཡབ་ནི་ལེགས་མཐོང་སྒྲོན་མའི་རྒྱལ་པོ་ཞེས་ བྱའོ༑ ༑ཡུམ་ནི་མཐའ་ཡས་འོད་ཅེས་བྱའོ། །སྲས་ནི་ཟླ་མཛེས་ཞེས་བྱའོ། །རིམ་གྲོ་པ་ནི་བློ་གྲོས་མཆོག་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཆོད་འོས་ཁ་ལོ་སྒྱུར་ ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཤིན་ཏུ་གྲགས་པ་ཞེས་བྱའོ། །འདུས་པ་ནི་ལན་དགུ་བཅུ་རྩ་དགུ་སྟེ། །ཐམས་ཅད་ལའང་ས་ཡ་ཕྲག་དགུ་དགུའོ། །སྐུ་ཚེའི་ཚད་ནི་ ལོ་བརྒྱད་ཁྲིའོ། །དམ་པའི་ཆོས་ནི་ལོ་དགུ་ཁྲིའི་བར་དུ་གནས་སོ་།སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཆོས་ ཀྱི་དབང་ཕྱུག་སྐྱེ་བའི་ཡུལ་ནི་བསོད་ནམས་རྒྱལ་མཚན་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་སུམ་བརྒྱའོ་།ཡབ་ནི་སྒྲ་མཆོག་ཅེས་བྱའོ། །ཡུམ་ནི་ [428B] །སྲས་ནི་ཡེ་ཤེས་འབྱོར་ཅེས་བྱའོ། །རིམ་གྲོ་པ་ནི་འཇིག་རྟེན་མཆོད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཆགས་མེད་རྟོག་སྤོང་ཞེས་བྱའོ། །རྫུ་འཕྲུལ་ ཅན་རྣམས་ཀྱི་མཆོག་ནི་སེངྒེའི་མཐུ་རྩལ་སྦྱོང་པའི་སྟོབས་ཞེས་བྱའོ། །འདུས་པ་ནི་ལན་བརྒྱད་ཅུ་སྟེ། ཐམས་ཅད་ལའང་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞི་བཞིའོ། །སྐུ་ཚེའི་ཚད་ནི་ལོ་དགུ་ ཁྲི་བརྒྱད་སྟོང་ངོ། །དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ལྷ་ཐམས་ཅད་སྐྱེ་བའི་ཡུལ་ནི་འོད་འཕྲོ་ཏོག་ ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བརྒྱད་སྟོང་ངོ། །ཡབ་ནི་ཟླ་མཐོང་ཞེས་བྱའོ། །ཡུམ་ནི་ཡིད་འོང་མེ་ཏོག་ཅེས་བྱའོ། །སྲས་ནི་ཐར་པའི་རྒྱན་བཀོད་པའི་རྒྱལ་པོ་ ཞེས་བྱའོ། །རིམ་གྲོ་པ་ནི་ཐར་པ་ལ་དགའ་བའི་ཏོག་ཅེས་བྱའོ་།ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་བརྟན་པོ་གཞན་གྱིས་མི་ཐུབ་པའི་སྟོབས་ཞེས་བྱའོ། །རྫུ་འཕྲུལ་ ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་ཀུན་ཏུ་གྲགས་པའི་རྣམ་པར་འཕྲུལ་བར་གྲགས་ཤིང་སྤོབས་པ་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་བྱེ་བ་སྟོང་ཕྲག་བཅུའོ། ། གཉིས་པ་ལ་ནི་བྱེ་བ་སྟོང་ཕྲག་ཉི་ཤུའོ། །གསུམ་པ་ལ་ནི་བྱེ་བ་སྟོང་ཕྲག་ལྔ་བཅུའོ། །བཞི་པ་ལ་ནི་བྱེ་བ་སྟོང་ཕྲག་བརྒྱད་ཅུའོ། །ལྔ་པ་ལ་ནི་བྱེ་བ་སྟོང་ཕྲག་བརྒྱའོ། །སྐུ་ [429A]༄༅། །ཚེའི་ཚད་ནི་ལོ་བདུན་ཁྲི་སུམ་སྟོང་ངོ། །དམ་པའི་ཆོས་ནི་ལོ་བྱེ་བའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་ པ་བཤེས་གཉེན་ཆེན་པོ་སྐྱེ་བའི་ཡུལ་ནི་རིན་པོ་ཆེ་མཐའ་ཡས་བཀོད་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་དྲུག་སྟོང་དྲུག་བརྒྱའོ། །ཡབ་ནི་འཇིག་ རྟེན་ལས་འདས་པ་ཞེས་བྱའོ། །ཡུམ་ནི་སྒྲོན་མ་མཆོག་ཅེས་བྱའོ་།སྲས་ནི་ལེགས་མཐོང་བཟོད་ཅེས་བྱའོ། །རིམ་གྲོ་པ་ནི་གཟི་བརྗིད་ཕུང་པོ་མཐའ་ཡས་ཞེས་བྱའོ། ། ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རྣམ་པར་སྣང་བྱེད་འོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དགྲ་བཅོམ་གྲགས་ཞེས་བྱའོ། །འདུས་པ་ནི་ལན་དགུ་བཅུ་ སྟེ༑ ཐམས་ཅད་ལའང་ཐེར་འབུམ་ཕྲག་བཅུ་དགུ་བཅུ་དགུའོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་ གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་བཤེས་གཉེན་བཟང་པོ་སྐྱེ་བའི་ཡུལ་ནི་གཟི་བརྗིད་ཆེན་པོ་ཞེས་བྱའོ། །རིགས་ནི་རྒྱལ་ རིགས་སོ། །འོད་ནི་དཔག་ཚད་བརྒྱད་ཁྲིའོ། །ཡབ་ནི་མི་གཡོ་བར་གནས་པ་ཞེས་བྱའོ། །ཡུམ་ནི་མཆོད་པ་འབྱོར་ཅེས་བྱའོ། །སྲས་ནི་ཐར་པ་དགའ་ཞེས་བྱའོ། །རིམ་ [429B] །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་གྲགས་པ་བརྒྱན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འབྱོར་དགའ་སེངྒེའི་སྟོབས་ཞེས་ བྱའོ༑ ༑འདུས་པ་ནི་ལན་བཅུ་སུམ་སྟེ། །ཐམས་ཅད་ལའང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲི་ཕྲག་འབུམ་འབུམ་མོ་།སྐུ་ཚེའི་ཚད་ནི་ལོ་ཁྲི་བརྒྱད་སྟོང་ངོ། ། དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་རབ་ཏུ་ཞི་བའི་སྟོབས་སྐྱེ་བའི་ཡུལ་ནི་ཡུལ་བཟང་མཆོད་པ་ཞེས་ བྱའོ༑ ༑རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སུམ་ཁྲིའོ། །ཡབ་ནི་ཆོས་ཀྱི་ལྷ་ཞེས་བྱའོ། །ཡུམ་ནི་ཡིད་དུ་འོང་བའི་དབྱངས་ཀྱི་དབང་ཕྱུག་རྒྱལ་པོ་ཞེས་བྱའོ། །སྲས་ནི་དབང་པོ་ དུལ་ཞེས་བྱའོ། །རིམ་གྲོ་པ་ནི་ས་གསལ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྣང་བ་མཐའ་ཡས་དཔལ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ལག་ན་རིན་ ཆེན་ཏོག་གི་རྒྱལ་མཚན་ཞེས་བྱའོ། །འདུས་པ་ནི་ལན་བདུན་ཅུ་སྟེ་ཐམས་ཅད་ལའང་བྱེ་བ་ཕྲག་དགུ་བཅུ་རྩ་བརྒྱད་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་དྲུག་སྟོང་ངོ། །དམ་ པའི་ཆོས་ནི་ལོ་ལྔ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་བདུད་རྩིའི་བདག་པོ་སྐྱེ་བའི་ཡུལ་ནི་གྲགས་པ་སྤོང་ཞེས་བྱའོ། །རིགས་ [430A]༄༅། །ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་དྲུག་ཁྲི་དྲུག་སྟོང་ངོ། །ཡབ་ནི་ཟབ་པར་གྲགས་ཞེས་བྱའོ། །ཡུམ་ནི་དགྲ་བཅོམ་མཆོད་ཅེས་བྱའོ། །སྲས་ནི་ དགྲ་སྤོང་ང་རོ་ཞེས་བྱའོ། །རིམ་གྲོ་པ་ནི་ཡུལ་གྲགས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འཇིག་རྟེན་དཔལ་གྲགས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ ནི་ལྷ་གྲགས་ཐར་པ་ཞེས་བྱའོ། །འདུས་པ་ནི་ལན་བདུན་ཅུ་སྟེ་ཐམས་ཅད་ལའང་བྱེ་བ་ཕྲག་འབུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲི་དྲུག་སྟོང་ངོ། །དམ་པའི་ཆོས་ནི་ ལོ་དྲུག་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ལྷུན་པོའི་འོད་སྐྱེ་བའི་ཡུལ་ནི་རི་བོ་བརྩིགས་ པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་འབུམ་མོ་།ཡབ་ནི་ལྷའི་ཏོག་ཅེས་བྱའོ། །ཡུམ་ནི་འབྱོར་གྲགས་ཞེས་བྱའོ་།སྲས་ནི་ཐར་པ་བརྩེགས་ཞེས་ བྱའོ༑ ༑རིམ་གྲོ་པ་ནི་ལྷའི་འོད་ཟེར་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ལྷའི་ཟླ་བ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བློ་བརྟན་ཞེས་བྱའོ། །འདུས་པ་ ནི་ལན་ཐེར་འབུམ་ཏེ། ཐམས་ཅད་ལའང་བྱེ་བ་ཕྲག་འབུམ་འབུམ་མོ་།སྐུ་ཚེའི་ཚད་ནི་ལོ་བྱེ་བའོ། །དམ་པའི་ཆོས་ཀྱང་ལོ་བྱེ་བའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་ [430B] །དེ་བཞིན་གཤེགས་པ་འཕགས་པས་བསྟོད་པ་སྐྱེ་བའི་ཡུལ་ནི་བློ་གྲོས་གྲགས་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ་།འོད་ནི་དཔག་ཚད་དགུ་ཁྲིའོ། །ཡབ་ནི་མཐའ་ ཡས་སྦེད་ཅེས་བྱའོ། །ཡུམ་ནི་གྲགས་པའི་ཕྲེང་བ་ཞེས་བྱའོ་།སྲས་ནི་ལྷ་སྦེད་ཅེས་བྱའོ། །རིམ་གྲོ་པ་ནི་གྲགས་པ་སྤོང་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འཇིག་རྟེན་ ཀུན་གྱིས་མཆོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྟོན་པ་གྲགས་ཞེས་བྱའོ། །འདུས་པ་ནི་ལན་བཅོ་བརྒྱད་དེ། ཐམས་ཅད་ལའང་བྱེ་བ་འབུམ་ཕྲག་བཅོ་བརྒྱད་ བཅོ་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་སྣང་ལྡན་སྐྱེ་བའི་ ཡུལ་ནི་གཟི་བརྗིད་ཕུང་པོ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ་།འོད་ནི་དཔག་ཚད་བརྒྱད་སྟོང་ངོ། །ཡབ་ནི་ཟང་ཟིང་སྤོངས་ཞེས་བྱའོ། །ཡུམ་ནི་མཆོག་སྦྱིན་ཞེས་བྱའོ། ། སྲས་ནི་རྣམ་པར་གྲགས་པའི་རྒྱལ་པོ་ཞེས་བྱའོ། །རིམ་གྲོ་པ་ནི་མཐུ་རྩལ་རྡོ་རྗེ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བདུད་རྩིའི་སྙིང་པོ་ཞེས་བྱའོ། །རྫུ་འཕྲུལ་ཅན་ རྣམས་ཀྱི་མཆོག་ནི་དེད་དཔོན་ཆེན་ཞེས་བྱའོ། །འདུས་པ་ནི་ལན་བདུན་ཅུ་སྟེ། །ཐམས་ཅད་ལའང་ཐེར་འབུམ་ཕྲག་དྲུག་ཅུ་རྩ་བདུན་བདུན་ནོ། །སྐུ་ཚེའི་ཚད་ནི་ལོ་དགུ་ [431A]༄༅། །ཁྲིའོ༑ ༑དམ་པའི་ཆོས་ཀྱང་ལོ་དགུ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་ གཤེགས་པ་གཟི་བརྗིད་འབར་བ་སྐྱེ་བའི་ཡུལ་ནི་སྣང་བ་མཐའ་ཡས་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་ཁྲིའོ། །ཡབ་ནི་ལྷ་བདེ་ཞེས་བྱའོ། །ཡུམ་ནི་ཐར་པའི་ མཆོག་ཅེས་བྱའོ། །སྲས་ནི་མྱ་ངན་ལས་འདས་པའི་མེ་ཏོག་ཅེས་བྱའོ། །རིམ་གྲོ་པ་ནི་སྲེད་མེད་གྲགས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཉོན་མོངས་པ་མེད་པར་ གྲགས་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འཇིག་རྟེན་ཐམས་ཅད་དུ་གྲགས་པ་ཞེས་བྱའོ། །འདུས་པ་ནི་ལན་བདུན་ཅུ་སྟེ། ཐམས་ཅད་ལའང་བྱེ་བ་ཕྲག་ལྔ་ བཅུ་རྩ་དྲུག་དྲུག་གོ་སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་ཉིས་སྟོང་ངོ། །དམ་པའི་ཆོས་ནི་ལོ་བདུན་ཁྲི་བཞི་སྟོང་གི་བར་དུ་གནས་སོ་།སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་ གཤེགས་པ་སྣང་བ་གཟིགས་སྐྱེ་བའི་ཡུལ་ནི་སྣང་བ་མཐའ་ཡས་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བྱེ་བའོ། །ཡབ་ནི་འོད་ཟེར་ཡངས་པ་ ཞེས་བྱའོ། །ཡུམ་ནི་ཡིད་འོང་གཟི་བརྗིད་ཅེས་བྱའོ། །སྲས་ནི་བདུད་རྩི་བཀོད་པ་ཞེས་བྱའོ། །རིམ་གྲོ་པ་ནི་བདེན་པའི་རྒྱལ་པོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་ [431B]།རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བྱང་ཆུབ་སྟོབས་ཞེས་བྱའོ་།འདུས་པ་ནི་ལན་བརྒྱད་ཅུ་སྟེ། ཐམས་ཅད་ལའང་ཐེར་ འབུམ་ཕྲག་བཅུ་བཅུའོ། །སྐུ་ཚེའི་ཚད་ནི་ལོ་དགུ་ཁྲི་དགུ་སྟོང་ངོ། །དམ་པའི་ཆོས་ནི་ལོ་བྱེ་བའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ལེགས་ སྤྱད་རྣམ་པར་སྨིན་པ་སྐྱེ་བའི་ཡུལ་ནི་བྱང་ཆུབ་གསལ་ཅན་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་སུམ་བརྒྱའོ་།ཡབ་ནི་ཡུལ་དགའ་ཞེས་བྱའོ། །ཡུམ་ནི་ བདུད་རྩི་གྲགས་ཞེས་བྱའོ། །སྲས་ནི་ལྷ་བདེན་ཞེས་བྱའོ། །རིམ་གྲོ་པ་ནི་འཇིག་རྟེན་བསྡུས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཐོང་བས་སྤོང་ཞེས་བྱའོ། །རྫུ་ འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཐའ་ཡས་ཞེས་བྱའོ། །འདུས་པ་ནི་ལན་བཞི་བཅུ་སྟེ། ཐམས་ཅད་ལའང་འབུམ་ཕྲག་བཞི་བཅུ་རྩ་གཉིས་གཉིས་སོ། །སྐུ་ཚེའི་ཚད་ནི་ལོ་བདུན་ ཁྲི་སུམ་སྟོང་ངོ། །དམ་པའི་ཆོས་ནི་ལོ་བཞི་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ལེགས་ དགྱེས་སྐྱེ་བའི་ཡུལ་ནི་འོད་ཟེར་ཡིད་དུ་འོང་བ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བརྒྱད་ཁྲིའོ། །ཡབ་ནི་ཆུ་ལྷའི་བདག་ཅེས་བྱའོ། །ཡུམ་ནི་ཤེས་རབ་ [432A]༄༅། །འཕགས་ཞེས་བྱའོ། །སྲས་ནི་བདེན་པའི་སྟབས་ཞེས་བྱའོ་།རིམ་གྲོ་པ་ནི་སེངྒེས་བྱིན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འོད་ ཟེར་མཆོག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཆོད་སྤངས་ཞེས་བྱའོ། །འདུས་པ་ནི་ལན་བདུན་ཅུ་སྟེ། ཐམས་ཅད་ལའང་བྱེ་བ་འབུམ་ཕྲག་སུམ་ཅུ་རྩ་གཉིས་གཉིས་ སོ༑ ༑སྐུ་ཚེའི་ཚད་ནི་ལོ་དགུ་ཁྲི་བཞི་སྟོང་ངོ། །དམ་པའི་ཆོས་ནི་ལོ་དགུ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་མྱ་ངན་དབྲལ་སྐྱེ་ བའི་ཡུལ་ནི་གཟི་བརྗིད་ཡིད་དུ་འོང་བ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བདུན་ཁྲི་དགུ་སྟོང་ངོ། །ཡབ་ནི་ཐར་པའི་རྒྱལ་མཚན་ཞེས་བྱའོ། །ཡུམ་ནི་འཕགས་ པའི་མེ་ཏོག་ཅེས་བྱའོ། །སྲས་ནི་ཡོན་ཏན་ཀུན་སྦེད་ཅེས་བྱའོ། །རིམ་གྲོ་པ་ནི་ཡེ་ཤེས་འོད་ཟེར་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ལྷའི་སྒྲོན་མ་ཞེས་བྱའོ། །རྫུ་འཕྲུལ་ ཅན་རྣམས་ཀྱི་མཆོག་ནི་ཕུང་པོ་བཟང་འོད་ཅེས་བྱའོ། །འདུས་པ་ནི་ལན་སུམ་ཅུ་སྟེ་ཐམས་ཅད་ལའང་བྱེ་བ་ཕྲག་སྟོང་སྟོང་ངོ་།སྐུ་ཚེའི་ཚད་ནི་ལོ་ཉི་ཁྲི་བརྒྱད་སྟོང་ངོ། ། དམ་པའི་ཆོས་ནི་ལོ་དགུ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་རིན་ཆེན་འོད་སྐྱེ་བའི་ཡུལ་ནི་ཀུན་ཏུ་ཡོན་ཏན་ཅན་ཞེས་བྱའོ། །རིགས་ནི་ [432B] །འོད་ནི་དཔག་ཚད་བརྒྱའོ། །ཡབ་ནི་བློ་གྲོས་ཟླ་བ་ཞེས་བྱའོ། །ཡུམ་ནི་ངེས་པར་གྲགས་པ་ཞེས་བྱའོ། །སྲས་ནི་བདུད་རྩིའི་མིག་ཅེས་བྱའོ། །རིམ་གྲོ་པ་ནི་ཕྱོགས་ གྲགས་རིན་ཆེན་ཞེས་བྱའོ། །ཤེས་རབ་ཅན་རྣམས་པ་ཀྱི་མཆོག་ནི་མ་སྨད་གྲགས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཀུན་ཏུ་བློ་ཞེས་བྱའོ། །འདུས་པ་ནི་ལན་ཉི་ཤུ་རྩ་གཉིས་ ཏེ༑ ཐམས་ཅད་ལའང་ཐེར་འབུམ་ཕྲག་བཅུ་བཅུའོ། །སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲི་དྲུག་སྟོང་ངོ། །དམ་པའི་ཆོས་ཀྱང་ལོ་དྲུག་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ ཏུ་འདུག་གོ། མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་སྤྱོད་པ་དང་ལྡན་པ་སྐྱེ་བའི་ཡུལ་ནི་སྐྱེ་བའི་མཆོད་རྟེན་ཞེས་བྱའོ། །རིགས་ནི་བྲམ་ཟེའོ༑ འོད་ནི་དཔག་ཚད་ བདུན་ཁྲིའོ། །ཡབ་ནི་རིན་ཆེན་གྲགས་ཞེས་བྱའོ། །ཡུམ་ནི་མེ་ཏོག་མནྡཱ་ར་བའི་གཟི་བརྗིད་ཅེས་བྱའོ། །སྲས་ནི་ལེགས་མཐོང་དགའ་ཞེས་བྱའོ། །རིམ་གྲོ་པ་ནི་མཐོང་ཆེན་བློ་གྲོས་ གསལ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡུལ་འཁོར་ལྷ་སྦེད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བསམ་སྦྱིན་གྲགས་པ་ཞེས་བྱའོ། །འདུས་པ་ནི་ལན་སུམ་ཅུ་ རྩ་བཞི་སྟེ། ཐམས་ཅད་ལའང་དུང་ཕྱུར་ཕྲག་བདུན་བདུན་ནོ་།སྐུ་ཚེའི་ཚད་ནི་ལོ་དགུ་ཁྲི་སུམ་སྟོང་ངོ། །དམ་པའི་ཆོས་ནི་ལོ་དགུ་ཁྲི་བཞི་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་ [433A]༄༅། །རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་བསོད་ནམས་སྟོབས་སྐྱེ་བའི་ཡུལ་ནི་བསོད་ནམས་ཀྱི་ཕུང་པོའི་སྟེགས་ཞེས་བྱའོ། །རིགས་ནི་ རྒྱལ་རིགས་སོ། །འོད་ནི་དཔག་ཚད་དུང་ཕྱུར་ཕྲག་བརྒྱད་དོ། །ཡབ་ནི་བློ་གྲོས་གྲགས་པ་ཞེས་བྱའོ། །ཡུམ་ནི་སྙིང་རྗེའི་ཤུགས་ཅན་ཞེས་བྱའོ། །སྲས་ནི་སྙིང་སྟོབས་ ཞུམ་པ་མེད་པའི་བློ་གྲོས་ཞེས་བྱའོ། །རིམ་གྲོ་པ་ནི་ལྷའི་ཟླ་བ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རིན་པོ་ཆེས་རབ་ཏུ་བརྒྱན་པའི་གཟི་བརྗིད་ཅེས་བྱའོ། །རྫུ་འཕྲུལ་ཅན་ རྣམས་ཀྱི་མཆོག་ནི་ཕྱོགས་ལྟ་གྲགས་ཞེས་བྱའོ། །འདུས་པ་ནི་ལན་བདུན་ཅུ་སྟེ། ཐམས་ཅད་ལའང་ས་ཡ་ཕྲག་དགུ་དགུའོ། །སྐུ་ཚེའི་ཚད་ནི་ལོ་ལྔ་ཁྲི་བཞི་སྟོང་ངོ། ། དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཡོན་ཏན་མཚོ་སྐྱེ་ བའི་ཡུལ་ནི་བྱང་ཆུབ་སྒྲོན་མ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ་།འོད་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཙམ་མོ། །ཡབ་ནི་ཡོན་ཏན་མཐའ་ཡས་ གྲགས་ཞེས་བྱའོ། །ཡུམ་ནི་རིན་ཆེན་གྲགས་ཞེས་བྱའོ། །སྲས་ནི་ལྷའི་གྲོང་ཕྱིར་གཙོ་ཞེས་བྱའོ། །རིམ་གྲོ་པ་ནི་ཤེད་རྫོགས་འདུ་ཤེས་བརྟེན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་ [433B] །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བློ་གྲོས་སྐྱོན་མེད་ཅེས་བྱའོ། །འདུས་པ་ནི་ལན་སུམ་ཅུ་སྟེ། ཐམས་ཅད་ལའང་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་ དགུའོ༑ ༑སྐུ་ཚེའི་ཚད་ནི་ལོ་དགུ་ཁྲི་བཞི་སྟོང་ངོ། །དམ་པའི་ཆོས་ཀྱང་ལོ་དགུ་ཁྲི་བཞི་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་རྨད་དུ་བྱུང་ བ་སྐྱེ་བའི་ཡུལ་ནི་མཆོད་གནས་སྤྱོད་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བརྒྱད་ཅུའོ། །ཡབ་ནི་གྲགས་པ་མཐའ་ཡས་ཞེས་བྱའོ། །ཡུམ་ནི་ཉི་མའི་སྙིང་ པོ་གཟི་བརྗིད་ཅེས་བྱའོ། །སྲས་ནི་ཡིད་འོང་གྲགས་པའི་རྒྱལ་མཚན་ཞེས་བྱའོ། །རིམ་གྲོ་པ་ནི་ཕན་ལྡན་བློ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཁས་པ་ལྷ་རྫས་རྫོགས་ པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དྲེགས་འགྲོ་ཞེས་བྱའོ། །འདུས་པ་ནི་ལན་དགུ་བཅུ་སྟེ། ཐམས་ཅད་ལའང་བྱེ་བ་སྟོང་ཕྲག་བཅུ་བཅུའོ། །སྐུ་ཚེའི་ཚད་ནི་ལོ་བདུན་ ཁྲིའོ༑ ༑དམ་པའི་ཆོས་ནི་ལོ་དགུ་ཁྲིའི་བར་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ང་རྒྱལ་སྤོང་སྐྱེ་ བའི་ཡུལ་ནི་གཟི་བརྗིད་རྫོགས་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ་།འོད་ནི་དཔག་ཚད་སུམ་ཁྲི་ལྔ་སྟོང་ངོ། །ཡབ་ནི་ཡུལ་འཁོར་ལྷ་ཞེས་བྱའོ། །ཡུམ་ནི་བློ་གྲོས་བསོད་ [434A]༄༅། །ནམས་ཏོག་ཅེས་བྱའོ། །སྲས་ནི་མཐའ་ཡས་འོད་ཅེས་བྱའོ་།རིམ་གྲོ་པ་ནི་མཚན་གྱི་གཟི་བརྗིད་མེ་ཏོག་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་ མཆོག་ནི་སེངྒེའི་བློ་གྲོས་གྲགས་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རབ་མཆོག་གསལ་བ་ཞེས་བྱའོ། །འདུས་པ་ནི་ལན་དྲུག་ཅུ་སྟེ། ཐམས་ཅད་ལའང་ འབུམ་ཕྲག་བཅུ་དྲུག་བཅུ་དྲུག་གོ་སྐུ་ཚེའི་ཚད་ནི་ལོ་བདུན་ཁྲིའོ། །དམ་པའི་ཆོས་ནི་ལོ་ཁྲི་དྲུག་སྟོང་གི་བར་དུ་གནས་སོ་།སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་ རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་བདུད་བརླག་པར་མཛད་པ་སྐྱེ་བའི་ཡུལ་ནི་བྱང་ཆུབ་བཀོད་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ འབུམ་མོ། །ཡབ་ནི་རིན་ཆེན་གཟི་བརྗིད་ཀུན་ཏུ་སྦེད་ཅེས་བྱའོ། །ཡུམ་ནི་བཀོད་པ་དཔག་ཏུ་མེད་པའི་རྒྱལ་པོ་ཞེས་བྱའོ། །སྲས་ནི་རྣམ་པར་བརྩེ་བའི་ང་རོ་ཞེས་བྱའོ། །རིམ་གྲོ་པ་ ནི་བྱམས་པ་མཐའ་ཡས་བློ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འབྲུལ་སྒྲ་དབྱངས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འབྲུག་སྒྲ་མཐུ་རྩལ་ཞེས་བྱའོ། ། འདུས་པ་ནི་ལན་དགུ་བཅུ་རྩ་དྲུག་སྟེ། ཐམས་ཅད་ལའང་འབུམ་ཕྲག་དྲུག་ཅུ་རྩ་དྲུག་དྲུག་གོ་སྐུ་ཚེའི་ཚད་ནི་ལོ་དགུ་ཁྲི་སུམ་སྟོང་ངོ། །དམ་པའི་ཆོས་ནི་ལོ་འབུམ་གྱི་བར་དུ་ [434B] །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །འཕགས་པ་བསྐལ་པ་བཟང་པོ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། །བམ་པོ་ཉི་ཤུ་གཉིས་པ། དེ་བཞིན་གཤེགས་ པ་བག་ཆགས་ལས་རྒལ་བའི་སྟབས་སྐྱེ་བའི་ཡུལ་ནི་བཀོད་པ་མཚུངས་པ་མེད་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བྱེ་བ་ཕྲག་འབྲམ་མོ། །ཡབ་ནི་འཇིག་ རྟེན་སྙེན་པར་གྲགས་ཞེས་བྱའོ། །ཡུམ་ནི་བློ་གྲོས་བཟང་མོ་ཞེས་བྱའོ། །སྲས་ནི་དགའ་དད་གྲགས་ཞེས་བྱའོ། །རིམ་གྲོ་པ་ནི་གྲགས་པའི་བློ་གྲོས་གཟི་བརྗིད་ཅེས་བྱའོ། །ཤེས་རབ་ ཅན་རྣམས་ཀྱི་མཆོག་ནི་མིའི་ཟླ་བའི་འོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྐྱེ་དབང་མཚུངས་ཞེས་བྱའོ། །འདུས་པ་ནི་ལན་དགུ་བཅུ་སྟེ། ཐམས་ཅད་ལའང་བྱེ་བ་ཕྲག་ སྟོང་སྟོང་ངོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲི་བདུན་སྟོང་ངོ། །དམ་པའི་ཆོས་ནི་ལོ་འབུམ་གྱི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ ཏུ་ཟད་དོ། །དེ་བཞིན་གཤེགས་པ་མི་ཕྱེད་པའི་བློ་མངའ་བ་སྐྱེ་བའི་ཡུལ་ནི་བྱང་ཆུབ་ངེས་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ་།འོད་ནི་དཔག་ཚད་སུམ་སྟོང་སུམ་བརྒྱའོ། ། ཡབ་ནི་གཟི་བརྗིད་འབྱོར་ཅེས་བྱའོ། །ཡུམ་ནི་གྲགས་ཆེན་རྒྱལ་མཚན་ཞེས་བྱའོ། །སྲས་ནི་རྒྱལ་མཚན་གྱི་གཟི་བརྗིད་ཅེས་བྱའོ། །རིམ་གྲོ་པ་ནི་ཡན་ལག་མ་སྨད་པ་ [435A]༄༅། །ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བདུད་བརྩེའི་རིན་པོ་ཆེ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བློ་གྲོས་གྲགས་པ་སེམས་ ཞེས་བྱའོ། །འདུས་པ་ནི་ལན་བཞི་བཅུ་སྟེ། ཐམས་ཅད་ལའང་དུང་ཕྱུར་ཕྲག་ལྔ་ལྔའོ། །སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲིའོ། །དམ་པའི་ཆོས་ནི་ལོ་དྲུག་ཁྲི་དྲུག་སྟོང་གི་བར་དུ་ གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་རྒྱ་མཚོ་སྐྱེ་བའི་ཡུལ་ནི་དགའ་བ་གསལ་བ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ ཚད་དགུ་ཁྲི་དགུ་སྟོང་ངོ། །ཡབ་ནི་རྒྱུ་སྐར་ཏོག་ཅེས་བྱའོ་།ཡུམ་ནི་བདེ་སྟོབས་གྲགས་ཞེས་བྱའོ། །སྲས་ནི་བག་ཡོད་གཟི་བརྗིད་ཅེས་བྱའོ། །རིམ་གྲོ་པ་ནི་མཁས་བརྩོན་ ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བློ་གྲོས་བདེན་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྤོས་ཀྱི་དབང་ཕྱུག་རྒྱལ་པོ་ཞེས་བྱའོ། །འདུས་པ་ནི་ལན་དགུ་ བཅུ་སྟེ༑ ཐམས་ཅད་ལའང་བྱེ་བ་ཕྲག་དགུ་བཅུ་རྩ་བཞི་བཞིའོ་།སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲི་བཞི་སྟོང་ངོ། །དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་ རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་བ་དག་པར་མཛད་པ་སྐྱེ་བའི་ཡུལ་ནི་གཟི་བརྗིད་ཀྱིས་བརྒྱན་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་དྲུག་ཁྲི་བདུན་ [435B] །ཡབ་ནི་རིན་ཆེན་མེ་ཏོག་ཅེས་བྱའོ། །ཡུམ་ནི་ཡོན་ཏན་རིན་ཆེན་མེ་ཏོག་ཅེས་བྱའོ། །སྲས་ནི་སེངྒེའི་བློ་གྲོས་གྲགས་པ་ཞེས་བྱའོ། །རིམ་གྲོ་པ་ནི་་ཡོ་བ་མེད་པར་གནས་པ་ཞེས་ བྱའོ༑ ༑ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཟླ་བའི་སྙིང་པོ་དཔལ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མངོན་པར་ཤེས་པས་རྣམ་པར་བརྩེ་བ་ཞེས་བྱའོ། །འདུས་པ་ནི་ལན་ བདུན་ཅུ་སྟེ། ཐམས་ཅད་ལའང་དུང་ཕྱུར་ཕྲག་བཞི་བཞིའོ། །སྐུ་ཚེའི་ཚད་ནི་ལོ་བཞི་ཁྲི་བཞི་པ་སྟོང་ངོ། །དམ་པའི་ཆོས་ནི་ལོ་བཞི་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་ འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཚོགས་ཅན་གྲོལ་བའི་རྒྱལ་པོ་སྐྱེ་བའི་ཡུལ་ནི་རིན་པོ་ཆེའི་མཆོག་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། ། འོད་ནི་དཔག་ཚད་ལྔ་ཁྲིའོ། །ཡབ་ནི་ལུས་པ་མེད་པའི་བློ་ཞེས་བྱའོ། །ཡུམ་ནི་ཀུན་ཏུ་རིན་ཆེན་ཞེས་བྱའོ། །སྲས་ནི་མེ་ཏོག་གཟི་བརྗིད་ཅེས་བྱའོ། །རིམ་གྲོ་པ་ནི་ཚྭ་རྒོ་བྱིན་ཞེས་ བྱའོ༑ ༑ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྲིད་པའི་སྲེད་པ་འཇོམས་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འཛིན་པར་དཔག་མེད་ཅེས་བྱའོ། །འདུས་པ་ནི་ལན་དྲུག་ བཅུ་སྟེ༑ ཐམས་ཅད་ལའང་དུང་ཕྱུར་ཕྲག་བདུན་བདུན་ནོ། །སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲི་སུམ་སྟོང་ངོ། །དམ་པའི་ཆོས་ཀྱང་ལོ་དྲུག་ཁྲི་སུམ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་ [436A]༄༅། །རིལ་པོ་གཅིག་ཏུ་འདུག་གོ་མཆོད་རྟེན་ཡང་གཅིག་ཏུ་ཟད་དོ་།དེ་བཞིན་གཤེགས་པ་དགའ་བའི་འོད་སྐྱེ་བའི་ཡུལ་ནི་བྱང་ཆུབ་སྤྱོད་པ་ཞེས་བྱའོ། ། རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་སུམ་ཁྲི་བརྒྱད་སྟོང་ངོ། །ཡབ་ནི་ཡིད་འོང་གཟི་བརྗིད་ཅེས་བྱའོ། །ཡུམ་ནི་ང་རོ་སྙན་པའི་སེངྒེའི་སྒྲ་ཞེས་བྱའོ། །སྲས་ནི་བཞིན་ གཙང་ཞེས་བྱའོ། །རིམ་གྲོ་པ་ནི་མཆོད་གྲགས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བདུད་རྩིའི་སྐྱེད་མོས་ཚལ་ཞེས་བྱའོ་།རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འཇིག་ རྟེན་སེམས་ཞེས་བྱའོ། །འདུས་པ་ནི་ལན་དགུ་བཅུ་རྩ་བཞི་སྟེ་ཐམས་ཅད་ལའང་འབུམ་ཕྲག་དགུ་བཅུ་རྩ་དགུ་དགུའོ། །སྐུ་ཚེའི་ཚད་ནི་ལོ་དགུ་ཁྲི་བཞི་སྟོང་ངོ། །དམ་པའི་ཆོས་ ཀྱང་ལོ་དགུ་ཁྲི་བཞི་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །བདེ་གཤེགས་བྱང་ཆུབ་རྒྱལ་མཚན་སྐྱེ་བ་ཡི། །ཡུལ་ནི་ཆོས་དག་སྣང་བར་བྱེད་ཅེས་བྱ། །རྒྱལ་ བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བདུན་ཅུ་ཡབ་ནི་ལེགས་བཟང་ཡིན། །ཆུ་ལྷ་མཆོད་ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་རྩི་སྨན་དཔའ་བོ་རིམ་གྲོ་པ། །ཕྱོགས་ མཆོད་ཅེས་ནི་བྱ་བ་མཁས་པ་སྟེ། །གཏི་མུག་མེད་པར་གནས་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དགུ་བཅུ་ཀུན་ལའང། །ཁམས་གསུམ་སྲིད་ལ་དར་ནི་མི་འཛིན་པ། །བྱེ་བ་ [436B] །མི་ཚེ་ལོ་གྲངས་བདུན་ཁྲི་ལྔ་སྟོང་ཡིན། །ཁྱུ་མཆོག་ཆེན་པོའི་དམ་པའི་ཆོས་དག་ཀྱང་།ལོ་གྲངས་བདུན་ཁྲི་བཞི་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་ མཆོད་རྟེན་དཔག་ཚད་ནི། །བཅུ་དྲུག་པ་གཅིག་གསེར་གྱིས་མཛེས་པར་བྱས། །མི་ཡི་འདྲེན་པ་ཡེ་ཤེས་རིན་ཆེན་གྱི། །སྐྱེ་བའི་ཡུལ་ནི་ཐམས་ཅད་བརྒྱན་ཅེས་བྱ། །རིགས་ནི་རྒྱལ་ རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་སྟོང་བརྒྱ་ཡབ་ནི་ལེགས་མཆོད་ཡིན། །འཇིག་རྟེན་མཆོག་མ་ཞེས་བྱ་རྒྱལ་བའི་ཡུམ། །སྲས་པོ་གྲོལ་འདོད་ཟླ་བ་རིམ་གྲོ་པ། །ཀུན་ཏུ་དགའ་ ཞེས་བྱ་བ་མཁས་པ་སྟེ། །ཁ་ལོ་སྒྱུར་བའི་རྒྱལ་པོ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་ཡང། །ང་མེད་ཚུལ་འཆོས་མེད་པའི་དགྲ་བཅོམ་པ། །བྱེ་བ་ཕྲག་ནི་ཉི་ཤུ་བཞི་ བཞི་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་ཉིས་སྟོང་ཡིན། །འགོག་པར་ཕྱིན་པའི་དམ་པའི་ཆོས་དག་ནི། །ལོ་གྲངས་ལན་ཁྲི་དྲུག་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་ འགྱུར་ལ། །མཆོད་རྟེན་བྱེ་བ་སྟོང་ཕྲག་བརྒྱད་ཅུར་འབྱུང། །མི་ཡི་འདྲེན་པ་ཤིན་ཏུ་བསིལ་བ་ཡི། །སྐྱེ་ཡུལ་ཡེ་ཤེས་རྣམ་པར་གྲགས་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། ། སུམ་ཅུ་རྩ་གཉིས་ཡབ་ནི་ཚངས་བཟང་ཡིན། །ཡེ་ཤེས་འོད་ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ལྷ་ཡིན་བློ་གྲོས་རིམ་གྲོ་པ། །བློ་ལྡན་སྙོམས་པ་བློ་གྲོས་ཅན་ཡིན་ཏེ། །འཇིག་པ་མེད་ [437A]༄༅། །པར་གྲགས་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་ཡང། །དགྲ་བཅོམ་ཐམས་ཅད་ཕ་མཐར་ཕྱིན་པ་པོ། །བྱེ་བ་ཕྲག་ནི་དགུ་བཅུ་ དགུ་དགུ་ཡོད། །མི་ཚེ་ལོ་གྲངས་དགུ་ཁྲི་བཞི་སྟོང་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག། །ལོ་གྲངས་བདུན་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་མཆོད་རྟེན་ གཅིག་ཡིན་ཏེ། །དཔག་ཚད་ལྔ་པ་རྒྱལ་མཚལ་མཆོག་གིས་བརྒྱན་།འཇིག་རྟེན་མགོན་པོ་ཚངས་པ་རྒྱལ་པོ་ཡི། །སྐྱེ་བའི་ཡུལ་ནི་ལེགས་པར་སྦྱངས་ཞེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་ རིགས་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་ཡབ་ནི་དྲན་ལྡན་ཡིན་།དགེ་བའི་འོད་ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ལྟ་བྱེད་གྲགས་པ་རིམ་གྲོ་པ། །ཡོན་ཏན་རྒྱ་མཚོ་ཞེས་བྱ་མཁས་ པ་སྟེ༑ ༑འཇིགས་པ་མེད་པར་གྲགས་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་གཉིས་ཀུན་ལའང། །འཇིག་རྟེན་དྲི་མ་དྲི་བྲལ་དགྲ་བཅོམ་པ། །བྱེ་བ་ཕྲག་ནི་སུམ་ཅུ་གཉིས་ གཉིས་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་ཉིས་སྟོང་ཡིན། །འགྲོ་ལ་ཕན་ཕྱིར་དམ་པའི་ཆོས་དག་ཀྱང། །ལོ་གྲངས་དགུ་ཁྲི་བཞི་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ ཡིན་ཏེ༑ ༑དཔག་ཚད་བརྒྱ་པ་གསེར་གྱི་རྣ་རྒྱན་ཅན། །སངས་རྒྱས་ཡེ་ཤེས་དགྱེས་པ་སྐྱེ་བ་ཡི། །ཡུལ་ནི་ཡོན་ཏན་ཀུན་གྱི་འོད་ཅེས་བྱ་།རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ [437B] །དབང་པོའི་འོད་ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་སྐར་མཁན་སྣང་བྱེད་རིམ་གྲོ་པ། །མཐུ་རྩལ་བརྟན་པོ་ཞེས་བྱ་མཁས་པ་སྟེ། །ཀུན་ཏུ་གཙོ་ ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་གཉིས་ཀུན་ལའང། །ལམ་རབ་མཆོག་མར་ཤིན་ཏུ་དུལ་བ་པོ། །བྱེ་བ་ཕྲག་ནི་དགུ་བཅུ་གསུམ་གསུམ་ཡོད། །མི་ཚེ་ལོ་གྲངས་སུམ་ ཁྲི་བཞི་སྟོང་མིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་བདུན་ཁྲི་དྲུག་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་བྱེ་བ་སྟོང་ཕྲག་ བརྒྱད་ཅུ་འབྱུང། །རྒྱལ་བ་རྫུ་འཕྲུལ་ཏོག་ནི་སྐྱེ་བའི་ཡུལ་།བསོད་ནམས་རྣམ་པར་སྣང་བར་བྱེད་ཅེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་དགུ་བཅུ་འབྱོར་བའི་དབང་ པོ་ཡབ༑ ༑བསོད་ནམས་གྲགས་པ་རྒྱལ་ཡུམ་སྲས་པོ་ནི། །བསོད་ནམས་ལེགས་ངེས་ཆོས་ལྡན་རིམ་གྲོ་པ། །ཡོན་ཏན་ཁ་ལོ་སྒྱུར་བ་མཁས་པ་སྟེ་།གནས་པ་བྱེད་པར་འཕགས་པ་ རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང། །རྨ་མེད་ཚུལ་འཆོས་མེད་པའི་དགྲ་བཅོམ་པ། །བྱེ་བ་སྟོང་ཕྲག་བདུན་ཅུ་བདུན་བདུན་ཡོད། །མི་ཚེ་ལོ་གྲངས་བརྒྱད་ཁྲི་ སུམ་སྟོང་ཡིན། །གྲགས་པ་མཐའ་ཡས་པ་ཡི་དམ་ཆོས་དག་ལོ་གྲངས་དགུ་ཁྲི་ཅིག་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་བཅུ་པ་ [438A]༄༅། །བརྒྱལ་མཚན་བྱེ་བས་བརྒྱན། །དེ་བཞིན་གཤེགས་པ་སྐྱེ་དབང་མཚུངས་པ་ཡི། །སྐྱེ་བའི་ཡུལ་ནི་རྒྱལ་བའི་འོད་ཅེས་བྱ་།རྒྱལ་བའི་རིགས་ནི་ བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་དྲུག་ཅུ་སྦྱིན་པ་སྲེག་འོད་འཕྲོ་ཡབ། །ཡོན་ཏན་ཚོགས་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་དགེ་ལྡན་དེ་དགེ་བཟང་རིམ་གྲོ་པ། །ཡོན་ཏན་སྣོད་ཅེས་བྱ་ བ་མཁས་པ་སྟེ། །ཡོན་ཏན་འོད་གསལ་མ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་གསུམ་ཀུན་ལའང། །ཞི་བ་གཏི་མུག་མེད་ཅིང་ཆགས་མེད་པ། །ཐེར་འབུམ་ཐེར་འབུམ་ དག་ནི་འདུས་པར་འགྱུར། །མི་ཚེ་ལོ་གྲངས་བདུན་ཁྲི་བརྒྱད་སྟོང་ཡིན། །རྣམ་གྲོལ་ཐོབ་པ་མྱ་ངན་འདས་གནས་ཀྱང། །དམ་ཆོས་ལོ་གྲངས་སྟོང་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་ གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་ཐེར་འབུམ་དག་ནི་བདུན་ཅུ་འབྱུང། །དེ་བཞིན་གཤེགས་པ་ས་ཡི་དབང་ཕྱུག་གི་སྐྱེ་བའི་ཡུལ་ནི་ལེགས་པར་གནས་ཞེས་བྱ། །རྒྱལ་བའི་ རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་བྱེ་བ་ཡབ་ནི་དོན་གནས་ཡིན། །བློ་གནས་བློ་གྲོས་རྒྱལ་ཡུམ་བྱང་ཆུབ་ནི། །སྲས་ཡིན་ལེགས་པའི་བྱང་ཆུབ་རིམ་གྲོ་པ། །ཤེད་སྐྱེས་ དབང་ཕྱུག་ཅེས་བྱ་མཁས་པ་སྟེ། །དོན་ཡོད་སྣ་ཚོགས་པ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་གཉིས་ཀུན་ལའང། །སྟོན་ཅིང་བསྒོམ་པའི་མཐར་ནི་ཕྱིན་པ་པོ། །བྱེ་ [438B] །མི་ཚེ་ལོ་གྲངས་ཉི་ཁྲི་བཞི་སྟོང་ཡིན། །གྲགས་པ་མཐའ་ཡས་པ་ཡི་དམ་ཆོས་དག་ལོ་གྲངས་ཉི་ཁྲི་ཆིག་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་ འགྱུར་ལ། །མཆོད་རྟེན་བཟང་པོས་ཁམས་གསུམ་གང་བར་འགྱུར། །དེ་བཞིན་གཤེགས་པ་ཉི་མ་དགྱེས་པ་ཡི། །སྐྱེ་བའི་ཡུལ་ནི་གཟི་བརྗིད་བསྡུས་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། ། དཔག་ཚད་གསུམ་ཡོད་ཐོས་པའི་དབང་བོ་ཡབ། །དབང་པོའི་འགྲོས་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ཁ་སྒྱུར་གནས་པ་རིམ་གྲོ་པ་།དམག་མིའི་མཆོག་ཅེས་བྱ་བ་མཁས་པ་སྟེ། །རྣམ་པར་ ངས་པར་གྲགས་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལའང། །སྲིད་པ་ཀུན་གྱིས་གོས་པ་མེད་པ་པོ། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་བཞི་ སྟོང་ཡིན། །རྒྱལ་བ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་སུམ་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་བདུན་པ་གསེར་གྱི་བླ་ བྲེར་ལྡན། །བདེ་གཤེགས་སྒྲ་གཅན་ཟླ་བ་སྐྱེ་བ་ཡི། །ཡུལ་ནི་ཏོག་རྣམས་སྣང་བར་བྱེད་ཅེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །བདུན་ཅུ་རྩ་སུམ་ཡབ་ནི་ཏོག་བཟང་ ཡིན༑ ༑སྣང་བ་ཅན་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་གཟི་བརྗིད་ལྡན་སྣང་རིམ་གྲོ་པ། །གྲགས་ལྡན་ཆེན་པོ་ཞེས་བྱ་མཁས་པ་སྟེ་།མྱ་ངན་མེད་པར་གནས་པ་རྫུ་འཕྲུལ་ཅན། ། [439A]༄༅། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང། །འཇིགས་མེད་ཐར་ཆེན་པོ་མཐར་ལེགས་གནས་པ། །བྱེ་བ་ཕྲག་ནི་བདུན་ཅུ་གསུམ་གསུམ་ ཡོད༑ ༑མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་དྲུག་ཁྲི་བརྒྱད་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། ། མཆོད་རྟེན་བཟང་པོས་ཁམས་གསུམ་གང་བར་འགྱུར། །དེ་བཞིན་གཤེགས་པ་མེ་ཏོག་འོད་སྐྱེ་བའི། །ཡུལ་ནི་མེ་ཏོག་དག་གིས་བརྒྱན་ཞེས་བྱ་།དེའི་རིགས་བྲམ་ཟེ་ཡིན་ཏེ་འོད་ཀྱི་ ཚད༑ ༑དཔག་ཚད་སྟོང་ཡོད་ཡོན་ཏན་དབང་པོ་ཡབ། །ཡོན་ཏན་མཆོད་རྟེན་ཞེས་བྱ་རྒྱལ་བའི་ཡུམ། །སྲས་པོ་རྒྱལ་མཆོག་ཕན་འདོད་རིམ་གྲོ་པ། །འཇིག་རྟེན་མཆོག་མ་ཞེས་བྱ་ མཁས་པ་ཏེ། །མཐུ་རྩལ་རྒྱལ་པོ་ཞེས་བྱ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་དྲུག་ཀུན་ལའང། །ཐར་པ་གཏི་མུག་མེད་པར་གནས་གྱུར་པ། །བྱེ་བ་ཕྲག་ནི་ཁྲི་ཕྲག་གསུམ་ གསུམ་ཡོད། །མི་ཚེ་ལོ་གྲངས་དག་ནི་དྲུག་ཁྲི་ཡིན། །ཆགས་པ་མེད་པར་གྱུར་པའི་དམ་ཆོས་དག་ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་མཆོད་ རྟེན་གཅིག་ཡིན་ཏེ། །དཔག་ཚད་དགུ་པ་ནོར་བུ་བྱེ་བས་སྤྲས། །དེ་བཞིན་གཤེགས་པ་སྨན་པ་བདག་པོ་ཡིན། །སྐྱེ་བའི་ཡུལ་ནི་མྱ་ངན་སེལ་ཅེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་ [439B] །དཔག་ཚད་སྟོང་ཡོད་ཡབ་ནི་མྱ་ངན་མེད་།ཡོན་ཏན་ལྟ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་འཚོ་བྱེད་འཇིགས་མེད་རིམ་གྲོ་པ། །བསོད་ནམས་དགའ་ཞེས་བྱ་བ་མཁས་པ་ སྟེ༑ ༑སེངྒེའི་སྒྲ་སྒྲོགས་པ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་མཐའ་ཡས་ཀུན་ལ་ཡང། །ཕྱིར་མི་ལྡོག་པ་ཐམས་ཅད་གཟུངས་ཐོབ་པ། །བྱེ་བ་ཕྲག་ནི་ཁྲི་ཕྲག་བརྒྱ་བརྒྱ་ཡོད། །མི་ཚེ་ ལོ་གྲངས་བྱེ་བ་ཕྲག་སྟོང་ཡིན། །བྱང་ཆུབ་ཏུ་ནི་ཡོངས་སུ་སྨིན་བྱའི་ཕྱིར། །དམ་ཆོས་ལོ་གྲངས་བྱེ་བར་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །རིན་ཆེན་མེ་ ཏོག་སྟོང་སྙིད་བདག་གིས་བརྒྱན། །དེ་བཞིན་གཤེགས་པ་མདངས་མངའ་སྐྱེ་བ་ཡི། །ཡུལ་ནི་སྡུག་པར་རྣམ་པར་ལྟ་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་ བྱེ་བ་ཡབ་ནི་འབྱོར་ལྡན་ཡིན། །ཡེ་ཤེས་ཅན་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་རྣམ་གྲོལ་ཆགས་མེད་རིམ་གྲོ་པ། །འབྲུག་སྒྲ་ཞེས་ནི་བྱ་བ་མཁས་པ་སྟེ། །མདངས་སྟོབས་འགྲོས་ ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང། །ཐེག་པ་མཆོག་གིས་བྱང་ཆུབ་ཐོབ་པ་པོ། །བྱེ་བ་ཕྲག་ནི་དགུ་བཅུ་དགུ་དགུ་ཡོད། །མི་ཚེ་ལོ་གྲངས་དགུ་ ཁྲི་སུམ་སྟོང་ཡིན། །བྱང་ཆུབ་ཏུ་ནི་ཡོངས་སུ་སྨིན་བྱའི་ཕྱིར་།དམ་ཆོས་ལོ་གྲངས་སུམ་ཁྲིར་གནས་པར་འགྱུར། །མཆོད་རྟེན་དཔག་ཚད་བཅུ་གཉིས་པ་འབྱུང་སྟེ། །རིན་ཆེན་ [440A]༄༅། །ཐེར་འབུམ་སྙེད་ཀྱིས་སྤྲས་པར་འགྱུར། །དེ་བཞིན་གཤེགས་པ་བསོད་ནམས་དགྱེས་པ་ཡི། །སྐྱེ་ཡུལ་བསོད་ནམས་སྣང་བར་བྱེད་ཅེས་བྱ། ། རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །སྟོང་གསུམ་ཙམ་ཡོད་ཡབ་ནི་འོད་ལྡན་ཡིན། །བདུད་རྩིའི་འོད་ནི་རྒྱལ་ཡུམ་རྩི་སྨན་ནི་།སྲས་ཡིན་སྨན་པ་བཟང་པོ་རིམ་གྲོ་པ། །བྱང་ ཆུབ་འོད་ཅེས་བྱ་བ་མཁས་པ་སྟེ། །རྣམ་པར་བརྩེ་བའི་བློ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དགུ་བཅུ་ཀུན་ལ་ཡང། །གཟུངས་ཐོབ་བྱང་ཆུབ་དག་ལ་རབ་གནས་པ། །བྱེ་ བ་ཕྲག་ནི་ཁྲི་ཕྲག་དགུ་དགུ་ཡོད། །མི་ཚེ་ལོ་གྲངས་དྲུག་འབུམ་སུམ་ཁྲི་ཡིན། །བྱང་ཆུབ་ཏུ་ནི་ཡོངས་སུ་སྨན་བྱའི་ཕྱིར། །དམ་ཆོས་ལོ་གྲངས་དྲུག་འབུམ་སུམ་ཁྲིར་གནས། ། རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །གསེར་གྱི་རྒྱལ་མཚན་མཆོག་སྟོང་སྙེད་ཀྱིས་བརྒྱན། །དེ་བཞིན་གཤེགས་པ་དགའ་བའི་སྟོབས་སྐྱེ་བའི། །ཡུམ་ནི་མཆོད་པས་ ཀུན་ཏུ་ཚིམ་ཞེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཏུ་མེད་དོ་ཡབ་ནི་ཡིད་འཐད་ཡིན། །ཕན་པར་སེམས་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ལྷ་འདོད་ ཟླ་བ་རིམ་གྲོ་པ། །བློ་གྲོས་ཡངས་པ་ཞེས་བྱ་མཁས་པ་སྟེ་།གསེར་གྱི་འོད་ཅེས་བྱ་བ་རྫུ་འཕྲུལ་ཅན། །ཕྱིར་མི་ལྡོག་པ་གཟུངས་ནི་ཐོབ་པ་པོ། །འཇམ་པའི་དཔལ་དང་མཚུངས་ [440B] །འདུས་པ་དག་ནི་ཤིན་ཏུ་མཐའ་ཡང་ཡས། །མི་ཚེ་ལོ་གྲངས་སུམ་འབུམ་ཉི་ཁྲི་ཡིན། །ཐེག་པ་མཆོག་ལྡན་ཡོངས་སུ་སྨིན་བྱའི་ཕྱིར། །ཡོངས་སུ་མྱ་ངན་འདས་ནས་དམ་ ཆོས་དག་ལོ་གྲངས་ཚིག་འབུམ་ཉི་ཁྲིའི་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་པར་འགྱུར། །མཚུངས་པ་མེད་པ་དབྱངས་དག་སྙན་པ་ཡི། །སྐྱེ་བའི་ཡུལ་ནི་འོད་ཀྱི་ མཆོག་ཅེས་བྱ། །དེའི་རིགས་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་སྟོང་ཡོད་ཡབ་ནི་དགེ་བཟང་ཡིན། །འཇིགས་པ་མེད་པའི་འོད་ནི་རྒྱལ་བའི་ཡུམ། །སྲས་པོ་ཤེས་རབ་ཤེས་ཆེན་ རིམ་གྲོ་པ། །ཏོག་གི་རྒྱལ་མཚན་ཞེས་བྱ་མཁས་པ་སྟེ། །གནས་པ་མཐའ་ཡས་བ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་ཡང། །དགྲ་དག་བཅོམ་པ་དེ་དག་འདུས་པའི་ གྲངས༑ ༑འབུམ་ཕྲག་བདུན་ཅུ་རྩ་ནི་གསུམ་གསུམ་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་བཞི་སྟོང་ཡིན། །དངོས་པོ་མེད་པར་ཕྱིན་པའི་དམ་ཆོས་དམ་ཆོས་དག་ལོ་གྲངས་བདུན་ཁྲི་སུམ་སྟོང་བར་དུ་ གནས༑ ༑རྒྱལ་བའི་སྐུ་གདུང་མཆོད་རྟེན་དཔག་ཚད་ནི། །བཅུ་གསུམ་པ་གཅིག་མུ་ཏིག་བླ་བྲེར་ལྡན། །དེ་བཞིན་གཤེགས་པ་ཆོས་ཀྱི་དབང་ཕྱུག་གི་སྐྱེ་བའི་ཡུལ་ནི་ཐར་པའི་སྒྲ་ཞེས་ བྱ༑ ༑རྒྱལ་པའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །སྟོང་གཉིས་ཙམ་ཡོད་དབང་པོ་ཆེན་པོ་ཡབ། །ཡོན་ཏན་ཚོགས་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ལེགས་མཐོང་དགེ་བའི་རིམ་གྲོ་ [441A]༄༅། །པ༑ ༑བདུད་རྩིའི་འོད་ཅེས་བྱ་བ་མཁས་པ་སྟེ། །འབྱོར་པའི་སྒྲོན་མ་ཞེས་བྱ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་དྲུག་ཀུན་ལའང། །བྱང་ཆུབ་ ཏུ་ནི་སྐྱེ་བ་གཅིག་གིས་ཐོགས། །བྱེ་བ་ཕྲག་ནི་ཁྲི་ཕྲག་བརྒྱ་བརྒྱ་ཡོད་མི་ཚེ་ལོ་གྲངས་དགུ་ཁྲི་བཞི་སྟོང་ཡིན། །བྱང་ཆུབ་ཏུ་ནི་ཡོངས་སུ་སྨིན་བྱའི་ཕྱིར། །དམ་ཆོས་ལོ་གྲངས་དུང་ཕྱུར་ ཕྲག་དྲུག་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་དཔག་ཚད་ནི་།བཅུ་གཅིག་པ་གཅིག་གསེར་གྱི་འོད་དང་ལྡན། །དེ་བཞིན་གཤེགས་པ་ཚངས་པའི་དབྱངས་དག་གི་སྐྱེ་བའི་ ཡུལ་ནི་སྒྲ་དབྱངས་འོད་ཅེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་ཡབ་ནི་མཐུ་ལྡན་ཡིན། །རིན་ཆེན་འོད་ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ རྒྱལ་མཆོག་སྐར་མཁན་རིམ་གྲོ་པ། །སེངྒེའི་འགྲོས་ཞེས་བྱ་བ་མཁས་པ་སྟེ། །བསོད་ནམས་འཁོར་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བཅུ་གཉིས་ཀུན་ ལའང། །འཕགས་པ་མཆོག་གནས་ངེས་པར་གྱུར་པ་པོ། །བྱེ་བ་ཕྲག་ནི་བདུན་ཅུ་བཞི་བཞི་ཡོད། །མི་ཚེ་ལོ་གྲངས་དགུ་ཁྲི་ཉིས་སྟོང་ཡིན། །འཇིག་རྟེན་ཕན་ཕྱིར་སྲིད་མཐར་མཛད་ པ་པོ༑ ༑ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་དྲུག་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་པར་འགྱུར། །སེམས་ཅན་སྙིང་པོ་སྤྱོད་པ་ [441B] །སྐྱེ་བའི་ཡུལ་ནི་མཆོད་རྟེན་བཟང་ཞེས་བྱ་།རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་ལྔ་བརྒྱ་ཡབ་ནི་ཟླ་འོད་ཡིན། །གཟི་བརྗིད་འོད་ཅེས་བྱ་བ་རྒྱལ་བའི་ཡུམ་།སྲས་པོ་ ངེས་པ་གྱ་ནོམ་རིམ་གྲོ་པ། །མིག་སྡུག་པ་ཞེས་བྱ་བ་མཁས་པ་སྟེ། །ཤིན་ཏུ་དུལ་བར་གནས་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་ཀུན་ལ་ཡང། །བཟོད་པ་དུལ་གནས་ཞི་གནས་ མཆོག་ཐོབ་པ། །ཐེར་འབུམ་ཐེར་འབུམ་དག་ནི་འདུས་པར་འགྱུར། །མི་ཚེ་ལོ་གྲངས་སུམ་ཁྲི་དྲུག་སྟོང་གནས། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས་ པར་འགྱུར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ཏེ། །ཞིང་རྣམས་ཀུན་ཏུ་རྣམ་པར་གང་བར་འགྱུར། །དེ་བཞིན་གཤེགས་པ་འཁྲུལ་པ་མེད་པའི་བློ། །སྐྱེ་བའི་ཡུལ་ནི་འཇིག་རྟེན་འོད་ ཅེས་བྱ༑ ༑རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །སྟོང་གསུམ་ཙམ་ཡོད་ཡབ་ནི་དྲན་ལྡན་ཡིན། །ཚོགས་ཅན་གཙོ་རྒྱལ་ཞེས་བྱ་རྒྱལ་བའི་ཡུམ། །སྲས་པོ་ཆོས་ཅན་ཆོས་བཟང་ རིམ་གྲོ་པ། །དབྱངས་སྙན་པ་ཞེས་བྱ་བ་མཁས་པ་སྟེ། །ཐར་པ་རྣམས་འཕྲུལ་པ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང། །ཐེག་པ་མཆོག་གིས་བྱང་ཆུབ་ངེས་ གྱུར་པ༑ ༑བྱེ་བ་ཕྲག་ནི་དབུ་བཅུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་སུམ་སྟོང་ཡིན། །བྱང་ཆུབ་ཏུ་ནི་ཡོངས་སུ་སྨིན་བྱའི་ཕྱིར། །དམ་ཆོས་ལོ་གྲངས་བརྒྱད་ཁྲིའི་བར་དུ་ [442A]༄༅། །གནས༑ ༑རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ་།དཔག་ཚད་བདུན་པ་བཀོད་པས་མཛེས་པར་བྱས། །དེ་བཞིན་གཤེགས་པ་དབྱངས་ནི་ ཆེན་པོ་ཡི། །སྐྱེ་བའི་ཡུལ་ནི་ལྷ་ཡིས་བསྒྲགས་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །དགུ་བཅུ་རྩ་གཉིས་ཡབ་ནི་མེ་ཏོག་བཟང། །གྲགས་པའི་སྟོབས་ནི་ རྒྱལ་ཡུམ་སྲས་པོ་ནི། །ཡོན་ཏན་དགའ་ཡིན་རྫོགས་ལྡན་རིམ་གྲོ་པ་།ཚངས་པའི་དབྱངས་ཞེས་བྱ་བ་མཁས་པ་སྟེ། །ཤེས་རབ་ལེགས་སེམས་པ་ནི་རྫུ་འཕྲུལ་ཅན། །འདུས་ པ་ལན་གྲངས་བ་དུན་ཅུ་ཀུན་ལ་ཡང། །ང་མེད་དགྲ་བཅོམ་འཁྲུལ་པ་མེད་པ་པོ། །བྱེ་བ་ཕྲག་ནི་ཉི་ཤུ་ལྔ་ལྔ་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་སུམ་སྟོང་ཡིན། །ཡོངས་སུ་མྱ་ངན་འདས་ ནས་དམ་ཆོས་དག་ལོ་གྲངས་ཉི་ཁྲི་སུམ་སྟོང་བར་དུ་གནས་།རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་རིན་ཆེན་སྣ་བདུན་དག་གིས་སྤྲས། །དེ་བཞིན་ གཤེགས་པ་སྙན་པར་གྲགས་པ་ཡི། །སྐྱེ་ཡུལ་འཇིག་རྟེན་ཡོན་ཏན་དགའ་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །སུམ་ཅུ་རྩ་གསུམ་ཡབ་ནི་ཕན་འདོད་ ཡིན༑ ༑བྱང་ཆུབ་འདོད་ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་རྨ་མེད་སྒྲ་སྒྲོག་རིམ་གྲོ་པ། །བདུད་རྩིའི་བློ་གྲོས་ཞེས་བྱ་མཁས་པ་སྟེ། །ཆགས་པ་མེད་པའི་སྒྲོན་མ་རྫུ་འཕྲུལ་ [442B] ༑འདུས་པ་ལན་གྲངས་དགུ་བཅུ་ཀུན་ལ་ཡང། །བདུད་དང་སྲིད་པའི་དྲ་བ་འཇོམས་པ་པོ་འབུམ་ཕྲག་སུམ་ཅུ་རྩ་ནི་བཞི་བཞི་ཡོད། །མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། ། དངོས་པོ་མེད་པར་ཕྱིན་པའི་དམ་ཆོས་དག་ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་དགུ་པ་ལེགས་པར་ རྣམ་པར་སྤྲས། །འཇིག་རྟེན་མགོན་པོ་ཏོག་ལྡན་སྐྱེ་བའི་ཡུལ། །འོད་འཕྲོ་སྣང་བར་བྱེད་པ་ཞེས་ཀྱང་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་དགུ་ཡོད་ཡབ་ནི་ ལྷ་དབང་ཡིན། །ཐར་པའི་དབྱངས་ཞེས་བྱ་བ་རྒྱལ་བའི་ཡུམ་།སྲས་པོ་ཟླ་མཆོག་སེམས་དཔའ་རིམ་གྲོ་པ། །མེ་ཏོག་འོད་ཅེས་བྱ་བ་མཁས་པ་སྟེ། །རྫུ་འཕྲུལ་སྤོབས་ཞེས་བྱ་བ་རྫུ་ འཕྲུལ་ཅན། །འདུས་པ་ལན་གྲངས་ཉིས་ཤུ་དྲུག་ཀུན་ལའང། །འཇིག་རྟེན་ཆོས་ཀྱིས་གོས་པ་མེད་པ་པོ། །བྱེ་བ་ཕྲག་ནི་བདུན་ཅུ་བདུན་བདུན་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་དྲུག་ སྟོང་ཡིན། །རབ་ཏུ་ཞི་བར་ཕྱིན་པའི་དམ་ཆོས་དག་ལོ་གྲངས་ཉི་ཁྲི་དྲུག་སྟོང་བར་དུ་གནས། །མཆོད་རྟེན་ཁྲི་ཕྲག་དགུ་བཅུ་རྩ་དྲུག་འབྱུང། །རྒྱལ་མཚན་བྱེ་བ་སྟོང་གིས་ མཛེས་པར་བྱས། །རྒྱལ་བ་གཟི་བརྗིད་རྣམ་པར་གྲགས་པ་ཡི། །སྐྱེ་བའི་ཡུལ་ནི་ཐར་པའི་དབྱངས་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བྱེ་བ་ [443A]༄༅། །འབྱོར་པའི་ཡོན་ཏན་ཡབ། །རྒྱུ་སྐར་བདག་ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་མེ་ཏོག་བཟོད་པ་རིམ་གྲོ་པ། །ཡོན་ཏན་སྒྲོག་ཅེས་བྱ་བ་མཁས་པ་ སྟེ༑ ༑བདེན་པར་སྨྲ་བའི་ང་རོ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་དྲུག་ཀུན་ལའང། །བདུད་དང་ཉོན་མོངས་ཐམས་ཅད་འཇོམས་པ་པོ། །བྱེ་བ་ཕྲག་ནི་ཁྲི་ཕྲག་དགུ་ དགུ་ཡོད། །མི་ཚེ་ལོ་གྲངས་དྲུག་ཁྲི་བདུན་སྟོང་ཡིན། །རྣམ་བར་གྲོལ་པར་ཕྱིན་པའི་དམ་ཆོས་དག་ལོ་གྲངས་སུམ་ཁྲི་ཉིས་སྟོང་བར་དུ་གནས། །སྐུ་གདུང་མཆོད་རྟེན་དཔག་ཚད་ བརྒྱ་པ་གཅིག། །རིན་ཆེན་བརྒྱ་ཡི་དྲ་བས་རྣམ་པར་སྤྲས། །སངས་རྒྱས་འགྲོ་བའི་དབང་ཕྱུག་སྐྱེ་བ་ཡི། །ཡུལ་ནི་ཐར་པ་སྣང་བར་བྱེད་ཅེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་ འོད་ཀྱི་ཚད། །དཔག་ཚད་བརྒྱད་བརྒྱ་ཤིན་ཏུ་འཇིགས་བྱེད་ཡབ་།ལྷའི་འོད་ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་མོ་གྲོགས་བྱེད་མཐུ་རྩལ་རིམ་གྲོ་པ། །ཡིད་འོང་གཟི་བརྗིད་བློ་གྲོས་ ཅན་ཡིན་ཏེ། །ཆགས་བྲལ་གཏི་མུག་མེད་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ལྔ་སྟེ་ཀུན་ལ་ཡང། །དགྲ་བཅོམ་རིམས་ནད་མེད་པར་འགྱུར་པ་པོ། །བྱེ་བ་ཕྲག་ནི་ཁྲི་ཕྲག་ བརྒྱ་བརྒྱ་ཡོད། །མི་ཚེ་ལོ་གྲངས་དྲུག་ཁྲི་བཞི་སྟོང་ཡིན། །ཟད་མཐར་ཕྱིན་པའི་དམ་པའི་ཆོས་དག་ཀྱང། །ལོ་གྲངས་དྲུག་ཁྲི་བཞི་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ [443B] །མུ་ཏིག་སྟོང་ལྡན་རྒྱལ་མཚན་དག་གིས་བསྐོར། །འཇིག་རྟེན་མགོན་པོ་ལྗོན་པ་སྐྱེ་བ་ཡི། །ཡུལ་ནི་ཐར་པར་དད་པར་བྱེད་ཅེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ དཔག་ཚད། །དགུ་བཅུ་རྩ་དགུ་ཡབ་ནི་སྤོས་བཟང་ཡིན། །དབང་པོའི་འོད་ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་བདེ་དགའ་དྲག་ཤུལ་རིམ་གྲོ་པ། །ལྷ་གྲགས་ཞེས་ནི་བྱ་བ་མཁས་པ་སྟེ། །བླ་ ན་མེད་པར་སེམས་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་དྲུག་ཀུན་ལའང། །ལྷ་ཡི་གནས་ཀྱི་ཕ་མཐར་ཕྱིན་པ་པོ། །བྱེ་བ་ཕྲག་ནི་སུམ་ཅུ་ལྔ་ལྔ་ཡོད། །མི་ཚེ་ལོ་གྲངས་ ཉི་ཁྲི་ཉིས་སྟོང་ཡིན། །འགོག་པར་ཕྱིན་པའི་དམ་པའི་ཆོས་དག་ཀྱང། །ལོ་གྲངས་བཞི་སྟོང་བར་གནས་པར་འགྱུར། །སྐུ་གདུང་མཆོད་རྟེན་དཔག་ཚད་དགུ་པ་གཅིག་རྒྱལ་མཚན་ མཆོག་དང་གཙུག་གི་ནོར་བུས་བརྒྱན། །རྒྱལ་བ་གཏི་མུག་རབ་བཟད་སྐྱེ་བ་ཡི། །ཡུལ་ནི་མཁས་པར་སྣང་བར་བྱེད་ཅེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ ཚད་སྟོང་ཡོད་ཡབ་ནི་ཁྱད་པར་འཕགས། །གཟི་ལྡན་དགའ་ནི་རྒྱལ་ཡུམ་སྲས་པོ་ནི། །ཤིང་རྟ་དགའ་ཡིན་སྤྲིན་ལྡན་རིམ་གྲོ་པ། །ཏོག་གི་འོད་ཅེས་བྱ་བ་མཁས་པ་སྟེ། །སྒྲ་མཆོག་ ཅེས་ནི་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་གསུམ་ཀུན་ལའང། །ང་རྒྱལ་རྒྱལ་མཚན་ཆུར་ནི་ལྷུང་བ་པོ། །བྱེ་བ་ཕྲག་ནི་དྲུག་ཅུ་གཉིས་གཉིས་ཡོད། །མི་ཚེ་ལོ་ [444A]༄༅། །གྲངས་སུམ་ཁྲི་བདུན་སྟོང་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་སུམ་ཁྲི་བཞི་སྟོང་བར་དུ་གནས་།འགྲོ་ལ་ཕན་ཕྱིར་རྒྱལ་ བའི་སྐུ་གདུང་དག་རྒྱས་འགྱུར་ཞིང་རྣམས་རྣམ་པར་གང་བར་འགྱུར། །སེམས་ཅན་སྙིང་པོ་དཔག་ཏུ་མེད་པ་ཡི། །སྐྱེ་བའི་ཡུལ་ནི་མི་ཟད་མཛོད་ཅེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་ འོད་དཔག་ཚད། །དུང་ཕྱུར་ཕྲག་བརྒྱད་ཡབ་ནི་ལག་བཟང་ཡིན་།དག་པའི་འོད་ནི་རྒྱལ་ཡུམ་སྒྲ་ཅན་འཛིན། །སྲས་ཡིན་ལྷ་ཡི་དབང་པོའི་རིམ་གྲོ་པ། །མཐུ་རྩལ་སྟོབས་ཞེས་བྱ་བ་མཁས་ པ་སྟེ༑ ༑ཀུན་ཏུ་གསལ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་ཀུན་ལ་ཡང། །ཐོས་པའི་མཛོད་ལྡན་རྒྱ་མཚོ་འདྲ་མཚུངས་པ། །དེ་དག་ཐེར་འབུམ་ཐེར་འབུམ་འདུས་ པར་འགྱུར་རོ། །མི་ཚེ་ལོ་གྲངས་དག་ནི་ལྔ་ཁྲི་ཡིན། །དམ་ཆོས་ལོ་གྲངས་ཆིག་ཁྲི་ཆིག་སྟོང་གནས། །རྡུལ་བྲལ་མཆོད་རྟེན་དཔག་ཚད་བརྒྱད་པ་སྟེ། །རིན་ཆེན་བརྒྱ་ཡི་ལྔ་ལྡིས་མཛེས་ བྱས་ཤིང། །ནོར་བུའི་དྲ་བདག་གིས་ཀུན་ཏུ་བརྒྱན། །དེ་བཞིན་གཤེགས་པ་ཟླ་བ་བཟང་པོ་ཡི། །སྐྱེ་བའི་ཡུལ་ནི་ཟླ་བའི་འོད་ཅེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ ཚད་བརྒྱ་ཡོད་ཡབ་ནི་སྒྲོན་མ་ཡིན། །ལྷ་ཡི་འོད་ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པ་ལྷ་ལེགས་བརྟན་པ་རིམ་གྲོ་པ། །མཐུ་རྩལ་སྟོབས་ཞེས་བྱ་བ་མཁས་པ་སྟེ། །མཆོག་གི་རྒྱལ་ [444B] །འདུས་པ་ལན་གྲངས་སུམ་ཅུ་དྲུག་ལའང། །དགྲ་བཅོམ་ཡིད་བཞིན་དུ་ནི་རྫོགས་པ་པོ། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་དག་ནི་ བརྒྱད་ཁྲི་ཡིན། །རྣམ་གྲོལ་ཐོབ་པ་མྱ་ངན་འདས་ནས་ཀྱང། །དམ་ཆོས་ལོ་གྲངས་སྟོང་དུ་གནས་པར་འགྱུར། །འགྲོ་ལ་ཕན་ཕྱིར་རྒྱལ་བའི་སྐུ་གདུང་དག་རྒྱས་འགྱུར་ཞིང་རྣམས་ཀུན་དུ་གང་ བར་འགྱུར། །སངས་རྒྱས་སྤོབས་པ་མཐའ་ཡས་ཏོག་སྐྱེ་བའི། །ཡུལ་ནི་ཡུལ་འཁོར་ཁ་ལོ་སྒྱུར་ཞེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་ཡབ་ནི་ཡོན་ ཏན་དོན། །དོན་ལྡན་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་བདེན་ཕྱིན་ལེགས་འབྱོར་རིམ་གྲོ་པ། །མཐོང་དགའ་ཞེས་ནི་བྱ་བ་མཁས་པ་སྟེ། །བཀོད་པ་གསལ་ཞེས་བྱ་བ་རྫུ་འཕྲུལ་ཅན། ། འདུས་པ་ལན་གྲངས་མཐའ་ཡས་ཀུན་ལ་ཡང། །བྱང་ཆུབ་མཆོག་ལ་ངེས་པར་འགྱུར་པ་པོ། །དེ་དག་ཐམས་ཅད་བྱེ་བ་དཔག་ཏུ་མེད། །མི་ཚེ་ལོ་གྲངས་ཉི་ཁྲི་བཞི་སྟོང་ཡིན། །བདེ་བར་ གཤེགས་པ་མྱ་ངན་འདས་ནས་ཀྱང། །དམ་ཆོས་ལོ་གྲངས་བདུན་འབུམ་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །རིན་ཆེན་བདུན་པོ་དག་ཀྱང་འབྱུང་བར་འགྱུར། ། དེ་བཞིན་གཤེགས་པ་བརྟུལ་ཞུགས་བསྟར་བ་ཡི། །སྐྱེ་ཡུལ་བསམ་པ་བཞིན་དུ་སྦྱིན་ཞེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་བརྒྱད་བརྒྱ་ཡབ་ནི་ཡོན་ [445A]༄༅། །ཏན་འོད། །དགའ་བའི་འོད་ཅེས་བྱ་བ་རྒྱལ་བའི་ཡུམ་།སྲས་པོ་བྲམ་ཟེ་རབ་སྡུག་རིམ་གྲོ་པ། །གླང་པོའི་སྟོབས་ཞེས་བྱ་བ་མཁས་པ་སྟེ། །གནས་ པ་ཁྱད་པར་འཕགས་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་གཉིས་ཀུན་ལའང། །གཡོ་མེད་ཡིད་ལྡན་ལེགས་པར་གནས་པ་པོ། །དེ་དག་ཐེར་འབུམ་ཕྲག་ནི་བཅུ་བཅུ་ ཡོད༑ ༑མི་ཚེ་ལོ་གྲངས་དྲུག་ཁྲི་དྲུག་སྟོང་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་བདུན་ཁྲི་བདུན་སྟོང་བར་དུ་གནས། །སྐུ་གདུང་མཆོད་རྟེན་དཔག་ཚད་ལྔ་ པ་གཅིག་ནོར་བུ་རིན་ཆེན་ལྔ་ལྔའི་སྟོང་གིས་སྤྲས། །མཚུངས་པ་མེད་པ་མཆོད་པའི་གནས་དག་གི་སྐྱེ་བའི་ཡུལ་ནི་ཡུལ་འཁོར་མཆོག་ཅེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ ཚད༑ ༑དཔག་ཚད་ལྔ་བརྒྱ་ཡབ་ནི་ཏོག་བཟང་ཡིན། །བྱས་པ་གདོན་མི་ཟ་བ་རྒྱལ་བའི་ཡུམ། །སྲས་པོ་སྐལ་བཟང་ཐུབ་དགའ་རིམ་གྲོ་པ། །ཡེ་ཞེས་དགའ་ཞེས་བྱ་བ་མཁས་པ་སྟེ། ། ཡུལ་དུ་རྣམ་པར་གྲགས་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་ཀུན་ལ་ཡང། །ཞི་བ་མི་སློབ་འབྲས་ལ་མངོན་དགའ་བ། །བྱེ་བ་ཕྲག་ནི་སུམ་ཅུ་གཉིས་གཉིས་ཡོད། །མི་ ཚེ་ལོ་གྲངས་སུམ་ཁྲི་སུམ་སྟོང་ཡིན། །མྱ་ངན་འདས་པ་དེ་ཡི་དམ་ཆོས་དག་ལོ་གྲངས་བདུན་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་མཆོད་རྟེན་དཔག་ཚད་བཅུ་ཉིས་པ། ། [445B] །དེ་བཞིན་གཤེགས་པ་མྱ་ངན་རྒོལ་བ་ཡི། །སྐྱེ་བའི་ཡུལ་ནི་རྟག་པར་དགའ་ཞེས་བྱ་།རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། ། དགུ་བཅུ་རྩ་གཉིས་དྲང་སྲོང་ཆེན་པོ་ཡབ། །དོན་གྱི་འགྲོས་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ལྷ་མིན་ལྷ་ནི་རིམ་གྲོ་པ། །གྲགས་པའི་ཏོག་ཅེས་བྱ་བ་མཁས་པ་སྟེ། །རྣམ་པར་གྲོལ་བར་གནས་ པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་གཉིས་ཀུན་ལའང་།ལྷ་ཡི་གནས་པའི་ཕ་མཐར་ཕྱིན་པ་པོ། །བྱེ་བ་ཕྲག་ནི་སུམ་ཅུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་སུམ་ཁྲི་དྲུག་སྟོང་ ཡིན༑ ༑དངོས་པོ་མེད་པར་ཕྱིན་པའི་དམ་ཆོས་དག་ལོ་གྲངས་སུམ་ཁྲི་བཞི་སྟོང་བར་དུ་གནས། །རྒྱལ་བ་ཡོངས་སུ་མྱ་ངན་འདས་ནས་ཀྱང། །ཐུགས་རྗེ་ཆེན་པོའི་སྐུ་གདུང་རྒྱས་པར་ འགྱུར༑ ༑དེ་བཞིན་གཤེགས་པ་དགེ་བ་དགྱེས་པ་ཡི། །སྐྱེ་བའི་ཡུལ་ནི་ཡིད་འོང་དགའ་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད་།དཔག་ཚད་བརྒྱ་ཡོད་ཡབ་ནི་བརྟུལ་ཞུགས་ དོན༑ ༑དགེ་བའི་བློ་གྲོས་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ལྟ་བྱེད་ཚངས་བྱིན་རིམ་གྲོ་པ། །སེངྒེའི་ང་རོ་ཞེས་བྱ་མཁས་པ་སྟེ། །འབྲུག་སྒྲ་སྒྲོག་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ དགུ་བཅུ་ཀུན་ལ་ཡང། །བྱེ་བ་ཕྲག་ནི་དགུ་བཅུ་དགུ་དགུ་དང་།གཞན་ཡང་ས་ཡ་ཕྲག་ནི་དྲུག་དྲུག་ཡོད། །མི་ཚེ་ལོ་གྲངས་དགུ་ཁྲི་དགུ་སྟོང་ཡིན། །མྱ་ངན་འདས་པ་དེ་ཡི་དམ་ཆོས་ [446A]༄༅། །དག་ལོ་གྲངས་དགུ་ཁྲིའི་བར་དུ་གནས་པར་འགྱུར་།རྒྱལ་བའི་སྐུ་གདུང་མཆོད་རྟེན་དཔག་ཚད་ནི། །ལྔ་པ་གཅིག་སྟེ་རིན་ཆེན་བདུན་ལས་བྱས། །དེ་ བཞིན་གཤེགས་པ་འགྲོ་བའི་བློ་གྲོས་ཀྱི། །སྐྱེ་བའི་ཡུལ་ནི་ལྷ་ཡི་འོད་ཅེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཏུ་མེད་དོ་ཤིན་ཏུ་བྱང་ཆུབ་ཡབ། །ཆོས་ཀྱི་དབང་ ཕྱུག་མ་ནི་རྒྱལ་བའི་ཡུམ། །སྲས་པོ་མཆོད་པ་སྐར་མཁན་རིམ་གྲོ་པ། །དཔག་མེད་འོད་ཅེས་བྱ་བ་མཁས་པ་སྟེ། །དོན་ཡོད་མཐའ་ཡས་པ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ བརྒྱད་ཅུ་གཉིས་ཀུན་ལའང། །འཇིག་རྟེན་ཆོས་བརྒྱད་དགོ་དང་བྲལ་བ་པོ། །བྱེ་བ་ཕྲག་ནི་སྟོང་ཕྲག་བཅུ་བཅུ་ཡོད། །མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །མྱ་ངན་འདས་པ་དེ་ཡི་དམ་ ཆོས་དག་ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་བདུན་པ་ཁོར་ཡུག་བླ་བྲེར་ལྡན། །དེ་བཞིན་གཤེགས་ པ་དགྱེས་པར་གཤེགས་པ་ཡི། །སྐྱེ་ཡུལ་རིན་ཆེན་མཆོག་ཏུ་གནས་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་སྟོང་ཡོད་ཡབ་ནི་གྲོགས་བཟང་ཡིན། །བྱམས་ མཆོག་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་མཆོད་པ་ལེགས་དབང་རིམ་གྲོ་པ། །བློ་གྲོས་གསལ་ཞེས་བྱ་བ་མཁས་པ་སྟེ། །མཐོང་བ་བརྩེགས་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་ [446B] །གཏི་མུག་མེད་པའི་ཕ་མཐར་ཕྱིན་འཕགས་པ། །བྱེ་བ་ཕྲག་ནི་དྲུག་ཅུ་གསུམ་གསུམ་ཡོད། །མི་ཚེ་ལོ་གྲངས་དྲུག་ཁྲི་དྲུག་སྟོང་ཡིན། །གྲགས་པ་ མཐའ་ཡས་པའི་དམ་ཆོས་དག་ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །ཁམས་གསུམ་མཆོད་རྟེན་བཟང་པོས་གང་བར་ འགྱུར༑ ༑དེ་བཞིན་གཤེགས་པ་ཞབས་མཛེས་སྐྱེ་བ་ཡི། །ཡུམ་ནི་འཇིག་རྟེན་སྒྲོན་མ་ཞེས་ཀྱང་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་བརྒྱད་ཡོད་ཡབ་ནི་ སྤོས་བཟང་ཡིན། །སྤོས་མཆོག་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་སྤོས་བཟང་མེ་ཏོག་རིམ་གྲོ་པ། །མཆོད་པར་འོས་ཞེས་བྱ་བ་མཁས་པ་སྟེ། །ལེགས་བསྒྲུབས་གྲགས་པ་ཞེས་ བྱ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་།རི་ཡི་རྒྱལ་པོ་ལྟ་བུར་མི་གཡོ་བ། །བྱེ་བ་ཕྲག་ནི་ཁྲི་ཕྲག་བཅུ་བཅུ་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་བཞི་སྟོང་ཡིན། ། རྒྱལ་བའི་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་སུམ་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །གསེར་གྱི་རྒྱལ་མཚན་མཆོག་སྟོང་སྙེད་ཀྱིས་ བརྒྱན༑ ༑འཇིག་རྟེན་མགོན་པོ་ཨུཏྤལ་སྐྱེ་བ་ཡི། །ཡུལ་ནི་མེ་ཏོག་ཕུང་པོ་ཞེས་ཀྱང་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །བྱེ་བ་མཐའ་ཡས་ཡབ་ནི་ཕན་འདོད་ཡིན། ། [447A]༄༅། །ཟླ་བའི་འགྲོས་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ཁ་སྒྱུར་ཏོག་ལྡན་རིམ་གྲོ་པ། །ཟླ་བའི་འོད་ཅེས་བྱ་བ་མཁས་པ་སྟེ་།བདེན་པར་སྨྲ་བའི་དབྱངས་ ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་ཀུན་ལ་ཡང་།འཇིག་རྟེན་མི་ཁོམ་ཆོས་ལས་གྲོལ་བ་པོ། །བྱེ་བ་ཕྲག་ནི་དྲུག་ཅུ་དྲུག་ཅུ་ཡོད། །མི་ཚེ་ལོ་གྲངས་དྲུག་ཁྲི་དྲུག་སྟོང་ཡིན། ། དམ་པའི་ཆོས་དག་ལོ་གྲངས་སྟོང་ཕྲག་ནི། །བརྒྱད་ཅུ་རྩ་ལྔའི་བར་དུ་གནས་པར་འགྱུར། །རྒྱལ་བའི་མཆོད་རྟེན་དཔག་ཚད་བཅུ་པ་སྟེ། །གསེར་གྱི་རྒྱལ་མཚན་སྟོང་གིས་འཁོར་བར་ བསྐོར༑ ༑དེ་བཞིན་གཤེགས་པ་དུལ་གནས་མེ་ཏོག་གི་སྐྱེ་ཡུལ་རིན་ཆེན་སྒྲོན་མ་ཞེས་ཀྱང་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད་།བདུན་ཅུ་རྩ་གསུམ་ཡབ་ནི་ཟླ་བཟང་ ཡིན༑ ༑པདྨའི་འོད་ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་སེངྒེ་འབྱོར་བ་རིམ་གྲོ་པ། །ཡོན་ཏན་མཆོད་རྟེན་ཞེས་བྱ་མཁས་པ་སྟེ་།བཀོད་པ་གསལ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་ གྲངས་དྲུག་ཅུ་ཀུན་ལ་ཡང། །རྣམ་ཐར་བརྒྱད་པ་ཐོབ་པ་ཡི་བསམ་གཏན་པ། །བྱེ་བ་ཕྲག་ནི་བདུན་ཅུ་བཞི་བཞི་ཡོད། །མི་ཚེ་ལོ་གྲངས་དགུ་ཁྲི་དགུ་སྟོང་ཡིན། །དེ་ཡི་དམ་ཆོས་ལོ་གྲངས་ བརྒྱད་ཁྲིར་གནས། །སྐུ་གདུང་མཆོད་རྟེན་དཔག་ཚད་བཅུ་གསུམ་པ་།གཅིག་ཏུ་ཟད་དེ་རིན་ཆེན་མཆོག་མ་ཡི། །དྲ་བདག་གིས་རྣམ་པར་སྤྲས་པར་འགྱུར། །བདེ་གཤེགས་ [447B] །སྐྱེ་ཡུལ་སེངྒེ་རྣམ་པར་བསྒྱིངས་ཞེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད་།དཔག་ཚད་སྟོང་ཡོད་བདག་ཉིད་ཆེན་པོ་ཡབ། །བརྟུལ་ཞུགས་དྲག་ ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་མཐར་དགའ་ཡོན་ཏན་རིམ་གྲོ་པ། །དགའ་མཆོག་ཅེས་ནི་བྱ་བ་མཁས་པ་སྟེ། །རིན་ཆེན་གསལ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ལྔ་བཅུ་ཀུན་ ལ་ཡང། །སེངྒེ་ལྟ་བུའི་འཇིགས་པ་མེད་ཐོབ་པ། །བྱེ་བ་ཕྲག་ནི་ཉི་ཤུ་རེ་རེ་ཡོད། །མི་ཚེ་ལོ་གྲངས་དྲུག་ཁྲི་བཞི་སྟོང་ཡིན་།ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་བདུན་ཁྲི་དྲུག་ སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ་།ཁམས་གསུམ་རིན་པོ་ཆེ་ཡིས་གང་བར་འགྱུར། །དེ་བཞིན་གཤེགས་པ་དྲང་སྲོང་གསལ་བ་ཡི། །སྐྱེ་བའི་ཡུལ་ནི་འཕགས་ པས་བསྔགས་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བདུན་སྟོང་ཡབ་ནི་སྒྲོན་མ་ཡིན། །ལྷ་ཡི་རྒྱལ་མཚན་ཞེས་བྱ་རྒྱལ་བའི་ཡུམ། །སྲས་པོ་མཐུ་རྩལ་རབ་རྩལ་རིམ་ གྲོ་པ༑ ༑དགྲ་བཅོམ་པ་ཡིས་བསྟོད་པ་མཁས་པ་སྟེ། །བཀོད་པ་གནས་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ཉི་ཤུ་གཉིས་ཀུན་ལའང། །སྲིད་པ་ཀུན་ལས་རྒལ་བའི་ཡིད་ལྡན་ པ༑ ༑བྱེ་བ་སྟོང་ཕྲག་སུམ་ཅུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་སུམ་ཁྲི་བཞི་སྟོང་ཡིན། །གྲགས་པ་མཐའ་ཡས་མྱ་ངན་འདས་ནས་ཀྱང། །དམ་ཆོས་ལོ་གྲངས་སྟོང་དུ་གནས་པར་ [448A]༄༅། །འགྱུར༑ ༑རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ་།ཞིང་རྣམས་ཀུན་ཏུ་མཆོད་རྟེན་དག་གིས་གང། །སངས་རྒྱས་ཡོན་ཏན་བརྩོན་འགྲུས་སྐྱེ་བ་ཡི། ། ཡུལ་ནི་ཡོན་ཏན་འོད་འཕྲོ་ཞེས་ཀྱང་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་སུམ་སྟོང་ཡབ་ནི་ལེགས་ཞི་ཡིན། །ཕན་པར་སེམས་ཤེས་བྱ་བ་རྒྱལ་བའི་ ཡུམ༑ ༑སྲས་པོ་སྒོམ་བྱེད་རབ་ཞི་རིམ་གྲོ་པ། །པདྨའི་འོད་ཅེས་བྱ་བ་མཁས་པ་སྟེ། །བཀོད་པ་མཛེས་ཞེས་བྱ་བ་རྫུ་འཕྲུལ་ཅན་།འདུས་པ་ལན་གྲངས་དགུ་བཅུ་ཀུན་ལ་ཡང། །དགྲ་ དག་ཚོམས་པ་དེ་དག་འདུས་པའི་གྲངས། །འབུམ་ཕྲག་དགུ་བཅུ་རྩ་ནི་དགུ་དགུ་ཡོད། །མི་ཚེ་ལོ་གྲངས་དགུ་ཁྲི་དགུ་སྟོང་ཡིན། །དམ་པའི་ཆོས་དག་ལོ་གྲངས་སྟོང་ཕྲག་ནི། །དགུ་བཅུ་ རྩ་བརྒྱད་བར་དུ་གནས་པར་འགྱུར། །རྒྱལ་བའི་མཆོད་རྟེན་དཔག་ཚད་བཅུ་གསུམ་པ། །བཻ་ཌཱུརྱ་ཡི་རྒྱལ་མཚན་དག་གིས་བསྐོར། །འཇིག་རྟེན་མགོན་པོ་སྙིང་པོ་སྐྱེ་བ་ཡི། །ཡུལ་ ནི་མཐུ་རྩལ་བློ་གྲོས་ཞེས་ཀྱང་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་དགུ་ཡོད་ཡབ་ནི་ཚངས་འོད་ཡིན། །ཞི་བའི་འོད་ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་སྤྲིན་ལྡན་ ལག་འགྲོ་རིམ་གྲོ་པ། །བདུད་རྩིའི་གནས་ཞེས་བྱ་བ་མཁས་པ་སྟེ་།རྣམ་སྨིན་སྣ་ཚོགས་པ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང། །བྱེ་བ་ཕྲག་ནི་དགུ་བཅུ་ [448B] །གཞན་ཡང་འབུམ་ཕྲག་བཅུ་དྲུག་བཅུ་དྲུག་ཡོད། །མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །ཆགས་པ་མེད་པར་ཕྱིན་པའི་དམ་ཆོས་དག་ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས་ པར་འགྱུར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །ཞིང་རྣམས་ཀུན་ཏུ་མཆོད་རྟེན་དག་གིས་གང། །དེ་བཞིན་གཤེགས་པ་ལྷ་ཡི་བདག་པོ་ཡི། །སྐྱེ་བའི་ཡུལ་ནི་འཇིག་རྟེན་གསལ་ ཞེས་བྱ༑ ༑རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །སྟོང་གསུམ་ཙམ་ཡོད་ཡབ་ནི་ལྷ་བཟང་ཡིན། །ལྷ་ཡི་ཟླ་བ་ཞེས་བྱ་རྒྱལ་བའི་ཡུམ། །སྲས་པོ་ལྷ་ཡིན་ཀུན་རྒྱལ་རིམ་གྲོ་པ། །ཡེ་ཤེས་ སྟོབས་ཞེས་བྱ་བ་མཁས་པ་སྟེ། །རྣམ་པར་གྲགས་པའི་སྒྲོན་མ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་མཐའ་ཡས་ཀུན་ལ་ཡང་།ཐམས་ཅད་བྱང་ཆུབ་དག་ལས་མི་ལྡོག་པ། །བྱེ་བ་ཕྲག་ནི་ ཁྲི་ཕྲག་བརྒྱ་བརྒྱ་ཡོད། །མི་ཚེ་ལོ་གྲངས་ཅིག་ཁྲི་ཉིས་སྟོང་ཡིན། །བྱང་ཆུབ་ཏུ་ནི་ཡོངས་སུ་སྨིན་བྱའི་ཕྱིར། །དམ་ཆོས་ལོ་གྲངས་བྱེ་བ་བཅུ་གཉིས་གནས། །སྐུ་གདུངས་རྒྱས་འགྱུར་མཆོད་རྟེན་ བཟང་པོ་ཀུན། །བྱེ་བ་ཕྲག་ནི་ཁྲི་ཕྲག་གསུམ་ཞིག་འབྱུང། །དེ་བཞིན་གཤེགས་པ་རིན་ཆེན་མཐོན་པོ་ཡི། །སྐྱེ་ཡུལ་མཐོང་དགའ་བར་བྱེད་ཅེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ ཚད༑ ༑དཔག་ཚད་འབུམ་ཡོད་ཡབ་ནི་བློ་གྲོས་ཅན། །མི་ཡི་དབང་ཕྱུག་མ་ནི་རྒྱལ་བའི་ཡུམ། །སྲས་པོ་ལེགས་མཐོང་རྒྱལ་རིགས་རིམ་གྲོ་པ་།ཡེ་ཤེས་འགྲོས་ཞེས་བྱ་བ་མཁས་པ་སྟེ། ། [449A]༄༅། །རྣམ་པར་གྲགས་པར་གནས་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་བརྒྱད་ཀུན་ལའང། །ཉོན་མོངས་བག་ཆགས་དྲི་ལས་གྲོལ་བ་པོ། །ཐེར་ འབུམ་ཕྲག་ནི་དྲུག་ཅུ་དྲུག་ཅུ་ཡོད། །མི་ཚེ་ལོ་གྲངས་དྲུག་ཁྲི་ལྔ་སྟོང་ཡིན། །དམ་པའི་ཆོས་དག་ལོ་གྲངས་སྟོང་ཕྲག་ནི་།དྲུག་ཅུ་རྩ་ལྔའི་བར་དུ་གནས་པར་འགྱུར། །སྐུ་གདུང་ མཆོད་རྟེན་དཔག་ཚད་བརྒྱ་པ་གཅིག་རིན་ཆེན་པདྨ་དག་གིས་འཁོར་བར་བསྐོར། །དེ་བཞིན་གཤེགས་པ་གསལ་བ་སྐྱེ་བ་ཡི། །ཡུལ་ནི་ལྷ་རྣམས་དད་པར་བྱེད་ཅེས་བྱ། །རིགས་ ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །སུམ་ཅུ་རྩ་གཅིག་ཡབ་ནི་མཐུ་རྩལ་ཡིན། །ཟླ་བའི་འོད་ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་འཇིགས་མེད་ཆགས་མེད་རིམ་གྲོ་པ། །རླུང་ ལྟར་འགྲོ་ཞེས་བྱ་བ་མཁས་པ་སྟེ། །ཐེ་ཚོམ་རྣམ་པར་གྲོལ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ཉི་ཤུ་བཞི་ཀུན་ལའང་།བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་དང། །གཞན་ཡང་ འབུམ་ཕྲག་དག་ནི་ལྔ་ལྔ་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་བཞི་སྟོང་ཡིན།།མྱ་ངན་འདས་པ་དེ་ཡི་དམ་ཆོས་དག་ལོ་གྲངས་བདུན་ཁྲི་དྲུག་སྟོང་བར་དུ་གནས། །ལྷ་མི་དག་ལ་ཕན་དང་ བདེ་བའི་ཕྱིར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་པར་འགྱུར། །དེ་བཞིན་གཤེགས་པ་སྐལ་ལྡན་ཤིང་རྟ་ཅན། །སྐྱེ་ཡུལ་བདེན་ལ་དད་པར་བྱེད་ཅེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་ [449B] །དཔག་ཚད་བརྒྱ་ཡོད་གནས་པ་དབང་པོ་ཡབ། །འཕགས་པ་འོད་ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་དད་བྱེད་དཔའ་བོ་རིམ་གྲོ་པ། །བདུད་རྩིའི་འོད་ཅེས་བྱ་བ་ མཁས་པ་སྟེ། །འབྱོར་བར་གནས་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་གཉིས་ཀུན་ལའང། །དགྲ་བཅོམ་ཐམས་ཅད་ཟག་པ་ཟད་པ་པོ། །ཐེར་འབུམ་ཕྲག་ནི་ལྔ་ ལྔ་འདུས་པར་འགྱུར། །མི་ཚེ་ལོ་གྲངས་དྲུག་ཁྲི་དྲུག་སྟོང་ཡིན་།མྱ་ངན་འདས་པར་ཕྱིན་པའི་དམ་ཆོས་དག་ལོ་གྲངས་དྲུག་ཁྲི་དྲུག་སྟོང་བར་དུ་གནས། །སྐུ་གདུང་མཆོད་རྟེན་དཔག་ ཚད་གསུམ་པ་གཅིག་གསེར་གྱི་རྒྱལ་མཚན་དག་གིས་འཁོར་བ་བསྐོར་།སེམས་ཅན་སྙིང་པོ་བསོད་ནམས་བློ་གྲོས་ཀྱི། །སྐྱེ་ཡུལ་ལྷ་རྣམས་དད་པར་བྱེད་ཅེས་བྱ། །རིགས་ ནི་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་ཐེར་འབུམ་ཡབ་ནི་ཕན་འདོད་ཡིན། །འཕགས་ལས་ཉན་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་དེས་པ་གཟུགས་བཟང་རིམ་གྲོ་ པ༑ ༑བསོད་ནམས་འགྲོས་ཞེས་བྱ་བ་མཁས་བ་སྟེ། །ཀུན་ཏུ་སྒྲོན་མ་ཞེས་བྱ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་ཡང། །ཐམས་ཅད་རྒྱགས་དང་དྲེགས་གྲོལ་ རབ་ཞི་བ། །བྱེ་བ་ཕྲག་ནི་ཁྲི་ཕྲག་བཅུ་བཅུ་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་ཆིག་སྟོང་ཡིན། །དམ་ཆོས་ལོ་གྲངས་བྱེ་བའི་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ [450A]༄༅། །ལ༑ ༑མཆོད་རྟེན་བཟང་པོ་གྲངས་ནི་བདུན་འབུམ་སྟེ། །བཀོད་པ་ཐམས་ཅད་རིན་ཆེན་བརྒྱ་སྙེད་ཡིན། །འཇིག་རྟེན་མགོན་པོ་སྦྱིན་སྲེག་འོད་འཕྲོ་ཡི། །སྐྱེ་ ཡུལ་མཆོད་རྟེན་སྣང་བར་བྱེད་ཅེས་བྱ། །དེ་ཡི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་སྟོང་ཡོད་ཡབ་ནི་མེ་ཏོག་བཟང། །སཱ་ལའི་བདག་ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ བློ་ལྡན་ཞིང་ལྡན་རིམ་གྲོ་པ། །བལྟ་ན་སྡུག་ཅེས་བྱ་བ་མཁས་པ་སྟེ། །ལེགས་མཐོང་དབྱངས་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བཅུ་གཉིས་ཀུན་ལ་ཡང། །བྱང་ཆུབ་ མཆོག་ལ་ངེས་པར་གྱུར་པ་པོ། །བྱེ་བ་ཕྲག་ནི་བརྒྱ་བརྒྱ་འདུས་པར་འགྱུར། །མི་ཚེ་ལོ་གྲངས་ལྔ་ཁྲི་ལྔ་སྟོང་ཡིན། །དངོས་པོ་མེད་པར་ཕྱིན་པ་དེ་ཡི་ཆོས། །བྱང་ཆུབ་ཡོངས་སྨིན་བྱ་ཕྱིར་ དམ་ཆོས་ཀུན། །ལོ་གྲངས་བྱེ་བ་ཕྲག་ནི་གསུམ་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་པར་འགྱུར། །ཡོན་ཏན་མཐའ་ཡས་གཟི་བརྗིད་ཕུང་པོ་ཡི། །སྐྱེ་ཡུལ་ཆོས་ཀྱི་ཡོན་ཏན་ འབྱུང་གནས་ཡིན། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །ལྔ་བཅུ་རྩ་དྲུག་ཡབ་ནི་ལྷ་དབང་ཡིན། །ཐར་པའི་འགྲོས་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་སྐར་མཁན་འོད་ལྡན་ རིམ་གྲོ་པ། །བྱམས་པའི་ང་རོ་ཞེས་བྱ་མཁས་པ་སྟེ། །ལྷའི་གཞལ་མེད་འདོད་པའི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ཉི་ཤུ་ཀུན་ལ་ཡང། །རི་དབང་རྒྱལ་པོ་མི་གཡོ་སྤ་བ་བཞིན། ། [450B] །མི་ཚེ་ལོ་གྲངས་སུམ་ཁྲི་བཞི་སྟོང་ཡིན། །སྣང་བ་མེད་པར་ཕྱིན་པའི་དམ་ཆོས་དག་།ལོ་གྲངས་བཞི་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་ མཆོད་རྟེན་དཔག་ཚད་ནི། །བཅོ་ལྔ་པ་གཅིག་ཤིན་ཏུ་རྣམ་པར་སྤྲས། །དེ་བཞིན་གཤེགས་པ་སེངྒེའི་སྟབས་དག་གི་སྐྱེ་བའི་ཡུལ་ནི་མཐོང་བས་མཆོད་ཅེས་བྱ། །རྒྱལ་བའི་རིགས་ནི་བྲམ་ ཟེ་འོད་ཀྱི་ཚད། །དཔག་ཚད་དགུ་ཡོད་ཡབ་ནི་ཕན་འདོད་ཡིན། །ནོར་ལྷའི་བུ་འོད་ཅེས་བྱ་རྒྱལ་བའི་ཡུམ། །སྲས་པོ་ཏོག་ལྡན་འོད་འཕྲོ་རིམ་གྲོ་པ། །སེངྒེ་བློ་གྲོས་ཞེས་བྱ་མཁས་པ་སྟེ། །རྣམ་པར་ གྲགས་པའི་དབྱངས་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དགུ་བཅུ་ཀུན་ལ་ཡང། །བྱང་ཆུབ་མཆོག་རབ་ཆོས་ལ་ངེས་གྱུར་པ། །བྱེ་བ་ཕྲག་ནི་དགུ་བཅུ་གསུམ་གསུམ་ཡོད། །མི་ཚེ་ལོ་ གྲངས་དགུ་ཁྲི་བཞི་སྟོང་ཡིན། །བྱང་ཆུབ་ཏུ་ནི་ཡོངས་སུ་སྨིན་བྱའི་ཕྱིར། །དམ་ཆོས་ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས་།རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་སྟོང་ཕྲག་ མཐའ་ཡས་རྣམ་པར་སྤྲས། །འཇིག་རྟེན་མགོན་པོ་མི་ཡོ་སྐྱེ་བོ་ཡི་།ཡུལ་ནི་བསོད་ནམས་རབ་ཏུ་གནས་ཞེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་ཐེར་འབུམ་ ཡབ་ནི་ཡོན་ཏན་འོད། །ལྷ་ཡི་དབང་ཕྱུག་མ་ནི་རྒྱལ་བའི་ཡུམ་།སྲས་པོ་སྣང་ལྡན་འོད་བཟང་རིམ་གྲོ་པ། །རྒྱ་བྱིན་པ་ནི་བློ་གྲོས་ཅན་ཡིན་ཏེ། །སྒྲོན་མ་ཁྱད་པར་འཕགས་པ་རྫུ་འཕྲུལ་ཅན། ། [451A]༄༅། །འདུས་པ་ལན་གྲངས་སུམ་ཅུ་ཀུན་ལ་ཡང། །དགྲ་བཅོམ་ཞི་བ་དག་ལ་གཞོལ་བ་པོ། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་ཡོད་།མི་ཚེ་ལོ་གྲངས་ཉི་ཁྲི་བཞི་ སྟོང་ཡིན༑ ༑དམ་ཆོས་ལོ་གྲངས་ཉི་ཁྲིའི་བར་དུ་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །འཕང་དུ་དཔག་ཚད་གཅིག་སྲིད་འཕགས་པ་ལ། །རིན་ཆེན་ནོར་བུ་གསེར་ གྱི་ལྡ་ལྡིས་སྤྲས། །འཇིག་རྟེན་མགོན་པོར་རབ་གསལ་སྐྱེ་བ་ཡི། །ཡུལ་ནི་འཇིགས་པ་མེད་པར་མཐོང་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་རྩ་གཉིས་ཡབ་ནི་ བསྟོད་པའི་འོད། །འོད་གསལ་བ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ལྷ་མིན་རྒྱལ་བྱིན་རིམ་གྲོ་པ། །དགྲ་བཅོམ་འགྲོས་ཞེས་བྱ་བ་མཁས་པ་སྟེ། །སྒྲིབ་པ་མེད་པའི་ཏོག་ནི་རྫུ་འཕྲུལ་ ཅན༑ ༑འདུས་པ་ལན་གྲངས་སུམ་དྲུག་ཅུ་ཀུན་ལའང། །རིམ་ཀུན་དང་བྲལ་བ་བསམ་གཏན་པ། །བྱེ་བ་ཕྲག་ནི་སུམ་ཅུ་བཞི་བཞི་ཡོད། །མི་ཚེ་ལོ་གྲངས་སུམ་ཁྲི་ཆིག་སྟོང་ཡིན། ། རྒྱལ་བའི་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་སུམ་ཁྲི་ཉིས་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་བྱེ་བ་སྟོང་ཕྲག་རྒྱ་ཡང་འབྱུང། ། དེ་བཞིན་གཤེགས་པ་འོད་ནི་སྤྱོད་པ་ཡི། །སྐྱེ་བའི་ཡུལ་ནི་རྟག་ཏུ་དགའ་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་དྲུག་ཅུ་ཡབ་ནི་མྱོས་མེད་ཡིན། །བསོད་ [451B] །སྲས་པོ་ལྷ་ལྡན་སྡོམ་པ་རིམ་གྲོ་པ། །བསོད་ནམས་དཔལ་ཞེས་བྱ་བ་མཁས་པ་སྟེ་།འཁྲུག་པ་མེད་པར་གནས་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ བཅུ་སུམ་ཀུན་ལ་ཡང། །ཆགས་པ་མེད་པར་གྱུར་པའི་བསམ་གཏན་པ་།ཐེར་འབུམ་ཐེར་འབུམ་དག་ནི་འདུས་པར་འགྱུར། །མི་ཚེ་ལོ་གྲངས་དྲུག་ཁྲི་བཞི་སྟོང་ཡིན། །དམ་ཆོས་ལོ་ གྲངས་ཆིག་ཁྲི་སུམ་སྟོང་གནས། །སྐུ་གདུང་མཆོད་རྟེན་དག་ནི་གཅིག་ཡིན་སྟེ། །དཔག་ཚད་བརྒྱད་པ་བརྒྱན་གྱིས་བརྒྱན་བྱས་ཤིང་།རྩེ་མོ་རིན་པོ་ཆེ་ཡིས་རབ་ཏུ་བརྒྱན། །དེ་བཞིན་ གཤེགས་པ་ཀླུ་དབྱངས་སྐྱེ་བ་ཡི། །ཡུལ་ནི་ཀླུ་ཡིས་མཆོད་པ་བྱས་ཞེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་ཡབ་ནི་རྒྱལ་ཆེན་ཡིན། །ཀླུ་ཡི་དབྱངས་ ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་རྫུ་འཕྲུལ་སེངྒེ་རིམ་གྲོ་པ། །དགའ་བས་མཆོད་ཅེས་བྱ་བ་མཁས་པ་སྟེ། །སྟོན་པ་ཞེས་བྱ་རྫུ་འཕྲུལ་ཅན་གྱི་མཆོག་འདུས་པ་ལན་གྲངས་བདུན་ཅུ་ ཀུན་ལ་ཡང། །ལྷ་ཡི་གནས་པ་མཆོག་དག་ཐོབ་པ་པོ། །བྱེ་བ་ཕྲག་ནི་བདུན་ཅུ་བཞི་བཞི་ཡོད། །མི་ཚེ་ལོ་གྲངས་དགུ་ཁྲི་བཞི་སྟོང་ཡིན། །ཆགས་པ་མེད་པར་གྱུར་པའི་དམ་ཆོས་དག་ ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས་པར་འགྱུར། །ཐུགས་རྗེ་ཆེན་པོ་མྱ་ངན་འདས་ནས་ཀྱང། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་པར་འགྱུར། །དེ་བཞིན་གཤེགས་པ་གླུ་དབྱངས་སྐྱེ་ [452A]༄༅། །ཡི༑ ༑ཡུལ་ནི་དབྱངས་ཀྱི་མཆོག་མ་ཞེས་ཀྱང་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་ཡབ་ནི་བློ་གྲོས་ཅན། །དགེ་ བའི་བློ་གྲོས་ཞེས་བྱ་རྒྱལ་བའི་ཡུམ། །སྲས་པོ་བྱམས་ལྡན་གྲོགས་བཟང་རིམ་གྲོ་པ། །ཆུ་བོ་སྤོང་ཞེས་བྱ་བ་མཁས་པ་སྟེ། །གཟི་བརྗིད་རྣམ་པར་ངེས་པ་རྫུ་འཕྲུལ་ཅན། །འདུས་པ་ལན་ གྲངས་དགུ་བཅུ་ཀུན་ལ་ཡང། །མཚུངས་མེད་ཆུ་དང་མཚུངས་པའི་བསམ་གཏན་པ། །བྱེ་བ་ཕྲག་ནི་དགུ་བཅུ་དགུ་དགུ་ཡོད། །མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །སྲིད་པའི་མཐར་ ཕྱིན་པ་ཡི་དམ་ཆོས་དག་ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས་པར་འགྱུར། །མཆོད་རྟེན་རིན་པོ་ཆེ་ཡིས་རབ་ཏུ་བརྒྱན། །བདེན་དག་གིས་ཤིན་ཏུ་མཛེས་པར་བྱས། །དེ་བཞིན་ གཤེགས་པ་འཁོར་ལོ་འཛིན་པ་ཡི། །སྐྱེ་ཡུལ་ཐུབ་པ་མེད་པའི་སྡེ་ཞེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་དགུ་ཡོད་ཡབ་ནི་ལྷ་དབང་ཡིན། །ཚོགས་རྒྱལ་འོད་ ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་འབྱོར་བ་ལྷས་བྱིན་རིམ་གྲོ་པ། །ཐུབ་པ་མེད་པའི་འོད་ནི་མཁས་པ་སྟེ། །བཀོད་པ་ཁྱད་པར་འཕགས་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བཅུ་ གཉིས་ཀུན་ལ་ཡང། །མཉམ་གྲོལ་རྒྱ་མཚོ་འདྲ་བའི་དགྲ་བཅོམ་པ་།ཐེར་འབུམ་ཐེར་འབུམ་དག་ནི་འདུས་པར་འགྱུར། །མི་ཚེ་ལོ་གྲངས་སུམ་ཁྲི་དྲུག་སྟོང་ཡིན། །རྣམ་པར་གྲོལ་ [452B]ལོ་གྲངས་སུམ་ཁྲི་དྲུག་སྟོང་བར་དུ་གནས། །ཐུགས་རྗེ་ཆེན་པོ་མྱ་ངན་འདས་ནས་ཀྱང། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་པར་འགྱུར། །དེ་བཞིན་གཤེགས་པ་ དབྱིག་གི་མཆོག་དག་གི་སྐྱེ་བའི་ཡུལ་ནི་རྐང་པ་བརྒྱན་ཞེས་བྱ་།རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་ཁྲི་ཡོད་ཡབ་ནི་ཕན་འདོད་ཡིན། །དགའ་བའི་འོད་ཅེས་བྱ་བ་རྒྱལ་བའི་ཡུམ། ། སྲས་པོ་ཟླ་བ་ཟླ་བཟང་རིམ་གྲོ་པ། །མུན་དང་བྲལ་ཞེས་བྱ་བ་མཁས་པ་སྟེ། །ཆགས་དང་བྲལ་བར་གནས་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བཅུ་གཅིག་ཀུན་ལ་ཡང། །ལྷའི་མཐུ་ཅན་ རྣམ་གྲོལ་དགའ་བ་པོ། །བྱེ་བ་ཕྲག་ནི་དགུ་བཅུ་དགུ་དགུ་ཡོད། །མི་ཚེ་ལོ་གྲངས་དྲུག་ཁྲི་ཆིག་སྟོང་ཡིན། །མྱ་ངན་འདས་པ་དེ་ཡི་དམ་ཆོས་དག་ལོ་གྲངས་བདུན་ཁྲིའི་བར་དུ་གནས་པར་འགྱུར། ། རྒྱལ་བའི་སྐུ་གདུང་མཆོད་རྟེན་དཔག་ཚད་ནི། །བཅུ་གསུམ་པ་གཅིག་གསེར་གྱི་བླ་བྲེར་ལྡན། །སངས་རྒྱས་འཇིག་རྟེན་དག་ལ་དགའ་བ་ཡི་།སྐྱེ་བའི་ཡུལ་ནི་མདངས་ཀྱི་འོད་ཅེས་བྱ། །རྒྱལ་ བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་གསུམ་ཡོད་ཡབ་ནི་རྒྱ་མཚོ་ཡིན། །ལྷའི་བློ་གྲོས་ཞེས་བྱ་རྒྱལ་བའི་ཡུམ། །སྲས་པོ་མི་སྐྱེས་པོ་ཟད་རིམ་གྲོ་པ། །གྲགས་ཆེན་ཞེས་ནི་བྱ་བ་ མཁས་པ་སྟེ། །ཁ་ལོ་སྒྱུར་བར་གྲགས་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང། །ཐེ་ཚོམ་ཡིད་གཉིས་དག་ནི་མཐར་བྱེད་པ། །བྱེ་བ་ཕྲག་ནི་བདུན་ཅུ་བདུན་ཅུ་ [453A]༄༅། །ཡོད༑ ༑མི་ཚེ་ལོ་གྲངས་དགུ་ཁྲི་བཞི་སྟོང་ཡིན། །འཇིག་རྟེན་ཕན་ཕྱིར་དམ་པའི་ཆོས་དག་ཀྱང། །ལོ་གྲངས་བརྒྱད་ཁྲི་བཞི་སྟོང་བར་དུ་གནས། །མཚུངས་ པ་མེད་པ་མྱ་ངན་འདས་ནས་ཀྱང། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་པར་འགྱུར། །བདེ་བར་གཤེགས་པ་ཅོས་ཀྱི་ཟླ་བ་ཡི། །སྐྱེ་ཡུལ་ཆོས་ཀྱི་བསྟན་པ་ཞེས་ཀྱང་བྱ། །རིག་ནི་རྒྱལ་ རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་དགུ་ཡོད་ཡབ་ནི་ཐབས་ལྡན་ཡིན། །ཤེས་རབ་བརྟན་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ལྷ་ལྡན་བརྟན་པ་རིམ་གྲོ་པ། །ཆོས་བརྟན་རབ་ཏུ་ གནས་པ་ཤེས་རབ་ཅན། །བདེན་པ་ཅི་ཡི་གནས་པ་རྫུ་འཕྲུལ་ཅན་།འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང། །དམ་པའི་ཆོས་ནི་མཁྱེན་རབ་གནས་པ་པོ། །བྱེ་བ་ཕྲག་ནི་དགུ་བཅུ་རེ་ རེ་ཡོད༑ ༑མི་ཚེ་ལོ་གྲངས་དགུ་ཁྲི་དགུ་སྟོང་ཡིན། །རྒྱལ་བ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་བྱེ་བའི་བར་དུ་གནས་བར་འགྱུར། །རྒྱལ་བ་དེ་ཡི་སྐུ་གདུང་རྒྱས་པར་འགྱུར། །སངས་ རྒྱས་དགའ་བ་མཐའ་ཡས་གྲགས་པ་ཡི། །སྐྱེ་བའི་ཡུལ་ནི་ལྷ་ཡི་འོད་ཅེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་ཡབ་ནི་ལྷ་བཟང་ཡིན། །ལྷ་ཡི་འོད་ ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ས་ལྡན་དགའ་བྱེད་རིམ་གྲོ་པ་།སྒྲ་སྙན་པ་ཞེས་བྱ་བ་མཁས་པ་སྟེ། །བདེ་བའི་སྟབས་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ [453B] །ཉོན་མོངས་ཐམས་ཅད་མཐར་ནི་བྱེད་པ་པོ་།བྱེ་བ་ཕྲག་ནི་ཉི་ཤུ་བཞི་བཞི་ཡོད། །མི་ཚེ་ལོ་གྲངས་དགུ་ཁྲི་བཞི་སྟོང་ཡིན། །དངོས་མེད་ཕྱིན་པ་མྱ་ངན་འདས་ནས་ཀྱང་།དམ་ ཆོས་ལོ་གྲངས་སྟོང་དུ་གནས་པར་འགྱུར། །ཐུགས་རྗེ་ཆེན་པོ་མྱ་ངན་འདས་ནས་ཀྱང། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་པར་འགྱུར། དེ་བཞིན་གཤེགས་པ་སྤྲིན་གྱི་ཏོག་དག་དག་གི་སྐེ་བའི་ ཡུལ་ནི་ཆོས་སྣད་བྱེད་ཅེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་འབུམ་ཡོད་ཡབ་ནི་ཡོན་ཏན་འོད། བློ་གྲོས་རྒྱ་མཚོ་ཞེས་བྱ་རྒྱལ་བའི་ཡུམ། །སྲས་པོ་ཤེས་བྱིན་ ལེགས་ཤེས་རིམ་གྲོ་པ། །ཡོན་ཏན་ཚོགས་ཞེས་བྱ་བ་མཁས་པ་སྟེ་མྱ་ངན་འདས་སྟེགས་བཟང་པོ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་ཀུན་ལའང། །ཚངས་པར་ གནས་པའི་ཕ་མཐར་ཕྱིན་པ་པོ། །བྱེ་བ་ཕྲག་ནི་སུམ་ཅུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་སུམ་ཁྲི་བཞི་སྟོང་ཡིན། །དངོས་པོ་མེད་པར་ཕྱིན་པའི་དམ་ཆོས་དག་ལོ་གྲངས་བརྒྱད་ ཁྲིའི་བར་དུ་གནས་པར་འགྱུར། །འཇིག་རྟེན་མཁྱེན་པ་མྱ་ངན་འདས་ནས་ཀྱང། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་པར་འགྱུར། །དེ་བཞིན་གཤེགས་པ་ཤེས་རབ་འགྲོས་དག་གི་སྐྱེ་བའི་ ཡུལ་ནི་ཡེ་ཤེས་གཞོལ་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །སུམ་སྟོང་དྲུག་བརྒྱ་ཡབ་ནི་སྟེགས་བཟང་ཡིན། །ཤེས་རབ་དགའ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་མཆོག་ [454A]༄༅། །མ་སྤྲིན་ལྡན་རིམ་གྲོ་པ། །བདུད་འཇོམས་པ་ནི་བློ་གྲོས་ཅན་ཡིན་ཏེ། །གནས་པ་མཐའ་ཡས་པ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་དྲུག་ ཀུན་ལའང། །བྱང་ཆུབ་མཆོག་གི་ཕ་རོལ་ཕྱིན་པ་པོ། །བྱེ་བ་ཕྲག་ནི་དགུ་བཅུ་བཞི་བཞི་ཡོད། །མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །མྱ་ངན་འདས་ནས་དམ་པའི་ཆོས་དག་ཀྱང། ། ལོ་གྲངས་བདུན་ཁྲི་དྲུག་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་ལྔ་པ་ནོར་བུ་བླ་བྲེར་ལྡན་འཇིག་རྟེན་མགོན་པོ་སྤོས་བཟང་སྐྱེ་བ་ཡི། །ཡུལ་ ནི་སྤོས་ཀྱིས་རྣམ་པར་བརྒྱན་ཞེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་ཡབ་ནི་ལག་བཟང་ཡིན་།འོད་བཟང་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་ པོ་སྐར་མཁན་འབྱོར་བ་རིམ་གྲོ་པ། །ཡོན་ཏན་འོད་བཟངས་བ་ནི་མཁས་པ་སྟེ། །བཀོད་པ་མཐའ་ཡས་པ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་གཉིས་ཀུན་ལའང། །མཚོ་ བྲན་རྒྱ་མཚོ་གང་བ་འདྲ་བ་པོ། །བྱེ་བ་ཕྲག་ནི་བདུན་ཅུ་བཞི་བཞི་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་བཞི་སྟོང་ཡིན། །ཞི་བར་ཕྱིན་པའི་དམ་པའི་ཆོས་དག་ཀྱང། །ལོ་གྲངས་སུམ་ཁྲི་བཞི་སྟོང་ བར་དུ་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་བརྒྱད་པ་ཐམས་ཅད་རྣམ་པར་བརྒྱན། །དེ་བཞིན་གཤེགས་པ་ནམ་མཁའི་དབྱིངས་སྐྱེ་བའི། །ཡུལ་ནི་ [454B] །རྡུལ་བྲལ་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །སྟོང་སུམ་ཙམ་ཡིན་བདེ་བའི་དབང་པོ་ཡབ། །དགའ་བའི་སྒྲ་དབྱངས་རྒྱལ་ཡུམ་མེ་ཏོག་སྲས། །ཀུ་མུ་ད་ཞེས་ བྱ་བ་རིམ་གྲོ་པ། །སེངྒེའི་རྒྱལ་མཚན་ཞེས་བྱ་མཁས་པ་སྟེ་།དབྱངས་སྙན་མཆོག་ཅེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་མཐའ་ཡས་ཀུན་ལ་ཡང། །བརྟན་རྣམས་བྱང་ཆུབ་དག་ ལ་གཞོལ་བ་པོ། །བྱེ་བ་ཕྲག་ནི་དཔག་ཏུ་མེད་པ་ཡོད། །མི་ཚེ་ལོ་གྲངས་ཐེར་འབུམ་ཕྲག་གསུམ་ཡིན། །བྱང་ཆུབ་ཏུ་ནི་ཡོངས་སུ་སྨིན་བྱའི་ཕྱིར། །དམ་ཆོས་ལོ་གྲངས་ཐེར་འབུམ་ཕྲག་གསུམ་ ནས། །གྲགས་པ་མཐའ་ཡས་མྱ་ངན་འདས་ནས་ཀྱང། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་པར་འགྱུར། །འཇིག་རྟེན་མགོན་པོ་ལྷ་ཡི་སྐྱེ་བ་ཡི། །ཡུལ་ནི་དང་ཚུལ་ཀུན་ཏུ་བསྡུས་ཞེས་བྱ། །རྒྱལ་ བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །སྟོང་ཁམས་ཉིས་ཙམ་ཡབ་སྒྲོན་མ་ཡིན། །སྤོབས་པའི་བློ་གྲོས་ཞེས་བྱ་རྒྱལ་བའི་ཡུམ། །སྲས་པོ་ལྷ་གསལ་འབྱོར་བྱེད་རིམ་གྲོ་པ། །མིག་ལེགས་པ་ ཞེས་བྱ་བ་མཁས་པ་སྟེ། །ཤིན་ཏུ་སྦྱངས་པའི་ལུས་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་བཞི་ཀུན་ལའང། །སེམས་ཅན་མཆོག་ལ་བྱང་ཆུབ་འདོད་པ་པོ། །བྱེ་བ་ཕྲག་ནི་ཁྲི་ ཕྲག་དགུ་དགུ་ཡོད། །མི་ཚེ་ལོ་གྲངས་དག་ནི་འབུམ་ཡང་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག། ལོ་གྲངས་སྟོང་ཕྲག་བརྒྱད་ཁྲིའི་བར་དུ་གནས། །མིག་སྦྱིན་མཛད་པ་མྱ་ [455A]༄༅། །ངན་འདས་ནས་ཀྱང། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་པར་འགྱུར། །དེ་བཞིན་གཤེགས་པ་ལྷ་ཡི་རྒྱལ་པོ་ཡི། །སྐྱེ་བའི་ཡུལ་ནི་ལྷ་ཡིས་མཆོད་ཅེས་བྱ། ། རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །སྟོང་ཁམས་ཅིག་ཙམ་ཡབ་ནི་ལྷ་བཟང་ཡིན། །ལྷ་ཡི་དབང་ཕྱུག་མ་ནི་རྒྱལ་བའི་ཡུམ་།སྲས་པོ་ལྷ་ཡིན་ལྷ་ནི་རིམ་གྲོ་པ། །ཚངས་པ་ འཕགས་ཞེས་བྱ་བ་མཁས་པ་སྟེ། །ལྷ་དབང་གཙོ་བོ་ཞེས་བྱ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང། །གཟུངས་ཐོབ་ཕྱིར་ཆུབ་དག་ནི་འདོད་པ་པོ། །ཁྲི་ཕྲག་ དག་ནི་དགུ་བཅུ་བཞི་བཞི་ཡོད། །མི་ཚེ་ལོ་གྲངས་བྱེ་སྟོང་དགུ་བཅུ་དགུ། །བྱང་ཆུབ་ཏུ་ནི་ཡོངས་སུ་སྨིན་བྱའི་ཕྱིར། །དམ་ཆོས་ལོ་གྲངས་བརྒྱད་འབུམ་བར་དུ་གནས། །རྒྱལ་བའི་སྐུ་ གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་བཟང་པོ་ཞིང་རྣམས་གང་བར་འགྱུར། །དེ་བཞིན་གཤེགས་པ་ནོར་བུ་གསལ་བ་ཡི། །སྐྱེ་བའི་ཡུལ་ནི་རིན་ཆེན་གསལ་ཞེས་བྱ། །རྒྱལ་ བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་ཁྲི་ཡོད་ཡབ་ནི་གསལ་བ་ཡིན། །རིན་ཆེན་འགོག་ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ལེགས་ལྡན་ལེགས་མཐོང་རིམ་གྲོ་པ། ། མིག་སྡུག་པ་ཞེས་བྱ་བ་མཁས་པ་སྟེ། །རྟག་པར་མཐོང་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་གཉིས་ཀུན་ལའང་།དགྲ་བཅོམ་ཟག་པ་མེད་པའི་བསམ་གཏན་ [455B] ༑བྱེ་བ་ཕྲག་ནི་བདུན་ཅུ་སུམ་སུམ་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་བཞི་སྟོང་ཡིན། །འགོག་པར་ཕྱིན་པའི་དམ་པའི་ཆོས་དག་ཀྱང། །ལོ་གྲངས་བདུན་ཁྲི་བཞི་སྟོང་བར་དུ་གནས། །སྐུ་ གདུང་མཆོད་རྟེན་དཔག་ཚད་བརྒྱ་པ་གཅིག་གསེར་དང་ནོར་བུའི་ལྡ་ལྡིས་མཛེས་པར་བྱས། །དེ་བཞིན་གཤེགས་པ་ནོར་བཟང་སྐྱོ་བ་ཡི་།ཡུལ་ནི་བསོད་ནམས་རྣམ་པར་བརྒྱན་ཞེས་བྱ། །རྒྱལ་ བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་དགུ་སྟོང་རབ་ཏུ་དགེ་བ་ཡབ། །ཐར་པའི་རྒྱལ་མཚན་ཞེས་བྱ་རྒྱལ་བའི་ཡུམ། །སྲས་པོ་སྟོན་བརྩེགས་རྒྱལ་བ་རིམ་གྲོ་པ། །ཡེ་ཤེས་ང་རོ་ཞེས་བྱ་ མཁས་པ་སྟེ། །མཛེས་པར་གནས་ཤིན་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང། །ངར་མི་འཛིན་པ་ཡང་སྲིད་ཟད་པ་པོ། །བྱེ་བ་ཕྲག་ནི་སུམ་ཅུ་གཉིས་གཉིས་ཡོད། །མི་ཚེ་ལོ་ གྲངས་སུམ་ཁྲི་དྲུག་སྟོང་ཡིན། །ནུབ་པར་ཕྱིན་པའི་དམ་པའི་ཆོས་དག་ཀྱང། །ལོ་གྲངས་སུམ་ཁྲི་བཞི་སྟོང་བར་དུ་གནས། །རྒྱལ་བ་དེ་ཡི་སྐུ་གདུང་རྒྱས་འགྱུར་སྟེ། །ཞིང་རྣམས་དག་ཏུ་རྣམ་ པར་གང་བར་འགྱུར། །འཕགས་པ་བསྐལ་བ་བཟང་པོ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། །བམ་པོ་ཉི་ཤུ་གསུམ་པ། མཚུངས་པ་མེད་པ་སྒྲོན་མ་སྐྱེ་བ་ཡི། །ཡུལ་ནི་ བསོད་ནམས་སྒྲོན་མ་ཞེས་ཀྱང་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་སུམ་སྟོང་རྣམ་པར་གནོན་པ་ཡབ། །གཟི་བརྗིད་འོད་ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་གཟི་བྱིན་ [456A]༄༅། །སྒྲོན་མ་རིམ་གྲོ་པ། །སྒྲོན་མ་བྱེད་ཅེས་བྱ་བ་མཁས་པ་སྟེ། །འཇིག་རྟེན་སྣང་བར་བྱེད་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་ཡང། །དགྲ་ བཅོམ་དེ་དག་ཚོགས་པར་འགྱུར་བའི་གྲངས། །བདུན་འབུམ་བདུན་འབུམ་དག་ནི་འདུས་པར་འགྱུར། །མི་ཚེ་ལོ་གྲངས་བདུན་ཁྲི་ཅིག་སྟོང་ཡིན་།ཡོངས་སུ་མྱ་ངན་འདས་ནས་དམ་ ཆོས་དག་ལོ་གྲངས་བདུན་ཁྲིའི་བར་དུ་གནས་བར་འགྱུར། །འཇིག་རྟེན་ཕན་ཕྱིར་སྐུ་གདུང་རྒྱས་འགྱུར་ལ། །རིན་ཆེན་བརྒྱ་ཡི་དྲ་བས་རྣམ་པར་སྤྲས། །རྒྱལ་བ་རིན་ཆེན་ང་རོ་དབྱངས་དག་ གི་སྐྱེ་བའི་ཡུལ་ནི་དབྱངས་དང་ལྡན་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བརྒྱ་སྟོང་ཡབ་ནི་ལྷ་ལུས་ཡིན། །རིན་ཆེན་འགྲོས་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་ པོ་རྒྱལ་བྱིན་རྒལ་གྱུར་རིམ་གྲོ་པ། །ང་རྒྱལ་བཅད་ཅེས་བྱ་བ་མཁས་པ་སྟེ། །ཉོན་མོངས་བསལ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང། །ཚུལ་བཞིན་ ཆོས་ཀྱི་ཕ་རོལ་ཕྱིན་པ་པོ། །བྱེ་བ་ཕྲག་ནི་བརྒྱད་ཅུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས། །མྱ་ངན་འདས་ནས་དམ་པའི་ཆོས་དག་ཀྱང། །ལོ་གྲངས་བརྒྱད་ཁྲིའི་ བར་དུ་གནས་པར་འགྱུར། །སྐུ་གདུང་མཆོད་རྟེན་དཔག་ཚད་བརྒྱད་པ་གཅིག་རིན་ཆེན་བྱེ་བ་དག་གིས་རབ་ཏུ་བརྒྱན། །རྒྱལ་བ་སྐྱེ་དབང་རྒྱལ་པོ་སྐྱེ་བ་ཡི། །ཡུལ་ནི་དྲག་ཤུལ་སྣང་ [456B] །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད་།དཔག་ཚད་བརྒྱ་ཡོད་ཡབ་ནི་ཁྱད་པར་འཕགས། །རྒྱ་མཚོའི་བློ་གྲོས་ཞེས་བྱ་རྒྱལ་བའི་ཡུམ། །སྲས་པོ་རྒྱ་མཚོ་ཆེན་རིམ་གྲོ་པ་ བདུད་རྩི་དགའ་ཞེས་བྱ་བ་མཁས་པ་སྟེ། །མྱ་ངན་འདས་པའི་སྟེགས་བཟང་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་བཅུ་གཉིས་ཀུན་ལའང། །དངོས་མེད་ཕྱིན་པ་གཏི་མུག་མེད་ཞི་བ། །བྱེ་ བ་ཕྲག་ནི་དྲུག་ཅུ་གསུམ་གསུམ་ཡོད། །མི་ཚེ་ལོ་གྲངས་དྲུག་ཁྲི་ཅིག་སྟོང་ཡིན། །དྲི་མ་སྤངས་པའི་དམ་པའི་ཆོས་དག་ཀྱང། །ལོ་གྲངས་དྲུག་ཁྲི་ཅིག་སྟོང་བར་དུ་གནས། །རྒྱལ་བའི་སྐུ་ གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་བཟང་པོས་ཞིང་རྣམས་གང་བར་འགྱུར། །དེ་བཞིན་གཤེགས་པ་སྒྲ་གཅན་སྦེད་པ་ཡི། །སྐྱེ་བའི་ཡུལ་ནི་སྒྲོན་མའི་མདངས་ཞེས་བྱ། །རྒྱལ་བའི་ རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་བཅུ་ཡོད་ཡབ་ནི་ཡོན་ཏན་འཕྲུལ། །རྫུ་འཕྲུལ་འོད་ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་འཕྲུལ་ཅན་བཀོད་པ་རིམ་གྲོ་པ། །བློ་དང་ལྡན་ ཞེས་བྱ་བ་མཁས་པ་སྟེ། །འཁྲུལ་པ་མེད་པར་སེམས་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང། །དགྲ་བཅོམ་ཐམས་ཅད་ཟག་པ་མེད་པ་པོ། །བྱེ་བ་ཕྲག་ནི་ཉི་ཤུ་ཉི་ ཤུ་ཡོད༑ ༑མི་ཚེ་ལོ་གྲངས་ཉི་ཁྲི་ཅིག་སྟོང་ཡིན། །འགོག་པར་ཕྱིན་པའི་དམ་པའི་ཆོས་དག་ཀྱང། །ལོ་གྲངས་ཉི་ཁྲི་ཅིག་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ [457A]༄༅། །ཡིན་ཏེ༑ ༑དཔག་ཚད་བདུན་པ་རིན་པོ་ཆེ་ཡིས་སྤྲས། །འཇིག་རྟེན་མགོན་པོ་དགེ་བ་མཛད་པ་ཡི། །སྐྱེ་ཡུལ་གཟི་བརྗིད་འཇིགས་པ་མེད་ཅེས་བྱ། །རིགས་ནི་ བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་དྲུག་ཅུ་ཡབ་ནི་དོན་བསྟན་ཡིན། །མཆོག་ཏུ་བསྟན་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ཁ་སྒྱུར་དྲང་པོ་རིམ་གྲོ་པ། །ཡོན་ཏན་ཆ་ཕྲ་འཛིན་པ་མཁས་ པ་སྟེ༑ ༑སྒྲོན་མ་གནས་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དགུ་བཅུ་ཀུན་ལ་ཡང། །འཇིག་རྟེན་དད་པ་དགྲ་བཅོམ་ཆགས་མེད་པ། །བྱེ་བ་ཕྲག་ནི་དགུ་བཅུ་དགུ་དགུ་ཡོད། །མི་ཚེ་ ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །སྣང་བ་མེད་པར་ཕྱིན་པའི་དམ་ཆོས་དག་ལོ་གྲངས་དགུ་ཁྲིའི་བར་དུ་གནས་པར་འགྱུར། །ཐུགས་རྗེ་ཆེན་པོ་མྱ་ངན་འདས་ནས་ཀྱང། །རྒྱལ་བའི་སྐུ་ གདུང་དག་ནི་རྒྱས་པར་འགྱུར། །དེ་བཞིན་གཤེགས་པ་སེངྒེའི་བློ་གྲོས་ཀྱི། །སྐྱེ་བའི་ཡུལ་ནི་མདངས་སྣང་བྱེད་ཅེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་དགུ་ཡོད་ཡབ་ ནི་ཡིད་འོང་ཡིན། །ལྷ་དགའ་ཞེས་ནི་ཡ་བ་རྒྱལ་བའི་ཡུམ། །སྲས་པོ་སྟོན་བྱེད་མཛེས་ཅན་རིམ་གྲོ་པ། །མཆོད་པར་འོས་ཞེས་བྱ་བ་མཁས་པ་སྟེ། །དད་པར་ཕྱེད་ཅེས་བྱ་བ་རྫུ་འཕྲུལ་ཅན། ། འདུས་པ་ལན་གྲངས་སུམ་ཅུ་ཀུན་ལ་ཡང། །ལྷ་ཡི་གནས་པའི་ཕ་རོལ་ཕྱིན་པ་པོ། །བྱེ་བ་ཕྲག་ནི་སུམ་ཅུ་དྲུག་དྲུག་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་ཆིག་སྟོང་ཡིན། །དམ་ཆོས་ལོ་གྲངས་བྱེ་ [457B] །རྒྱལ་བའི་སྐུ་གདུང་མཆོད་རྟེན་དཔག་ཚད་ནི། །བཅུ་གཅིག་པ་གཅིག་གསེར་གྱི་བླ་བྲེར་ལྡན། །རིན་ཆེན་མཆོག་མ་བྱ་བས་རྣམ་པར་སྤྲས། །དེ་བཞིན་གཤེགས་པ་རིན་ཆེན་གྲགས་པ་ ཡི༑ ༑སྐྱེ་བའི་ཡུལ་ནི་གསེར་གྱི་སྒྲོན་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བཅུ་གསུམ་ཡབ་ནི་ལྷ་བཟང་ཡིན། །སྙན་པ་གྲགས་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ལེགས་ འོངས་བློ་ལྡན་རིམ་གྲོ་པ། །ཡོན་ཏན་ཆགས་ཞེས་བྱ་བ་མཁས་པ་སྟེ། །གཏི་མུག་མེད་པར་གནས་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དགུ་བཅུ་གཅིག་ཀུན་ལའང། །ཐམས་ཅད་གནས་པ་མེད་ པའི་ལམ་ཐོབ་པ། །བྱེ་བ་ཕྲག་ནི་དགུ་བཅུ་དགུ་དགུ་ཡོད། །མི་ཚེ་ལོ་གྲངས་དགུ་ཁྲི་དགུ་སྟོང་ཡིན། །ཆགས་པ་མེད་པར་གྱུར་པའི་དམ་ཆོས་དག་ལོ་གྲངས་དགུ་ཁྲི་དགུ་སྟོང་བར་དུ་གནས། །རྒྱལ་བའི་ སྐུ་གདུང་དག་ནི་རྒྱས་འགྱུར་ལ། །ཞིང་རྣམས་ཀུན་ཏུ་མཆོད་རྟེན་བཟང་པོས་གང། །སེམས་ཅན་སྙིང་པོ་དོན་ནི་མཛད་པ་ཡི། །སྐྱེ་བའི་ཡུལ་ནི་ལྷ་ཡི་བཀོད་ཅེས་བྱ། །རྒྱལ་བའི་རིགས་ནི་བྲམ་ ཟེ་འོད་ཀྱི་ཚད། །དཔག་ཚད་ལྔ་བརྒྱ་ཡབ་ནི་སྤོང་པ་ཡི། །གྲགས་ཏོག་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་བྱང་ཆུབ་ཆོས་ལྡན་རིམ་གྲོ་པ། །ཡོན་ཏན་གནས་ཞེས་བྱ་བ་མཁས་པ་སྟེ། ། རྣམ་གྲོལ་གསལ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང། །དགྲ་དག་ཚོགས་པ་དེ་དག་འདུས་པའི་གྲངས། །བྱེ་བ་ཕྲག་ནི་འབུམ་འབུམ་འདུས་པར་ [458A]༄༅། །འགྱུར༑ ༑མི་ཚེ་ལོ་གྲངས་བདུན་ཁྲི་ཆིག་སྟོང་ཡིན་།ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་བདུན་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་ གདུང་མཆོད་རྟེན་དཔག་ཚད་ནི། །བཅུ་གཉིས་པ་གཅིག་གསེར་གྱི་བླ་བྲེར་ལྡན། །དེ་བཞིན་གཤེགས་པ་མཛོད་མཐའ་གཟིགས་པ་ཡི། །སྐྱེ་བའི་ཡུལ་ནི་མཛེས་པར་སྦྱངས་ཞེས་བྱ། །རིགས་ ནི་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་དྲུག་ཅུ་རྣམ་པར་དག་པ་ཡབ། །བྱས་པ་ངེས་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་བཟང་ལྡན་གྲགས་བྱིན་རིམ་གྲོ་པ། །མཆོད་རྟེན་ དགའ་ཞེས་བྱ་བ་མཁས་པ་སྟེ། །གསལ་བའི་གཏི་མུག་མེད་པར་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང། །དགྲ་དག་ཆོམས་པ་དེ་དག་ཀུན་གྱི་གྲངས། །བྱེ་བ་ཕྲག་ནི་ བརྒྱ་བརྒྱ་འདུས་པར་འགྱུར། །མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །མྱ་ངན་འདས་པ་དེ་ཡི་དམ་ཆོས་དག་ལོ་གྲངས་བདུན་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་དག་ ནི་རྒྱས་འགྱུར་ལ། །སྟོང་གསུམ་མཆོད་རྟེན་བཟང་པོས་གང་པར་འགྱུར། །དེ་བཞིན་གཤེགས་པ་སྲིད་པའི་མེ་ཏོག་གི་སྐྱེ་བའི་ཡུལ་ནི་གྲགས་པ་བསྒྲགས་ཞེས་བྱ། །རིགས་ ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །སུམ་ཅུ་རྩ་ལྔ་ཡབ་ནི་སྲིད་མཐའ་ཡིན། །བློ་གྲོས་ཉི་མ་ཞེས་བྱ་རྒྱལ་བའི་ཡུམ། །ནོར་ལྷའི་བུ་སྲས་ཟླ་ཉི་རིམ་གྲོ་པ། །དགྲ་བཅོམ་དགའ་ཞེས་ [458B] །འཕགས་ལ་དད་པར་བྱེད་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང། །ང་མེད་ནམ་མཁའ་དག་དང་མཚུངས་པ་པོ། །བྱེ་བ་ཕྲག་ནི་བརྒྱད་ཅུ་བཞི་བཞི་ ཡོད༑ ༑མི་ཚེ་ལོ་གྲངས་བརྒྱད་ཁྲི་ཉིས་སྟོང་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་ཉི་ཁྲི་ཆིག་སྟོང་བར་དུ་གནས། །སྐུ་གདུང་མཆོད་རྟེན་དཔག་ཚད་བཅུ་གསུམ་པ། ། གཅིག་སྟོང་རིན་ཆེན་བཀོད་པས་རབ་ཏུ་བརྒྱན། འཇིག་རྟེན་མགོན་པོ་མཛོད་སྤུ་ལྡན་པ་ཡི། །སྐྱེ་བའི་ཡུལ་ནི་སྟེགས་མཆོད་ཅེས་ཀྱང་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། སུམ་ཅུ་ རྩ་གསུམ་ཡབ་ནི་རབ་གསལ་ཡིན། །བརྟུལ་ཞུགས་གྲུབ་ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ཟླ་སྡུག་རབ་དགའ་རིམ་གྲོ་པ། ཐར་པའི་འགྲོས་ཤེས་བྱ་བ་མཁས་པ་སྟེ། །མྱ་ངན་མེད་པར་ གནས་པ་རྫུ་འཕྲུལ་ཅན། འདུས་པ་ལན་གྲངས་ཉི་ཤུ་དྲུག་ཀུན་ལའང། །རི་ཡི་རྒྱལ་པོ་ལྟ་བུ་མི་གཡོ་བ། །བྱེ་བ་ཕྲག་ནི་ཉི་ཤུ་གསུམ་གསུམ་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་ཉིས་སྟོང་ཡིན་།ཡོངས་སུ་མྱ་ ངན་འདས་ནས་དམ་ཆོས་དག་ལོ་གྲངས་ཉི་ཁྲི་ཉིས་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་བྱ་བ་སྟོང་ཕྲག་བརྒྱད་ཅུ་བྱུང། །སངས་རྒྱས་སྤོབས་པ་མཚུངས་ མེད་རྒྱལ་པོ་ཡི། །སྐྱེ་བའི་ཡུལ་ནི་སྣ་ཚོགས་མཛེས་ཞེས་བྱ་།རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བཅུ་བཞི་ཡབ་ནི་སྐྱོན་མེད་ཡིན། །ཡོན་ཏན་མཐོང་ཞེས་བྱ་བ་རྒྱལ་ [459A]༄༅། །པའི་ཡུམ། །ཡོན་ཏན་ཅན་སྲས་བློ་ལྡན་རིམ་གྲོ་པ། །རྒྱལ་མཚན་མཆོག་ཅེས་བྱ་བ་མཁས་པ་སྟེ། །ནོར་ལྷའི་བུ་ཏོག་ཞེས་བྱ་རྫུ་འཕྲུལ་ཅན། འདུས་པ་ལ་ ལན་གྲངས་དགུ་བཅུ་ཀུན་ལ་ཡང། །ཆུ་དང་ནམ་མཁའ་ལྟ་བུར་གསལ་བ་པོ། །བྱེ་བ་ཕྲག་ནི་དགུ་བཅུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་དགུ་ཁྲི་ཉིས་སྟོང་ཡིན། །ཡོངས་སུ་མྱ་ངན་ འདས་ནས་དམ་ཆོས་དག་ལོ་གྲངས་དགུ་ཁྲི་ཅིག་སྟོང་བར་དུ་གནས་།འགྲོ་ལ་ཕན་ཕྱིར་རྒྱལ་བའི་སྐུ་གདུང་དག་རྒྱས་པར་གྱུར་ཏེ་ཞིང་རྣམས་གང་བར་འགྱུར། །སངས་རྒྱས་ ཡེ་ཤེས་རྣམ་འབྱེད་ང་རོ་ཡི། །སྐྱེ་བའི་ཡུལ་ནི་རྣམ་གྲངས་ལྷ་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་རྩ་གཉིས་ཡབ་ནི་ངོས་བཟང་ཡིན། །མཚན་ལྡན་མ་ཞེས་ བྱ་བ་རྒྱལ་བའི་ཡུམ། །བསོད་ནམས་འདོད་སྲས་གཙོ་བོ་རིམ་གྲོ་པ་།བརྟུལ་ཞུགས་གྲུབ་ཅེས་བྱ་བ་མཁས་པ་སྟེ། །ཆགས་པ་མེད་པར་གནས་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ ཅུ་གསུམ་ཀུན་ལའང། །དྲི་བྲལ་འཇིག་རྟེན་དྲི་མའི་དྲི་མེད་པ། །བྱེ་བ་ཕྲག་ནི་སུམ་བཅུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་སུམ་ཁྲི་བཞི་སྟོང་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ ཆོས་དག་ལོ་གྲངས་སུམ་ཁྲི་ཅིག་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་དཔག་ཚད་ནི། །དྲུག་ཅུ་པ་གཅིག་གསེར་གྱི་བླ་བྲེར་ལྡན། །དེ་བཞིན་གཤེགས་པ་སེངྒེའི་མཆེ་ [459B] ༑སྐྱེ་བའི་ཡུལ་ནི་བྲོ་བའི་མཆོག་ཅེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །བྱེ་བ་ཕྲག་གསུམ་གླང་ཆེན་དབང་པོ་ཡབ། །ཐར་པའི་དབྱངས་ནི་རྒྱལ་ཡུམ་ལྟ་བྱེད་སྲས། །ནོ་ ཚོད་བཟང་པོ་ཞེས་བྱ་རིམ་གྲོ་པ། །ཡོན་ཏན་ཚོགས་ཤེས་བྱ་བ་མཁས་པ་སྟེ། །རྣམ་པར་གྲོལ་བའི་བགོད་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་ཀུན་ལ་ཡང། །སྤྱོད་པ་འཁྲུལ་པ་ མེད་པར་འགྱུར་པ་པོ། །བྱེ་བ་ཕྲག་ནི་དྲུག་ཅུ་བདུན་བདུན་ཡོད། །མི་ཚེ་ལོ་གྲངས་དྲུག་ཁྲི་བཞི་སྟོང་ཡིན། །ཡོངས་སུ་མྱ་ངན་འདས་འདས་དམ་ཆོས་དག་ལོ་གྲངས་དྲུག་ཁྲིའི་བར་དུ་གནས་ པར་འགྱུར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ཏེ། །ཞིང་རྣམས་མཆོད་རྟེན་དག་གིས་གང་བར་འགྱུར། །དེ་བཞིན་གཤེགས་པ་མཛེས་པར་གཤེགས་པ་ཡི། །སྐྱེ་བའི་ཡུལ་ནི་བདེན་པ་ གསལ་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །དགུ་བཅུ་རྩ་བཞི་ཡབ་ནི་བཀོད་པ་ཡིན། །གཟི་བརྗིད་ཆེན་པོ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་དེས་པ་བཟང་པོ་རིམ་གྲོ་པ། །ཡིད་ འཇམ་པ་ཞེས་བྱ་བ་མཁས་པ་སྟེ། །བྱང་ཆུབ་དྲང་པོ་ཞེས་བྱ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ཉི་ཤུ་ལྔ་ཀུན་ལའང་།ལེགས་དུལ་ཡིད་ལྡན་གླང་པོ་འདྲ་པ་པོ། །བྱེ་བ་ཕྲག་ནི་དགུ་བཅུ་དགུ་དགུ་ ཡོད༑ ༑མི་ཚེ་ལོ་གྲངས་དགུ་ཁྲི་བཞི་སྟོང་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་དགུ་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ [460A]༄༅། །ཏེ༑ ༑དཔག་ཚད་བཞི་བ་བཀོད་དུ་འོང། །དེ་བཞིན་གཤེགས་པ་བསོད་ནམས་སྒྲོན་མ་ཡི། །སྐྱེ་བའི་ཡུལ་ནི་སྒྲོན་མའི་ཏོག་ཅེས་བྱ། །རྒྱལ་བའི་རིགས་ ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བཅུ་ཡོད་ཡབ་ནི་ལྷ་བཟང་ཡིན་།གྲགས་མཆོག་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་འཕྲུལ་ཅན་མཐུ་རྩལ་རིམ་གྲོ་པ། །མཆོད་རྟེན་གྲགས་ཞེས་བྱ་ བ་མཁས་པ་སྟེ། །གཟུངས་ཀྱི་རྒྱལ་པོ་ཞེས་བྱ་རྫུ་འཕྲུལ་ཅན་།འདུས་པ་ལན་གྲངས་དྲུག་ཅུ་ཀུན་ལ་ཡ་སྲས་པོ་ཀུན་ལ་ས་རྣམ་གྲོལ་ཡིད་ལྡན་པ། །བྱེ་བ་ཕྲག་ནི་དྲུག་ཅུ་ལྔ་ལྔ་ཡོད། །མི་ཚེ་ ལོ་གྲངས་བདུན་ཁྲི་ཉིས་སྟོང་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་བདུན་ཁྲི་དྲུག་སྟོང་བར་དུ་གནས། །འགྲོ་ལ་ཕན་ཕྱིར་རྒྱལ་བའི་སྐུ་གདུང་དག་རྒྱས་པར་ འགྱུར་ཏེ་ཞིང་རྣམས་གང་བར་འགྱུར། །སེམས་ཅན་སྙིང་པོ་བཀྲ་ཤིས་ལྡན་པ་ཡི། །སྐྱེ་བའི་ཡུལ་ནི་གཟི་བརྗིད་གསལ་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་ ཁྲི་ཡོད་ཡབ་ནི་ལྷ་དབང་ཡིན། སྤྱོད་པ་ཅན་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ཡིད་འོང་སྣང་ལྡན་རིམ་གྲོ་པ། །ཆོས་ཀྱི་འོད་ཅེས་བྱ་བ་མཁས་པ་སྟེ། །ཡོན་ཏན་མཆོག་ལ་གནས་ པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དགུ་བཅུ་གསུམ་ཀུན་ལའང་།སྲིད་པའི་མདུད་པ་ཐམས་ཅད་རྣམ་གྲོལ་པ། །བྱེ་བ་ཕྲག་ནི་དགུ་བཅུ་ལྔ་ལྔ་ཡོད། །མི་ཚེ་ལོ་གྲངས་དགུ་ [460B]༄༅། །ཁྲི་དགུ་སྟོང་ཡིན། །མྱ་ངན་འདས་པ་དེ་ཡི་དམ་ཆོས་དག་ལོ་གྲངས་དགུ་ཁྲིའི་བར་དུ་གནས་པར་འགྱུར། །སྐུ་གདུང་མཆོད་རྟེན་དཔག་ཚད་བརྒྱད་པ་གཅིག་གསེར་དང་ནོར་བུའི་ལྔ་ལྔས་ མཛེས་པར་བྱས། །རྒྱལ་བ་ཡུལ་འཁོར་མྱ་ངན་མེད་པ་ཡི། །སྐྱེ་བའི་ཡུལ་ནི་མྱ་ངན་སེལ་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་གྱི་ཚད། །དཔག་ཚད་དགུ་བཅུ་ཡབ་ནི་དུལ་བ་ཡིན། ། ཉེས་པ་སྤོང་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ཚལ་འདོར་དྲག་ཤུལ་རིམ་གྲོ་པ། །ཡོན་ཏན་མིག་ཅེས་བྱ་བ་མཁས་པ་སྟེ། །གྲགས་པ་རྣམ་པར་སྤྲུལ་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ བརྒྱད་ཅུ་ཀུན་ལ་ཡང། །དུལ་བའི་ཡིད་ལྡན་བསྒོམས་པའི་བདག་ཉིད་ཅན། །བྱེ་བ་ཕྲག་ནི་བརྒྱ་བརྒྱ་འདུས་པར་འགྱུར། །མི་ཚེ་ལོ་གྲངས་བརྒྱད་ཁྲི་སུམ་སྟོང་ཡིན། །དམ་པའི་ཆོས་དག་ལོ་གྲངས་ སྟོང་ཕྲག་ནི། །བརྒྱད་ཅུ་རྩ་གསུམ་བར་དུ་གནས་པར་འགྱུར་།འགྲོལ་ཕན་ཕྱིར་རྒྱལ་བའི་སྐུ་གདུང་དག་རྒྱས་པར་འགྱུར་ཏེ་ཞིང་རྣམས་གང་བར་འགྱུར། །དེ་བཞིན་གཤེགས་པ་བློ་གྲོས་ སེམས་པ་ཡི། །སྐྱེ་བའི་ཡུལ་ནི་ཡིད་ཚིམ་བྱེད་ཅེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་སྟོང་ཡོད་རྫུ་འཕྲུལ་ལྷ་ནི་ཡབ། །ཡིད་གཉིས་འདོད་ཅེས་བྱ་བ་རྒྱལ་བའི་ཡུམ། ། སྲས་པོ་ལྟ་བྱེད་ངེས་པ་རིམ་གྲོ་པ། །ཤེས་རབ་འཕགས་ཞེས་བྱ་བ་མཁས་པ་སྟེ། །མཆོག་རྒྱལ་བརྟུལ་ཞུགས་ཞེས་བྱ་རྫུ་འཕྲུལ་ཅན་།འདུས་པ་ལན་གྲངས་བརྒྱད་ཅུ་གཅིག་ཀུན་ [461A]༄༅། །ལའང། །བག་ཆགས་པ་མཐར་ཕྱིན་པའི་བསམ་གཏན་པ་།བྱེ་བ་ཕྲག་ནི་བརྒྱད་ཅུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་བརྒྱད་ཁྲི་ལྔ་སྟོང་ཡིན། །ཡོངས་སུ་ མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས་པར་འགྱུར། །སྐུ་གདུང་མཆོད་རྟེན་དཔག་ཚད་བཅུ་གཉིས་པ་།གཅིག་སྟེ་ནོར་བུ་བཟང་པོའི་དྲ་བས་སྤྲས། ། དེ་བཞིན་གཤེགས་པ་བློ་དང་ལྡན་པ་ཡི། །སྐྱེ་བའི་ཡུལ་ནི་ཤེས་རབ་གསལ་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད་།དཔག་ཚད་གསུམ་ཡོད་ཡབ་ནི་ཆོས་བཟང་ཡིན། །ཐར་ པའི་བརྟུལ་ཞུགས་ཞེས་བྱ་རྒྱལ་བའི་ཡུམ། །སྲས་པོ་ཏོག་ལྡན་ལེགས་སེམས་རིམ་གྲོ་པ། །བདུད་རྩི་དགའ་ཞེས་བྱ་བ་མཁས་པ་སྟེ། །བཀོད་པ་གསལ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་ པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང། །སྲིད་པའི་རྒྱ་མཚོའི་ཕ་མཐར་ཕྱིན་པ་པོ། །བྱ་བ་ཕྲག་ནི་བརྒྱད་ཅུ་གཉིས་གཉིས་ཡོད་།མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །སྣང་བ་མེད་པར་ ཕྱིན་པའི་དམ་ཆོས་དག་ལོ་གྲངས་བརྒྱད་ཁྲིར་བར་དུ་གནས་པར་འགྱུར། །རྒྱལ་བའི་མཆོད་རྟེན་དཔག་ཚད་བཅུ་གསུམ་པ། །རིན་ཆེན་མང་པོའི་དྲ་བས་མཛེས་པར་བྱས། །དེ་ བཞིན་གཤེགས་པ་ཆོས་ཀྱི་སྒྲོན་མ་སྤྱན། །སྐྱེ་བའི་ཡུལ་ནི་ཆོས་ཀྱི་རྒྱལ་མཚན་ཡིན། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད་།དཔག་ཚད་བརྒྱ་ཡོད་ཡབ་ནི་བློ་གྲོས་ཅན། །ཟླ་ [461B] །སྲས་པོ་ཟླས་བྱིན་འཇམ་པའི་རིམ་གྲོ་པ། །སྤོབས་པ་སེམས་ནི་བློ་གྲོས་ཅན་ཡིན་ཏེ་།འཁྲུགས་པ་མེད་པར་གནས་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ དྲུག་ཅུ་བཞི་ཀུན་ལའང། །ང་རྒྱལ་སྲིད་པའི་དྲ་བ་འཇིག་པ་པོ་།བྱེ་བ་ཕྲག་ནི་དྲུག་ཅུ་ལྔ་ལྔ་ཡོད། །མི་ཚེ་ལོ་གྲངས་དྲུག་ཁྲི་དྲུག་སྟོང་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག་ལོ་ གྲངས་དྲུག་ཁྲི་ལྔ་སྟོང་བར་དུ་གནས། །ཐུགས་རྗེ་ཅན་གྱི་སྐུ་གདུང་རྒྱས་འགྱུར་ལ། །རིན་ཆེན་བྱེ་བ་དག་གིས་རབ་ཏུ་བརྒྱན་།འཇིག་རྟེན་མགོན་པོ་ཤིན་ཏུ་གཟིགས་པ་ཡི། །སྐྱེ་བའི་ཡུལ་ནི་ གཟི་བརྗིད་སྒྲོན་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་ལྔ་བརྒྱ་ཡབ་ནི་ཞུམ་མེད་ཡིན། །བློ་བརྟན་འཛིན་ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་བློ་ལྡན་བློ་བཟང་རིམ་གྲོ་ པ༑ ༑རྣམ་པར་སྣང་བྱེད་ཅེས་བྱ་མཁས་པ་སྟེ། །འཇིག་རྟེན་སྒྲ་ལ་འདུག་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་ཀུན་ལ་ཡང་།དུག་རྩི་བཅད་དང་མཚུངས་པའི་དགྲ་བཅོམ་པ། ། བྱེ་བ་ཕྲག་ནི་དྲུག་ཅུ་གསུམ་གསུམ་ཡོང། །མི་ཚེ་ལོ་གྲངས་དྲུག་ཁྲི་སུམ་སྟོང་ཡིན། །རྒྱལ་བ་མྱ་ངན་འདས་པའི་དམ་ཆོས་དག་ལོ་གྲངས་དྲུག་ཁྲི་དྲུག་སྟོང་བར་དུ་གནས། །འཇིག་རྟེན་ཕན་ ཕྱིར་རྒྱལ་བའི་སྐུ་གདུང་དག་རྒྱས་འགྱུར་ཁམས་གསུམ་དག་ཏུ་གང་བར་འགྱུར། །དེ་བཞིན་གཤེགས་པ་ཞུགས་ཀྱིས་འདོར་བ་ཡི། །སྐྱེ་བའི་ཡུལ་ནི་དགའ་བ་གསལ་ཞེས་བྱ། །རྒྱལ་བའི་ [462A]༄༅། །རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བཅུ་ཡོད་ཡབ་ནི་ལེགས་བྱིན་ཡིན། །མཆོག་སྦྱིན་འཇུག་ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ཟླ་ལྡན་ཟླས་བྱིན་རིམ་ གྲོ་པ༑ ༑རྡོ་རྗེའི་འགྲོས་ཞེས་བྱ་བ་མཁས་པ་སྟེ། །འབྱོར་བ་གསལ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་ཡང། །དྲི་མེད་ཚུལ་འཆོས་མེད་པའི་དགྲ་བཅོམ་པ། ། བྱེ་བ་ཕྲག་ནི་བདུན་ཅུ་བཞི་བཞི་ཡོད། །མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །རྒྱལ་བའི་མྱ་ངན་འདས་ནི་དམ་ཆོས་དག་ལོ་གྲངས་བདུན་ཁྲིའི་བར་དུ་གནས་པར་འགྱུར། །འགྲོ་ ལ་ཕན་ཕྱིར་བྱམས་ལྡན་རྒྱལ་བ་ཡི། །སྐུ་གདུང་རྒྱས་འགྱུར་རྣམ་པར་གང་བར་འགྱུར། །དེ་བཞིན་གཤེགས་པ་སྟོབས་ཅན་སྐྱེ་བ་ཡི་།ཡུལ་ནི་གདུལ་བར་དགའ་བ་ཞེས་ཀྱང་བྱ། ། རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་སུམ་ཅུ་ཡབ་ནི་ཞུམ་མེད་ཡིན། །བསོད་ནམས་ཅན་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་སྐྲུན་བྱེད་གཉི་གི་རིམ་གྲོ་པ། །ནོར་བུ་རྐང་ ཞེས་བྱ་བ་མཁས་པ་སྟེ། །གསེར་སྒྲོན་ཞེས་བྱ་བ་ནི་རྫུ་འཕྲུལ་ཅན། །དེ་ནི་འདུས་པ་ལན་གྲངས་དྲུག་བཅུ་སྟེ། །ཐམས་ཅད་དག་ལ་བྱེ་བ་དག་ནི་ཕྲག་དགུ་བཅུ་རྩ་ནི་བཞི་བཞི་ཚང་བར་ འགྱུར༑ ༑མི་ཚེ་ལོ་གྲངས་བརྒྱད་ཁྲི་བརྒྱད་སྟོང་ཡིན། །འཁྲུགས་པ་མེད་པར་ཕྱིན་པའི་དམ་ཆོས་དག་ལོ་གྲངས་དགུ་ཁྲི་ཉིས་སྟོང་བར་དུ་གནས། །སྐུ་གདུང་མཆོད་རྟེན་དཔག་ཚད་རངས་ [462B]ནོར་བུའི་གདུགས་དང་བཀོད་པ་བླ་བྲེར་ལྡན། །དེ་བཞིན་གཤེགས་པ་ཤེས་རབ་མེད་ཏོག་གི། །སྐྱེ་བའི་ཡུལ་ནི་མཁས་པ་གསལ་ཞེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ ཚད༑ ༑དཔག་ཚད་གསུམ་ཡོད་ཡབ་ནི་དབྱེན་མེད་ཡིན། །འབྲུག་སྒྲ་ཞེས་ནི་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་སྒོམ་བྱེད་དུལ་བ་རིམ་གྲོ་པ་།ཡོན་ཏན་འོད་བཟངས་ཞེས་བྱ་མཁས་པ་སྟེ། །ལྷ་ཡི་གཞལ་ མེད་མཚུངས་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ལྔ་བཅུ་ཀུན་ལ་ཡང། །དགྲ་བཅོམ་བདུད་རྣམས་འཇོམས་པར་བྱེད་པ་པོ། །བྱེ་བ་ཕྲག་ནི་ལྔ་བཅུ་ལྔ་ལྔ་ཡོད། །མི་ཚེ་ལོ་གྲངས་བརྒྱད་ཁྲི་ ལྔ་སྟོང་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་བཞི་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུངས་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་བཟང་པོས་སྟོང་གསུམ་ གང་བར་འགྱུར། །དེ་བཞིན་གཤེགས་པ་བརྟན་པའི་དབྱངས་སྐྱེ་བའི་།ཡུལ་ནི་དྲག་ཤུལ་སྒྲ་དགའ་འབྱུང་ཞེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་དགུ་སྟོང་ཡབ་ནི་ གནས་པ་མཆོག་གསེར་གྱི་མདོག་ཅེས་བྱ་བ་རྒྱལ་བའི་ཡུམ། །འཇིག་རྟེན་ལམ་སྲས་སྒྲོན་མ་རིམ་གྲོ་པ། །ཡོན་ཏན་མཆོག་ཅེས་བྱ་བ་མཁས་པ་སྟེ། །ཀུ་མུ་ད་ཡི་སྙིང་པོ་རྫུ་འཕྲུལ་ཅན། ། འདུས་པ་ལན་གྲངས་དྲུབ་ལ་ཅུ་གཉས་ཀུན་ལའང། །བག་ཆགས་རྩ་ནས་བཏོན་པའི་དགྲ་བཅོམ་པ། །བྱེ་བ་ཕྲག་ནི་དྲུག་ཅུ་བརྒྱད་བརྒྱད་ཡོད། །མི་ཚེ་ལོ་གྲངས་དགུ་ཁྲི་དགུ་སྟོང་ཡིན། །ཡོངས་ [463A]༄༅། །སུ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་དྲུག་ཁྲིའི་བར་དུ་གནས་པར་འགྱུར། །འགྲོ་ལ་ཕན་ཕྱིར་རྒྱལ་བའི་སྐུ་གདུང་དག་རྒྱས་འགྱུར་ཞིང་རྣམས་ རྣམ་པར་གང་བར་འགྱུར། །སེམས་ཅན་སྙིང་པོ་བདེ་དང་ལྡན་པ་ཡི་།སྐྱེ་ཡུལ་གཟི་བརྗིད་ཡིད་དུ་འཐད་ཅེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །དགུ་བཅུ་རྩ་དགུ་ལྗོན་པའི་ དབང་པོ་ཡབ། །མེ་ཏོག་སྒྲོན་མ་ཞེས་བྱ་རྒྱལ་བའི་ཡུམ། །སྲས་པོ་ཙམ་ཀ་མཆོག་མ་རིམ་གྲོ་པ། །བརྟུལ་ཞུགས་ལྷ་ཞེས་བྱ་བ་མཁས་པ་སྟེ། །བཀོད་པ་མི་འཁྲུགས་པ་ནི་རྫུ་འཕྲུལ་ ཅན༑ ༑འདུས་པ་ལན་གྲངས་བརྒྱད་ཅུ་རྩ་ལྔ་ལ། །དགྲ་བཅོམ་ཐམས་ཅད་ཐ་བ་སྤངས་པ་པོ། །ས་དག་དང་ནི་མཚུངས་པ་ཤ་སྟག་གོ་།མི་ཚེ་ལོ་གྲངས་ཉི་ཁྲི་སུམ་སྟོང་ཡིན། །རྒྱལ་བ་ མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་མཆོད་རྟེན་དཔག་ཚད་བཅུ་གཅིག་པ་།རིན་ཆེན་བརྒྱ་ཡི་དྲ་བས་མཛེས་པར་བྱས། ། དེ་བཞིན་གཤེགས་པ་དོན་དག་གསུངས་པ་ཡི། །སྐྱེ་བའི་ཡུལ་ནི་སྨྲ་བ་གསལ་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་ཉིས་སྟོང་ཡབ་ནི་ཟླ་བཟངས་ཡིན། ། སྤྲིན་གྱི་འོད་ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་འོད་ལྡན་སྣང་བ་རིམ་གྲོ་པ། །སྣང་བ་བྱེད་ཅེས་བྱ་བ་གློ་ཅན་ཏེ། །ཡིད་འོང་གསལ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དག་ [463B]བཅུ་སྟེ་ཐམས་ཅད་ལ་ཡང་བསམ་གཏན་པ། །ཐེར་འབུམ་ཐེར་འབུམ་དག་ནི་འདུས་པར་འགྱུར། །མི་ཚེ་ལོ་གྲངས་དག་ནི་འབུམ་ཡང་ཡིན། །ཡོངས་སུ་མྱ་ ངན་འདས་ནས་དམ་ཆོས་དག་ལོ་གྲངས་སྟོང་སྙེད་ལོ་ནང་གནས་པར་འགྱུར། །འགྲོ་ལ་ཕན་ཕྱིར་རྒྱལ་བའི་སྐུ་གདུང་དག་རྒྱས་འགྱུར་ཞིང་རྣམས་རྣམ་པར་གང་བར་འགྱུར། །དེ་བཞིན་ གཤེགས་པ་དགྱེས་པ་གསལ་པ་ཡི། །སྐྱེ་བའི་ཡུལ་ནི་དགའ་བྱེད་མཆོད་ཅེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་འབུམ་ཡོད་མི་འཁྲུགས་པ་ནི་ཡབ། །བདུད་རྩིའི་འོད་ཅེས་ བྱ་བ་རྒྱལ་བའི་ཡུམ། །སྲས་པོ་བདུད་རྩི་རྣམ་གྲོལ་རིམ་གྲོ་པ་།སེངྒེའི་ང་རོ་ཞེས་བྱ་མཁས་པ་སྟེ། །གནས་པ་མི་འཁྲུགས་པ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་དྲུག་ཀུན་ ལའང། །ཐམས་ཅད་གནས་ཤེས་པ་ལ་མཁས་པ་པོ། །བྱེ་བ་ཕྲག་ནི་སུམ་ཅུ་ལྔ་ལྔ་ཡོད། །མི་ཚེ་ལོ་གྲངས་སུམ་ཁྲི་དྲུག་སྟོང་ཡིན་།ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག་ལོ་ གྲངས་དྲུག་ཁྲི་དྲུག་སྟོང་བར་དུ་གནས། །སྐུ་གདུང་མཆོད་རྟེན་དཔག་ཚད་གསུམ་པ་གཅིག་རིན་ཆེན་མཆོག་གི་དྲ་བས་མཛེས་པར་བྱས་།དེ་བཞིན་གཤེགས་པ་སེངྒེའི་ཞལ་སྐྱེ་ བའི༑ ༑ཡུལ་ནི་སྨྲ་བའི་མཆོད་རྟེན་ཞེས་ཀྱང་བྱ། །དེ་ཡི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་སྟོང་ཡོད་ཡབ་ནི་གཟི་བརྗིད་བཟང། །གོས་ལ་དགའ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་ [464A]༄༅། །པོ་ཁ་སྒྱུར་ལེགས་གནས་རིམ་གྲོ་པ། །ཡེ་ཤེས་ཟིལ་གྱིས་གནོན་པ་མཁས་པ་སྟེ། །མྱ་ངན་མེད་པར་གནས་པ་རྫུ་འཕྲུལ་ཅན་།འདུས་པ་ལན་གྲངས་ བདུན་ཅུ་ཀུན་ལ་ཡང། །གཏི་མུག་མེད་པའི་ཕ་མཐའ་ཕྱིན་འཕགས་པ་།བྱེ་བ་ཕྲག་ནི་བདུན་ཅུ་བརྒྱད་བརྒྱད་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་བཞི་སྟོང་ཡིན། །མྱ་ངན་འདས་པ་དེ་ཡི་ དམ་ཆོས་དག་ལ་གྲངས་བདུན་ཁྲིའི་བར་དུ་གནས་པར་འགྱུར། །འགྲོ་བའི་དོན་དང་ཕན་ཕྱིར་རྒྱལ་བ་ཡི། །སྐུ་གདུང་དག་ནི་རྣམ་པར་རྒྱས་པར་འགྱུར། །མི་ཡི་འདྲེན་པ་གཙུག་ཕུད་སྐྱེ་ བ་ཡི༑ ༑ཡུལ་ནི་རིན་ཆེན་བརྩེགས་པ་ཞེས་ཀྱང་བྱ། །དེའི་རིགས་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། དཔག་ཚད་བདུན་ཅུ་ཡབ་ནི་ཏོག་བཟང་ཡིན། །སྣང་བ་སྦྱིན་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་ པོ་ལྷ་ལེགས་སྒྲ་གཅན་རིམ་གྲོ་པ། །སྤོབས་པ་དྲན་པ་བློ་གྲོས་ཅན་ཡིན་ཏེ། །རྣམ་པར་སྤྲུལ་པའི་ཏོག་ནི་རྫུ་འཕྲུལ་ཅན། །འདུས་པ་ལང་གྲངས་བརྒྱད་ཅུ་དྲུག་ཀུན་ལའང། །འཇིགས་ པ་མེད་པའི་གནས་མཆོག་ཐོབ་པ་པོ། །བྱེ་བ་ཕྲག་ནི་བརྒྱད་ཅུ་བདུན་བདུན་ཡོད། །མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །རྒྱལ་བ་མྱ་ངན་འདས་ནས་དམ་ཆོས་དག་ལོ་གྲངས་ བརྒྱད་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བ་ཐུགས་རྗེ་ཆེན་པོ་མཚུངས་མེད་པའི། །སྐུ་གདུང་དག་ནི་རྣམ་པར་གྱས་པར་འགྱུར་།མིའི་འདྲེན་པ་སྣང་བ་མཛད་པ་ཡི། །སྐྱེ་ [464B] །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཏུ་མེད་བ་ཡབ་ནི་ལེགས་མཐོང་ཡིན་།བལྟ་བར་འོས་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ མཐུ་རྩལ་མངར་ཅན་རིམ་གྲོ་པ། །སྣང་བར་བྱེད་པ་བློ་གྲོས་ཅན་ཡིན་ཏེ། །ཆགས་མེད་གཏི་མུག་མེད་པ་རྫུ་འཕྲུལ་ཅན། །འདུས་པ་ཐུན་མོང་མ་ཡིན་དཔག་ཏུ་མེད། །མི་རྣམས་དག་གི་ ཚེ་ཚད་དཔག་ཏུ་མེད། །སངས་རྒྱས་དགུ་བརྒྱ་དགུ་བཅུ་རྩ་དགུ་ཡི་།མཛད་པ་ཇི་སྙེད་པ་ཀུན་ངེས་མཛད་འགྱུར། །འཇིག་རྟེན་ཕན་ཕྱིར་སེམས་ཅན་སྙིང་པོ་དག་མྱ་ངན་འདས་ནས་དམ་ ཆོས་གནས་འགྱུར་བའི། །ལོ་གྲངས་སྟོང་ཕྲག་དག་ནི་མཐའ་ཡང་ཡས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་པར་འགྱུར། །དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་མཆོག་ཏུ་ དགའ་བའི་རྒྱལ་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ལེགས་སོ། །ལེགས་སོ། །བསྐལ་པ་བཟང་པོ་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ སངས་རྒྱས་བཅོམ་ལྡན་འདས་དེ་དག་གང་དང་གང་དག་ལ་དང་པོར་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང། དགེ་བའི་རྩ་བ་གང་དང་གང་དག་གིས་དེ་བཞིན་གཤེགས་པ་དེ་དག་ལ་ བསྐུར་སྟིར་བགྱིས་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དག་ལུང་བསྟན་དུ་གསོལ། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་ [465A]༄༅། །བའི་རྒྱལ་པོ་ལ་འདི་སྐད་ཆེས་བཀའ་སྩལ་ཏོ། །མཆོག་ཏུ་དགའ་བའི་རྒྱལ་པོ། དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་བཤད་དོ། །བྱང་ ཆུབ་སེམས་དཔའ་མཆོག་ཏུ་དགའ་བའི་རྒྱལ་པོས་བཙུན་པ་བཅོམ་ལྡན་འདས། དེ་ལྟ་ལེགས་སོ། །ཞེས་གསོལ་ནས་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང། བཅོམ་ལྡན་འདས་ཀྱིས་འདི་ སྐད་ཅེས་བཀའ་སྩལ་ཏོ། །དེ་བཞིན་གཤེགས་པ་འཁོར་བ་འཇིག་གིས་ནི་།དེ་བཞིན་གཤེགས་པ་མི་ཡི་ཟླ་དེ་ལ། །གསེར་ལས་བྱས་བའི་གདུགས་དག་ཕུལ་ནས་ཀྱང། །དང་པོར་བྱང་ ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་གསེར་ཐུབ་ཕྲེང་རྒྱུད་ཚེ། །དེ་བཞིན་གཤེགས་པ་སེངྒེའི་སྟབས་དེ་ལ། །སྣ་མའི་མེ་ཏོག་དག་གི་ཕྲེང་བ་ཕུལ། །དང་པོར་བྱང་ཆུབ་ ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འོད་སྲུང་བྲམ་ཟེའི་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་ཙམ་པའི་མཆོག་དེ་ལ། །སྐ་རགས་དག་ནི་དབུལ་བར་བྱས་ནས་ཀྱང། །དང་པོར་བྱང་ ཆུབ་ཏུ་ནི་སེམས་བསྐྱེད་དོ། །ང་ནི་སྔོན་ཚེ་སྨན་པར་གྱུར་པ་ན་།དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་དེ་ལ། །འཇམས་གང་ཞིག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་ སེམས་བསྐྱེད་དོ། །བྱང་ཆུབ་སེམས་དཔའ་བྱམས་པ་འཁོར་ལོ་སྒྱུར་བ་ཡི། །རྒྱལ་པོ་རྣམ་པར་སྣང་བྱེད་ཅེས་བྱར་གྱུར་པ་ན། །བདེ་གཤེགས་མཐུ་ཆེན་གདུགས་ཚོད་དག་ལ་སྤྱན་ [465B] །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་སེང་གེ་དག་གིས་ནི། །དེ་བཞིན་གཤེགས་པ་ང་རོ་སྙན་དེ་ལ། །ཕྱག་དར་ཁྲོད་ཀྱི་ལྷན་པ་ཐལ་མོ་ཙམ། ། ཕུལ་ནས་དང་པོར་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་རབ་གསལ་ཚོར་བར་གྱུར་པའི་ཚེ། །དེ་བཞིན་གཤེགས་པ་མཐའ་ཡས་འོད་དེ་ལ་།ནོར་བུ་རིན་པོ་ཆེ་དག་ཕུལ་ནས་ཀྱང། ། དང་པོར་བྱང་ཆུབ་པ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཐུབ་པ་དག་གིས་ནི། །དེ་བཞིན་གཤེགས་པ་ཡིད་འཐད་གཟིགས་དེ་ལ་།མུ་ཏིག་དག་ལས་བྱས་པའི་གདུགས་ཕུལ་ ནས༑ ༑དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མེ་ཏོག་གྲོང་ཁྱེར་བརྟེན་པའི་ཚེ། །དེ་བཞིན་གཤེགས་པ་ཁ་ལོ་སྒྱུར་དེ་ལ། །ལ་ཏུ་དག་ནི་དབུལ་བ་བྱས་ནས་ཀྱང། ། དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་མེ་ཏོག་གཉིས་པ་ཡིས། །བདེ་གཤེགས་མངོན་པར་འཕགས་པའི་དཔལ་དེ་ལ་།ཚེམས་ཤིང་དག་ནི་དབུལ་བ་ བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་སྤྱན་ལེགས་ཁྱིམ་བདག་ཚེ། །དེ་བཞིན་གཤེགས་པ་ལེགས་པར་སྒྲ་སྒྲོགས་ལ། །ཁང་པ་བརྩེགས་ པ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དེད་དཔོན་དག་གིས་ནི། །དེ་བཞིན་གཤེགས་པ་བདེན་པ་མཐོང་དེ་ལ། །ཙནྡན་དམར་ [466A]༄༅། །པོའི་ཁྲིའུ་དག་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ལག་ཆེན་རོལ་མོ་མཁན་གྱུར་ཚེ་།དེ་བཞིན་གཤེགས་པ་ མཆོག་གྲགས་གྲོང་ཁྱེར་དུ། །བདེ་གཤེགས་དེ་ལ་གླིང་བུས་མཆོད་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྟོབས་ཆེན་སྤོས་ཚོང་རྒྱབ་གྱུར་ཚེ། །བདེ་ གཤེགས་སེང་བློ་གྲོང་ཁྱེར་གཤེགས་པ་ན། །ཨ་ཀ་རུ་ཡི་རྡོག་མ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རྒྱུ་སྐར་རྒྱལ་པོ་ཕྱུགས་རྫིའི་ཚེ། །དེ་བཞིན་ གཤེགས་པ་དབྱངས་བྱིན་དེ་ལ་ནི། །ཁ་ལའི་མེ་ཏོག་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རྩི་སྨན་ཤིང་རྟ་མཁན་གྱུར་ཚེ། །དེ་བཞིན་ གཤེགས་པ་དྲི་ཞིམ་དེ་ལ་ནི། །ཏིང་ལོ་མར་མེ་བཅས་པ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྙན་པ་ཐག་པར་གྱུར་ཚེ། །དེ་བཞིན་གཤེགས་ པ་མར་མེའི་གློག་འགྱུར་ལ། །རས་ཀྱི་ཁ་ཚར་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་ཏོག་ཞིང་པར་འགྱུར་པའི་ཚེ། །དེ་བཞིན་གཤེགས་ པ་པདྨོའི་འོད་ཟེར་ལ། །མེ་ཏོག་སིལ་མ་དག་གིས་གཏོར་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འོད་ཆེན་གྲོང་ཁྱེར་རྟེན་པའི་ཚེ། །དེ་བཞིན་ [466B] །དྲང་སྲོང་དེ་ལ་མར་མེ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གྲོལ་ཟུང་ལྷམ་མཁན་གྱུར་པའི་ཚེ། །དེ་བཞིན་ གཤེགས་པ་ཚངས་པའི་དབྱངས་དེ་ལ། །མཆིལ་ལྷམ་ཟུང་ཅིག་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རྣམ་སྣང་འཁོར་ལོས་སྒྱུར་བའི་ ཚེ༑ ༑དེ་བཞིན་གཤེགས་པ་ཡིད་གཉིས་འཇོམས་དེ་ལ། །ཏ་ལའི་བ་ཏི་བརྒྱད་ཁྲི་བཞི་སྟོང་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཉེ་སྙིང་བྲམ་ཟེའི་བུར་གྱུར་ཚེ། །དེ་ བཞིན་གཤེགས་པ་གཟི་བརྗིད་མཐའ་ཡས་ལ། །ཀོ་ཤ་ཏ་ཀའི་མེ་ཏོག་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཟླ་བ་གསེར་མགར་བུར་གྱུར་ཚེ། །དེ་ བཞིན་གཤེགས་པ་ཟླ་བའི་ཞལ་དེ་ལ། །རིན་པོ་ཆེ་ཡི་སྡོང་བུ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འོད་འཕྲོ་གྲོང་ཁྱེར་རྟེན་པའི་ཚེ། །དེ་བཞིན་ གཤེགས་པ་མཐའ་ཡས་འོད་དེ་ལ། །རྩྭ་ཡི་སྒྲོན་མ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འོད་གྲོང་ཁྱེར་བརྟེན་པའི་ཚེ། །དེ་བཞིན་ གཤེགས་པ་ཡིད་འོང་གཟི་བརྗིད་ལ། །ཙམྤ་ཀ་ཡི་མེ་ཏོག་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མྱ་ངན་མེད་པ་ཚོང་དཔོན་བུས། །དེ་བཞིན་གཤེགས་ [467A]༄༅། །པ་ཡིད་གཉིས་རྣམ་འཇིག་ལ། །ཀར་ནི་ཀ་ཡི་མེ་ཏོག་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྐར་རྒྱལ་ཁྱིམ་ བདག་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་བསོད་ནམས་སྒྲོན་དེ་ལ་།ནོར་བུ་རིན་ཆེན་མཆིལ་ལྷམ་ཟུང་གཅིག་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ རབ་གསལ་རྒྱ་མཚོའི་ཚོང་པའི་ཚེ། །དེ་བཞིན་གཤེགས་པ་ལེགས་པར་མཐོང་དེ་ལ། །ཙནྡན་དམར་པོའི་གཟིམས་ཁྲི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་ དོ༑ ༑བདེ་གཤེགས་ཕྲེང་ཐོགས་ཁྱིམ་བདག་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་ཡིད་འོང་གཟི་བརྗིད་ལ། །ཀ་ཀ་ནི་ཡའི་བདུག་སྤོས་གསོལ་ནས་ཀྱང། །དང་པོར་བྱང་ཆུབ་ ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡོན་ཏན་འོད་ནི་གསེར་རྟོག་ཚེ་།དེ་བཞིན་གཤེགས་པ་མཚུངས་པ་མེད་དེ་ལ། །མེ་ཏོག་གཅིག་ཅིག་དབུལ་བ་བྱས་ནས་ཀྱང། །དང་པོར་ བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དོན་གཟིགས་འཁོར་ལོས་བསྒྱུར་རྒྱལ་ཚེ། །དེ་བཞིན་གཤེགས་པ་འོད་དཔག་མེད་མཛོད་ལ་།ཁང་པ་བརྩེགས་པ་སྟོང་སྙེད་ ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མར་མེ་སྤོས་འབྲུ་མར་ཚོང་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་རྣམ་པར་རོལ་པར་སྣང་བ་གང། །བྱེ་བ་ [467B]ཕུལ་ནས་དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མཐུ་ལྡན་གོས་ཚོང་གྱུར་པའི་ཚེ། །དེ་བཞིན་གཤེགས་པ་གྲགས་པ་རྒྱས་ དེ་ལ༑ ༑རས་བཅོས་ལེབ་ལེབ་པོ་དག་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྨན་པ་སྨན་པའི་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་རྒྱལ་མཚན་བྲལ་དེ་ ལ༑ ༑སྤོས་ཀྱི་རི་ལུ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དེས་པ་འབྲུ་མར་མཁན་གྱི་ཚེ་།དེ་བཞིན་གཤེགས་པ་འཕགས་འཇོམས་མཛད་དེ་ ལ༑ ༑མར་མེ་ཁ་ཅིག་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མཛོད་སྤུ་ཕྲེང་མཁན་གྱི་ཚེ་།དེ་བཞིན་གཤེགས་པ་ཀུན་ཏུ་གཟིགས་དེ་ལ། ། ཨུཏྤལ་དམར་པོ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བརྟན་ལྡན་སྟོབས་ཀྱི་འཁོར་ལོས་སྒྱུར་པའི་ཚེ། །དེ་བཞིན་གཤེགས་པ་གཞན་གྱིས་མི་ ཐུབ་དེ་ལ་ནི། །རིན་པོ་ཆེ་ལས་བྱས་པའི་གདན་ཁྲི་གྲངས་བརྒྱད་ཅུ། །རྩ་བཞི་ཕུལ་ནས་དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ་།བདེ་གཤེགས་ལྷ་དཔལ་རྒྱ་མཚོའི་ཚོང་པར་གྱུར་པའི་ ཚེ༑ ༑དེ་བཞིན་གཤེགས་པ་གཟི་བརྗིད་ཕུང་པོ་འོད་དེ་ལ། །ནོར་བུ་རིན་ཆེན་བླ་བྲེར་དཔག་ཚད་གཅིག་སྣང་བ། །ཕུལ་ནས་དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ [468A]༄༅། །གདུལ་དགའ་ཤིང་ཚོང་གྱུར་པའི་ཚེ། །དེ་བཞིན་གཤེགས་པ་བརྟན་པར་གཤེགས་དེ་ལ། །ཚེམས་ཤིང་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཡོན་ཏན་རྒྱལ་མཚན་ཆུའི། །སྦྱིན་བདག་གྱུར་ཚེ་བདེ་གཤེགས་ཡིད་འོང་གྲགས། །དེ་ལ་ཆུ་སྣོད་དག་ནི་ཕུལ་ནས་ཀྱང། །དང་པོར་ བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྒྲ་གཅན་ཕྲེང་རྒྱུ་མཁན་བུའི་ཚེ། །དེ་བཞིན་གཤེགས་པ་མཐའ་ཡས་གཟུགས་དེ་ལ་།གསེར་གྱི་མཆིལ་ལྷམ་ཟུང་ཅིག་ ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཚོགས་ཅན་ཁྲུས་པར་གྱུར་པའི་ཚེ། །དེ་བཞིན་གཤེགས་པ་ཐུགས་རབ་དང་བ་ལ། །ཁྲུས་ཀྱི་ཆབ་ དག་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཚངས་དབྱངས་ཕྱུགས་རྫིར་གྱུར་པའི་ཚེ། །དེ་བཞིན་གཤེགས་པ་དབྱངས་སྙན་ དང་པོར་མངོན་རྫོགས་པར། །སངས་རྒྱས་གྱུར་པའི་ཚེ་ན་དེ་ལ་ཕྱེ་བྲེ་གང། །ཕུལ་ནས་དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཚིགས་བརྟན་འགྲོན་བུ་ཚོང་ བའི་བུར། །གྱུར་ཚེ་བདེ་གཤེགས་མི་གཡོར་གཤེགས་པ་ལ། །འགྲོན་བུ་སྤར་གང་གཏོར་ཏེ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མི་འགྱིང་རྒྱལ་བུ་ [468B] །དེ་བཞིན་གཤེགས་པ་བཀོད་པ་མཐའ་ཡས་ལ་།གླུ་དབྱངས་དག་གིས་མཆོད་པ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འོད་མཛད་འཁོར་ ལོས་བསྒྱུར་རྒྱལ་ཚེ། །དེ་བཞིན་གཤེགས་པ་གཟི་བརྗིད་བརྩེགས་འོད་ལ། །ན་བཟའ་རིན་པོ་ཆེ་དག་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ལྷུན་པོ་ ཆེན་པོ་ཡིས། །དེ་བཞིན་གཤེགས་པ་བློ་གནས་དེ་ལ་ནི། །མེ་ཏོག་མྱ་ངན་འཚང་བ་བདུན་ཕུལ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རྡོ་རྗེ་ལྷ་དབང་བརྒྱ་བྱིན་དུ། ། གྱུར་ཚེ་དེ་བཞིན་གཤེགས་པ་བརྟན་པ་ལ། །མེ་ཏོག་མནྡཱ་ར་བའི་ཆར་ཕབ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་སྡོམ་ཅན་འཛམ་གླིང་གི་རྒྱལ་པོར་ གྱུར་ཚེ་བདེ་གཤེགས་ཐར་དགྱེས་ལ། །གསེར་ལས་བྱས་པའི་བླ་བྲེ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མི་བསྙེངས་རོལ་མོ་མཁན་གྱུར་ཚེ། །དེ་བཞིན་ གཤེགས་པ་མི་འཇིག་སྦྱིན་དེ་ལ། །རོལ་མོའི་བཀུར་སྟིར་རྔ་ཆེན་བརྡུངས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ་།བདེ་གཤེགས་རིན་ཆེན་བླ་མཆོག་གྱུར་པའི་ཚེ། །དེ་ བཞིན་གཤེགས་པ་བདུད་རྩི་མཛོད་དེ་ལ། །སྤོས་ཀྱིས་བསྒོས་པའི་ཕྲེང་བ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་པད་སྤྱན་འཁྲུལ་འཁོར་མཁན་ [469A]༄༅། །གྱུར་ཚེ༑ ༑དེ་བཞིན་གཤེགས་པ་ཀུན་ཏུ་གཟིགས་དེ་ལ་།ཁྲིའུ་བཟང་གཅིག་ཅིག་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། ། བདེ་གཤེགས་སྟོབས་སྡེ་རྒྱལ་པོའི་སྨན་པའི་ཚེ། །དེ་བཞིན་གཤེགས་པ་བཞོན་པ་ཆེ་ལྡན་ལ། །སྐྱུ་རུ་ར་ཡི་འབྲས་བུ་ཕུལ་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་ གཤེགས་མེ་ཏོག་འོད་ཟེར་གསེར་མགར་གྱི། །བུར་གྱུར་ཚེ་ན་བདེ་གཤེགས་ཀུན་གཟིགས་ལ། །རིན་པོ་ཆེ་ཡི་ཕྲེང་བ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། ། བདེ་གཤེགས་ཤེས་དགྱེས་བྲིས་པ་རྒྱན་བྱེད་ཚེ། །དེ་བཞིན་གཤེགས་པ་ཡུལ་ཕྱོགས་ཀུན་མཆོད་ལ། །མིག་དང་བདུག་པ་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །བདེ་གཤེགས་གཟི་ཆེན་ཚོང་དཔོན་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་འོད་རབ་དཔལ་དེ་ལ། །ན་བཟའི་བླ་བྲེ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །བདེ་གཤེགས་ཚངས་པ་བག་ཆོས་མཁན་གྱུར་ཚེ། །དེ་བཞིན་གཤེགས་པ་སྟོན་པ་བླ་མ་ལ། །ཤ་ཁ་ར་ཡི་རི་ལུ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་ དོ༑ ༑བདེ་གཤེགས་འོད་དཔག་མེད་པ་བླ་མའི་ཚེ། །དེ་བཞིན་གཤེགས་པ་བཀོད་པའི་འོད་དེ་ལ། །གདུགས་གཅིག་ཅིག་ནི་དབུལ་བ་བྱས་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་ [469B] །དེ་བཞིན་གཤེགས་པ་ཀླུ་སྦྱིན་ཕྲེང་རྒྱུད་ཚེ། །དེ་བཞིན་གཤེགས་པ་སེངྒེ་རྣམ་བསྒྱིངས་ལ། །མེ་ཏོག་དག་གི་ཆུན་པོ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །བདེ་གཤེགས་བརྟན་གཤེགས་ནོར་བུ་མཁན་གྱུར་ཚེ། །དེ་བཞིན་གཤེགས་པ་ཡིད་གཉིས་སྤོང་དེ་ལ། །རིན་པོ་ཆེའི་དྲ་བ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་ དོ༑ ༑བདེ་གཤེགས་དོན་ཡོད་མཐོང་བ་ནང་བའི་གསོས་སྨན་ལ། །སྦྱོར་མཁན་བུར་གྱུར་ཚེ་ན་དགེ་སློང་དགེ་འདུན་དག་སྤྱན་དྲངས་ནད་སྨན་སྦྱར་ནས་བདེ་གཤེགས་ལེགས་མཐོང་ལ། ། དང་པོར་ཁོ་ནར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བརྩོན་འགྲུས་སྦྱིན་པ་འཁོར་ལོས་བསྒྱུར་རྒྱལ་ཚེ། །ཙནྡན་དམར་པོ་དག་ལས་གཙུག་ལག་ཁང་བརྒྱ་སྟོང། །བྱས་ཏེ་རས་ བཅོས་གཡོགས་ནས་དེ་བཞིན་གཤེགས་པ་པོ། །བདུད་རྩིའི་སྟོབས་ལ་དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བཟང་སྐྱོང་གིས་ནོ་བདེ་གཤེགས་ཟླ་བའི་འོད། །ཉན་ ཐོས་བཅས་པའི་དགེ་འདུན་འཁོར་ལྡན་ཁྲི་ཕྲག་བཅུ། །ཞག་བདུན་པར་དུ་ཞལ་ཟས་རོ་ནི་བརྒྱ་ལྡན་པས། །ཚིམ་པར་མཛད་དེ་དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ དགའ་བོ་རྩལ་ཆེན་བྲམ་ཟེའི་བུར། །གྱུར་ཚེ་བཞིན་གཤེགས་པ་མཆོད་དབུགས་ལ། །ཡུ་བ་ནོར་བུས་སྤྲས་པའི་རྔ་ཡབ་གཅིག་ཕུལ་ནས་དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། ། [470A]༄༅། །དེ་བཞིན་གཤེགས་པ་འཆི་མེད་རྒྱལ་པོ་ཡི། །ཕོ་ཉར་གྱུར་ཚེ་བདེ་གཤེགས་དབང་སྦས་ལ། །པཉྩ་ལི་ཡི་འབྲས་བུ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་ སེམས་བསྐྱེད་དོ། །བདེ་གཤེགས་སེངྒེའི་རྒྱལ་མཚན་ཞིང་པའི་ཚེ་།དེ་བཞིན་གཤེགས་པ་ང་རོ་གསལ་དེ་ལ། །སྐྱུ་རུ་ར་ཡི་འབྲས་བུ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །བདེ་གཤེགས་རྒྱལ་བ་ཚལ་གྱི་ལས་བྱེད་ཚེ། །དེ་བཞིན་གཤེགས་པ་ཐོགས་མེད་འཁོར་ལོ་ལ། །ཨ་རུ་ར་ཡི་འབྲས་བུ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །དེ་བཞིན་གཤེགས་པ་ཆོས་ལྡན་དཔའ་བོའི་ཚེ། །དེ་བཞིན་གཤེགས་པ་བདུད་རྩིའི་ང་རོ་ལ། །རྒྱལ་མཚན་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་ སེམས་བསྐྱེད་དོ། །བདེ་གཤེགས་མཆོག་དགའ་རྒྱལ་པོ་སྤོས་འཚོད་ཚེ་།དེ་བཞིན་གཤེགས་པ་ཡེ་ཤེས་མཆོད་རྟེན་ལ། །ཕྱི་མ་སྤར་གང་ཕུལ་ཏེ་གཏོར་ནས་ཀྱང། །དང་པོར་བྱང་ ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཁ་ལོ་སྒྱུར་བ་བྱིས་པའི་ཚེ། །དེ་བཞིན་གཤེགས་པ་གཟི་བརྗིད་རྫུ་འཕྲུལ་ལ། །པ་ལ་བ་ཏ་གསུམ་ཞིག་ཕུལ་ནས་ཀྱང། །དང་པོར་བྱང་ ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དགའ་གཤེགས་རྒྱལ་པོའི་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་ཡོན་ཏན་རྒྱལ་པོ་ལ། །དངུལ་གྱི་མེ་ཏོག་དག་ནི་ཕུལ་ནས་ཀྱང་ [470B] །དེ་བཞིན་གཤེགས་པ་ཆུ་ལྷ་ཚོང་པའི་ཚེ། །དེ་བཞིན་གཤེགས་པ་ཁ་དོག་དཔག་མེད་ལ། །ལྷུང་བཟེད་སྦྲང་རྩིས་བཀང་སྟེ་ཕུལ་ནས་ཀྱང། །དང་ པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡོན་ཏན་ལག་ནི་རྩེ་བའི་ཚེ། །དེ་བཞིན་གཤེགས་པ་སྟོབས་ཆེན་དེ་ལ་ནི། །འཆག་ས་ཁྲུ་བརྒྱད་ཁོར་ཡུག་བཀྲམ་ནས་ཀྱང། །དང་ པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྤོས་གླང་སྤོས་ཚོང་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་བཀོད་པ་རྣམ་གྲོལ་གྱི་།འཆགས་པ་སྤོས་ཀྱི་ཆུ་ཡིས་ཆག་ཆག་བཏབ། ། དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རྣམ་གཟིགས་གོས་ཚོང་གྱུར་པའི་ཚེ། །དེ་བཞིན་གཤེགས་པ་གཟིགས་པ་སྒྲིབ་མེད་ལ། །མེ་ཏོག་གི་ནི་གདུགས་དག་ཕུལ་ ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འབྲུག་སྒྲ་རྫ་མཁན་གྱུར་པའི་ཚེ། །དེ་བཞིན་གཤེགས་པ་སེངྒེའི་སྟོབས་དེ་ལ། །སྤོས་དང་རིལ་བ་གཅིག་ཅིག་ ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ལེགས་སེམས་ཁྱེའུ་ལོ་གསུམ་ལོན་པའི་ཚེ། །དེ་བཞིན་གཤེགས་པ་ཀུན་ཏུ་རྣམ་གཟིགས་ལ། །པདྨ་དག་ནི་ དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡིད་བཟངས་ཚོང་དཔོན་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་རྩལ་སྦྱིན་དེ་ལ་ནི། །སྣ་མའི་མེ་ཏོག་ [471A]༄༅། །ཕྲེང་བ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དྲི་མེད་ཐ་ག་པར་གྱུར་ཚེ། །དེ་བཞིན་གཤེགས་པ་ལེགས་མཐོང་དེ་ ལ་ནི༑ ༑བ་ཤ་ཀ་གཅིག་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཟླ་བ་གླང་ཆེན་འདུལ་བའི་ཚེ། །དེ་བཞིན་གཤེགས་པ་གཟུགས་བཟང་དེ་ ལ་ནི༑ ༑མེ་ཏོག་ཕྲེང་བ་ཁྲུ་གང་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གྲགས་ཆེན་གྲོང་ཁྱེར་རྟེན་པའི་ཚེ། །དེ་བཞིན་གཤེགས་པ་བློ་གྲོས་ གྲགས་དེ་ལ། །མེ་ཏོག་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གཙུག་ན་ནོར་བུ་ཁྱེའུ་ཚེ། །དེ་བཞིན་གཤེགས་པ་རིན་ཆེན་ བཀོད་དེ་ལ། །ས་རྡུལ་སྤར་གང་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དྲག་ཤུལ་ལྷའི་བུའི་ཚེ། །དེ་བཞིན་གཤེགས་པ་སྤ་བའི་ འོད་དེ་ལ། །ལྷ་ཡི་གཞལ་མེད་ཁང་ཅིག་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སེང་སྟབས་གདུགས་མཁན་གྱུར་པའི་ཚེ། །དེ་བཞིན་ གཤེགས་པ་ཐར་བར་བཞུད་དེ་ལ། །ཚ་བའི་དུས་ཚེ་ལོ་མའི་གདུགས་ཕུལ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ལྗོན་པ་ཕྱུགས་རྫིའི་ [471B] ༑དེ་བཞིན་གཤེགས་པ་ཡོན་ཏན་བཀོད་དེ་ལ། །ལམ་གྱི་ཤིང་དྲུང་དག་ཏུ་བེའུ་ར་ས་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རྣམ་རྒྱལ་བ་ལང་རྫི་ཡི་ཚེ། ། དེ་བཞིན་གཤེགས་པ་ངེས་པའི་བློ་དེ་ལ། །ལྷུང་བཟེད་འོ་མས་བཀང་སྟེ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ་།བདེ་གཤེགས་ཤེས་རབ་བརྩེགས་པ་དགེ་སློང་ ཚེ༑ ༑དེ་བཞིན་གཤེགས་པ་ཡེ་ཤེས་ཏོག་དེ་ལ། །ཉིན་གཅིག་རངས་པར་ཆོས་ཀྱི་གདན་ཕུལ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ལེགས་གནས་ལྷམ་ མཁན་གྱུར་པའི་ཚེ། །དེ་བཞིན་གཤེགས་པ་མི་གཡོའི་བློ་དེ་ལ་།འཆིལ་ལྷམ་རིམ་པ་གཅིག་པ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ བློ་གྲོས་ལས་བྱེད་ཚེ། །དེ་བཞིན་གཤེགས་པ་སྤྱོད་པའི་བློ་གྲོས་ལ། །རོ་དང་ལྡན་པའི་བཏུང་བ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡན་ལག་ སྐྱེས་ནི་མི་འཛིན་ཚེ། །དེ་བཞིན་གཤེགས་པ་གཟུགས་བཟང་དེ་ལ་ནི་།ཁྲུས་རས་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་ པ་བློ་མཐའ་ཡས་པ་ནི། །ལམ་སྟོན་གྱུར་ཚེ་བདེ་གཤེགས་བདེན་སྨྲ་ལ། །ཤིང་དྲུང་གནས་མལ་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་ [472A]༄༅། །གཤེགས་པ་གཟུངས་བཟང་སྡེ་དཔོན་ཚེ། །དེ་བཞིན་གཤེགས་པ་སྐད་དབྱངས་དེ་ལ་ནི། །མེ་ཏོག་ཨུཏྤལ་ལྔ་ཞིག་ཕུལ་ནས་ཀྱང། །དང་པོར་བྱང་ ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མཁྱེན་ལྡན་མགོན་གནས་དགེ་སློང་ཚེ། །དེ་བཞིན་གཤེགས་པ་ལེགས་པར་མཐོང་དེ་ཡི། །འཆག་སའི་བྱི་དོར་དག་ནི་བྱས་ནས་ ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འོད་ཟེར་ཤིང་རྟ་མཁན་གྱུར་ཚེ། །དེ་བཞིན་གཤེགས་པ་གཟི་བརྗིད་མཐའ་ཡས་ལ། །ཉལ་ཁྲི་སྟོང་རི་བ་ དག་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ་།དེ་བཞིན་གཤེགས་པ་བརྟུལ་ཞུགས་བརྟན་པ་ནི། །ཕྲེང་རྒྱུད་མཁན་ཚེ་བདེ་གཤེགས་ཡིད་འོང་སེམས། །དེ་ལ་མེ་ ཏོག་བླ་བྲེ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་བཀྲ་ཤིས་ཤིང་ཐུན་ཚེ། །དེ་བཞིན་གཤེགས་པ་གྲགས་པའི་ཤིང་རྟ་ལ། །བུ་ཡུག་ལངས་ ཚེ་སྣང་བ་བལྟམ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་བདེན་ཏོག་ཁྲུས་པའི་ཚེ། །དེ་བཞིན་གཤེགས་པ་ཡོན་ཏན་མེ་ཏོག་ལ། །ཁ་ གདོང་བཀྲུ་བ་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་པདྨ་ཚོང་དཔོན་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་མེ་ཏོག་འོད་ [472B] ༑པདྨ་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་སྲེད་མེད་བུ་ནི་སྤོས་ཚོང་ཚེ། །དེ་བཞིན་གཤེགས་པ་གདུལ་བར་ དཀའ་ཞེས་བྱ་བ་དེའི། །ཁང་བ་བརྩེགས་པ་ཙནྡན་དམར་པོར་བྱུགས་ནས་ཀྱང། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ལག་བཟང་རྒྱལ་པོའི་ཕོ་ཉའི་ཚེ། ། དེ་བཞིན་གཤེགས་པ་དབྱངས་སྙན་སྒྲོགས་པར་མཛད་པ་གང། །འཁོར་བཅས་བྱེ་བ་དག་ལ་ཆོས་གོས་གསུམ་ཕུལ་ནས། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་ པ་ཡེ་ཤེས་འབྱུང་གནས་ནི། །ཚན་པོ་ཆེར་གྱུར་གཡུལ་ངོར་ཆས་པའི་ཚེ། །བདེ་གཤེགས་ལེགས་མཐོང་ལ་ནི་རྒྱལ་མཚལ་གཅིག་ཕུལ་ནས་དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་ དོ༑ ༑དེ་བཞིན་གཤེགས་པ་འོད་འཕྲོ་སྨན་པའི་ཚེ། །དེ་བཞིན་གཤེགས་པ་སྐྱེ་བོའི་མཆོད་རྟེན་ལ། །སྤོས་ཀྱི་རེང་བུ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། ། དེ་བཞིན་གཤེགས་པ་ཚངས་བྱིན་ལམ་སྟོན་ཚེ། །དེ་བཞིན་གཤེགས་པ་འོད་ཆེན་ཞེས་བྱ་བ། །དེ་ལ་ལམ་དག་མཚོན་པ་བྱས་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། ། བདེ་གཤེགས་རིན་ཆེན་འབྱུང་གནས་མཉན་པའི་ཚེ། །དེ་བཞིན་གཤེགས་པ་རྫི་བ་མེད་གཤེགས་དེ། །ཉན་ཐོས་འཁོར་བཅས་བྱེ་བ་བསྒྲལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་ [473A]༄༅། །སེམས་བསྐྱེད་དོ། །བདེ་གཤེགས་ལྷ་ཡི་མེ་ཏོག་ནོར་བུ་མཁན། །གྱུར་ཚེ་དེ་བཞིན་གཤེགས་པ་བློ་གསལ་ལ། །ནོར་བུ་རིན་ཆེན་སྤྲས་པའི་གདུགས་ ཕུལ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དོན་ལེགས་སེམས་པ་རྒྱལ་བུའི་ཚེ། །དེ་བཞིན་གཤེགས་པ་གསུང་སྙན་དེ་ལ་ནི། །ནོར་བུ་རིན་ཆེན་སྤྲས་ པའི་བླ་བྲེ་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ་།བདེ་གཤེགས་ཆོས་ཀྱི་དབང་ཕྱུག་ཤིང་མཁན་གྱི། །བུར་གྱུར་ཚེ་ན་བདེ་གཤེགས་སྐར་འོད་ཀྱི། །གཤེགས་ཟམ་དག་ ནི་བཤམ་པ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བློ་གྲགས་ཀུན་དགའ་ར་སྲུངས་ཚེ། །དེ་བཞིན་གཤེགས་པ་ཟླ་བའི་སྒྲོན་དེ་ལ། །མོན་སྲན་ གྲེ་འུའི་མེ་ཏོག་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྤོས་བརྩེགས་ཚོང་པའི་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་ཡེ་ཤེས་ཏོག་དེ་ལ། །སྦྱིན་པ་ ཕུན་སུམ་ཚོགས་པས་སྤྱན་དྲངས་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་རྡོ་རྗེའི་རྒྱལ་མཚན་ནི་།ཚལ་གྱི་ལས་བྱེད་ཚེ་ན་དེ་བཞིན་གཤེགས། །བསོད་ ནམས་བཀོད་དེ་ལ་ནི་ཨ་མྲ་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཕན་པ་ཞེད་གྲོང་དཔོན་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་བསོད་ནམས་འོད་ [473B] །ཉིན་གཅིག་སྲོག་གཅོད་སྤོང་བའི་བསླབ་གཞི་མནོས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རྣམ་རོལ་གྲོང་རྡལ་བྱིས་པའི་ཚེ། །དེ་བཞིན་ གཤེགས་པ་ཡེ་ཤེས་འབྱུང་གནས་ལ། །ལྷུང་བཟེད་སྦྲང་རྩིས་བཀང་སྟེ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ་།དེ་བཞིན་གཤེགས་པ་མུན་དང་བྲལ་བ་ཡིས། །དེ་བཞིན་ གཤེགས་པ་སྲིད་མཐའ་གཟིགས་དེ་ལ། །མོན་སྲན་གྲེའུ་འབྲུ་མར་མེ་བཞག་ཕུལ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྒྲ་གཅན་ལྷ་ནི་གྲོང་རྟེན་ཚེ། །དེ་བཞིན་ གཤེགས་པ་དགའ་བར་གཟིགས་དེ་ལ། །ཧ་སྟ་བ་ཤ་ཀ་དག་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རི་པོའི་རྒྱལ་མཚན་ཚོགས་ལྡན་གྱི། །ཁྱེའུ་ར་གྱུར་ ཚེ་བདེ་གཤེགས་མཐའ་ཡས་འོད། །དེ་ལ་མེ་ཏོག་ཆུན་པོ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཚོགས་ཅན་འོད་ནི་ཕྲེང་རྒྱུད་ཚེ། །དེ་བཞིན་གཤེགས་ པ་ཡིད་འོང་དབྱངས་དེ་ལ། །མེ་ཏོག་ལས་བྱས་བླ་བྲེ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རིན་ཆེན་སྙིང་པོ་ཁྲུས་པའི་ཚེ། །དེ་བཞིན་གཤེགས་པ་ སྣ་ཚོགས་གསུང་པ་ལ། །ཁ་གདོང་བཀྲུ་བ་དབུལ་བ་བྱས་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཤིན་ཏུ་མཐར་གཤེགས་གྲོང་ཁྱེར་རྟེན་པའི་ཚེ། །དེ་ [474A]༄༅། །བཞིན་གཤེགས་པ་ཚུལ་ཁྲིམས་སྟོབས་དེ་གྲོང་ཁྱེར་དུ་།གཤེགས་པའི་ཚེ་ན་གདན་དག་བཤམས་ཏེ་བཏིང་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །བདེ་གཤེགས་སྐར་རྒྱལ་ད་ནུར་མཁན་གྱི་ཚེ། །དེ་བཞིན་གཤེགས་པ་ཡུལ་འཁོར་ལྷ་དེ་ལ། །ཞལ་ཟས་བཅའ་པ་རྣམས་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་ སེམས་བསྐྱེད་དོ། །བདེ་གཤེགས་རུ་རིངས་གཞན་གྱི་ཁོལ་གྱུར་ཚེ། །དེ་བཞིན་གཤེགས་པ་གཟི་བརྗིད་དགའ་དེ་ལ། །ལྷུང་བཟེད་འཇམས་ཀྱིས་བཀང་སྟེ་ཕུལ་ནས་ཀྱང། །དང་ པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡོན་ཏན་གྲགས་པ་བསོད་སྙོམས་ཚེ། །དེ་བཞིན་གཤེགས་པ་འོད་ཟེར་མཐའ་ཡས་ལ། །གོས་ཀྱི་རས་མ་སོར་བཞི་ ཙམ་ཕུལ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཉི་ཟླས་བདེ་གཤེགས་སྲིད་སྦྱིན་དེ། །འཁོར་བཅས་བྱེ་བ་སུམ་ཅུ་དག་ལ་གཙུག་ལག་ཁང། ། བཟང་པོར་ལོངས་སྤྱོད་ཕྱིར་དང་དཔག་ཚད་བཅུ་པའི་གོས། །ཕུལ་ནས་དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཉི་འོད་གཞན་གྱི་ཁོལ་གྱུར་ཚེ། །དེ་བཞིན་ གཤེགས་པ་ལྷུན་པོ་ཆེ་དེ་ལ། །ལྕགས་ཀྱི་སྣོད་དག་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྐར་མཁན་ཚོང་པའི་བུར་གྱུར་ཚེ། ། [474B] །ནོར་བུ་རིན་ཆེན་དཔག་ཚད་གཅིག་འོད་ལྡན། །ཕུལ་ནས་དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་སེང་ཏོག་ དེད་དཔོན་གྱི། །བུར་གྱུར་ཚེ་ན་དེ་བཞིན་གཤེགས་པ་པོ། །བློ་གྲོས་བཟང་ལ་ཕྲེང་བ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དུས་མཁྱེན་ རྒྱལ་པོ་ནི། །སྙན་རིགས་མཁན་ཚེ་བདེ་གཤེགས་ཙམ་མཆོག་ལ་།ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟོད་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་ གཤེགས་པ་དཔལ་གྱི་སྙིང་པོ་ཡིས། །གཞན་གྱི་དགེ་འདུན་བཤོས་གསོལ་ཡི་རང་ནས། །དེ་བཞིན་གཤེགས་པ་བཀོད་པ་ཆེན་པོ་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། ། བདེ་གཤེགས་སྲིད་མཐའ་གཟིགས་པ་ཚལ་དག་གི་ལས་བྱེད་ཚེ་ན་དེ་བཞིན་གཤེགས་པ་པོ། །ཁྱད་པར་སེམས་ལ་ཆབ་གཙང་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། ། བདེ་གཤེགས་གློག་འོད་རྔོན་པའི་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་དཔའ་བོའི་སེམས་དེ་ལ། །རྩྭ་ཡི་སྟན་དག་དབུལ་བ་བྱས་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། ། བདེ་གཤེགས་སེངྒེས་བྱིན་པ་ཁྱིམ་བདག་གི་བུར་གྱུར་ཚེ་ན་བདེ་གཤེགས་བདེ་སྙིང་ལ། །སྣ་མའི་མེ་ཏོག་ཡོད་པའི་ས་བཞི་ཕུལ་།དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་ [475A]༄༅། །གཤེགས་གཞན་གྱིས་མི་ཐུབ་རྒྱལ་མཚན་གྱིས། །འཇིགས་བཅས་ལམ་དུ་འགྲོན་པའི་བསེལ་བྱས་ནས། །དེ་བཞིན་གཤེགས་པ་སྲེད་མེད་བུ་དེ་ལ། ། དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མཆོག་དགའ་གྲགས་པ་བུ་རམ་ཤིང། །འཚོར་གྱུར་ཚེ་ན་དེ་བཞིན་གཤེགས་པ་པོ་།བློ་རྣམ་འབྱེད་ལ་བུ་རམ་བཅུད་ཁུ་ ཕུལ༑ ༑དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བརྩོན་འགྲུས་བརྟན་པ་བྲམ་ཟེའི་བུར། །གྱུར་ཚེ་བདེ་གཤེགས་འོད་ཟེར་མཐའ་ཡས་ལ། །ཁྲུས་རྐྱེན་འདག་པའི་ཆལ་ དག་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ་།བདེ་གཤེགས་གྲགས་རྫོགས་ཆང་ཚོང་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་སེངྒེའི་ང་རོ་ལ། །ལོ་མའི་སྣོད་ནས་ ཆུ་དག་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བསྙེངས་བྲལ་རྒྱལ་པོའི་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་རྒྱལ་པོའི་ང་རོ་ལ། །ལོ་མའི་ སྣོད་ནས་བརཤའི་མེ་ཏོག་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མཆོད་འོས་ལྷ་ནི་བློན་མཆོག་གྱུར་པའི་ཚེ་།བདེ་གཤེགས་ཡིད་འོད་བློ་འོད་དག་ ལ་དཔག་ཚད་གཅིག་ཁོར་ཡུག་ཙམ་གྱི་སྐྱེད་མོས་ཚལ་ཕུལ་ཨ་ག་རུའི། །བདུག་པས་གདུགས་ཏེ་དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྒྲོན་ཆེན་མི་བཀྲེན་ [475B] །དེ་བཞིན་གཤེགས་པ་བསོད་ནམས་འོད་དེ་ལ་།རྩྭ་ཡི་སྒྲོན་མ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འཇིག་རྟེན་འོད་ནི་ལྷའི་ བུའི་ཚེ༑ ༑དེ་བཞིན་གཤེགས་པ་ཟླ་བའི་འོད་དེ་ལ། །མེ་ཏོག་མནྡཱ་ར་བའི་གདུགས་ཕུལ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྤོས་དྲི་ཞིམ་པ་གྱད་གྱུར་ཚེ། །དེ་ བཞིན་གཤེགས་པ་ཡན་ལག་མཛེས་དེ་ལ། །ཁྲུས་རས་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡོན་ཏན་མཆོག་འཛིན་སྨན་པའི་ ཚེ༑ ༑དེ་བཞིན་གཤེགས་པ་རྙོག་བ་མེད་དོན་ལ། །བདུག་པ་དང་ནི་དར་ཡུག་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མུན་དང་རྣམ་བྲལ་རྒྱལ་པོ་ཡི། ། མདུན་འདོན་བུར་གྱུར་ཚེ་ན་དེ་བཞིན་གཤེགས། །དགྲ་བཅོམ་གཟི་ལ་མུ་ཏིག་རྒྱན་ཕྲེང་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ་།དེ་བཞིན་གཤེགས་པ་སེངྒེའི་འགྲམ་པ་ཡི། །དེ་ བཞིན་གཤེགས་པ་དོན་གྲུབ་བློ་དེ་ལ། །འདམ་རྫབ་དག་ཏུ་ཤིང་ཟམ་བཙུགས་ཕུལ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རིན་ཆེན་གྲགས་པ་སྤོས་འཚོང་གི་བུར་གྱུར་ ཚེ་ནི་བདེ་གཤེགས་དབྱངས་མངའ་ལ། །ཕྱེ་མར་སྤར་གང་དག་ནི་གཏོར་ཕུལ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྐྱོན་རབ་བཞི་བ་རྒྱལ་བུའི་ཚེ། །གསད་བྱ་ [476A]༄༅། །བརྩོན་དགའ་བྲོས་སུ་བཏང་ནས་ཀྱང། །དེ་བཞིན་གཤེགས་པ་ས་མཆོག་དེ་ལ་ནི། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ་།བདེ་གཤེགས་བདུད་རྩི་འཆང་པ་ གྲོང་དཔོན་ཚེ། །དེ་བཞིན་གཤེགས་པ་འོད་འབར་དེ་ལ་ནི། །བཻ་ཌཱུརྱ་ཡི་གདུགས་སྟོང་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མི་ཟླ་ཕྲེང་རྒྱུད་མཁན་བུའི་ ཚེ༑ ༑དེ་བཞིན་གཤེགས་པ་ངེས་པར་སེམས་དེ་ལ། །ཨུཏྤ་ལ་ཡི་ཕྲེང་བ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཤིན་ཏུ་གཟིགས་པ་ནི། །འདུན་ དཔོན་ཚེ་ན་དེ་བཞིན་གཤེགས་པ་པོ། །བདེན་པར་གསུང་བ་དེ་ལ་ཕྲེང་བ་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རབ་བརྒྱན་གྲོང་ཁྱེར་ལ་རྟེན་པའི། །བུར་ གྱུར་ཚེ་ན་བདེ་གཤེགས་མདངས་འོད་ཀྱི། །གྲོང་ཁྱེར་སྒོ་དག་མཛེས་པར་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ་།བདེ་གཤེགས་ནོར་འོད་བརྒྱ་བྱིན་གྱུར་པའི་ཚེ། ། བདེ་གཤེགས་གཟི་བརྗིད་ཏོག་རྒྱས་པ་ལ། །དཔག་ཚད་ཁོར་ཡུག་མེ་ཏོག་ཆར་ཕབ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཆོས་ཀྱི་འབྱུང་གནས་ ཀྱིས༑ ༑བདེ་གཤེགས་གྲགས་ཏོག་ཤེས་རབ་ཕ་རོལ་ཕྱིན། །གསུངས་ཚེ་ལེགས་གསུངས་ཞེས་ནི་ཡི་རང་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ [476B] །གྱུར་ཚེ་བདེ་གཤེགས་ཡོན་ཏན་གསལ་བ་ལ། །རས་ཀྱི་ཁ་ཚར་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཚེམས་ སྦྱིན་བློ་ཆེན་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་ཆོས་ཀྱི་སྒྲོན་དེ་ལ། །བསིལ་ཡབ་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རིན་ཆེན་ འབྱུང་གནས་གཞུ་མཁན་ཚེ། །དེ་བཞིན་གཤེགས་པ་གསལ་རབ་དཔལ་དེ་ལ། །མེ་ཏོག་སྙིམ་པ་བཀར་སྟེ་གཏོར་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ སྐྱེ་དབང་མཚུངས་པ་རྫ་མཁན་ཚེ། །དེ་བཞིན་གཤེགས་པ་ཞལ་སྡུག་སྡེ་བདག་ལ། །སྣོད་དག་ཆུ་ཡིས་བཀང་སྟེ་ཕུལ་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་ གཤེགས་སྟབས་གཤེགས་ཞིང་པའི་བྲུ་གྱུར་ཚེ། །དེ་བཞིན་གཤེགས་པ་སེངྒེའི་སྟབས་བཞུད་ལ། །ཟམ་སྟེགས་དག་ནི་གཟུགས་པ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །བདེ་གཤེགས་བློ་གནས་ཤིང་སྲུང་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་སྐྱེ་བའི་མཆོད་རྟེན་ལ། །སེ་འབྲུ་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་ སེམས་བསྐྱེད་དོ། །བདེ་གཤེགས་གདུགས་མཛེས་བློན་པོའི་བུར་གྱུར་ཚེ་།དེ་བཞིན་གཤེགས་པ་རྒྱ་མཚོའི་བློ་དེ་ལ། །ཙམ་པའི་མེ་ཏོག་ཕྲེང་བ་ཕུལ་ནས་ཀྱང། །དང་པོར་བྱང་ [477A]༄༅། །ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་གཙོ་བོ་གསེར་མགར་ཚེ། །དེ་བཞིན་གཤེགས་པ་པདྨའི་སྙིང་པོ་ལ། །བདུག་པས་བདུགས་དང་ མེ་ཏོག་གཏོར་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ་།བདེ་གཤེགས་ཤིན་ཏུ་འཕགས་དཔལ་སྤོས་ཚོང་བུར། །གྱུར་ཚེ་དེ་བཞིན་གཤེགས་པ་གདུགས་སྡེ་ཡི། ། འཆག་ས་སྤོས་ཆུས་ཆག་ཆག་བཏབ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སེངྒེའི་སྒྲ་ནི་རྔ་མཁན་ཚེ། །དེ་བཞིན་གཤེགས་པ་སཱ་ལའི་རྒྱལ་པོ་ལ། ། རྔ་བོ་ཆེ་དག་བརྡུང་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རྣམ་རོལ་ལྡན་པ་དུང་འབུད་མཁན་།གྱུར་ཚེ་བདེ་གཤེགས་ཉི་མའི་སྙིང་པོ་དེ། ། གྲོང་ཁྱེར་གཤེགས་ཚེ་དུད་དག་བུས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །འཕགས་པ་བསྐལ་པ་བཟང་པོ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། །བམ་ པོ་ཉི་ཤུ་བཞི་པ། བདེ་བཞིན་གཤེགས་པ་ཀླུ་འོད་ཟླ་བའི་ཚེ། །དེ་བཞིན་གཤེགས་པ་བྱང་ཆུབ་དགའ་དེ་ལ། །རྡ་པོ་ཆེ་དག་བརྡུང་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །བདེ་གཤེགས་མེ་ཏོག་རི་བོ་གར་མཁན་བུར། །གྱུར་ཚེ་བདེ་བར་གཤེགས་པོ་ཞི་དེ་ཡི། །སྤྱན་ལྔར་བྲོ་གར་དག་གིས་མཆོད་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་ [477B] །བདེ་གཤེགས་ཀླུ་དགའ་གར་མཁན་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་ཉི་མའི་འོད་དེ་ལ། །རོལ་མོའི་སྒྲ་དག་བསྒྲགས་པ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །བདེ་གཤེགས་སྤོས་ཀྱི་དབང་ཕྱུག་རྒྱལ་པོ་ཡི། །སྲས་མོར་གྱུར་ཚེ་དེ་བཞིན་གཤེགས་པ་པོ། །པད་དཀར་སྤོས་ལ་མུ་ཏིག་རྒྱན་ཟེད་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །བདེ་གཤེགས་ཤིན་ཏུ་གྲགས་པ་ཚོང་དཔོན་གྱི། །ཆུང་མར་གྱུར་ཚེ་དེ་བཞིན་གཤེགས་པ་པོ། །ལྷུན་པོའི་འོད་ཟེར་སྤྱི་བོར་བླ་བྲེ་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །བདེ་གཤེགས་སྟོབས་ལྷ་གྲོང་ཁྱེར་རྟེན་པའི་ཚེ། །དེ་བཞིན་གཤེགས་པ་ཟླ་བའི་ཞལ་དེ་ལ། །བཤོས་དྲོན་ལྷུང་བཟེད་བཀང་སྟེ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཡོན་ཏན་ཕྲེང་ལྡན་གྱིས་།དེ་བཞིན་གཤེགས་པ་བསྒྱིངས་ལྡན་བཞུད་དེ་ལ། །སངས་རྒྱས་ཕྱག་འཚལ་ཐལ་མོ་ལན་གསུམ་སྦྱར། ། དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཀླུ་ལག་གྲོང་ཁྱེར་གྱི། །སྒོ་སྲུངས་ཚེ་ན་ཕྱག་དར་བྱས་ནས་ཀྱང་།དེ་བཞིན་གཤེགས་པ་ཕྱོགས་རྣམས་ལྟ་དེ་ལ། །དང་པོར་ བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་མིག་བརྒྱན་རྒྱལ་བུའི་ཚེ། །དེ་བཞིན་གཤེགས་པ་ཆོས་ཀྱི་འོད་དེ་ལ། །ཆུ་དང་སྐྱུ་རུ་ར་དག་ཕུལ་ནས་ཀྱང། །དང་པོར་བྱང་ [478A]༄༅། །ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཚུལ་ཁྲིམས་གསལ་དེ་སྔ་དྲོ་ཞིག་དེ་བཞིན་གཤེགས་པ་ལེགས་པར་སྦྱངས་པའི་བློས། །དགའ་བས་ སངས་རྒྱས་རྗེས་སུ་དྲན་བྱས་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཟིལ་གནོན་ཡེ་ཤེས་ཀྱིས། །ངན་འགྲོར་འགྲོ་བ་ཚུལ་ཁྲིམས་ལ་བཀོད་ ནས། །དེ་བཞིན་གཤེགས་པ་མཐའ་ཡས་བློ་དེ་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མཐའ་ཡས་སྤྱན་ནི་གོས་ཚོང་ཚེ། །དེ་བཞིན་གཤེགས་པ་མཐའ་ ཡས་གཟུགས་དེ་ལ། །རས་བཅོས་བླ་བྲེ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བདེན་གསུང་ཁྱིམ་བདག་བུར་གྱུར་ཚེ། །དེ་བཞིན་ གཤེགས་པ་བརྩོན་འགྲུས་བརྟན་དེ་ལ། །མེ་ཏོག་དག་ལས་བྱས་པའི་གདུགས་ཕུལ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཉི་འོད་བཅའ་པ་མཁན་བུའི་ཚེ། ། དེ་བཞིན་གཤེགས་པ་ལྷ་ཡིས་མཆོད་དེ་ལ། །ལ་དུ་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དེས་བློ་བཟོ་མཁན་ཚེ། །དེ་ བཞིན་གཤེགས་པ་ཀུན་ནས་བློ་དེ་ལ། །གདིང་པ་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མཐའ་ཡས་གཟུགས་ནི་ཤིང་རྟ་ [478B] །གྱུར་ཚེ་དེ་བཞིན་གཤེགས་པ་འོད་ཞི་ལ། །པ་ལ་ཤི་ཀ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རྣམ་པར་སྣང་མཛད་ཁར་བ་མཁན། །གྱུར་ཚེ་ བདེ་གཤེགས་མི་ཡིག་ཟི་བྱིན་ལ། །མེ་ལོང་གཅིག་ཅིག་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རིན་ཆེན་ཏོག་ནི་ནོར་བུ་མཁན་གྱུར་ཚེ། །བདེ་ བར་གཤེགས་པ་བསོད་ནམས་སྟེགས་བཟང་ལ། །ནོར་བུ་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཐེ་ཙོམ་སྤངས་པ་རྒྱལ་པོ་ཡིས། ། བཙུན་མོར་གྱུར་ཚེ་བདེ་གཤེགས་བརྩོན་བརྟན་ལ། །མེ་ཏོག་བསྐྱེད་མོས་ཚལ་དག་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འཇིག་རྟེན་འདས་པ་མ་མི་ ཁར༑ ༑གྱུར་ཚེ་བདེ་གཤེགས་ཐུབ་པར་གྲགས་དེ་ལ། །དབུ་ཞུ་གཅིག་ཅིག་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དོན་ཡོད་རྣམ་གནོན་མི་མཇེད་ བདག་ཚངས་ཆེ་བདེ་གཤེགས་གྲགས་པ་རྒྱལ་མཚན་ལ། །ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ རྟོགས་པར་མཛད་པ་པོས། །དེ་བཞིན་གཤེགས་པ་དགྲ་བཅོམ་འོད་དེ་ལ་།སྤོས་ཀྱི་རི་ལུ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མེ་ཏོག་རྒྱལ་ [479A]༄༅། །མཚན་རྒྱལ་བུའི་ཚེ། །དེ་བཞིན་གཤེགས་པ་ཀུན་ནས་གསལ་དེ་ལ། །རྩྭ་ཡིས་བཀབ་པའི་ཁང་བཟང་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །བདེ་གཤེགས་རི་དབང་རྒྱལ་པོ་འདྲེག་མཁན་ཚེ། །དེ་བཞིན་གཤེགས་པ་གཟི་བརྗིད་ཆེ་དེ་ཡི། །དབུ་སྐྲ་ལེགས་པར་འབྲེག་པ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་ སེམས་བསྐྱེད་དོ། །བདེ་གཤེགས་གཟི་བརྗིད་ཆེན་པོ་འབྲུ་མར་མཁན་།གྱུར་ཚེ་བདེ་གཤེགས་དགྲ་བཅོམ་མཆོད་འོས་ཀྱི། །གཙུག་ལག་ཁང་དུ་སྤོས་བསྒོས་འབྲུ་མར་ཕུལ། ། དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དོན་མཛད་གཟིགས་པ་ཏལ་བའི་ཚེ། །དེ་བཞིན་གཤེགས་པ་དཔལ་གྱི་མཆོག་དེ་ལ་།ལྷང་ཚེར་ལེབ་ལེབ་པོ་དག་ཕུལ་ ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གྲགས་པ་མཐའ་ཡས་འཁོར་ལོ་སྒྱུར་གྱུར་ཚེ། །དེ་བཞིན་གཤེགས་པ་དོན་གྲུབ་སེམས་དཔའ་དེ་ལ་ ནི༑ ༑ཛམྦུའི་ཆུ་བོའི་གསེར་གྱི་གདུགས་སྟོང་ཕུལ་ནས་ཀྱང། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་རིན་ཆེན་ལྷ་ནི་འཛམ་གླིང་གི་རྒྱལ་པོར་གྱུར་ཚེ་ དེ་བཞིན་གཤེགས་པ་དགས་མཆོད་ལ། །འབྲས་བུའི་བསྐྱེད་མོས་ཚལ་དག་དབུལ་བ་བྱས་ནས་ཀྱང། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དོན་ [479B]བུར་གྱུར་ཚེ་ན་དེ་བཞིན་གཤེགས་པ་ཀུན་ཏུ་སྦེད། །སྲང་དུ་གཤེགས་ཚེ་ཐལ་མོ་སྦྱར་ཏེ་ཕྱག་བྱས་ནས། །དང་པོར་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་ བཞིན་གཤེགས་པ་བློ་རྫོགས་རྒྱལ་བུའི་ཚེ། །དེ་བཞིན་གཤེགས་པ་རབ་ཏུ་དང་བ་ལ། །མེ་ཏོག་དག་ལས་བྱས་པའི་གདུགས་ཕུལ་ནས་།དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་ གཤེགས་མྱ་ངན་མེད་པ་དཔའ་བོའི་ཚེ། །དེ་བཞིན་གཤེགས་པ་བློ་གྲོས་སེམས་པ་དེ། །འཇིགས་པ་མེད་པའི་ཚུལ་གྱིས་སྤྱན་དྲངས་ནས་།དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་ དོ༑ །དེ་བཞིན་གཤེགས་པ་དྲི་མ་བྲལ་པ་ཡིས། །སེམས་ཅན་ཀུན་ལ་ཡུད་ཙམ་བྱམས་བསྒོམས་ནས། །དེ་བཞིན་གཤེགས་པ་ངེས་བྱུང་བློ་དེ་ལ་།དང་པོར་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །དེ་བཞིན་གཤེགས་པ་ཚངས་ལྷ་ཤིང་སྲུངས་ཚེ། །དེ་བཞིན་གཤེགས་པ་ལྷུན་པོའི་དབྱངས་དེ་ལ། །བུ་རམ་ཤིང་གི་སྡོང་བུ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །དེ་བཞིན་གཤེགས་པ་ས་ཡི་དབང་ཕྱུག་ནི། །དགེ་སློང་གྱུར་ཚེ་དེ་བཞིན་གཤེགས་པ་པོ། །སྣ་ཚོགས་གསུང་པའི་ཆོས་གདན་བཏིང་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་ སེམས་བསྐྱེད་དོ། །བདེ་གཤེགས་མེ་ཏོག་སྤྱན་ནི་རྒྱལ་པོ་ཡི། །མིར་གྱུར་ཚེ་ན་བདེ་གཤེགས་འབྲུག་སྒྲ་ལ། །ཨུཏྤལ་དམར་པོ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་ [480A]༄༅། །སེམས་བསྐྱེད་དོ། །བདེ་གཤེགས་རྣམ་འབྱེས་སྐུ་ནི་བཙོ་བླག་མཁན། །གྱུར་ཚེ་བདེ་གཤེགས་འོད་ཆེན་ཕུང་པོ་ཡི། །ན་བཟའ་དག་ནི་བཀྲུ་བཤལ་བྱས་ ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཆོས་འོད་ཀྱིས་ནི་གྲོང་དག་དང། །ཡུལ་འཁོར་རྣམས་སུ་ཕ་རོལ་ཕྱིན་དྲུག་སྒྲ་བསྒྲགས་ནས། །དེ་ བཞིན་གཤེགས་པ་དཔལ་ནི་བརྩེགས་པ་དེ་ལ་ཡང། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཀུན་གཟིགས་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་ཚེ། །གཙུག་ ལག་ཁང་མཆོག་བྱེ་བ་དྲུག་ཅུ་བྱེད་གཅུག་ནས། །དེ་བཞིན་གཤེགས་པ་མྱ་ངན་མེད་པར་དགའ་དེ་ལ། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡོན་ ཏན་འོད་གསལ་ཕྱག་དར་བར། །གྱུར་ཚེ་བདེ་གཤེགས་ཡུལ་འཁོར་ལྷ་དེ་ལ། །རྡོ་ལེབ་གདན་དག་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་ གཤེགས་པ་ཟླ་ཞལ་བྲམ་ཟེའི་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་སེངྒེ་དགའ་བའི་དབྱངས་དེ་ལ། །ཀནྟ་ར་ཡི་མེ་ཏོག་དག་ནི་གཏོར་ནས་ཀྱང། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །བདེ་གཤེགས་རིན་ཆེན་འོད་ནི་དེད་དཔོན་ཚེ། །དེ་བཞིན་གཤེགས་པ་འོད་མཐའ་ཡས་དེ་ལ། །རིན་པོ་ཆེའི་སྒྲོན་མ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་ [480B] །བདེ་གཤེགས་རིན་ཆེན་ཏོག་ནི་ལྕགས་མགར་ཚེ། །དེ་བཞིན་གཤེགས་པ་མཐོང་ན་དགའ་དེ་ལ། །ལྕགས་བཞར་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་གྲགས་བླ་ཆང་ཚོང་ཚེ་།དེ་བཞིན་གཤེགས་པ་སྒྲོན་མའི་རྒྱལ་པོ་ལ། །ཛམྦུའི་རོ་བྲོ་བ་དག་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །བདེ་གཤེགས་འོད་བྱེད་ཚོང་དཔོན་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་དཔལ་གྱི་ཏོག་དེ་ལ། །མུ་ཤི་ཀཔཤའི་མེ་ཏོག་གཏོར་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་ དོ༑ ༑བདེ་གཤེགས་གཟི་བརྗིད་དཔལ་མེད་ཕྲེང་རྒྱུད་ཚེ། །དེ་བཞིན་གཤེགས་པ་ཕྱོགས་སུ་རྣམ་གྲགས་ལ། །པདྨ་མེད་འདབ་བརྒྱ་པ་དག་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །དེ་བཞིན་གཤེགས་པ་དུས་མཁྱེན་གོས་ཚོང་ཚེ། །དེ་བཞིན་གཤེགས་པ་སྤྱན་སྡུག་དེ་ལ་ནི། །རས་ཡུག་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །བདེ་གཤེགས་སེངྒེའི་སྐུ་ནི་སྤོས་ཚོང་ཚེ། །དེ་བཞིན་གཤེགས་པ་ཟླ་བའི་ཏོག་དེ་ལ། །སྤོས་ཀྱི་ཕུང་མ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། ། བདེ་གཤེགས་མཁས་བློ་ཚོད་དཔོན་ཁོལ་པོའི་ཚེ། །དེ་བཞིན་གཤེགས་པ་འཇིགས་མེད་སྦྱིན་དེ་ལ། །མེ་ཏོག་ཆུན་པོ་དག་ནི་ཕུལ་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་ [481A]༄༅། །དོ༑ ༑དེ་བཞིན་གཤེགས་པ་རྒྱལ་བཀའ་ལྷའི་བུའི་ཚེ། །དེ་བཞིན་གཤེགས་པ་རྒྱུ་སྐར་རྒྱལ་པོ་ལ། །མེ་ཏོག་མནྡཱ་ར་བ་ཕུལ་ནས་ཀྱང། །དང་པོར་བྱང་ ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཡོན་ཏན་ཕུང་པོ་ནི། །སྩལ་ཆེན་ལྟ་བུའི་བྲམ་ཟེའི་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་ཟླ་བ་ལྷ་དེ་ལ། །ཕྲེང་ཕུལ་དང་པོར་བྱང་ ཆུབ་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཟླ་ཏོག་སྤོས་ཚོང་ཚེ་།དེ་བཞིན་གཤེགས་པ་ཉི་མའི་འོད་དེ་ཡི། །ཁང་པ་བརྩེགས་པར་སྤོས་བྱུང་ཕྱིར་ཕུལ་ནས། །དང་པོར་ བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་མཐུ་ཐོབ་ཤིང་སྲུང་ཚེ། །དེ་བཞིན་གཤེགས་པ་གྲགས་པ་ཆེ་དེ་ལ། །རྒུན་ཤིང་དག་ནི་དབུལ་བ་བྱས་ནས་ཀྱང། །དང་ པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མཐུ་རྩལ་མཐའ་ཡས་ཚོང་དཔོན་གྱི། །བུ་ཚེ་དེ་བཞིན་གཤེགས་པ་འཇམ་དབྱངས་ལ་།སེ་འབྲུ་དག་གི་དབུལ་བ་བྱས་ནས་ ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཟླ་བ་བྲམ་ཟེའི་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་སྟོན་པར་དགྱེས་དེ་ལ། །ཨུཏྤལ་ཆང་པ་གང་ཞིག་ཕུལ་ ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དྲི་མེད་ཚོང་དཔོན་གྱི། །བུ་ཚེ་དེ་བཞིན་གཤེགས་པ་གྲགས་བླ་ལ། །མེ་ཏོག་པརིཤ་སྐྱེ་བའི་ས་གཞི་ [481B] ༑དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དོན་ཀུན་གཟིགས་པ་དེད་དཔོན་ཚེ། །དེ་བཞིན་གཤེགས་པ་ལྷ་ཡི་རྒྱལ་པོ་ལ། །མུ་ཏིག་དག་གི་ཕྲེང་བ་ཕུལ་ནས་ཀྱང། ། དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དཔའ་བོ་སྤོས་ཚོང་ཚེ། །དེ་བཞིན་གཤེགས་པ་དམར་སེར་འོད་དེ་ལ་།ཙནྡན་དག་གི་གདན་ཁྲི་ཕུལ་ནས་ཀྱང། ། དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འབྱོར་ལྡན་ཚོང་དུས་པ་ཡི་ཚེ། །དེ་བཞིན་གཤེགས་པ་བདེ་བར་འདུན་དེ་ལ་།སྙུན་རྐྱེན་གསོས་སྨན་མར་དག་ཕུལ་ནས་ ཀྱང༑ ༑དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བསོད་ནམས་པ་ལང་རྫི་ཡི་ཚེ། །དེ་བཞིན་གཤེགས་པ་བློ་གྲོས་སེམས་དེ་ལ། །སྣོད་དག་ཞོ་ཡིས་བཀང་སྟེ་ཕུལ་ནས་ཀྱང་ །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྒྲོན་མ་ཚལ་གྱི་ལས་བྱེད་ཚེ། །དེ་བཞིན་གཤེགས་པ་དབྱིག་གསལ་དེ་ལ་ནི་།ཨ་མྲའི་འབྲས་བུ་དག་ནི་ཕུལ་ནས་ཀྱང། །དང་ པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཡོན་ཏན་འོད་འཕྲོ་ནི། །རོ་བྲོ་ཚོང་ཚེ་དེ་བཞིན་གཤེགས་པ་པོ། །སྐྱོན་ཞི་དེ་ལ་ཁ་རའི་དུམ་བུ་ཕུལ། །དང་པོར་བྱང་ཆུབ་ ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་བློ་ཡངས་ཀུན་རྒྱུའི་ཚེ། །དེ་བཞིན་གཤེགས་པ་རྒྱུ་སྐར་རྒྱལ་པོ་ལ། །ལོ་མ་དག་གི་རི་ལུ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་ [482A]༄༅། །སེམས་བསྐྱེད་དོ། །བདེ་གཤེགས་ལེགས་སྐྱེས་རྒྱ་མཚོའི་ཚོང་པའི་ཚེ། །དེ་བཞིན་གཤེགས་པ་བསྙེངས་པ་བྲལ་དེ་ལ། །ན་བཟའ་སྟོང་ཕྲག་བརྒྱ་ནི་ཕུལ་ ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ནོར་ལྷ་ཤིང་ཚོང་ཚེ། །དེ་བཞིན་གཤེགས་པ་བློ་གསལ་དེ་ལ་ནི། །རྩྭ་བམ་སྒྲོན་མ་དག་ནི་ཕུལ་ནས་ ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡིད་གཉིས་སྤོང་བ་གསེར་མགར་ཚེ། །དེ་བཞིན་གཤེགས་པ་ཡིད་གཉིས་སེལ་མཛད་ལ། །གསེར་གྱི་མེ་ ཏོག་དག་ནི་གཏོར་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འཛིན་པ་དཔག་མེད་གསེར་རྟོག་ཚེ། །དེ་བཞིན་གཤེགས་པ་བྱམས་པའི་དཔལ་དེ་ལ། ། གསེར་ནི་སྤར་གང་གཏོར་ཏེ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་མཆོག་སྲེད་སྡེ་དཔོན་གྱི་།བུ་ཚེ་དེ་བཞིན་གཤེགས་པ་གཙོ་ མཆོག་ལ། །གསེར་ལས་བྱས་པའི་གདུགས་དག་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཆོམས་མེད་ལྕགས་མགར་ཚེ། །དེ་བཞིན་ གཤེགས་པ་སྣ་ཚོགས་གསུང་དེ་ལ། །ཨ་ཧ་ཏ་ཀ་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མི་གནས་གྲོང་ཁྱེར་རྟེན་པའི་ཚེ། ། [482B] །མེ་ཏོག་རངས་པ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དེར་གནས་ཐགས་མཁན་ ཚེ༑ ༑དེ་བཞིན་གཤེགས་པ་ཟླ་བ་གཟིགས་དེ་ལ། །སྐ་རགས་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཚོགས་ཆེན་གཙོ་བོ་མགོན་ མེད་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་བདུད་ཟིལ་གནོད་པ་དེ་ལ་ནི་།མོན་སྲན་གྲེ་འུའི་འབྲུ་མར་མར་མེ་ཕུལ་ནས་ཀྱང། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་ གཤེགས་འགྲོ་བའི་འོད་ཟེར་འཁོར་ལོས་སྒྱུར་བའི་ཚེ། །བདེ་གཤེགས་ཤིང་རྟ་ཆེན་པོ་འཁོར་བཅས་བྱེ་སྟོང་ལ། །རྒྱལ་པོའི་ཞལ་ཟས་དག་ནི་བྲིམ་པ་བྱས་ནས་ཀྱང། །དང་པོ་ ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཕལ་ཆེན་འཁོར་ལོས་བསྒྱུར་བའི་ཚེ། །དེ་བཞིན་གཤེགས་པ་སེངྒེའི་སྟབས་ཀྱིས་གཤེགས་དེ་ལ། །དཔག་ཚད་ བཅུ་གཉིས་ཁྱོན་ཙམ་སྐྱེད་མོས་ཚལ་ཕུལ་ནས། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རྒྱལ་ནི་འབྲུ་མར་མཁན་གྱི་ཚེ། །དེ་བཞིན་གཤེགས་པ་འོད་ ཟེར་ཚིམ་དེ་ལ། །ཞབས་བ་སྐུ་བདག་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་གཟི་བརྗིད་མཐའ་ཡས་ཁྲུས་པའི་ཚེ། །དེ་བཞིན་ [483A]༄༅། །གཤེགས་པ་ཀུན་ཏུ་སྦེད་པ་དེ་ལ་ནི། །འདག་པའི་ཆལ་གྱིས་སྣོད་དག་བཀང་སྟེ་ཕུལ་ནས་ཀྱང། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་ གཤེགས་དོན་གྱི་བློ་གྲོས་ནད་པའི་ཚེ། །དེ་བཞིན་གཤེགས་པ་དོན་གྲུབ་མཐུ་རྩལ་ལ། །ཁ་རའི་དུམ་བུ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་ གཤེགས་སྨན་པའི་རྒྱལ་པོའི་ཕྱེ་ཚོང་ཚེ། །དེ་བཞིན་གཤེགས་པ་ཉི་མའི་འོད་དེ་ལ། །ཕྱེ་ཡི་བསོད་སྙོམས་དག་ནི་ཕུལ་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་ གཤེགས་ཐ་བ་སྤངས་པ་སྨན་པའི་ཚེ། །དགེ་འདུན་དག་ལ་མར་ཁུ་ཕུལ་ནས་ཀྱང། །དེ་བཞིན་གཤེགས་པ་གཟིགས་པའི་ཕུང་པོ་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་ དོ༑ ༑བདེ་གཤེགས་རིམས་མེད་ཤིང་བཟོ་མཁན་གྱི་ཚེ། །དེ་བཞིན་གཤེགས་པ་རྣམ་དག་བློ་དེ་ལ། །ཤིང་རྟ་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །དེ་བཞིན་གཤེགས་པ་ལེགས་བྱིན་བྲམ་ཟེའི་བུར་གྱུར་ཚེ་།དེ་བཞིན་གཤེགས་པ་ཚོགས་ཅན་མྱ་ངན་འདས་པ་ན། །མར་མེའི་ཕྲེང་བ་དངར་བསྟོད་སྙེད་ཕུལ་ནས་ ཀྱང། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་གྲགས་བྱིན་གྲོང་ཁྱེར་མཆོད་རྟེན་ལ། །རྟེན་པའི་ཚེ་ན་དེ་བཞིན་གཤེགས་པ་ནོར་བུ་གསལ། ། [483B] །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་མེ་ཏོག་བྱིན་པ་ནི། །ནོར་བུ་མཁན་ཚེ་དེ་བཞིན་ གཤེགས་པ་པོ། །ཡོན་ཏན་འོད་ལ་ནོར་བུའི་བླ་བྲེ་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྐྱེས་བུས་བྱིན་པ་ཐགས་མཁན་ཚེ། །དེ་བཞིན་གཤེགས་པ་ ཉི་མའི་སྒྲོན་དེ་ལ། །རས་ཀྱི་ཁ་ཚད་དག་ནི་ཕུལ་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་རྡོ་རྗེའི་སྡེ་ནི་ཕྲེང་རྒྱུད་ཀྱི། །བུ་མོར་གྱུར་ཚེ་བདེ་གཤེགས་ འབྱོར་ལྡན་འོད་ཟེར་ལ། །མེ་ཏོག་མྱ་ངན་འཚང་དག་དབུལ་བ་བྱས་ནས་ཀྱང། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཕལ་ཆེན་བྱིན་ནི་གར་མཁན་ཚེ། ། དེ་བཞིན་གཤེགས་པ་སྟོན་པར་དགྱེས་དེ་ལ། །ཚིགས་སུ་བཅད་པ་གཅིག་གིས་བསྟོད་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ་།བདེ་གཤེགས་ཞི་བའི་བློ་གྲོས་ རྒྱལ་པོའི་ཚེ། །དེ་བཞིན་གཤེགས་པ་ལེགས་པར་དོན་སེམས་ལ། །བརཤི་མེ་ཏོག་དྲི་ལྡན་གཏོར་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ སྤོས་གླང་གདུགས་མཁན་ཚེ། །དེ་བཞིན་གཤེགས་པ་ཀུན་ཏུ་གཟིགས་དེ་ལ། །གྲོ་བ་དག་ལས་བྱས་པའི་གདུགས་ཕུལ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་ [484A]༄༅། །བཞིན་གཤེགས་པ་སྲེད་མེད་བུ་ནི་ཁྱིམ་བདག་ཚེ། །འབྲོག་དགོན་དག་ཏུ་དགེ་སློང་དགེ་འདུན་བཏུང་ཆུ་ཕུལ། །དེ་བཞིན་གཤེགས་པ་སེངྒེའི་རྒྱལ་ མཚན་དེ་ལ་ནི། །དང་པོར་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ངེས་པ་དམན་ལས་བྱེད་པའི་ཚེ། །བསླབ་པའི་གཞི་ལྔ་དག་ནི་བཟུང་བ་བྱས་ནས་ ཀྱང། །དེ་བཞིན་གཤེགས་པ་མཉམ་པར་གནས་པ་དེ་ལ་ནི། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མི་ཚུགས་ནད་པ་མགོན་མེད་བོར་བའི་ཚེ། །དེ་ བཞིན་གཤེགས་པ་མཐུ་རྩལ་ཆེན་པོ་དེ་ཡི་ལམ། །ལག་མཐིལ་ཙམ་ཞིག་ཕྱག་དར་ལེགས་པར་བྱས་ནས་ཀྱང། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་ གཤེགས་པ་ཉི་ཟླ་གཽ་ཏམ་ཚེ། །དེ་བཞིན་གཤེགས་པ་མཁས་མཆོག་པད་སྦྱིན་ལ། །དབྱར་གནས་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་ དོ༑ ༑དེ་བཞིན་གཤེགས་པ་གློག་ཏོག་རྒྱ་མཚོའི་ཚོང་པའི་ཚེ་།ཁྲུ་བརྒྱད་ཀྱིས་བསྐོར་སྤུག་ལས་བྱས་པའི་གདུགས་ཕུལ་ནས། །དེ་བཞིན་གཤེགས་པ་ཉི་མའི་འོད་ཟེར་དེ་ལ་ ནི༑ ༑དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་མཆོད་པ་ལས་བྱེད་ཚེ། །དེ་བཞིན་གཤེགས་པ་གསལ་བ་མཐའ་ཡས་ལ། །ལས་བཏང་བྱས་ [484B] །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དཔལ་སྦས་ཤིང་སྲུངས་ཚེ་།དེ་བཞིན་གཤེགས་པ་མཐའ་ཡས་གཟུགས་དེ་ལ། །ཨ་ མྲ་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡེ་ཤེས་ཉི་མ་རྫ་མཁན་ཚེ། །དེ་བཞིན་གཤེགས་པ་ལྷ་ཡི་གདུགས་དེ་ལ། །ལྷུང་བཟེད་ དང་ནི་གུནྡྷེ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དོན་གྲུབ་སྨན་པའི་ཚེ། །དེ་བཞིན་གཤེགས་པ་རིན་ཆེན་འོད་ཟེར་ལ། །སྤོས་ཀྱི་རེང་བུ་ དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ་།དེ་བཞིན་གཤེགས་པ་ལྷུན་བརྩེགས་ཁྲལ་མིའི་ཚེ། །བདེ་གཤེགས་ཡུལ་འཁོར་ཁ་ལོ་སྒྱུར་དེ་ལ། །ལྷགས་པའི་ དུས་སུ་ཤིང་ཁུར་གཅིག་ཕུལ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དགྲ་འདུལ་ཡང་བའི། །དཔྱད་མཁན་ཚེ་ན་བདེ་གཤེགས་ལེགས་མཐོང་དག་འབྲོག་ དགོན་བཞུགས་ཚེ་ལྷང་ཚེར་གདུགས་ཕུལ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་པདྨ་ཕྲེང་རྒྱུད་ཚེ་།དེ་བཞིན་གཤེགས་པ་བཤེས་གཉེན་བཞེས་དེ་ལ། ། པདྨ་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་གྲགས་པ་ནི། །ནོར་བུ་མཁན་ཚེ་བདེ་གཤེགས་སྐལ་བཞེད་ལ། ། [485A]༄༅། །ནོར་བུ་རིན་ཆེན་མེ་ཤེལ་གཅིག་ཕུལ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡེ་ཤེས་འགྲོས་ནི་ཀླུ་རྒྱལ་ཚེ། །བདེ་གཤེགས་ཉི་ ཞལ་སོས་ཀའི་དུས་དག་ཏུ། །ལམ་དུ་ཞུགས་ཚེ་ཆར་པ་ཕབ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཉོན་མོངས་བྲལ་བ་གར་མཁན་ཚེ། །དེ་བཞིན་ གཤེགས་པ་ཐོགས་མེད་སྤྱན་དེ་ལ། །མེ་ཏོག་ཆུན་པོ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འདམ་བུ་དབུལ་པོའི་བུར་གྱུར་ཚེ། ། དགོན་པར་བདེ་གཤེགས་སེངྒེའི་སྟབས་དེ་ལ། །བཤོས་དྲོན་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ་།བདེ་གཤེགས་སྤོས་བཟང་བྲམ་ཟེའི་བུར་ གྱུར་ཚེ། །དེ་བཞིན་གཤེགས་པ་སྒྲོན་མ་ཆེ་དེ་ལ། །ལོ་མ་དག་ལས་བྱས་པའི་གདུགས་ཕུལ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡུལ་འཁོར་རངས་ ནི་ཤིང་སྲུང་ཚེ། །དེ་བཞིན་གཤེགས་པ་བཞོན་པར་མཛད་དེ་ལ་།བསིལ་ཡ་བདག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ ལྷ་གྲགས་གྲོང་ཁྱེར་བརྟན་པའི་ཚེ། །དེ་བཞིན་གཤེགས་པ་ཡོན་ཏན་གསལ་དེ་ལ། །གོས་རས་ན་བཟའ་དག་ནི་བུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། ། [485B] །དེ་བཞིན་གཤེགས་པ་བསོད་ནམས་སྙིང་པོ་ཡི། །ལམ་སྲང་དག་ནི་མཚོན་པ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་ གཤེགས་པ་ཟླ་བ་སྤོས་ཚོང་ཚེ། །དེ་བཞིན་གཤེགས་པ་ཆོས་དེ་འཆང་བའི་ཚེ། །དུས་ཀྱི་རྗེས་འབྲང་སྤོས་ནི་ཞོ་གཅིག་ཕུལ་།དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་ གཤེགས་པ་གྲ་གཅན་ལས་ཀྱི་ཚེ། །དེ་བཞིན་གཤེགས་པ་ལྷ་དགའ་དེ་ལ་ནི། །ཕྱག་འཁར་གཅིག་ཅིག་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་ གཤེགས་རིན་ཆེན་ཟླ་བ་རྒྱལ་བུའི་ཚེ། །དེ་བཞིན་གཤེགས་པ་བསྙེངས་མེད་དགྱེས་དེ་ལ། །ཏ་ལ་པ་ཏ་དག་ནི་ཕུལ་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ སེངྒེའི་རྒྱལ་མཚན་རྫ་མཁན་ཚེ། །དེ་བཞིན་གཤེགས་པ་ཤེས་རབ་རྒྱལ་མཚན་ལ། །སུམ་པ་ཀ་ཡི་ལྷུང་བཟེད་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ བསམ་གཏན་དགྱེས་པ་གྲོང་ཁྱེར་གྱི། །ཕོ་ཉའི་ཚེ་ན་བདེ་གཤེགས་མདངས་འོད་ལ། །མེ་ཏོག་ཆུན་པོ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་ པ་རྫོགས་ལྡན་རྔོན་པའི་ཚེ། །དེ་བཞིན་གཤེགས་པ་ཟླས་བྱིན་དེ་ལ་ནི། །མིག་མི་འཛུམས་པར་བལྟ་བར་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་ [486A]༄༅། །པ་རྣམ་རོལ་རྒྱལ་བུའི་ཚེ། །དེ་བཞིན་གཤེགས་པ་ཡོན་ཏན་དབྱིག་དེ་ལ། །དཔག་ཚད་ཁོར་ཡུག་མེ་ཏོག་ཆལ་བཀྲམ་ཕུལ་།དང་པོར་བྱང་ཆུབ་ཏུ་ནི་ སེམས་བསྐྱེད་དོ། །བདེ་གཤེགས་ཡོན་ཏན་རིན་ཆེན་ལྗོངས་གཙོའི་ཚེ་།དེ་བཞིན་གཤེགས་པ་མཐའ་ཡས་འོད་དེ་ལ། །མེ་ཏོག་ཙམྤ་ཀ་དག་ཕུལ་ནས་ཀྱང། །དང་པོར་བྱང་ ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དགྲ་བཅོམ་གྲགས་པ་མཉན་པའི་ཚེ། །དེ་བཞིན་གཤེགས་པ་ངེས་པ་པོ་དེ་ནི། །གྲུ་དག་ལས་ནི་བསྒྲལ་བ་བྱས་ནས་ཀྱང། །དང་ པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་པ་དངོས་འབྲུ་མར་མཁན་གྱི་ཚེ། །དེ་བཞིན་གཤེགས་པ་གྲགས་པའི་ཏོག་དེ་ལ། །དྲི་ཞིམ་ཞབས་བསྐུ་བ་དག་ཕུལ་ ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མཛོད་སྤུ་ལྡན་པ་ཚོང་པའི་ཚེ། །དེ་བཞིན་གཤེགས་པ་བསྙེངས་མེད་ང་རོ་ལ། །ལྷུང་བཟེད་ཞོ་ཡིས་ བཀང་སྟེ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྤོས་གྲགས་ཚོང་པའི་ཁོལ་པོའི་ཚེ། །དེ་བཞིན་གཤེགས་པ་ཀུན་ཏུ་ཡོན་ཏན་ལ། །ལན་ ཚྭ་སྲང་འགའ་ཞིག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་རྡོ་རྗེ་ནོར་བུ་ཡིས། །དེ་བཞིན་གཤེགས་པ་འབར་བའི་ཏོག་དེ་ལ། །ཚོང་ [486B] །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཚེ་དཔག་མེད་ནི་སྨན་པའི་ཚེ། །དེ་བཞིན་གཤེགས་པ་སྲེད་མེད་བུ་དེ་ལ། །མིག་ སྨན་རི་ལུ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ནོར་བུ་བཀོད་པ་ཁྱེ་འུ་འཚེ། །དེ་བཞིན་གཤེགས་པ་རིན་ཆེན་གསལ་བ་ཡི། །ལམ་སྲང་ དག་ཏུ་མེ་ཏོག་དཀར་པོ་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དབང་ཆེན་གྱེད་གྱི་ཚེ། །དེ་བཞིན་གཤེགས་པ་ཀུན་ཏུ་དགོངས་དེ་ལ། །ཀོ་དྲ་པ་ ཡི་འབྲུ་དག་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡོན་ཏན་འབྱུང་ནས་བྲམ་ཟེའི་ཚེ། །དེ་བཞིན་གཤེགས་པ་ལེགས་སེམས་དེ་ལ་ནི། ། རིལ་པ་གཅིག་ཅིག་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ལྷུན་པོ་གྲགས་པ་ཡིས་།ཕྱོགས་བཞིའི་དགེ་འདུན་དག་ལ་རྫིང་ ཕུལ་ནས། །དེ་བཞིན་གཤེགས་པ་བློ་གྲོས་བཟང་པོ་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་འོད་ཟེར་བཅུ་པ་ལྷའི་བུའི་ཚེ། །བདེ་གཤེགས་གཟི་ བརྗིད་མཐའ་ཡས་བྱང་ཆུབ་སྙིང་པོར་ནི། །སྙོམས་པར་ཞུགས་པའི་ཚེ་ན་སོར་མོ་ལྔ་བསྲེགས་ནས། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མ་སྨད་ཤིང་ [487A]༄༅། །རྟ་མཁན་གྱི་ཚེ། །དེ་བཞིན་གཤེགས་པ་སེངྒེའི་ཕྱག་དེ་ལ། །ལོ་མ་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་ གཤེགས་བླང་པོའི་འགྲོས་ནི་གྲོང་ཁྱེར་དུ། །རྟེན་པའི་ཚེ་ན་བདེ་གཤེགས་བློ་སྣང་ལ། །ཤ་མ་ཀ་དག་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་ གཤེགས་ཡིད་འཐད་གནག་ལྷས་སྲུང་བའི་ཚེ། །དེ་བཞིན་གཤེགས་པ་ལྷ་ཡི་རྒྱལ་པོ་ལ། །དར་བ་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། ། བདེ་གཤེགས་རིན་ཆེན་ཟླ་བ་ལམ་སྟོན་ཚེ། །བདེ་གཤེགས་བདེན་པའི་ཏོག་གི་ལམ་དག་ཏུ། །གོས་ཀྱི་གདན་དག་གདིང་བ་བྱས་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་ དོ༑ ༑དེ་བཞིན་གཤེགས་པ་བཞི་པ་སྨན་པའི་ཚེ། །དེ་བཞིན་གཤེགས་པ་ལེགས་པར་གནས་དེ་ལ། །ཨུཏྤལ་ཡི་བཀྲུ་སྨན་ཕུལ་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། ། བདེ་གཤེགས་རབ་གསལ་རྒྱལ་པོ་སྤོང་བརྩོན་པའི། །དགེ་སློང་ཚེ་ན་བདེ་གཤེགས་དཔག་མེད་པའི། །ལྷ་ལ་ཨ་ཡོ་ག་དག་ཕུལ་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་ དོ༑ ༑བདེ་གཤེགས་ཁ་ལོ་སྒྱུར་བ་དེད་དཔོན་ཚེ། །དེ་བཞིན་གཤེགས་པ་འཕགས་པའི་མེ་ཏོག་ལ། །ཙནྡན་དམར་པོའི་ཁང་བཟང་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་ [487B] །བདེ་གཤེགས་དགའ་བའི་དབང་ཕྱུག་ཕྱུག་པོའི་ཚེ། །དེ་བཞིན་གཤེགས་པ་མཆོད་སྦྱིན་ཆེན་པོ་ལ། །རོལ་མོའི་སྒྲ་ཡིས་མཆོད་པ་བྱས་ནས་ཀྱང། །དང་པོར་བྱང་ ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གཙུག་ན་རིན་ཆེན་རྩིས་པ་ཡི། །ཁྱེའུ་ཚེ་དེ་བཞིན་གཤེགས་པ་ཏོག་ཆེན་ལ། །མཚུངས་པ་མེད་པའི་ཕྱེ་མ་གཏོར་ནས་ཀྱང། །དང་པོར་ བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་བསྙེངས་བྲལ་རྩ་ཚོང་ཚེ། །དེ་བཞིན་གཤེགས་པ་ཉི་མའི་འོད་དེ་ལ། །ཀ་པིད་ཏ་ཡི་ཕུར་མ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྒྲ་གཅན་ལྷ་ནི་ཤིང་ཚོང་ཚེ། །དེ་བཞིན་གཤེགས་པ་རིན་ཆེན་འོད་དེ་ལ། །རྩྭ་ལས་བྱས་པའི་མཆིམ་ལྷམ་ཕུལ་ནས་ཀྱང། །དང་པོར་བྱང་ ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ན་ཚོད་བཟང་པོ་གྲོང་སྲུང་ཚེ། །གྲོང་ཁྱེར་དག་གི་སྒོ་ནི་བྱས་ནས་ཀྱང། །དེ་བཞིན་གཤེགས་པ་རྨ་བྱའི་ང་རོ་ལ། །དང་པོར་བྱང་ཆུབ་ཏུ་ནི་ སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ལྷ་དགའ་སྨན་པའི་ཚེ། །དེ་བཞིན་གཤེགས་པ་ཀུན་ཏུ་རྣམ་རྒྱལ་ལ། །ཤི་རི་ཤ་ཡི་མེ་ཏོག་ཏོར་ནས་ཀྱང། །དང་པོར་བྱང་ཆུབ་ ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རིན་ཆེན་ཕུང་པོ་སྨད་ཚོང་མའི། །གཙོ་མོའི་ཚེ་ན་བདེ་གཤེགས་འབྱོར་འོད་ལ། །ན་བ་མ་ལའི་མེ་ཏོག་ཏོར་ནས་ཀྱང། །དང་པོར་བྱང་ [488A]༄༅། །ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མཛེས་གཤེགས་ཚོང་དཔོན་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་སྤྱན་ནི་མཐའ་ཡས་ལ། །ཨུཏྤལ་ནི་ གཅིག་གཅིག་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སེང་ཕྱོགས་བཙོ་བླག་མཁན་གྱི་ཚེ། །དེ་བཞིན་གཤེགས་པ་སྙན་པར་དགྱེས་དེ་ཡི། ། ན་བཟའ་བཀྲུ་བཤལ་དག་ནི་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཤིན་ཏུ་འཐོར་གཤེགས་གླང་པོ་ཆེའི། །རྫིའི་ཚེ་དེ་བཞིན་གཤེགས་ པ་བདེ་གཤེགས་ཀྱི། །གདན་ནི་བ་ཏི་ཤིང་དྲུང་བཏིང་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྐྱེ་དབང་གྲོང་ཁྱེར་རྟེན་པའི་ཚེ། །དེ་བཞིན་ གཤེགས་པ་གསལ་བའི་ལྷ་དེ་ལ། །ཏེ་ཀ་ནི་ཡའི་མེ་ཏོག་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བློ་གྲོས་བཟང་པོ་གྲོང་དཔོན་ཚེ། །དེ་བཞིན་ གཤེགས་པ་མཐའ་ཡས་གཤེགས་དེ་ལ། །ཨ་སྨྲའི་ལྕུག་མ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་པ་སྐྱེད་དོ། །བདེ་གཤེགས་འཇིག་རྟེན་འོད་ནི་སྤོས་ཚོང་ཚེ། ། དེ་བཞིན་གཤེགས་པ་ཡུལ་འཁོར་ལྷ་དེ་ལ། །སྤོས་རྣམས་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ་།བདེ་གཤེགས་རིན་ཆེན་གཟི་བརྗིད་བྲམ་ [488B] ༑དེ་བཞིན་གཤེགས་པ་བློ་ཟབ་དེ་ལ་ནི། །བལ་དང་འབྲས་བུ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བསྐལ་ལྡན་ཤིང་རྟ་རྩྭ་ཚོང་ཚེ། ། དེ་བཞིན་གཤེགས་པ་སྡེ་ཡི་འགྲོས་དེ་ལ། །མེ་ཏོག་ཆུན་པོ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཀུན་རྒྱལ་འཁྲུལ་འཁོར་མཁན་གྱི་ཚེ། ། དེ་བཞིན་གཤེགས་པ་ཟླ་བའི་འོད་དེ་ལ། །དར་གྱི་ལྡ་ལྡི་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དགའ་བ་བཀོད་པ་ཚོང་དཔོན་ཚེ། །དེ་བཞིན་ གཤེགས་པ་གཟི་བརྗིད་ཕུང་པོ་ལ། །འོ་མར་བཅས་པའི་འབྲས་ཅན་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་སྟེགས་ནི་མཛད་པ་པོ། །ཤིང་ རྟ་མཁན་ཚེ་བདེ་གཤེགས་དགྱེས་ཆུང་ལ། །ཤིང་ལས་བྱས་པའི་མ་ཆིལ་ལྷམ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྤོས་ཀྱི་གླང་པོ་ཁྱིམ་བདག་ ཚེ༑ ༑དེ་བཞིན་གཤེགས་པ་མཐུ་རྩལ་ཆེན་པོ་ལ། །རྨ་བྱའི་བསིལ་ཡབ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བློ་གྲོས་འོད་འཕྲོ་རྒྱལ་པོ་ཡི། ། བཙུན་མོའི་ཚེ་ན་བདེ་གཤེགས་རྒྱལ་སྡེ་ལ། །མེ་ཏོག་བརཤི་ཚད་པ་གང་ཕུལ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རི་བོ་རྒྱལ་མཚན་ཁྱེའུ་ཚེ། །དེ་བཞིན་ [489A]༄༅། །གཤེགས་པ་དོན་གྲུབ་གཤེགས་དེ་ལ། །ལག་པ་འདག་པའི་ཆལ་དག་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་ པ་སྤོས་བཟང་ཚོང་དཔོན་ཚེ། །དེ་བཞིན་གཤེགས་པ་ཟླ་བ་སྡུག་དེ་ལ། །མེ་ཏོག་ཆུན་པོ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཆོས་བརྟན་ ནོར་བུ་མཁན་གྱི་ཚེ། །དེ་བཞིན་གཤེགས་པ་སེངྒེའི་ང་རོ་ལ་།རིན་པོ་ཆེ་ཡི་གདུགས་དག་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གཟི་བརྗིད་ དྲག་ཤུལ་གསེར་མགར་ཚེ། །དེ་བཞིན་གཤེགས་པ་སྟོན་པ་གསལ་དེ་ལ་།གསེར་གྱི་མེ་ཏོག་དག་ནི་གཏོར་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ ཆོས་ཀྱི་ནོར་བུ་དེད་དཔོན་ཚེ། །དེ་བཞིན་གཤེགས་པ་ཡེ་ཤེས་ཕུང་པོ་ལ། །མུ་ཏིག་དམར་པོ་དག་ནི་གཏོར་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ བཟང་བྱིན་གྲོང་ཁྱེར་རྟེན་པའི་ཚེ། །དེ་བཞིན་གཤེགས་པ་གཟི་བརྗིད་མེ་ཏོག་ལ། །བཤོས་དྲོན་བསོད་སྙོམས་དག་ནི་ཕུལ་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་ དོ༑ ༑བདེ་གཤེགས་ཟླ་བ་ཕྲེང་རྒྱུད་མཁན་གྱི་ཚེ། །དེ་བཞིན་གཤེགས་པ་གཟི་བརྗིད་ཕུང་པོ་ལ། །ཨུཏྤལ་ལྔ་ཞིག་གཏོར་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་ [489B] ༑བདེ་གཤེགས་ཚངས་དབྱངས་ལག་བླ་བྱེད་པའི་ཚེ། །དེ་བཞིན་གཤེགས་པ་རྫུ་འཕྲུལ་འོད་དེ་ལ། །ཚེམས་ཤིང་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །བདེ་གཤེགས་སེངྒེའི་ཟླ་བ་རྒྱལ་པོ་ཡི། །ཕོ་ཉ་བྱེད་ཚེ་བདེ་གཤེགས་གཟི་མཐའ་ཡས། །དེ་ལ་མཆིལ་ལྷམ་དག་ནི་དབུལ་བྱས་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་ དོ༑ ༑བདེ་གཤེགས་དཔལ་ནི་ཚོང་དཔོན་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་འོད་ཟེར་མཐའ་ཡས་ལ། །གསེར་གྱིས་ཕྲེང་བ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་ དོ༑ ༑དེ་བཞིན་གཤེགས་པ་ལེགས་སྐྱེས་གསེར་མགར་ཚེ། །དེ་བཞིན་གཤེགས་པ་དཔལ་གྱི་སྙིང་པོ་ལ། །རིན་པོ་ཆེ་ཡི་སྡོང་བུ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་ དོ༑ ༑བདེ་གཤེགས་ཐུབ་མེད་ཚོགས་ནི་འདུན་དཔོན་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་གྲགས་པ་ལ། །བྲང་རྩིར་བྱས་པའི་འོ་མ་དབུལ་བ་བྱས་ནས་ཀྱང། །དང་པོ་ ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གྲགས་པའི་བཤེས་གཉེན་ཚོང་དབོན་གྱི། །བུར་གྱུར་ཚེ་ན་བདེ་གཤེགས་བདེན་ཏོག་ལ། །མེ་ཏོག་དག་གི་ཕྲེང་བ་ཕུལ་ནས་ཀྱང། ། དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་བདེན་པ་ཕྲེང་རྒྱུད་ཚེ། །ད་བཞིན་གཤེགས་པ་གཟི་བརྗིད་དྲག་ཤུལ་ལ། །མེ་ཏོག་ཆད་པ་གང་ཞིག་ཕུལ་ནས་ [490A]༄༅། །ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བ་སྐྱེད་དོ་།བདེ་གཤེགས་དཀའ་ཐུབ་ཆེན་པོ་ཚོང་དཔོན་ཚེ། །དེ་བཞིན་གཤེགས་པ་ཉི་མའི་རྟོག་དེ་ལ། །འཁོར་ རྣམས་ཐམས་ཅད་དབུལ་བ་བྱས་ནས་ཀྱང། །དང་པོ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ལྷུན་པོའི་འོད་ཟེར་འཁོར་བསྒྱུར་རྒྱལ་པོའི་ཚེ། །དེ་བཞིན་གཤེགས་པ་ ལྷུན་པོ་ཆེན་པོ་དེ་ལ་ནི། །རིན་ཆེན་ཡུ་བར་བཅས་པའི་གདུགས་འབུམ་ཕུལ་ནས་ཀྱང། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ་།བདེ་གཤེགས་ཡོན་ཏན་བརྩེགས་པ་དེད་ དཔོན་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་མཆོད་པ་ཁོད་པ་དེ་ལ་ནི་།རིན་ཆེན་རྣམ་བུ་ལྔ་ལྡི་དབུལ་བ་བྱས་ནས་ཀྱང། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་ གཤེགས་མཆོད་གྲགས་སྩལ་ཆེན་ལྟ་བུའི་བྲམ་ཟེའི་ཚེ། །འཁོར་ནི་ཁྱ་བར་བཅས་བའི་དེ་བཞིན་གཤེགས་པ་པོ། །འཇིག་རྟེན་རྣམ་པར་གྲགས་ལ་ཁྲུས་ཀྱི་ཡོ་བྱད་ཕུལ། །དང་ པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཆོས་གྲགས་ལམ་སྟོན་ཚེ༑ ༑དེ་བཞིན་གཤེགས་པ་དྲག་ཤུལ་བྱིན་པ་ཡི། །འཆགས་པ་དག་ནི་ཕྱག་དར་ བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་སྦྱིན་འོད་དཔའ་བོའི་ཚེ། །དེ་བཞིན་གཤེགས་བ་མཆོག་ཏུ་གྲགས་དེ་ལ། །རྒྱལ་ [490B] །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་གློག་འབྱིན་གྲོང་དཔོན་ཚེ། །དེ་བཞིན་གཤེགས་པ་དོན་གྲུབ་མཐུ་རྩལ་ལ། །གདིང་ བདག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་བདེན་གསུམ་ཁྱིམ་བདག་ཚེ། །དེ་བཞིན་གཤེགས་པ་ལྷ་ཡི་མཆོད་དེ་ལ། །སྦྲང་ རྩིར་བཅས་པའི་འབྲས་ཅན་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འཚོ་བྱེད་ལྷ་རིས་པ་ཡི་ཚེ། །དེ་བཞིན་གཤེགས་པ་བདེན་པ་པོ་དེ་ཡི། །གཙུག་ལག་ ཁང་ནི་ཕྱག་བར་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ན་ཚོད་བཟང་པོ་རྩྭ་ཚོང་ཚེ་།བདེ་གཤེགས་ཟིལ་གྱིས་མི་ནོན་གྲགས་པ་ལ། རྩ་ཡི་སྒྲོན་ མ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ལེགས་པའི་ཚོགས་ཅན་འཁོར་བསྒྱུར་ཚེ། །དེ་བཞིན་གཤེགས་པ་དགྲ་བཅོམ་འོད་དེ་ལ། ། ན་བཟའ་རིན་པོ་ཆེ་དག་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རྣམས་ངེས་བློ་གྲོས་ཚོང་དཔོན་གྱི་།བུ་ཚེ་དེ་བཞིན་གཤེགས་པ་སྒྲོན་ཆེན་ལ། །མུ་ཀ་ ཙནྟྲ་ཀ་དག་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་སྲིད་མཐའ་ནོར་བུའི་སྤོས། །རིམ་གྲོ་བ་ཚ་བདེ་གཤེགས་བློ་སྤྱོད་ལ། །ཆོས་ཀྱི་གདན་ [491A]༄༅། །དག་བཤམ་པ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རྒྱལ་བས་དགྱེས་པ་གོས་ཚོང་ཚེ་།དེ་བཞིན་གཤེགས་པ་ མཐུ་རྩལ་ཅན་དེ་ལ། །ཆོས་གོས་གསུམ་དག་དབུལ་བ་བྱས་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སེངྒེའི་འོད་ཟེར་ལམ་སྟོན་ཚེ། །དེ་བཞིན་གཤེགས་ པ་ཐོགས་མེད་གཤགས་པ་པོ། །ལམ་དུ་ཞུགས་ཏེ་སྐོར་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རྣམས་པར་སྣང་མཛད་རིན་པོ་ཆེ། །རྟོག་ ཤེས་ཚེ་ན་དེ་བཞིན་གཤེགས་པ་པོ། །ཡིད་གཉིས་སྤོང་བའི་འཆག་ས་བཤམས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་གྲགས་མཆོག་ སྤོས་ཚོང་ཚེ། །དེ་བཞིན་གཤེགས་པ་བརྟུལ་ཞུགས་ཆེ་དེ་ལ། །སྣ་མའི་མེ་ཏོག་ཆུན་བོ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཐུགས་རབ་ གཞུངས་པ་ཕྱག་དར་པའི། །བུ་ཚེ་དེ་བཞིན་གཤེགས་པ་ལྷ་གསལ་ལ། །མངོན་གསུམ་དག་ཏུ་སྟོང་པ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ ནོར་བུའི་བླ་བ་ལྷ་བུ་སྟེ། །དེ་བཞིན་གཤེགས་པ་འཁྲུལ་མེད་གཤེགས་དེ་ལ། །ལྷ་ཡི་གཞལ་ཡས་ཁང་དག་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་ [491B] །དགེ་སློང་ཚེ་ན་བདེ་གཤེགས་ཡུལ་འཁོར་ལྷ། །དེ་ལ་འཆོས་གོས་སྣམ་སྦྱང་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་ གཤེགས་བརྟུལ་ཞུགས་ཐུབ་མེད་རྒྱལ་བུའི་ཚེ། །དེ་བཞིན་གཤེགས་པ་མཛེས་པར་དགྱེས་དེ་ལ། །གདུགས་དང་དར་ཡུག་དག་ནི་ཕུལ་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །དེ་བཞིན་གཤེགས་པ་འགྲོས་མཆོད་གདོལ་བུའི་ཚེ། །ཉི་མ་འགའ་ཞིག་བསླབ་པ་ལྔ་མནོས་ནས། །དེ་བཞིན་གཤེགས་པ་མེ་ཏོག་དཔལ་དེ་ལ། །དང་པོར་བྱང་ཆུབ་ཏུ་ནི་ སེམས་བསྐྱེད་དོ། །བདེ་གཤེགས་ནོར་བུའི་ཚོགས་ནི་བརྒྱ་བྱིན་ཚེ། །དེ་བཞིན་གཤེགས་བ་མི་འཇིགས་སྦྱིན་དེ་ལ། །གསེར་གྱི་ཤིང་རྟ་རྐྱེན་བཅས་སྟོང་སྙེད་ཕུལ། །དང་པོར་བྱང་ཆུབ་ཏུ་ ནི་སེམས་བསྐྱེད་དོ། །བདེ་གཤེགས་འཇིག་རྟེན་བླ་མ་བྲམ་ཟེའི་ཚེ་།དེ་བཞིན་གཤེགས་པ་ལྷ་དགའ་དེ་ལ་ནི། །མ་ཏུ་ཀ་ཡི་མེ་ཏོག་གཏོར་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །བདེ་གཤེགས་གླང་ཆེན་སེངྒེ་ལོང་བའི་ཚེ། །དེ་བཞིན་གཤེགས་པ་ཐར་པའི་འོད་དེ་ཡི། །འཆགས་དག་ནི་ཆག་ཆག་བཏབ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །དེ་བཞིན་གཤེགས་བ་ཟླ་བརྒྱལ་པོའི་བུར་གྱུར་ཚེ། །ཟླ་བ་བཞིར་ནི་དགེ་སློང་དགེ་འདུན་ན་བ་ཡི། །གསོས་སྨན་དག་ལ་སྤྱན་དྲངས་བདེ་གཤེགས་འོད་འཕྲོ་ལ། །དང་ [492A]༄༅། །པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རིན་ཆེན་འོད་ཟེར་འཁོར་ལོས་བསྒྱུར་བ་ཡི། །བཙུན་མོའི་ཚེ་ན་བདེ་གཤེགས་ཡོན་ཏན་འབྱུང་ གནས་ལ། །ཡུ་བ་ནོར་བུས་སྤྲས་པའི་རྔ་ཡབ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྒྲ་གཅན་སྦེད་བ་བཙན་ཆེན་ཚེ། །དེ་བཞིན་ གཤེགས་པ་བྱམས་པའི་བློ་དེ་ཡི། །ལམ་དུ་ཞུགས་ཚེ་བསིལ་བའི་རླུང་ཡབ་བྱས། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡོན་ཏན་རྒྱ་མཚོ་གྲོང་རྡལ་གྱི། ། བྱིས་པའི་ཚེ་ན་བདེ་གཤེགས་བྱང་ཆུབ་བ་འོད། །དེ་ལ་ཚེམས་ཤིང་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ་།བདེ་གཤེགས་འོད་ཟེར་ལྡན་པ་ཚོང་ དཔོན་གྱི། །བུ་ཚེ་དེ་བཞིན་གཤེགས་པ་རྒྱ་མཚོ་ལ། །མར་མེའི་ཁ་ནི་སྟོང་སྙེད་ཕུལ་ནས་ཀྱང། །དང་པར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རབ་ཏུ་ཞིས་སྟབས་ གྱད་ཀྱི་ཚེ། །དེ་བཞིན་གཤེགས་བ་བྱང་ཆུབ་དགྱེས་དེ་ལ། །ནོར་དུས་སྤྲས་པའི་མཆིལ་ལྷམ་བུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ འཇིག་རྟེན་བཟང་པོ་སྤོས་ཚོང་བར་གྱུར་ཚེ། །དེ་བཞིན་གཤེགས་པ་ལྷ་ཚན་དེ་ལ་ཕྱེ་མ་ཡི། །བཀང་བའི་ན་བཟའ་དང་ནི་པདྨ་ཕུལ་ནས་ཀྱང། །དང་པོ་ཉིད་དུ་བྱང་ [492B] །བདེ་གཤེགས་མྱ་ངན་མེད་པ་གོས་ཚོང་ཁྱེའུ་ཚེ། །དེ་བཞིན་གཤེགས་བ་བློ་ནི་ཟབ་པོ་དེ་ལ་ཡང་།རྫི་ཆར་བྱུང་བའི་ཚེ་ན་མེ་ཏོག་གདུགས་ཕུལ་ནས། ། དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཤུགས་བཅུ་རྒྱལ་བུའི་ཚེ། །དེ་བཞིན་གཤེགས་པ་ཆོས་ཀྱི་དབང་ཕྱུག་ཅན། །ལམ་དུ་ཞུགས་ཚེ་གདན་ དག་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ་།བདེ་གཤེགས་སྟོབས་དགྱེས་རོལ་མོ་མཁན་གྱི་ཚེ། །དེ་བཞིན་གཤེགས་པ་གཙོ་ཆེན་དེ་ལ་ནི། །དུང་སྒྲ་དག་ནི་ འབུད་པ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མཐུ་དཔལ་རོལ་མོའི་གླུ་མཁན་ཚེ། །དེ་བཞིན་གཤེགས་པ་བློ་གྲོས་སེམས་དེ་ལ། །གསུམ་ ལ་སྐྱབས་སུ་འགྲོ་བ་མནོས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་མཐུ་ཐོབ་ཉན་པའི་ཚེ། །ཆུ་བོ་དག་ལ་ཟམ་པ་བཙུགས་ནས་ཀྱང། ། དེ་བཞིན་གཤེགས་པ་ཡེ་ཤེས་འོད་དེ་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་མཐུ་ཆེན་ཁྲུས་པའི་ཚེ། །དེ་བཞིན་གཤེགས་པ་དགོངས་པ་ འཁྲུལ་མེད་ལ། །ཁྲུས་རས་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡོན་ཏན་སྙིང་པོ་ཚོང་དཔོན་གྱི། །བུ་ཚེ་བདེ་གཤེགས་ [493A]༄༅། །བསོད་ནམས་འཕགས་པ་ལ། །དྷ་ནུ་ཀ་རའི་མེ་ཏོག་གཏོར་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་བདེན་ སྤྱོད་སྤོས་ཚོང་ཚེ། །དེ་བཞིན་གཤེགས་པ་ནོར་ལྷའི་བུ་གྲགས་ལ་།སྤོས་ཀྱི་རི་ལུ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ དགེ་མཆོག་རྒྱལ་པོ་རྒྱལ་པོའི་ཚེ། །དེ་བཞིན་གཤེགས་པ་བཀོད་ཆེན་སངས་རྒྱས་དེ་ལ་སོགས། །དགེ་སློང་དང་གི་དགེ་འདུན་སྤྱན་ནི་དྲངས་ནས་ཀྱང། །དང་པོ་ཉིད་དུ་བྱང་ཆུབ་ ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་སྐར་རྒྱལ་ཤིང་མཁན་ཚེ། །དེ་བཞིན་གཤེགས་པ་ཟླ་བའི་འོད་ལྡན་པ། །བདེ་གཤེགས་དེ་ལ་ཐལ་སྦྱར་ཕྱག་བྱས་ནས། །དང་པོར་ བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འོད་ཟེར་ཆེན་པོ་ཚལ་གྱི་ལས། །བྱེད་ཚེ་བདེ་གཤེགས་ལྷ་ཡི་འོད་ཟེར་ལ། །ལྗོན་པའི་ཚོན་དག་སྦྱར་ཏེ་ཕུལ་ནས་ཀྱང། །དང་པོར་ བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་གློག་འོད་རྫ་མཁན་ཚེ། །བདེ་གཤེགས་འོད་གསལ་དེ་ལ་ཟླ་བ་བཞིར། །བུམ་པ་ཆུ་ཡིས་བཀང་ཏེ་ཕུལ་ནས་ཀྱང། ། དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡོན་ཏན་རྒྱ་ཆེན་ནད་པའི་ཚེ། །དེ་བཞིན་གཤེགས་པ་བསོད་ནམས་དགྱེས་དེ་ལ། །ལྕགས་ཀྱི་སྣོད་དག་དབུལ་བ་ [493B] །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ་།བདེ་གཤེགས་རིན་པོ་ཆེ་ནི་ཚོང་དཔོན་གྱི། །བུ་ཚེ་བདེ་གཤེགས་སེངྒེའི་བློ་གྲོས་ལ། །མུ་ཏིག་དག་གིས་ཚུན་ཕྲེང་ཕུལ་ནས་ ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དཔལ་འོད་སྤོས་ཚོང་གི་བུ་ཚེ་དེ་བཞིན་གཤེགས་པ་ས་གཙོ་ལ། །ཕྱེ་མས་བཀང་བའི་ཨུཏྤལ་ན་བཟའ་ ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གོ་ཆ་བགོས་པ་ལྷའི་བུའི་ཚེ། །དེ་བཞིན་གཤེགས་པ་རིན་ཆེན་འོད་དེ་ལ། །བསྟོད་པ་དག་གིས་བསྟོད་པ་བྱས་ ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་བཤེགས་སེངྒེའི་ཕྱག་ནི་ཚལ་གྱི་ལས། །བྱེད་ཚེ་བདེ་གཤེགས་འོད་ཟེར་བཟང་པོ་ལ། །མེ་ཏོག་དག་གི་ཕུར་མ་ཕུལ་ནས་ ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མེ་ཏོག་བཟང་པོ་ཡིག་མཁན་ཚེ། །དེ་བཞིན་གཤེགས་པ་སྣ་ཚོགས་གསུངས་དེ་ལ། །གྲོ་བའི་གླེགས་མ་དག་ནི་ཕུལ་ ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རིན་ཆེན་མཐོན་པོ་ཤལ་ཁྱེར་ཚེ། །དེ་བཞིན་གཤེགས་པ་ཟླ་བ་སྡུག་དེ་ལ། །མར་མེ་དག་ནི་དབུལ་བ་བྱས་ ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རྒྱ་མཚོ་རོལ་མོ་མཁན་གྱི་ཚེ། །རྡ་བོ་ཆེ་དག་བརྡུང་བ་བྱས་ནས་ཀྱང། །དེ་བཞིན་གཤེགས་པ་ཟླ་བའི་གདུགས་ [494A]༄༅། །དེ་ལ༑ ༑དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པས་འཛིན་མགར་བའི་ཚེ། །དེ་བཞིན་གཤེགས་ཀུན་ཏུ་གཟིགས་དེ་ ལ༑ ༑མཚོན་ཆ་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དོན་བློ་ལྷའི་བུ་ཉི་མའི་ཚེ། །དེ་བཞིན་གཤེགས་པ་གོས་པ་མེད་དེ་ལ། ། མེ་ཏོག་མནྡཱ་ར་བ་གཏོར་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡོན་ཏན་བསགས་པ་སྨན་བའི་ཚེ། །དེ་བཞིན་གཤེགས་པ་གྲགས་བླ་བཞུད་པ་ ན༑ ༑འདམ་རྫ་བདག་ཏུ་རྡོ་ལེ་བ་ཟམ་བཙུགས་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡོན་ཏན་ཆོགས་ནི་སྨན་པའི་ཚེ། །དེ་བཞིན་གཤེགས་པ་ཟླ་བའི་ ཞལ་དེ་ལ། །སྐྱུ་རུ་ར་ཡི་འབྲས་བུ་གཅིག་ཕུལ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རིན་ཆེན་མ་ནི་དེད་དཔོན་ཚེ། །དེ་བཞིན་གཤེགས་པ་ཀླུ་ཡི་ལྷ་ དེ་ལ༑ ༑བཻ་ཌཱུརྱའི་སྣོད་ཆུ་ཡིས་བཀང་སྟེ་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འཇིག་རྟེན་འདས་པ་ཚོང་དུས་པ། །བྱེད་ཚེ་དགེ་འདུན་དག་ལ་འོད་སྒྲོན་ ཕུལ༑ ༑དེ་བཞིན་གཤེགས་པ་ཡོན་ཏན་ཕུང་པོ་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འཇིག་རྟེན་ཟླ་བ་འཁོར་བསྒྱུར་ཚེ། །དེ་བཞིན་གཤེགས་པ་ཡོན་ཏན་ [494B] ༑གཙུག་ལག་ཁང་ནི་སྟོང་སྙེད་ཕུལ་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དབྱངས་སྙན་རྒྱལ་པོ་བྲམ་ཟེའི་ཚེ། །ཕྱོགས་བཞིའི་དགེ་ འདུན་དག་གི་བསམ་གཏན་ཁང་བརྩེགས་ནས། །དེ་བཞིན་གཤེགས་པ་མེ་ཏོག་མཚེ་གམ་དེ་ལ་ནི། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཚངས་ཏོག་བྲམ་ཟེའི་བུ་ ཡི་ཚེ༑ ༑དེ་བཞིན་གཤེགས་པ་འཇིག་རྟེན་དགའ་དེ་ལ། །ཀུ་ཤའི་ན་བཟའ་དང་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཚོགས་ཅན་གཙོ་བོ་བྲམ་ ཟེའི་ཚེ༑ །དེ་བཞིན་གཤེགས་པ་གཟི་བརྗིད་དཔག་མེད་ལ། །རིལ་བ་ཆུ་ཡིས་བཀང་ཏེ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སེང་སྟབས་གླིང་གཅིག་རྒྱལ་ པོའི་ཚེ། ༑དེ་བཞིན་གཤེགས་པ་བདེན་པའི་ཏོག་དེ་ལ། །རས་བཅོས་གདིང་བ་དཔག་ཚད་གཅིག་པ་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དྲག་ཤུལ་བྱིན་ནི་ཚོང་དཔོན་ གྱི༑ ༑ཆུང་མའི་ཚེ་ན་བདེ་གཤེགས་ཉི་འོད་ལ། །ཕྱེ་མ་སྤར་གང་དག་གིས་གཏོར་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཆོས་ཀྱིས་དབང་ཕྱུག་ཕྲེང་རྒྱུད་ཚེ། །དེ་ བཞིན་གཤེགས་པ་བདུད་རྩི་འོད་ཟེར་ལ། །མེ་ཏོག་ཆལ་པར་བཀྲམ་པ་ཀུན་ཕུལ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གཟི་བརྗིད་འོད་ནི་ལྷའི་བུའི་ཚེ། ། [495A]༄༅། །དེ་བཞིན་གཤེགས་པ་སྟོན་པར་དགྱེས་པ་པོ། །བྱང་ཆུབ་སྙིང་པོར་ཞུགས་ལ་རྩ་གདན་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་ གཤེགས་འོད་ཟེར་ཆེན་པོ་ཁྱིས་བདག་ཚེ། །དེ་བཞིན་གཤེགས་པ་གསང་བ་དགྱེས་དེ་ལ། །རས་བཅོས་བྱེ་བ་སྙེད་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། ། བདེ་གཤེགས་རིན་ཆེན་གྲགས་པ་རྒྱལ་བུའི་ཚེ། །དེ་བཞིན་གཤེགས་པ་དབྱིག་གི་འོད་ཟེར་ལ། །བླ་རེ་སྤོས་ཅན་དག་ནི་ཕུལ་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་ དོ༑ ༑བདེ་གཤེགས་ཚོགས་ཅན་གསལ་བ་རིན་ཆེན་ཚོང་བའི་ཚེ། །དེ་བཞིན་གཤེགས་པ་བསོད་ནམས་འབྱུང་གནས་དེ་ལ་ནི། །རིན་པོ་ཆེ་དག་སྤར་བ་བཀང་སྟེ་གཏོར་ནས་ ཀྱང། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གྲགས་པ་མཐའ་ཡས་དེད་དཔོན་གྱི། །བུ་ཚེ་བདེ་གཤེགས་མེ་ཏོག་དཔལ་དེ་ལ། །ན་བཟའ་བླ་བྲེ་དག་ནི་ ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འོད་ཟེར་དོན་ཡོད་རྒྱ་མཚོ་ཚོང་བའི་ཚེ། །དེ་བཞིན་གཤེགས་པ་ཡོན་ཏན་ཕྱག་ལྡན་དེ་ལ་ནི། །མུ་ ཏིག་དམར་པོ་སྤར་བ་བཀང་སྟེ་གཏོར་ནས་ཀྱང། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། ། །བདེ་གཤེགས་ལྷ་ཡི་དྲང་སྲོང་དྲང་སྲོང་ཚེ། །དེ་བཞིན་གཤེགས་པ་ཆོས་ཀྱི་ [495B] །ལོ་མ་དྲག་གི་གདུགས་དག་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བ་སྐྱེད་དོ། །བདེ་གཤེགས་སྐྱེ་དབང་འཁོར་ལོས་བསྒྱུར་པའི་ཚེ། །དེ་བཞིན་གཤེགས་ པ་ཀུན་དུ་འོད་ཟེར་ལ། །གླིང་བཞི་དག་ནི་དབུལ་བ་བྱས་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དག་འདུན་བརྟན་པ་མཐའ་བ་འཁོ་བ་རྒྱལ་པོའི་ཚེ། ། དེ་བཞིན་གཤེགས་པ་ཚངས་པའི་དབྱངས་ཅན་དེ་ལ་ནི། །མེ་ཏོག་སྟོང་སྙེད་བཀྲམ་པའི་འཆགས་པ་ཕུལ་ནས་ཀྱང། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་ པ་ཕྱོགས་བཟང་གསེར་ཚོང་ཚེ། །དེ་བཞིན་གཤེགས་པ་བཀོད་པ་ཆེན་པོ་ལ། །གསེར་གྱི་གླེགས་མ་བཀྲམ་པའི་འཆགས་པ་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་ གཤེགས་ཏོག་ནི་གསེར་མགར་ཁྱེའུ་ཚེ། །དེ་བཞིན་གཤེགས་པ་ཐར་པའི་ཉི་མ་ལ། །མར་མེ་བཟང་པོ་བཤམས་ཏེ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། ། བདེ་གཤེགས་ཡུལ་འཁོར་མེ་ཏོག་རྩྭ་ཚོང་ཚེ། །དེ་བཞིན་གཤེགས་པ་བརྩོན་འགྲུས་བརྟན་པ་ཡི། །འཆགས་བ་རྩྭ་ཡིས་ཁེབས་པར་བཀྲམ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །བདེ་གཤེགས་སྤོས་ཀྱི་བློ་གྲོས་ཚོང་དུས་བ་ཡི་ཚེ་།ཚོང་དུས་བར་སྲང་དག་ནི་ཕྱག་དར་བྱས་ནས་ཀྱང། །དེ་བཞིན་གཤེགས་པ་བློ་ཡི་འོང་ལྡན་དེ་ལ་ནི། །དང་པོ་ཉིད་ [496A]༄༅། །དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཀླུང་ཤུགས་ལྟར་གཤེགས་ལྡིང་ཏ་ཁྱེའུ་ཚེ། །དེ་བཞིན་གཤེགས་པ་ཡོན་ཏན་གྲགས་ པ་དེ་ལ་ནི། །བསིལ་ཡབ་དག་གིས་གཡབ་པ་དག་ནི་བྱས་ནས་ཀྱང་།དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ལེགས་བསམས་གྲགས་བ་གཏེར་མཁན་ཚེ། ། དེ་བཞིན་གཤེགས་བ་ལེགས་པའི་བློ་དེ་ལ། །ནོར་བུ་སྐར་འོད་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྣང་ལྡན་རྒྱལ་པོའི་ཕོ་ཉའི་ ཚེ༑ ༑དེ་བཞིན་གཤེགས་བ་བཀོད་བད་གས་མེད་ལ། །ལན་གསུམ་སྐོར་བ་དག་ནི་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ་།བདེ་གཤེགས་ལྷ་ཚོགས་ འཁོར་སྒྱུར་བློ་མཆོག་ཚེ། །དེ་བཞིན་གཤེགས་པ་སེངྒེའི་མཆེ་པ་ལ། །གསེར་དང་བྱི་རུ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ ཡོན་ཏན་བསྲུང་པ་འགྲོན་པོའི་ཚེ། །ལམ་སྲང་དག་ཏུ་རྡོ་སྟེགས་བཙུགས་ནས་ཀྱང། །དེ་བཞིན་གཤེགས་པ་བསོད་ནམས་མཐུ་རྩལ་ལ་།དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་ དོ༑ ༑བདེ་གཤེགས་དོན་ཀྱི་བློ་གྲོས་ལྔ་མངོན་ཤེས་པ་པོ། །བྲམ་ཟེའི་ཚེ་ན་དེ་བཞིན་གཤེགས་པ་ལྷ་མཆོག་གི་ཞབས་ལ་མགོ་བོ་དག་གིས་ཕྱག་དག་བཙལ་ནས་ཀྱང། །དང་ [496B] །དེ་གཤེགས་བསྙེངས་མེད་ཆུ་རྐ་སྲུང་བའི་ཚེ། །ཉིན་ཞག་བདུན་དུ་བྱམས་པ་བསྒོམས་ནས་ཀྱང། །དེ་བཞིན་གཤེགས་པ་རྣམ་པར་གཟིགས་ གནས་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་གྲོགས་བརྟན་གོས་ཚོང་ཚེ། །དེ་བཞིན་གཤེགས་པ་ལྷ་ཡི་མཆོད་རྟེན་ལ། །ཁང་རྩེགས་མོང་དར་དག་གིས་ བཀབ་པ་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འོད་གནས་མཚུངས་པ་དགེ་སློང་ཚེ། །དམ་ཆོས་ཡོངས་སུ་གཟུང་ཕྱིར་སྤྲོ་བསྐྱེད་ནས། །དེ་བཞིན་གཤེགས་པ་ གློག་གི་འོད་ཟེར་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ་།བདེ་གཤེགས་ནོར་ཞབས་ཚོང་དཔོན་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་རྒྱལ་བར་དགྱེས་དེ་ལ། །མེ་ཏོག་ཨུཏྤལ་ ཆད་པ་གང་གཏོར་ནས། །དང་པོ་དབྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ་།བདེ་གཤེགས་ཐར་པའི་གཟི་བརྗིད་གྲོང་དཔོན་བུ་མོའི་ཚེ། །དེ་བཞིན་གཤེགས་པ་ལྷུན་པོའི་རྒྱན་མཚན་དེ་ལ་ནི། ། བསོད་སྙོམས་དང་པོ་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དོས་བཟངས་ཕྱུགས་རྫིའི་ཚེ། །དེ་བཞིན་གཤེགས་པ་མེ་ཏོག་ འོད་དེ་ལ། །ཞུན་མར་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བློ་བཟངས་ཕྱུག་པོའི་བུ་ཚེ་སངས་རྒྱས་ཀྱི། །དགེ་སློང་ཁ་ཏོན་འདོན་པར་ [497A]༄༅། །བཟའ་བ་བྱིན་ནས་ཀྱང། །དེ་བཞིན་གཤེགས་པ་བློ་གྲོས་མཆོག་མ་དེ་ལ་ནི། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཀུན་གཟིགས་རབ་ བྱུང་ཞག་བདུན་དགེ་སློང་ཚེ། །དེ་བཞིན་གཤེགས་པ་སྤོས་ཀྱི་དེད་ལྡན་བཅོམ་ལྡན་གྱིས། །ལེགས་པར་གསུངས་ལ་རྗེས་སུ་ཡི་རང་ཕུལ་ནས་ཀྱང། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །བདེ་གཤེགས་ཡེ་ཤེས་མཆོག་ནི་དགེ་སློང་ཚེ། །ཏིང་འཛིན་འདི་ལ་ཡི་རང་བྱས་ནས་ཀྱང། །དེ་བཞིན་གཤེགས་པ་ཡོན་ཏན་མཐུ་རྩལ་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་ དོ༑ ༑དེ་བཞིན་གཤེགས་པ་ཚངས་གནས་རྒྱལ་བུའི་ཚེ། །དེ་བཞིན་གཤེགས་པ་བློ་གྲོས་ཁྱད་པར་ལ། །ཡན་ལག་ལྔ་ལྡན་སིལ་སྙན་དག་གིས་མཆོད། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་ དོ༑ ༑དེ་བཞིན་གཤེགས་པ་བདེན་གསུང་ཁྱིམ་བདག་ཚེ། །དེ་བཞིན་གཤེགས་པ་དྲང་སྲོང་གསལ་དེ་ལ། །ལྷུང་བཟེད་འོ་མས་བཀང་སྟེ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། ། དེ་བཞིན་གཤེགས་པ་བློ་བཟངས་སྨན་པའི་ཚེ། །དེ་བཞིན་གཤེགས་པ་རིན་ཆེན་སྒྲོན་དེ་ལ། །ཨ་རུ་ར་ཡི་འབྲས་བུ་དགུ་ཕུལ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྟོབས་ བྱིན་ཚོང་དཔོན་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་གཟི་བརྗིད་འབར་བ་ཡི། །གཙུག་ལག་ཁང་གི་སྐྱང་ནུལ་བྱུགས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སེངྒེའི་ [497B] །དེ་བཞིན་གཤེགས་པ་གཟིགས་ལ་ཐ་མ་དེ་ལ་ནི། །བྱུ་རུ་སྤར་བ་བཀང་སྟེ་གཏོར་བ་བྱས་ནས་ཀྱང། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ མེ་ཏོག་ཏོག་ནི་རྒྱལ་རིགས་གཞོན་ནུའི་ཚེ། །དེ་བཞིན་གཤེགས་པ་དབྱིག་ལ་དགྱེས་པ་དེ་ལ་ནི། །རིན་པོ་ཆེའི་ཕྲེང་བདག་ནི་ཕུལ་ནས་ཀྱང། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ ཡེ་ཤེས་འབྱུང་གནས་ཕྲེང་རྒྱུད་ཚེ། དེ་བཞིན་གཤེགས་པ་བཀོད་པ་མཛེས་དེ་ལ། །པདྨའི་རྫིང་བུ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མེ་ཏོག་བྱིན་པ་ གནས་རྟེན་ཚེ། །བདེ་གཤེགས་ཡོན་ཏན་དཔལ་གྱི་སྙིང་པོ་ཡི། །འཆགས་ར་འཇི་བའི་གོང་བུ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡོན་ཏན་སྙིང་པོ་དྲང་སྲོང་ཚེ། ། དེ་བཞིན་གཤེགས་པ་གཟིགས་པ་གསལ་དེ་ལ། །རྐྱང་མ་ནས་ནི་ཐལ་སྦྱར་ཕྱག་བྱས་ཏེ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ་།བདེ་གཤེགས་རིན་ཆེན་གྲགས་པ་ཤིང་རྟོག་ཚེ། །དེ་བཞིན་ གཤེགས་པ་མདངས་སྟོབས་དེ་ལ་ནི། །ཨ་ཏི་མུགྷའི་མེ་ཏོག་གཏོར་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གྲགས་པ་རྨད་བྱུང་རྫ་མཁན་ཚེ། །བུ་ཚེ་བདེ་གཤེགས་ རྣམ་དག་སྤྱན་དེ་ལ། །ཆུ་ཡི་སྤྱིན་པ་དག་ནི་ཕུལ་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མི་ཚུགས་དམངས་རིགས་ཁྱེའུ་ཚེ། །དེ་བཞིན་གཤེགས་པ་ཡེ་ཤེས་ [498A]༄༅། །བརྟུལ་ཞུགས་ལ། །བ་རུ་ར་ཡི་འབྲས་བུ་གཅིག་ཕུལ་ནས་།དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བསྙེངས་མེད་རྒྱལ་ཆེན་རྣམ་ཐོས་བུ་ཡི་ཚེ། ། དེ་བཞིན་གཤེགས་པ་ཞབས་དག་བརྟན་པ་དེ་ལ་ནི། །ལྷ་རྫས་དག་གི་ཙནྡན་དག་གིས་གཏོར་ནས་ཀྱང། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཉི་མའི་འོད་ནི་རྒྱལ་པོ་ ཡི༑ ༑མདུན་འདོན་བྱེད་ཚེ་བདེ་གཤེགས་འཕགས་སྤྱན་དེ། །ཞག་བདུན་བར་དུ་གདུགས་ཚོང་གསོལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཚངས་པར་ གཤེགས་པ་གཉན་པའི་ཚེ། །དེ་བཞིན་གཤེགས་པ་ཐར་པ་དགྱེས་དེ་ལ། །ཆུ་བོའི་འགྲམ་དག་བསྟན་ཅིང་མཚོན་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ལྷ་ ཡི་མཐུ་རྩལ་ཚོང་དཔོན་ཚེ། །ཕྱོགས་བཞིའི་དགེ་འདུན་སྒོ་གང་ཕུལ་ནས་ཀྱང། །དེ་བཞིན་གཤེགས་པ་དབྱངས་ཆེན་དེ་ལ་ནི། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡེ་ ཤེས་དགྱེས་པ་རྡོ་མཁན་ཚེ། །དེ་བཞིན་གཤེགས་པ་ཡུལ་འཁོར་མཆོག་དེ་ལ། །ལྷ་ཡི་ཞལ་ཟས་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ ལྷ་བདེན་སྨན་ཚོང་པ་ཡི་ཚེ། །དེ་བཞིན་གཤེགས་པ་ལེགས་པར་སྤྱོད་པའི་འོད་དེ་ནི། །སྙུན་གྱི་གསོས་སྨན་དག་ལ་རྟག་ཏུ་སྤྱན་དྲངས་ནས། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་ [498B] །བདེ་གཤེགས་ནོར་བུའི་སྙིང་པོ་ཉ་བ་ཡི་།ཁྱེའུ་ཚེ་བདེ་གཤེགས་ས་རི་ལེས་དེ་ལ། །མེ་ཏོག་བཞི་ཞིག་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡོན་ ཏན་གྲགས་པ་དཀའ་སྤྱོད་ཚེ། །དེ་བཞིན་གཤེགས་པ་ཡོན་ཏན་གསལ་དེ་ལ། །ཞུགས་ལིང་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡེ་ཤེས་ དཔལ་ནི་བཅའ་བ་མཁན་གྱི་ཚེ། །དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་གྲགས་དེ་ལ། །ལྷུང་བཟེད་བཅའ་བདག་གིས་བཀང་སྟེ་ཕུལ་ནས་ཀྱང། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ བཅིངས་མེད་རྟེན་བཅས་གཅིག་བུའི་ཚེ། །དེ་བཞིན་གཤེགས་པ་སྣང་བའི་མཆོག་དེ་ནི། །གདུགས་ཚོད་གསེབ་ཏེ་སྦྲང་མ་བགྲང་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བརྟུལ་ཞུགས་ བརྟན་པ་བློན་ཆེན་ཚེ། །དེ་བཞིན་གཤེགས་པ་དགྱེས་པར་གཟིགས་དེ་ལ། །ཁང་པ་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ལྷ་ཡི་གཟི་བརྗིད་དམ་ཆོས་ ནུབ་པའི་ཚེ། །དགེ་སློང་ཆོས་སྨྲ་སྨྲོས་ཤིག་སྨྲོས་ཤིག་ཅེས་བརྗོད་ནས། །དེ་བཞིན་གཤེགས་པ་ཟླ་བ་ལྟ་བུར་གསུང་དེ་ལ། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཚངས་པར་ཐུབ་པ་ རྒྱལ་པོའི་ཚེ། །དེ་བཞིན་གཤེགས་པ་བླ་མའི་དབྱངས་དེ་ལ་།གྲོང་ཁྱེར་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དལ་བཞུད་དགེ་སློང་རྒྱན་པའི་ཚེ། །དེ་ [499A]༄༅། །བཞིན་གཤེགས་པ་བསོད་ནམས་དཔལ་དེ་ལ། །སོ་བི་ར་ཀའི་བཏུང་བ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བརྟུལ་ཞུགས་དཀའ་ཐུབ་ ཕྱག་དར་པ་ཡི་ཚེ། །དེ་བཞིན་གཤེགས་པ་བསྡུ་བ་མཁྱེན་པ་པོ་དེ་ཡི། །ལམ་སྲང་ཁྲུ་བཅུ་སྲིད་དུ་ཕྱག་དར་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འོད་ཟེར་ཕུང་པོ་ ཁྱིམ་བདག་ཚེ། །དེ་བཞིན་གཤེགས་པ་མཚན་གྱི་རྒྱལ་པོ་དེ། །འཇིགས་པ་མེད་པས་དགོན་པར་སྤྱན་དྲངས་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གཟི་བརྗིད་ཆེན་པོ་རྒྱལ་ བུའི་ཚེ། །དེ་བཞིན་གཤེགས་པ་རིམས་ནད་མེད་པ་ཡི། །བློ་མངའ་དེ་ལ་རྒྱན་དག་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཙམྤ་ཀ་ནི་རྒྱལ་ཕྲན་ཚེ། །དེ་བཞིན་ གཤེགས་པ་འཕགས་པ་དུལ་བ་ལ། །མུ་སྣི་ཀ་དག་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དགའ་མཛད་བྲམ་ཟེའི་ཚེ། །དེ་བཞིན་གཤེགས་ པ་ཆོས་ཀྱི་ལྷ་དེ་ལ། །རིལ་བ་སྤྱི་བླུགས་དག་ནི་ཕུལ་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཚོགས་ཅན་བཟང་པོ་ལྷའི་བུའི་ཚེ། །དེ་བཞིན་གཤེགས་པ་ཡོན་ཏན་བདུད་ རྩི་དེས༑ ༑ཆོས་ཀྱི་འཁོར་ལོ་སྐོར་ཚེ་ལེགས་པ་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དབང་པོའི་རྒྱལ་མཚན་མཆོད་སྡོང་སྲུང་བའི་ཚེ། །དེ་བཞིན་གཤེགས་པ་ [499B] །གཤེགས་པའི་ཚེ་ན་མཆོད་སྡོང་དག་ནི་ཕུལ་ནས་ཀྱང། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དགྱེས་པ་སྨན་པའི་ཚེ། །དེ་བཞིན་གཤེགས་ པ་བདུད་རྩིའི་ཕུང་པོ་ལ། །སྨན་གྱི་རེང་བུ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྣ་མའི་མེ་ཏོག་འོད་ནི་གར་མཁན་ཚེ། །དེ་བཞིན་གཤེགས་པ་ཟླ་བའི་འོད་ ལྡན་དེ་ལ་ནི། །སྣ་མའི་མེ་ཏོག་དག་གི་ཕྲེང་བ་ཕུལ་ནས་ཀྱང་།དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཆོགས་ཅན་འོད་ནི་ཆང་ཚོང་ཚེ། །དེ་བཞིན་གཤེགས་པ་འབྲུག་སྒྲ་དེ་ ལ་ནི༑ ༑ཕྱི་མས་བསྒོས་པའི་མེ་ཏོག་གཏོར་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་སྐྲུན་མཛད་ཤིང་ལྷའི་ཚེ། །དེ་བཞིན་གཤེགས་པ་དགེ་བའི་ཉི་མ་ལ། །མེ་ཏོག་ ཀར་ནི་ཀ་དག་གཏོར་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མདངས་འགྲོ་ཤིང་རྟ་མཁན་གྱི་ཚེ། །དེ་བཞིན་གཤེགས་པ་མི་བསྙེངས་ཐོབ་དེ་ལ། །བཞུགས་ཁྲིའུ་ དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དོན་ལེགས་ངེས་ནི་རྫ་མཁན་ཚེ། །དེ་བཞིན་གཤེགས་པ་མཁས་པ་དགྱེས་དེ་ལ། །ཞག་གཅིག་ བཞུགས་པའི་གནས་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཁྱུ་མཆོག་བློན་ཚེའི་བུར་གྱུར་ཚེ་།དེ་བཞིན་གཤེགས་པ་བློ་མི་འཁྲུལ་དེ་ལ། །སེངྒེའི་ [500A]༄༅། །གདན་ཁྲི་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ།། །།འཕགས་པ་སྐལ་པ་བཟང་པོ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། །བམ་པོ་ཉི་ ཤུ་ལྔ་པ༑ བདེ་གཤེགས་ལག་བཟང་ཐམས་ཅད་བྱེད་པའི་ཚེ། །དེ་བཞིན་གཤེགས་པ་འགྲོ་ལ་དགའ་དེ་ལ། །གོས་ཀྱི་དུམ་བུ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་ དོ༑ ༑བདེ་གཤེགས་འོད་ཟེར་ཆེན་པོ་ལག་བླའི་ཚེ། །དེ་བཞིན་གཤེགས་པ་ལྷ་ཡི་མཆོག་དེ་ལ། །སྐྱུ་རུ་ར་དག་དབུལ་བ་བྱས་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་ གཤེགས་བསམ་པས་བྱིན་ནི་ཁྲུས་པའི་ཚེ། །དེ་བཞིན་གཤེགས་པ་རྫུ་འཕྲུལ་མཆོག་དེ་ལ། །ཕྱག་དག་བཀྲུ་བའི་ཆབ་ནི་ཕུལ་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ བསོད་ནམས་འོད་ནི་དབུལ་པོའི་ཚེ། །དེ་བཞིན་གཤེགས་པ་ལྷ་ཡི་གདུགས་དེ་ལ། །བཤོས་དྲོན་བཅུད་དང་ལྡན་པ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ རིན་ཆེན་དབྱངས་ནི་རི་མོ་མཁན་གྱི་ཚེ། །དེ་བཞིན་གཤེགས་པའི་གཟུགས་བརྙན་དག་ནི་ཟིས་ནས་ཀྱང། །དེ་བཞིན་གཤེགས་པ་ཀླུ་ཡི་འོད་ལྡན་དེ་ལ་ནི། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །བདེ་གཤེགས་རྡོ་རྗེའི་སྡེ་ནི་བཅིངས་པ་མེད་པ་པོ། །རལ་པ་ཅན་གྱི་ཚེ་ན་དེ་བཞིན་གཤེགས་པ་པོ། །མཐུ་རྩལ་དྲག་ཤུལ་ཅན་ལ་རྡོ་ལེབ་ཕུལ་ནས་ཀྱང། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་ [500B] །དེ་བཞིན་གཤེགས་པ་འབྱོར་ལྡན་ཕྲེང་རྒྱུད་ཚེ། །དེ་བཞིན་གཤེགས་པ་ཆོས་ཀྱི་གཟི་བརྗིད་ལ། །ཙམྤ་ཀ་ཡི་ཕྲེང་བ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་ གཤེགས་སེངྒེའི་སྟོབས་ནི་ཕྱག་དར་བ་ཡི་ཚེ། །དེ་བཞིན་གཤེགས་པ་སྲིད་པའི་མཐའ་ནི་གཟིགས་པ་པོ། །བཅོམ་ལྡན་དེ་ནི་ཕྲག་པར་བླངས་ཏེ་འདམ་རྫ་བསྒྲལ། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །དེ་བཞིན་གཤེགས་པ་སྤྱན་ནི་འབྲི་མཁན་ཚེ། །དེ་བཞིན་གཤེགས་པ་ཁྲེལ་ཡོད་བཟང་པོ་ལ། །ཀ་ལ་མན་དག་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་ གཤེགས་འོད་སྲུང་སྦྱངས་གནས་དགེ་སློང་ཚེ། །བདེ་གཤེགས་རྒྱ་ཆེན་གཟུགས་ཀྱི་འཆགས་དག་ལྷུང་བཟེད་འབྲུ་མར་བཀང་བས་ཆག་ཆག་བཏག་དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། ། དེ་བཞིན་གཤེགས་པ་བློ་གསལ་རྒྱལ་བུའི་ཚེ། །དེ་བཞིན་གཤེགས་པ་ལྷ་ཡི་སྤྱན་དེ་ལ། །འོད་ཟེར་མེ་ཏོག་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡེ་ ཤེས་འགྲོས་ནི་རྒྱ་མཚོའི་ཚོང་པའི་ཚེ། །ཉམ་ཐག་ཚེ་ན་སངས་རྒྱས་དག་ལ་ཕྱག་འཚལ་ཞེས། །ཚིག་ཏུ་བརྗོད་ནས་བདེ་གཤེགས་ཚོགས་ཀྱི་འོད་ཟེར་ལ། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་ དོ༑ ༑བདེ་གཤེགས་གཟི་བརྗིད་དྲག་ཤུལ་མགར་བའི་ཚེ། །དེ་བཞིན་གཤེགས་པ་ཟླ་བའི་མཆོག་དེ་ལ། །དངུལ་ལས་བྱས་པའི་ལྷུང་བཟེད་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། ། [501A]༄༅། །བདེ་གཤེགས་འོད་ཟེར་ཆེན་པོ་ཚོང་དཔོན་བུར་གྱུར་ཚེ་།དེ་བཞིན་གཤེགས་པ་མཉམ་པར་བཞག་པའི་བདག་ཉིད་དེ། །ཉིན་གཅིག་བཞུགས་པའི་གནས་ནི་བྱས་ཏེ་ ཕུལ་ནས་ཀྱང། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ་།བདེ་གཤེགས་ཉི་འོད་གྲོང་རྡལ་བྱིས་པའི་ཚེ། །དེ་བཞིན་གཤེགས་པ་ཡོན་ཏན་ཏོག་དེ་ཡི། །རས་ཀྱི་གདན་དག་གདིང་བ་བྱས་ནས་ ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དྲི་མེད་འོད་ནི་མདུན་འདོན་ཚེ། །དེ་བཞིན་གཤེགས་པ་སྐྱེ་དབང་མཚུངས་དེ་ལ། །མཆོད་སྦྱིན་དག་གི་ར་བ་ཕུལ་ནས་ཀྱང། །དང་ པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གཟི་བརྗིད་རྣམ་འབྱེས་ཆང་ཚོང་ཚེ། །དེ་བཞིན་གཤེགས་པ་འཇིགས་མེད་བཤེས་མཉེན་ལ། །ཁ་རའི་བཏུད་པ་དག་ནི་ཕུལ་ནས་ ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཁེངས་མེད་བརྩིས་པའི་ཁྱེའུ་ཚེ། །དེ་བཞིན་གཤེགས་པ་བསྡུ་བའི་བློ་མངའ་ལ། །ཅི་ཙེའི་ཕུབ་མ་ཕྲག་སྟེ་གང་ཕུལ་ནས། ། དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྦྲང་རྩིའི་ཞལ་ནི་ལྷམ་མཁན་ཚེ། །དེ་བཞིན་གཤེགས་བ་དགྲ་ཐུལ་དེ་ལ་ནི། །མེ་ཏོག་ཨུཏྤལ་དག་ནི་ཕུལ་ནས་ཀྱང། །དང་པོར་ བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཟླ་འོད་རྟེན་བཅས་ནད་པའི་ཚེ། །དེ་བཞིན་གཤེགས་པ་བྲམ་པའི་འོད་དེ་ལ། །མོན་སྲན་གྲེ་འུ་རུལ་བ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ [501B] །དེ་བཞིན་གཤེགས་པ་གློག་སྦྱིན་རྒྱལ་པོའི་ཚེ། །དེ་བཞིན་གཤེགས་པ་རི་བོ་བརྩེགས་པ་ལ། །ཡིད་འཐད་ཁང་བ་བརྩེགས་པ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །བདེ་གཤེགས་རབ་ཞིར་གཤེགས་པ་ཤིང་ཚོང་ཚེ། །དེ་བཞིན་གཤེགས་པ་རྩེ་གཅིག་འོད་དེ་ལ། །ཆུ་དྲོན་སྣོད་དག་བཀང་སྟེ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །བདེ་གཤེགས་མི་འཁྲུགས་པ་ཡིས་དགེ་སློང་དག་ལ་ནི། །ཇི་སྲིད་འཚེ་བར་གནོད་སེམས་མེད་པར་འཛིན་བཅུག་གནས། །དེ་བཞིན་གཤེགས་པ་སྲེད་མེད་བུའི་མཐུ་རྩལ་ལ། །དང་ པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དགྲ་བཅོམ་གྲགས་པ་རྫ་མཁན་ཚེ། །དེ་བཞིན་གཤེགས་པ་སེངྒེའི་ཞབས་དེ་ལ། །སྤོས་ཀྱི་ཟ་མ་ཏོག་ནི་ཕུལ་ནས་ཀྱང། །དང་ པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཆོས་ཀྱི་ཡོན་ཏན་ཕྱྭ་མཁན་ཚེ། །དེ་བཞིན་གཤེགས་པ་ཚུལ་ཁྲིམས་དགྱེས་དེ་ལ་།ཁང་པ་དག་ནི་དབུལ་བ་བྱས་ནས་ཀྱང། །དང་ པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཞིང་བཟང་ལྷ་ཡི་རྟུལ་ཞུགས་ཚེ། །དེ་བཞིན་གཤེགས་པ་འཇིག་རྟེན་གསལ་དེ་ལ། །གུ་གུལ་བདུག་པ་དག་གི་གདུགས་ནས་ཀྱང། །དང་ པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བཀོད་པའི་རྒྱལ་པོ་འཁོར་སྒྱུར་ཚེ། །དེ་བཞིན་གཤེགས་པ་ཟླ་བའི་འོད་དེ་ལ། །བཻ་ཌཱུརྱ་ཡི་ཁང་བཟངས་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ [502A]༄༅། །ནི་སེམས་བསྐྱེད་དོ། །བདེ་གཤེགས་མངོན་འཕགས་ལྷ་ལ་དང་པའི་ཚེ། །དེ་བཞིན་གཤེགས་པ་སེངྒེ་རྣམས་བསྒྱིངས་ལ། །མེ་ཏོག་དག་ལས་བྱས་པའི་གདུགས་ ཕུལ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྦྱིན་སྲེད་འོད་འཕྲོ་དེད་དཔོན་ཚེ། །དེ་བཞིན་གཤེགས་པ་བློ་གྲོས་རྙོག་མེད་ལ། །བཀོད་པ་དག་ནི་བྱས་ཏེ་ཕུལ་ནས་ ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་པད་དཔལ་ཕྱུག་པོའི་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་གྲགས་པ་གསལ་བ་པོ། །བདེ་བར་གཤེགས་པ་པད་མའི་མེ་ཏོག་ གཏོར༑ ༑དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རིན་ཆེན་བཀོད་པ་ཁྱིམ་བདག་ཚེ། །དེ་བཞིན་གཤེགས་པ་ངེས་པའི་བློ་དེ་ལ། །ཁྲོན་ལ་དག་ནི་དབུལ་བ་བྱས་ནས་ཀྱང། །དང་ པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཤིན་ཏུ་བཟང་པོ་ལམ་སྟོན་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་གཏི་མུག་སྤངས་པ་དེ་ལ་ནི། །ལྗོན་པའི་ལྕུག་མ་ཉི་ཤུ་སྙེད་ནི་ཕུལ་ ནས་ཀྱང། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རིན་ཆེན་མཆོག་ནི་ཤིང་རྟ་མཁན་གྱི་ཚེ། །བཅོམ་ལྡན་དེ་བཞིན་གཤེགས་པ་ཡོན་ཏན་ཕུང་པོ་དེའི། །གཙུག་ ལག་དབང་གི་སྒོ་དག་ཕྱས་ཏེ་ཕུལ་ནས་ཀྱང། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཐུགས་ནི་ཤིན་དུ་གཞུངས་པ་ཕྱུག་རྫིའི་ཚེ། །དེ་བཞིན་ [502B] །ལམ་སྲང་དག་ཏུ་གཤེགས་ཚེ་གོས་དག་གཏིང་ནས་ཀྱང། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རྒྱ་ མཚོས་བྱིན་ནི་མདུན་འདོན་ཚེ། །དེ་བཞིན་གཤེགས་པ་སྐལ་ལྡན་ཤིང་རྟ་ལ། །མེ་ཏོག་དག་གི་གཞལ་མེད་ཁང་པ་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། ། དེ་བཞིན་གཤེགས་པ་ཚངས་ཏོག་ཞིང་པའི་ཚེ། །དེ་བཞིན་གཤེགས་པ་བདེན་པའི་མཐུ་རྩལ་ལ། །མོན་སྲན་གྲེ་འུ་འབྲུ་སྤར་གང་གཏོར་ནས་ཀྱང། །དང་པོར་བྱང་ ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཟླ་གདུགས་ནི་ར་ཡུ་ཧ་ཀའི་ཚེ། །དེ་བཞིན་གཤེགས་པ་སྣ་ཚོགས་གསུང་དེ་ལ། །ཕྱུག་པ་དག་ནི་དབུལ་བ་བྱས་ནས་ ཀྱང༑ ༑དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འོད་འཕྲོ་སྤོས་ཚོང་གྱུར་བའི་ཚེ། །བདེ་གཤེགས་ཕྱོགས་རྣམ་གཟིགས་པ་སངས་རྒྱས་ཀྱི། །གཙུག་ ལག་ཁང་དག་སྤོས་ཀྱི་གདུག་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དྲི་མེད་རྒྱལ་པོ་ནི། །རི་མོ་མཁན་ཚེ་བདེ་གཤེགས་སྟོན་གསལ་དེའི། ། སྒོ་གང་དག་ནི་རི་མོ་བྲིས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡེ་ཤེས་གྲགས་པ་གོས་ཚོང་ཚེ། །དེ་བཞིན་གཤེགས་པ་ངེས་ [503A]༄༅། །པར་རྟོག་བཟོད་ལ། །ཆོས་གོས་སྲ་བརྒྱད་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཀུན་རྒྱལ་ཚོང་དཔོན་ བུར་གྱུར་ཚེ། །དེ་བཞིན་གཤེགས་པ་ཆོས་ཀྱི་གདུགས་དེ་ལ། །རིན་ཆེན་སེན་མོ་དེ་དག་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡོན་ ཏན་འོད་ནི་མཐིང་མཁན་ཚེ། །དེ་བཞིན་གཤེགས་པ་ཚོགས་ཀྱིས་མི་ཐུབ་ལ། །མཐིང་ཕོར་གཅིག་གཅིག་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །དེ་བཞིན་གཤེགས་པ་སྒྲ་བསྒྲགས་གོས་ཚོང་ཚེ། །དེ་བཞིན་གཤེགས་པ་ལྷ་ཡི་སྐུ་རེག་ལ། །སྐ་རགས་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་ བྱང་ཚུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཟླ་རྒྱལ་ཕྱུགས་རྫིའི་དཔོན་པོའི་ཚེ། །དེ་བཞིན་གཤེགས་པ་ལྷ་ཡི་པདྨ་ལ། །ཕྱུར་བ་དག་ནི་དབུལ་བ་ བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་པདྨའི་འོད་ཟེར་བྲམ་ཟེ་ཡི། །རྒྱལ་གཙོའི་བུ་ཚེ་བདེ་གཤེགས་ཀུན་གཟིགས་ལ། །ཧི་ དིམ་བ་ར་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བརྟུལ་ཞུགས་བཟང་པོ་སྣོད་སྤྱད་མཁན་གྱི་ཚེ། །དེ་བཞིན་གཤེགས་ [503B]དབུལ་བ་བྱས་ནས་ཀྱང། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྒྲོན་རྒྱལ་ བཅའ་བ་མཁར་གྱི་ཚེ། །དེ་བཞིན་གཤེགས་པ་བཀོད་པའི་ཚོགས་ཅན་ལ། །སྣུམ་ཁུར་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། ། བདེ་གཤེགས་གློག་གི་ཏོག་ནི་དེད་དཔོན་ཚེ། །དེ་བཞིན་གཤེགས་པ་དོན་ནི་དགོངས་པ་ལ། །ན་བཟའ་ཕྲུགས་གཅིག་ཅིག་ནི་ཕུལ་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་ སེམས་བསྐྱེད་དོ། །བདེ་གཤེགས་འོད་ཟེར་རྒྱལ་པོ་རྫ་མཁན་ཚེ། །དེ་བཞིན་གཤེགས་པ་མཚན་གྱི་རྒྱལ་པོ་ལ། །ཁྲུས་རྐྱེན་བུམ་པ་དག་ནི་ཕུལ་ནས་ཀྱང། །དང་པོར་ བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྐར་མཁན་ཚལ་གྱི་ལས་བྱེད་ཚེ། དེ་བཞིན་གཤེགས་པ་པདྨའི་ཞབས་དེ་ལ། །ལོ་མའི་གང་རི་བདག་ནི་ཕུལ་ནས་ཀྱང། །དང་ པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གྲགས་རྫོགས་ནོར་བུ་ཚོང་པའི་ཚེ། །དེ་བཞིན་གཤེགས་པ་སྙན་པར་དགོངས་དེ་ལ་།རིན་པོ་ཆེ་ཡི་བླ་རེ་ཕུལ་ནས་ཀྱང། །དང་ པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་པར་སྙིང་སྟོབས་ཀྱིས་འཁོར་ལོས་བསྒྱུར་བའི་ཚེ། །དེ་བཞིན་གཤེགས་པ་ལྗོན་པའི་རྒྱལ་མཚན་དེ་ལ་ནི། །དྲི་ [504A]༄༅། །བསུང་ལྡན་པའི་བསྐྱད་མོས་ཚལ་དག་ཕུལ་ནས་ཀྱང་།དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རྒྱལ་ནི་འཁོར་ལོས་བསྒྱུར་ བའི་ཚེ༑ ༑དེ་བཞིན་གཤེགས་པ་འོད་དག་དེ་ལ་ནི། །རིན་ཆེན་གདུགས་ནི་བྱེ་བ་སྟོང་སྙེད་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྤྱན་མཛེས་གྲོང་ དཔོན་བུ་མོའི་ཚེ། །དེ་བཞིན་གཤེགས་པ་སེངྒེའི་མཐུ་རྩལ་ལ། །མེ་ལོང་དང་ནི་བླ་རེ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རྙོག་པ་མེད་ དོན་ཤིང་བསྲུང་ཚེ། །དེ་བཞིན་གཤེགས་པ་ཚོགས་ཀྱི་གཙོ་དེ་ལ་།ཚེམས་ཤིང་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ དྲག་ཤུལ་སྡེ་ནི་ཁྱེའུ་ཚེ། །དེ་བཞིན་གཤེགས་པ་སྤོས་དང་ཞམ་པོ་ལ། །ཕྱག་དར་སྙིམ་པ་གང་ཞིག་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་ གཤེགས་བསོད་ནམས་གཟི་བརྗིད་ལྕི་ཚོང་ཚེ། །དེ་བཞིན་གཤེགས་པ་མཁས་པས་སྔགས་དེ་ལ། །ལྷུང་བཟེད་བཀྲུ་ཕྱིར་ལྕི་བའི་ཀོང་བུ་ཕུལ། །དང་པོར་བྱང་ཆུབ་ཏུ་ ནི་སེམས་བསྐྱེད་དོ། །བདེ་གཤེགས་མཐུ་རྩལ་ཅན་ནི་རྩྭ་ཚོང་ཚེ་།དེ་བཞིན་གཤེགས་པ་བསོད་ནམས་མུ་སྟེགས་ལ། །རྩྭ་ཁུར་དག་ནི་དབུལ་བ་བྱས་ནས་ཀྱང། ། [504B] །བདེ་གཤེགས་ཐོགས་མེད་བློ་ནི་མགར་པའི་ཚེ། །དེ་བཞིན་གཤེགས་པ་ཤེས་རབ་འོད་དེ་ལ་།མཚོན་ཆ་དག་ནི་དབུལ་བ་བྱས་ནས་ ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྒྲ་ཅན་ལྷ་ནི་ལྕགས་མགར་གྱི། །ཁྱེའུ་ཚེ་ན་དེ་བཞིན་གཤེགས་པ་པོ། །ཡེ་ཤེས་གོ་ཆ་ལ་ནི་ཁབ་ཕུལ་ ནས༑ ༑དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡེ་ཤེས་ཕུང་པོ་འདྲེག་མཁན་ཚེ། །དེ་བཞིན་གཤེགས་པ་མདངས་སྟོབས་སྐྱེ་བ་ཡི། །སྲེག་ཤང་དག་གཅིག་ དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཁ་ལོ་སྒྱུར་བ་དབུལ་པོའི་ཚེ། །དེ་བཞིན་གཤེགས་པ་གཟི་བརྗིད་དྲག་ཤུལ་ལ། །མཆིལ་ ལམ་རིམ་གཅིག་པ་དག་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྐྱེ་དབང་མཚུངས་ནི་གྲོང་ཁྱེར་ན་།རྟེན་ཆེ་བདེ་གཤེགས་སངས་རྒྱས་ དགྱེས་དེ་ལ། །མོན་སྲན་གྲེའུ་དག་གི་གཏོར་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མེ་ཏོག་ཏོག་ནི་རྒྱལ་གཙོ་ཡི། །ཁྱེའུ་ཚེ་ན་བདེ་གཤེགས་ གསལ་རྒྱལ་ལ། །མཆིལ་མའི་སྣོད་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྒྲ་ཅན་འཛིན་ནི་འདྲེག་མཁན་ཚེ། །དེ་བཞིན་ [505A]༄༅། །གཤེགས་པ་ཐམས་ཅད་དགྱེས་པ་པོ། །བཅོམ་ལྡན་དེའི་སེན་མོ་བཅད་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ་།བདེ་གཤེགས་རྩི་ སྨན་ཆེན་པོ་ཐགས་མཁན་ཚེ། །དེ་བཞིན་གཤེགས་པ་ཡིད་གཉིས་རྣམ་གནོན་ལ། །རས་ཀྱི་ཁ་ཚར་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། ། བདེ་གཤེགས་རྒྱུ་སྐར་རྒྱལ་པོ་ཚོང་དུས་པ་ཡི་ཚེ། །དེ་བཞིན་གཤེགས་པ་དོན་ནི་ལེགས་པར་དགོངས་དེ་ལ། །བུམ་པ་མར་གྱི་བཀང་པ་དག་ནི་ཕུལ་ནས་ཀྱང། །དང་ པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྨན་པའི་རྒྱལ་བ་ཚོང་དཔོན་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་ལྷུན་པོ་ཆེན་པོ་དེ་ལ་ནི། །ལྷ་ཡི་ ཁང་བཟང་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོ་ཉིད་ཏུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བསོད་ནམས་གླང་པོ་འབྲུ་མར་གྱི། །མཁན་ཚེ་དེ་ བཞིན་གཤེགས་པ་འཕགས་དུལ་ལ། །ཞབས་བསྐུ་བ་དག་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གཅོད་མཛད་ སྨད་ཚོང་བུ་མོའི་ཚེ། །དེ་བཞིན་གཤེགས་པ་མཁས་པ་གསལ་དེ་ལ་།མེ་ལོང་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་ [505B] །ཁྱེའུ་ཚེ་བདེ་གཤེགས་བསྡུ་བའི་བློ་མངའ་ལ། །འདག་པའི་ཚལ་དག་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །བདེ་གཤེགས་ཉི་མའི་འོད་ཟེར་དགེ་སློང་དབྱར་གནས་པའི། །རིམ་གྲོ་པ་ཚེ་དེ་བཞིན་གཤེགས་པ་དབྱངས་སྙན་པ། །དེ་ལ་ཁྲུས་ཆུ་དག་ནི་དབུལ་བ་བྱས་ནས་ཀྱང་ དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཆོས་མཛད་དཀའ་ཐུབ་ཅན་གྱི་ཚེ། །དེ་བཞིན་གཤེགས་པ་མཐུ་ཆེན་གནས་སུ་ཕྱིན་པ་ལ། །མཚན་མོ་མར་མེ་ དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བློ་གྲོས་བཟང་པོ་སྨན་པའི་ཚེ། །དེ་བཞིན་གཤེགས་པ་སེངྒེའི་ང་རོ་ལ། །ཨ་རུ་ར་ དག་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡོན་ཏན་དབང་མཚུངས་རྩྭ་ཐུན་ཚེ། །དེ་བཞིན་གཤེགས་པ་ཀུན་ཏུ་རིན་ཆེན་ལ། །བཧད་ ཀྲ་ཀ་རི་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རྡོ་རྗེའི་སྡེ་ནི་ཚོང་བའི་ཚེ། །དེ་བཞིན་གཤེགས་པ་འཇིག་རྟེན་ཀུན་དགའ་ལ། །ལྷུང་བཟེད་ སྦྲང་རྩིས་བཀང་སྟེ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཤེས་རབ་བརྩེགས་ནི་སྔོན་པའི་ཚེ་།དེ་བཞིན་གཤེགས་པ་བཧར་ག་རྡོ་རྗེ་ཡི། ། [506A]༄༅། །ལམ་སྲང་དག་ནི་མཚོན་པ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ལེགས་ནས་བྲམ་ཟེའི་ཚེ། ། དེ་བཞིན་གཤེགས་པ་སེངྒེའི་དབྱངས་དེ་ལ། །བཻ་ཌཱུརྱ་ལས་བྱས་པའི་གདུགས་ཕུལ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ་།དེ་བཞིན་གཤེགས་པ་བློ་སྦྱངས་ ཕྲེང་རྒྱུད་ཚེ། །དེ་བཞིན་གཤེགས་པ་སྐར་མའི་སྐབས་དེ་ལ། །སྣ་མའི་མེ་ཏོག་བདུན་ཞིག་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཚངས་ དབྱངས་ལམ་སྟོན་ཁྱེའུ་ཚེ། །དེ་བཞིན་གཤེགས་པ་དེད་དཔོན་དེ་ལ་ནི། །གསེར་གྱི་མེ་ཏོག་དག་ནི་གཏོར་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་ གཤེགས་ཡོན་ཏན་མཆོག་ནི་ཞིབ་པའི་ཚེ། །དེ་བཞིན་གཤེགས་པ་མི་ཡི་ཟླ་བ་ལ། །བལ་སྲན་སྔོན་པོ་སྤར་གང་གཏོར་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་ དོ༑ ༑བདེ་གཤེགས་འབྲུག་སྒྲ་དབྱངས་ནི་རྩིས་པ་ཡི། །ཁྱེའུ་ཚེ་དེ་བཞིན་གཤེགས་པ་བཀོད་ཆེན་ལ། །ཕྲེང་བ་ཆེན་པོ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་ སེམས་བསྐྱེད་དོ། །བདེ་གཤེགས་མངོན་ཤེས་ཏོག་ནི་རིགས་གཙོའི་ཚེ་།དེ་བཞིན་གཤེགས་པ་ཉི་མའི་འོད་དེ་ལ། །དར་དང་བདུག་པ་དག་ནི་ཕུལ་ནས་ཀྱང། །དང་པོར་ [506B] །དེ་བཞིན་གཤེགས་པ་ཏོག་འོད་རྒྱལ་བུའི་ཚེ། །དེ་བཞིན་གཤེགས་པ་མཛེས་དང་ལྡན་པ་ཡི་།ཞབས་གཉིས་དག་ནི་བཀྲུ་བ་བྱས་ནས་ཀྱང། ། དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དགེ་བ་ཁྱིམ་བདག་ཚེ། །བདེ་གཤེགས་དེ་མཐའ་ནོར་བུའི་སྤོས་དེ་ལ་།དགུན་སྨན་སྦྱར་ཐུགས་དག་ནི་གསོལ་ ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཚངས་པ་མཐིང་བུ་ཚོང་བའི་ཚེ། །དེ་བཞིན་གཤེགས་པ་ཞི་བ་རི་གནས་དེ་ལ། །མཐིང་བུའི་ནོར་བུ་དག་ནི་ ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྐྱེ་མཆོག་ཚོང་དཔོན་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་གྲགས་པ་སྡུས་དེ་ལ། །གུར་གུམ་ དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྤྱན་སྡུག་སྤོས་ཚོང་ཁྱེའུ་ཚེ། །དེ་བཞིན་གཤེགས་པ་ཚངས་པ་མཆོད་དེ་ལ། ། སྤོས་ཀྱི་ཕྱེ་མ་སྤར་གང་གཏོར་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཀླུས་སྤྱིན་རྫ་མཁན་ཆུང་མའི་ཚེ། །དེ་བཞིན་གཤེགས་པ་ང་རོ་ཆེན་པོ་ལ། ། ཆུ་ཡིས་བཀང་བའི་སྣོད་དག་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་བདེན་ཏོག་ཚོང་དཔོན་ཚེ། །དེ་བཞིན་གཤེགས་པ་གྲགས་ [507A]༄༅། །པ་དགྱེས་དེ་ལ། །གསེར་གྱི་ཁྲི་བསྟན་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་རྒྱན་ པ་སྤོས་ཚོང་ཚེ། །དེ་བཞིན་གཤེགས་པ་མཁས་པ་གསལ་དེ་ལ། །སྤོས་ཀྱི་ཕུར་མ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ ཞུམ་མེད་དབྱངས་ནི་ལྕགས་མགར་ཚེ། །དེ་བཞིན་གཤེགས་པ་སྨོན་ལམ་མཐའ་ཡས་ལ། །ལྕགས་ལས་བྱས་པའི་སྣོད་དག་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རིན་ཆེན་འོད་ནི་དེད་དཔོན་ཚེ་།དེ་བཞིན་གཤེགས་པ་འགྲོ་བའི་འོད་ཟེར་ལ། །སྤོས་ཀྱི་རྡོ་གུ་དག་གི་གདུགས་ནས་ཀྱང། །དང་པོར་ བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དབྱངས་ནི་བྱིན་པ་ཡི། །དེ་བཞིན་གཤེགས་པ་ལྟ་བར་བཟོད་དེ་ལ། །དཔྱིད་ཀ་ཆབ་རོམ་གོང་བུ་ཕུལ་ནས་ ཀྱང༑ ༑དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སེངྒེ་དག་ནི་མགར་བའི་ཚེ། །དེ་བཞིན་གཤེགས་པ་མེ་ཏོག་ཆེན་པོ་པ། །དེ་ལ་ཁབ་དག་དབུལ་བ་ བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འོད་ཟེར་སྣ་ཚོགས་ཤ་ན་མཁན་གྱི་ཚེ། །དེ་བཞིན་གཤེགས་པ་བསྒོམས་པའི་བདག་ [507B] །ཤ་ན་དག་ལས་བྱས་པའི་ན་བཟའ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡེ་ཤེས་དཔའ་བོ་གྲོང་རྡལ་གྱི། །ཁྱེའུ་ཚེ་དེ་བཞིན་ གཤགས་པ་བློ་གསལ་ལ། །ལ་དུ་དག་ནི་དབུལ་བ་བྱས་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་པདྨའི་སྙིང་པོ་རྩིས་པ་ཡིས། །ཁྱེའུ་ཚེ་དེ་བཞིན་ གཤེགས་པ་མཁས་བློ་ལ། །མེ་ཏོག་སྙིམ་པ་བཀང་སྟེ་གཏོར་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མེ་ཏོག་རྒྱས་པ་ལག་བླའི་ཚེ། །དེ་བཞིན་ གཤེགས་པ་ནོར་སྦྱིན་དེ་ལ་ནི། །དུས་མ་ཡིན་པར་བཅུད་ལྡན་བཏུད་བ་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མཐུ་རྩལ་སྟོབས་ནི་རལ་པ་ཅན། ། སྦྱིན་སྲེག་མཁན་ཚེ་དེ་བཞིན་གཤེགས་པ་པོ། །ཞུམ་མེད་དབྱངས་ལ་ཞུགས་འདི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བསོད་ནམས་ ཕུང་པོ་ཚོང་པའི་ཚེ། །དེ་བཞིན་གཤེགས་པ་ཀུན་དུ་གཟིགས་དེ་ལ་།ལྷུང་བཟེད་སྦྲང་རྩིས་བཀང་སྟེ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ གཟུགས་མཆོག་གྲོང་ཁྱེར་སྲུང་བའི་ཚེ། །དེ་བཞིན་གཤེགས་པ་ཟླ་བ་བཟང་པོ་ལ། །བཏུང་བ་བྱིན་གྱིས་བརླབས་པ་ཕུལ་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་སེམས་ [508A]༄༅། །བསྐྱེད་དོ། །དེ་བཞིན་གཤེགས་པ་སྐར་མཁན་སྤོས་ཚོང་ཚེ། །དེ་བཞིན་གཤེགས་པ་ངེས་པའི་གཟུགས་དེ་ལ། །སྤོས་ཀྱི་རྒྱུ་དག་ དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཟླ་བའི་སྒྲོན་མེ་སློངས་མོའི་ཚེ། །དེ་བཞིན་གཤེགས་པ་རྣལ་འབྱོར་སེམས་དཔའ་ལ། ། འགྲོན་བུ་ཉི་ཤུ་དག་ནི་གཏོར་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གཟི་བརྗིད་ཕུལ་པོ་རྩྭ་ཐུན་ཚེ་།དེ་བཞིན་གཤེགས་པ་ཟབ་མོར་ གནས་དེ་ལ། །རྩྭ་ལས་བྱས་པའི་གདུགས་དག་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་རྒྱལ་པོ་ཤིང་རྟ་ཡི། །མཁན་ཚེ་དེ་ བཞིན་གཤེགས་པ་དཔལ་འོད་ལ། །ཤིང་རྟ་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མི་ཟད་ཤིང་རྟ་མཁན་གྱི་ ཚེ༑ ༑དེ་བཞིན་གཤེགས་པ་རབ་ཏུ་གདུལ་དཀའ་ལ། །བཞུགས་ཁྲིའུ་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ མངོན་རྟོགས་ཅན་ནི་སྨན་པའི་ཚེ། །དེ་བཞིན་གཤེགས་པ་ཀུན་ཏུ་གཟིགས་དེ་ལ། །ལྡག་སྨན་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་ [508B] །བདེ་གཤེགས་ཡན་ལག་རྒྱས་པ་ཕྱགས་རྗིའི་ཚེ་།དེ་བཞིན་གཤེགས་པ་ཟླ་བའི་སྒྲོན་དེ་ལ། །ལྷུང་བཟེད་ད་རབས་བཀང་སྟེ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡུལ་འཁོར་ཤེས་རབ་མར་ཚོང་ཚེ། །དེ་བཞིན་གཤེགས་པ་གསལ་བའི་དཔལ་དེ་ལ། །ཞུན་མར་སྲང་བརྒྱད་དག་ནི་ཕུལ་ནས་ཀྱང། ། དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་མཆོག་ནི་བོད་རྫིའི་ཚེ། །དེ་བཞིན་གཤེགས་པ་ཟླ་བའི་གདུགས་དེ་ལ། །བཞུགས་པའི་རྡོ་གདན་དག་ནི་ ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གཟི་བརྗིད་ཚིམ་མཛད་རྒྱལ་བུའི་ཚེ། །དེ་བཞིན་གཤེགས་པ་འགྲོ་བའི་མུ་སྟེགས་ལ། །སེའུ་འབྲུ་ དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཤེས་རབ་བྱིན་ནི་མར་ཚོང་ཚེ། །དེ་བཞིན་གཤེགས་པ་གསལ་བའི་དཔལ་དེ་ལ། ། མར་ཁུ་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་འཇམ་དབྱངས་རྫ་མཁན་ཚེ་།དེ་བཞིན་གཤེགས་པ་རིན་ ཆེན་མཆོག་དེ་ལ། །རིལ་པོ་ཆུ་ཡིས་བཀང་སྟེ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་མགོན་པོ་རིགས་བུའི་ཚེ། །བདེ་གཤེགས་ [509A]༄༅། །བཟང་པོ་ངོ་ཚ་མཁྱེན་པ་ལ། །འཆག་ས་དག་ནི་བྱས་ཏེ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་སྐྱེད་དོ། །བདེ་གཤེགས་ཆགས་ མེད་མཛོད་ནི་མི་བཀྲེན་ཚེ། །དེ་བཞིན་གཤེགས་པ་བལྟ་བར་བཟོད་དེ་ལ། །ཚོད་མའི་གོང་བུ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ གཙོ་བོས་བྱིན་ནི་ལྷ་ཡི་བུ། །དབང་ཕྱུག་ཚེ་ན་དེ་བཞིན་གཤེགས་པ་པོ། །སེངྒེའི་ང་རོ་དེ་ལ་བསྟོད་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་ པ་གཙོ་བོ་སྤོས་ཚོང་ཚེ། །དེ་བཞིན་གཤེགས་པ་མཐུ་རྩལ་ཆེན་པོ་ལ། །སྤོས་ལོའི་རོ་ལུ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ ཡེ་ཤེས་མཐུ་རྩལ་ཤིང་སྲུང་ཚེ། །དེ་བཞིན་གཤེགས་པ་ཀུན་ཏུ་གསལ་དེ་ལ། །ཀོ་བི་ད་རའི་མེ་ཏོག་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་ བཞིན་གཤེགས་པ་འོད་འཕྲོ་དགེ་སློང་ཚེ། །དེ་བཞིན་གཤེགས་པ་དབྱར་གྱི་སྣོད་དེ་ལ། །བུ་རམ་ཆུ་དག་དབུལ་བ་བྱས་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །དེ་བཞིན་གཤེགས་པ་དབང་པོ་ཁྱིམ་བདག་ཚེ། །དེ་བཞིན་གཤེགས་པ་དགའ་བའི་དཔལ་དེ་ལ། །སྐྱེད་མོས་ཚལ་དག་དབུལ་བ་བྱས་ནས་ཀྱང། །དང་པོར་ [509B] །བདེ་གཤེགས་ཤུགས་འཆང་ཚོང་དཔོན་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་མཉམ་པར་གནས་པ་པོ། །དེ་ལ་གདུགས་དག་དབུལ་བ་བྱས་ནས་ ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་སྐར་རྒྱལ་འཁོར་ལོས་བསྒྱུར་བའི་ཚེ། །བདེ་གཤེགས་ཀུན་གྱི་བློ་དེ་འཁོར་བཅས་ཐེར་འབུམ་དག་ དབྱར་གནས་ཆེན་པོ་ཕོངས་པ་མེད་པས་སྤྱན་དྲངས་ནས། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་འོད་བཟང་ཚོང་པའི་ཚེ། །དེ་བཞིན་གཤེགས་པ་ མཐུ་རྩལ་ཆེན་པོ་ལ། །སྦྲང་རྩི་ཅི་བཞེད་པ་དག་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གྲགས་བྱིན་འཛམ་གླིང་རྒྱལ་པོའི་ཚེ། །དེ་བཞིན་གཤེགས་ པ་ཟླ་བའི་ཏོག་དེ་ཡི། །གཙུག་ལག་ཁང་ནི་བྱེ་བ་བྱས་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་གཟུགས་བཟང་སྤོས་ཚོང་ཚེ། །དེ་བཞིན་ གཤེགས་པ་བརྟུལ་ཞུགས་བརྟན་དེ་ལ། །སྤོས་ནི་སྲང་གི་བཞི་ཆ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་རྒྱལ་པོ་གསེར་རྟོག་ཚེ། ། དེ་བཞིན་གཤེགས་པ་ལྷ་ཡིས་མཆོད་དེ་ལ། །ཁྲོན་པ་ཆུ་ཡིས་གང་བ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དོན་གྲུབ་བྲམ་ཟེའི་ [510A]༄༅། །ཚེ༑ ༑དེ་བཞིན་གཤེགས་པ་ཐལ་པར་རློག་དེ་ལ། །མཆོད་སྦྱིན་ཆེན་པོ་དག་ནི་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། ། བདེ་གཤེགས་སེངྒེའི་སྡེ་ནི་དབང་བློན་གྱི། །བུ་ཚེ་དེ་བཞིན་གཤེགས་པ་གྲགས་མཆོག་ལ། །བསྐྱེད་མོས་ཚལ་དག་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །བདེ་གཤེགས་ནོར་ལྷའི་བུ་ནི་ཚོང་དཔོན་བུ་མོའི་ཚེ་།དེ་བཞིན་གཤེགས་པ་ཡོན་ཏན་ཐམས་ཅད་རྫོགས་པ་པོ། །དེ་ལ་ཞལ་བཀྲུ་བ་དག་དབུལ་བ་བྱས་ནས་ ཀྱང། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གྲགས་པ་རྒྱལ་པོའི་བཙུན་མོའི་ཚེ། །དེ་བཞིན་གཤེགས་པ་བློ་ལྡན་དེ་ལ་ནི། །རང་གི་རྒྱན་རྣམས་ དག་ནི་གཏོར་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ་།བདེ་གཤེགས་རྒྱལ་བ་རྒྱལ་པོའི་བུ་མོའི་ཚེ། །དེ་བཞིན་གཤེགས་པ་བདུད་རྩིའི་འོད་ཟེར་ཅན། ། དེ་ལ་ཐོད་དག་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རྒྱ་ཆེན་སྙིང་པོ་ཚོང་པའི་ཚེ་།དེ་བཞིན་གཤེགས་པ་དབྱངས་ཅན་དེ་ལ་ ནི༑ ༑མུ་ཏིག་དག་ལས་བྱས་པའི་གདུགས་ཕུལ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བསོད་ནམས་འོད་ཟེར་ལྕགས་སྲུང་ཚེ། །དེ་བཞིན་ [510B] །སོག་མ་དག་ལས་བྱས་པའི་ཕྲེང་བ་ཕུལ། །དང་པར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྨྲང་འདོན་འབྲུ་མར་མཁན་གྱི་ཚེ། །དེ་ བཞིན་གཤེགས་པ་སྟོབས་ཆེན་དེ་ལ་ནི། །ལྷུང་བཟེད་འབྲུ་མར་དག་གིས་བཀང་བ་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྒྲོན་རྒྱལ་རྩིས་པའི་བུར་ གྱུར་ཚེ༑ ༑དེ་བཞིན་གཤེགས་པ་མཐུ་རྩལ་ཆེན་པོ་ལ། །མེ་ཏོག་འབྲས་བུ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡེ་ཤེས་བརྩེགས་ ནི་ལྗོངས་དག་གིས། །ཕོ་ཉའི་ཚེ་ན་དེ་བཞིན་གཤེགས་པ་པོ། །བདུད་རྩི་གསལ་ལ་སྦྲང་རྩིའི་བཏུང་བ་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ལྷ་ མཆོག་ཤིང་སྲུང་ཚེ། །དེ་བཞིན་གཤེགས་པ་བྱང་ཆུབ་མཐུ་རྩལ་ལ། །མ་ཏུ་ལུང་ག་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ས་ བདག་ཁྱིམ་བདག་ཚེ། །དེ་བཞིན་གཤེགས་པ་སྒྲ་མཆོག་སེམས་པ་ལ་།ཁང་བརྩེགས་གོས་ཀྱིས་གཡོགས་པ་དག་ཕུལ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་ གཤེགས་གྲོལ་བརྙེས་བཙོ་བླག་མཁན་གྱི་ཚེ། །དེ་བཞིན་གཤེགས་པ་བློ་གྲོས་དྲག་ཤུལ་ལ། །རས་ཡུག་ཁྲ་བོ་དག་ནི་ཕུལ་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་ [511A]༄༅། །གཤེགས་གཙུག་གསེར་ཚོང་དཔོན་ཁྱེའུ་ཚེ། །དེ་བཞིན་གཤེགས་པ་ཆུ་ལྷའི་མཐུ་རྩལ་ལ། །གསེར་གྱི་བུམ་པ་དག་ནི་ཕུལ་ནས་ཀྱང། །དང་པོར་ བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྒྲ་གཅན་བཟང་པོ་སློང་བའི་ཚེ། །དེ་བཞིན་གཤེགས་པ་བརྟུལ་ཞུགས་ཆེན་པོ་ལ་།རྩྭ་ཡི་སྒྲོན་མ་དག་ནི་ཕུལ་ནས་ཀྱང། །དང་ པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཐུབ་དཀའ་གོ་རི་ཀ་ཡི་ཚེ། །དེ་བཞིན་གཤེགས་པ་འོད་ཟེར་འབར་བ་ལ། །གཤེགས་ཟམ་དག་ནི་བྱས་ཏེ་ཕུལ་ནས་ཀྱང། །དང་ པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཐུབ་གསལ་དུང་ཚོང་ཚེ། །དེ་བཞིན་གཤེགས་པ་ཉོན་མོངས་མེད་བློ་ལ་།དུང་དག་སྤར་བ་བཀང་སྟེ་ཕུལ་ནས་ ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཟླ་བའི་འོད་ཟེར་ཚོང་དུས་པའི། །ཁྱེའུ་ཚེ་བདེ་གཤེགས་སེངྒེའི་དབྱངས་དེ་ལ། །ཁམ་ཕོར་མར་ཁུས་བཀང་ སྟེ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ་།བདེ་གཤེགས་གསེར་འོད་ཚོང་དཔོན་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་ཤིན་ཏུ་དགྱེས་དེ་ལ། །མུ་ ཏིག་ཆུན་ཕྲེང་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ལྷ་ཡི་ཡོན་ཏན་དབང་པོ་བློན་ཆེའི་ཚེ། །དེ་བཞིན་གཤེགས་པ་ [511B] །དཔག་ཚད་གཅིག་པའི་བསྐྱེད་མོས་ཚལ་དག་ཕུལ་ནས་ཀྱང། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཆོས་གདུགས་ བྲམ་ཟེའི་ཚེ། །རི་ཡི་རྩེ་མོ་ནས་ནི་བདག་མཆོངས་ནས། །དེ་བཞིན་གཤེགས་པ་ཉི་མའི་འོད་དེ་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བསོད་ནམས་ ལག་ནི་ཚོང་དཔོན་བུ་མོའི་ཚེ། །བདེ་བར་གཤེགས་པ་བདུད་རྩིའི་སྒྲོན་མ་དེ་ལ་ནི། །མེ་ཏོག་མྱ་ངན་འཚང་དག་དབུལ་བ་བྱས་ནས་ཀྱང། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་ དོ༑ ༑བདེ་གཤེགས་ཆགས་མེད་སྤོས་འཚོང་ཁྱིའུ་ཡི་ཚེ། །དེ་བཞིན་གཤེགས་པ་བྱང་ཆུབ་སྟབས་དེ་ལ། །སྲན་གྲེའུ་ཕུལ་གསུམ་ཞིག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡེ་ཤེས་གྱོ་ནོམ་རྒྱལ་པོ་ཡི། །ཕོ་ཉའི་ཚེ་ན་བདེ་གཤེགས་རྒྱལ་བོ་ཡི། །བཤེས་གཉེན་དེ་ལ་ལ་ནི་གཅིག་བསྐོར་བྱས་ནས། །དང་པོར་ བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བློ་ཞི་བ་རྒྱལ་པོའི་བཙུན་མོའི་ཚེ། །དེ་བཞིན་གཤེགས་པ་ལེགས་པར་གཟིགས་དེ་ལ་།བུམ་པ་ཆུ་ཡིས་བཀང་སྟེ་ཕུལ་ ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གཟི་བྱིན་ཐམས་ཅད་དེད་དཔོན་ཚེ། །དགེ་འདུན་མང་པོར་ཞལ་ཟས་གསོལ་ནས་ཀྱང། །དེ་བཞིན་ [512A]༄༅། །གཤེགས་པ་རྙོག་པ་མེད་དོན་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་རྩི་སྨན་ལག་བླའི་ཚེ་།དེ་བཞིན་གཤེགས་ པ་རྟོགས་པའི་མཆོག་དེ་ལ། །སྐྱུ་རུ་ར་དག་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རྣམ་གྲོལ་ཏོག་ནི་རྟེན་བཅས་ཚེ། །འདམ་ རྫབ་དག་ཏུ་ཟམ་པ་བཙུགས་ནས་ཀྱང། །དེ་བཞིན་གཤེགས་པ་མི་ཡི་ཟླ་བ་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་འོད་མཛད་ཞིང་ པའི་ཚེ༑ ༑དེ་བཞིན་གཤེགས་པ་འོད་འབར་དེ་ལ་ནི། །མེ་ཏོག་མར་པོ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ་།བདེ་གཤེགས་ཡེ་ཤེས་ རྒྱལ་པོ་འབྲས་སཱ་ལུའི། །ཁུར་ཁྱེར་ཚེ་ན་བདེ་གཤེགས་པ་ཀུན་འོད་ལ། །མེ་ཏོག་ཀར་ནི་ཀ་དག་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་ གཤེགས་པ་འཇིགས་མཛད་དཔའ་བོའི་ཚེ། །དེ་བཞིན་གཤེགས་པ་བཀོད་པ་ཆེན་པོ་ལ། །རྒྱལ་མཚན་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་ སེམས་བསྐྱེད་དོ། །བདེ་གཤེགས་ཆུ་བོ་སྤོང་ནི་གྲོང་རྡལ་བྱིས་པའི་ཚེ། །དེ་བཞིན་གཤེགས་པ་སེངྒེའི་རྣམ་པར་བསྒྱིངས་པ་ཡི། །སྟོབས་ལ་མེ་ཏོག་ཨུཏྤལ་དག་ནི་གཏོར་ [512B] །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཐོགས་མེད་གྲགས་པ་སློང་བའི་ཚེ། །དེ་བཞིན་གཤེགས་པ་ལྷ་དགའ་དེ་ལ་ནི། །མོ་ཙ་ན་དག་ཕུལ་བ་ བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བདེན་པའི་ཕུང་པོ་ཆང་ཚོང་ཚེ། །དེ་བཞིན་གཤེགས་པ་རི་དབང་མཚུངས་དེ་ལ། །རྫ་རྔ་དང་ནི་ལོ་མ་ ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དབྱངས་སྙན་རྩྭ་ཚོང་ཚེ། །དེ་བཞིན་གཤེགས་པ་སྟོབས་ཆེན་དེ་ལ་ནི། །རྩྭ་སྤྱིལ་དག་ནི་དབུལ་བ་ བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རི་དབང་མཚུངས་ནི་རྒྱལ་བུའི་ཚེ། །དེ་བཞིན་གཤེགས་པ་ཡིད་དུ་འོང་བའི་དབྱངས། །དེ་ལ་གདུགས་ དག་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཆོས་བརྩེགས་ལྷ་ཡི་བསྙེན་བཀུར་བ། །བྱེད་ཚེ་བདེ་གཤེགས་བསོད་ནམས་བརྩེགས་ པ་ལ༑ ༑མི་ནོག་ཆང་པ་གང་དག་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཐར་པའི་གཟི་བརྗིད་རྒྱལ་བུའི་ཚེ། །དེ་བཞིན་གཤེགས་པ་ནོར་ བུ་ཟླ་བ་ལ། །ཙུག་ཀྲ་ཀུ་རའི་འབྲས་བུ་བརྒྱད་ཕུལ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ལེགས་མཛད་གར་མཁན་བུ་མོའི་ཚེ། །དེ་བཞིན་གཤེགས་ [513A]༄༅། །པ་སྤྱིན་སྡུག་དེ་ལ་ནི། །རས་བལ་དག་གི་ཕྲེང་བ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རབ་བཞི་སྐུ་ནི་ཕྲེང་རྒྱུད་ཚེ། ། དེ་བཞིན་གཤེགས་པ་སྙན་པར་གྲགས་དེ་ལ། །ཙམྤ་ཀ་ཡི་ཕྲེང་བ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡིད་འོང་གསུང་ནི་དམག་མིའི་ ཚེ༑ ༑དེ་བཞིན་གཤེགས་པ་གསལ་བའི་དཔལ་དེ་ལ། །རས་ཡུག་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་བློ་སྦྱངས་ སྨན་པའི་ཚེ། །བདེ་གཤེགས་སེངྒེའི་མཆེ་བ་དགོངས་མལ་དུ། །འབྲུ་མར་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་ པ་ཆུ་ལྷ་གདུགས་མཁན་ཚེ། །དེ་བཞིན་གཤེགས་པ་རིན་ཆེན་མཆོད་འོས་ལ། །དུས་སུ་བསིལ་ཡབ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། ། བདེ་གཤེགས་པ་སེངྒེའི་ལོགས་ནི་དེད་དཔོན་ཚེ། །དེ་བཞིན་གཤེགས་པ་དྲི་ཞིམ་འོད་དེ་ལ། །སྟོན་མོ་ཆེན་མོ་དག་ནི་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །བདེ་གཤེགས་ཆོས་ཀྱི་མཐུ་རྩལ་རྒྱལ་བུའི་ཚེ། །དེ་བཞིན་གཤེགས་པ་དགྲ་ཞིར་གྱུར་པ་ལ། །དངུལ་ལས་བྱས་པའི་གདན་ཁྲི་ཕུལ་ནས་ཀྱང། །དང་པོར་ [513B] །བདེ་གཤེགས་སྐལ་པ་བཟང་པོ་དེད་དཔོན་ཚེ། །དེ་བཞིན་གཤེགས་པ་རྒྱལ་བའི་སྡེ་དེ་ལ། །གསེར་ལས་བྱས་པའི་བླ་བྲེ་ཕུལ་ནས་ཀྱང། །དང་པོར་ བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མི་འཁྲུགས་མདོག་ནི་རྫ་མཁན་ཚེ། །དེ་བཞིན་གཤེགས་པ་བདེན་པའི་བློ་དེ་ལ། །རྗེའུ་ཕྲུ་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་ བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གཟི་བརྗིད་རྒྱལ་པོ་གྲོང་དཔོན་ཚེ། །གྲོང་ཁྱེར་དག་ནི་ཕྱག་དང་བྱས་ནས་ཀྱང་།དེ་བཞིན་གཤེགས་པ་གཟི་བརྗིད་གོ་དགོས་ལ། ། དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་རྟོགས་མཛད་ལག་བླའི་ཚེ། །དེ་བཞིན་གཤེགས་པ་དེས་པར་རྟོགས་བཟོད་ལ། །ཀཱ་ར་བའི་རའི་མེ་ཏོག་ཕུལ་ནས་ ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྤྱན་ལེགས་ཕྱུགས་རྫིའི་དཔོན་པོའི་ཚེ། །དེ་བཞིན་གཤེགས་པ་ཟླ་མཆོག་དཔལ་དེ་ལ། །ལྷུང་བཟེད་མོ་ར་ནས་ བཀང་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ་།བདེ་གཤེགས་དོན་གནས་བློ་ནི་ནད་པའི་ཚེ། །དེ་བཞིན་གཤེགས་པ་གླང་པོའི་སྟབས་ཏེ་ཡི། །ཉིན་མོ་བཞུགས་ པའི་གནས་མལ་ཕྱག་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྣང་བའི་འོད་ཟེར་ལྷ་འབངས་ཚེ། །དེ་བཞིན་གཤེགས་པ་མཁས་པའི་གཙོ་དེ་ [514A]༄༅། །ལ༑ ༑མར་མེའི་སྙིང་པོ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་སྤོས་གཟི་རྒྱལ་པོའི་ཚེ། །དེ་བཞིན་ གཤེགས་པ་བདེན་པ་དགྱེས་དེ་ལ། །ཨུཏྤལ་སྔོན་པོ་གཅིག་ཅིག་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཀུན་དགའ་མཛད་པ་ཤིང་རྟ་ མཁན༑ ༑བྱེད་ཚེ་བདེ་གཤེགས་ཨུཏྤལ་དྲི་དེ་ལ། །སྣམ་ཕྱི་ས་དག་ནི་བྱས་ཏེ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དོན་ཡོད་གཤེགས་ པ་ལག་བླའི་ཚེ། །དེ་བཞིན་གཤེགས་པ་སྤོས་ཀྱི་དབང་ཕྱུག་ལ་།ལོ་མའི་སྤྱིལ་བུ་བྱས་ཏེ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ ཁྲོ་བཅོམ་ཚོང་དཔོན་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་ཙམ་པའི་མཆོག་དེ་ལ། །རྫིང་བུ་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། ། བདེ་གཤེགས་གཟུགས་མཆོག་ཐག་པ་ཡི་ཚེ། །དེ་བཞིན་གཤེགས་པ་བརྟུལ་ཞུགས་སྙོམས་པ་ལ། །དབྱར་གནས་དག་ནི་དབུལ་བ་བྱས་ནས་ཀྱང་།དང་པོར་བྱང་ཆུབ་ ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ལེགས་གཤེགས་རོལ་མོ་མཁན་གྱི་ཚེ། །དེ་བཞིན་གཤེགས་པ་ཤིས་པའི་དཔལ་དེ་ལ། །རོལ་མོའི་རྔ་ཆེན་བརྡུངས་ཏེ་མཆོད་ [514B] །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རབ་སྦྱིན་གྲགས་པ་ལ་ཀུ་ས་བྱེད་ཚེ། །དེ་བཞིན་གཤེགས་པ་གཟི་བརྗིད་ཆེན་པོ་དེ་ལ་ནི། །འདག་པའི་ཆལ་དག་སྦྱར་ཏེ་ དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་འོད་གཙང་ཁྱིམ་བདག་ཚེ། །དེ་བཞིན་གཤེགས་པ་སྣ་ཚོགས་གསུང་དེ་ལ། །བུ་ཡུག་ལངས་ ཚེ་འཇམས་དང་བཏུང་བ་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ལྷ་ཉི་ཕྱུགས་རྫིའི་དཔོན་པོའི་ཚེ། །དེ་བཞིན་གཤེགས་པ་འདམ་ལས་རྒལ་བ་ལ། །ཞུན་ མར་ཅི་དགོས་པ་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཤེས་རབ་བྱིན་ནི་ཕུལ་མཁན་ཚེ། །དེ་བཞིན་གཤེགས་པ་མཐའ་ཡས་སྤྱན་དེ་ལ། ། ཕུབ་དག་བྱས་ཏེ་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མཉམ་བཞག་བདག་ཉིད་ཁྱིམ་བདག་ཚེ། །དེ་བཞིན་གཤེགས་པ་བློ་འབར་དེ་ ལ་ནི༑ ༑ཏིལ་འབྲུ་སྤར་བ་བཀང་སྟེ་གཏོར་ཕུལ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གཟི་མདངས་འབྲུ་མར་སྦོས་ཅན་མཁན་གྱི་ཚེ། །དེ་བཞིན་ གཤེགས་པ་མཆོད་པར་འོས་པའི་དཔལ་དེ་ལ། །སྣ་མའི་མེ་ཏོག་ཡོད་པའི་འབྲུ་མར་སྲང་བརྒྱད་ཕུལ། །དང་པོར་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ [515A]༄༅། །རྒྱལ་རིགས་ལམ་སྟོན་ཚེ། །དེ་བཞིན་གཤེགས་པ་སྣ་ཚོགས་དབྱངས་དེ་ལ། །ལམ་སྲང་དག་ནི་མཚོན་པར་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྐལ་ལྡན་ཤིང་རྟ་བུ་རམ་ཚང་མཁན་ཚེ། །དེ་བཞིན་གཤེགས་པ་ཡོན་ཏན་དམིགས་པ་བྱིན་དེ་ལ་།སྐྱུ་རུ་ར་ཡི་བཅུད་བདག་ནི་ དབུལ་བ་བྱས་ནས་ཀྱང། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་གསེར་མཆོག་ཚྭ་ཚོང་ཚེ། །དེ་བཞིན་གཤེགས་པ་གཙང་མར་གནས་ དེ་དག་ཟླ་བ་གསུམ་དུ་ཚྭ་ལ་སྤྱན་དྲངས་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རྣམ་གྲོལ་གཙུག་ཤིང་སྲུང་བའི་ཚེ། །དེ་བཞིན་གཤེགས་པ་དྲི་ ཞིམ་སྤོས་དེ་ལ། །རྒུན་འབྲུའི་བཅུད་ཁུ་དག་ནི་ཕུལ་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཆོས་ལྡན་ཡུར་བ་མཁན་གྱི་ཚེ། །ཡུར་བ་ དག་ནི་བརྐོས་ཏེ་བྱས་ནས་ཀྱང། །དེ་བཞིན་གཤེགས་པ་ཟླ་བའི་འོད་དེ་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྤོས་གནས་ཚོང་དཔོན་ཆུང་ མའི་ཚེ༑ ༑དེ་བཞིན་གཤེགས་པར་རི་བོའི་ཕུང་པོ་ལ། །དབྱར་གནས་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་ [515B] །དེ་བཞིན་གཤེགས་པ་མེ་ཏོག་དེ་ལ་ནི། །འབྲུ་མ་རབ་བཏུང་བ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡེ་ ཤེས་མཛོད་ནི་ཐགས་མཁན་ཚེ། །དེ་བཞིན་གཤེགས་པ་བློ་གྲོས་མཆོག་དེ་ལ། །རས་ཀྱི་ཁ་ཚར་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ ཚངས་གཤེགས་ཚོང་དཔོན་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་མཆོད་པར་འོས་དེ་ལ། །མེ་ཏོག་བརཤིའི་ཆུན་ཕྲེང་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། ། དེ་བཞིན་གཤེགས་པ་ཙནྡན་ཚོང་པའི་ཚེ། །དེ་བཞིན་གཤེགས་པ་རི་དབང་བརྩེགས་པ་ལ། །བ་སོ་དག་ལས་བྱས་པའི་གདན་ཁྲི་ཕུལ་།དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་ གཤེགས་མྱ་ངན་མེད་པ་གསེར་མགར་ཚེ། །དེ་བཞིན་གཤེགས་པ་འོད་འབར་དེ་ལ་ནི། །དངུལ་ལས་བྱས་པའི་མེ་ཏོག་གཏོར་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། ། དེ་བཞིན་གཤེགས་པ་སེངྒེའི་འོད་ཟེར་ནི། །ཨ་བ་ཀ་རར་གྱུར་ཚེ་དེ་བཞིན་གཤེགས། །སྣང་བའི་གཙོ་ལ་ཨ་བ་ཀན་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ ཡུལ་འཁོར་ཏོག་ནི་ཚོང་བའི་ཚེ། །བདེ་གཤེགས་སྣ་ཚོགས་དབྱངས་རྒྱན་དེ་ལ་ནི། །བ་སོའི་ཁང་བ་བརྩེགས་པ་ཕུལ་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་ [516A]༄༅། །གཤེགས་པདྨའི་སྙིང་པོ་དགེ་སློང་ཚེ། །འཇི་བ་དག་ལས་གཟུགས་ནི་བྱས་ནས་ཀྱང། །དེ་བཞིན་གཤེགས་པ་དོན་ལ་དགྱེས་དེ་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །བདེ་གཤེགས་གཟི་བརྗིད་མཐའ་ཡས་ཆང་ཚོང་ཚེ། །དེ་བཞིན་གཤེགས་པ་སྤྱོད་པ་གསལ་དེ་ལ། །བཀྲུ་བ་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་ སེམས་བསྐྱེད་དོ། །བདེ་གཤེགས་ལྷ་ཡི་འོད་ཟེར་དགེ་སློང་ཚེ། །བཅོ་ལྔའི་ཚེ་ན་ཆོས་ཀྱི་སྦྱིན་བྱས་ནས། །དེ་བཞིན་གཤེགས་པ་མྱ་ངན་སྤོང་པ་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །བདེ་གཤེགས་ཤེས་རབ་མེ་ཏོག་སྤུག་ཚོང་ཚེ། །དེ་བཞིན་གཤེགས་པ་མངོན་ཤེས་འོད་དེ་ལ། །སྤུག་གི་ནོར་བུ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱས་བྱང་ཆུབ་ཏུ་ནི་ སེམས་བསྐྱེད་དོ། །བདེ་བཞིན་གཤེགས་པ་མཁས་པ་འབྲས་ཚོང་ཚེ་།དེ་བཞིན་གཤེགས་པ་མདངས་ཀྱི་སྟོབས་དེ་ལ། །འབྲས་ཀྱིས་སྤར་བ་བཀང་སྟེ་ཕུལ་ནས་ཀྱང། །དང་པོར་ བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཡེ་ཤེས་འབྱོར་ལྡན་ནི། །ཤིང་རྟ་མཁན་ཚེ་བདེ་གཤེགས་གསལ་བའི་དཔལ་།དེ་ཡི་རླུང་སྐྱབས་དག་ནི་བྱས་ནས་ ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཚངས་དབྱིག་ཤིང་སྲུང་ཚེ། །དེ་བཞིན་གཤེགས་པ་མཐོང་བར་གྲགས་དེ་ལ། །ག་ན་ཀོ་དག་དབུལ་ [516B] །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཕྱག་ན་རིན་ཆེན་རྒྱལ་པོའི་ཚེ། །དེ་བཞིན་གཤེགས་པ་རྣལ་གྲོལ་འོད་ཟེར་དེའི། །ན་བཟའ་དག་ནི་ཁ་དོག་ བསྒྱུར་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དབང་ལྡན་ཚལ་གྱི་ལས་བྱེད་ཚེ། །དེ་བཞིན་གཤེགས་པ་ཡིད་གཉིས་རྣམ་གནོན་ལ། །ཁ་ར་རྫུ་རའི་ འབྲས་བུ་བརྒྱད་ཕུལ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རྫོགས་པར་གསུང་བ་ཤིང་སྲུང་ཚེ། །དེ་བཞིན་གཤེགས་པ་དུས་མཁྱེན་རྒྱལ་པོ་ལ། །སྟར་ ཀ་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་མཆོག་སྲུང་ཤིང་སྲུང་ཚེ། །དེ་བཞིན་གཤེགས་པ་ནགས་ཀྱི་མེ་ཏོག་ ལ༑ ༑འགོ་ད་ར་ནའི་མེ་ཏོག་གཏོར་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་མཆོད་འོས་རྒྱལ་བུའི་ཚེ། །རྫིང་བུ་དག་ནི་བྱས་ཏེ་བཤམས་ནས་ ཀྱང། །དེ་བཞིན་གཤེགས་པ་མེ་ཏོག་དཔལ་དེ་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཉི་མ་བློན་པོ་ཆེན་པོའི་ཚེ། །བདེ་གཤེགས་རྣམ་པར་སྨིན་ པ་ཆེན་པོ་ལ། །རྡོ་ལས་བྱས་པའི་ཁང་པ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འདམ་ལས་རྒལ་བ་སྐུད་ཚོང་ཚེ། །དེ་བཞིན་གཤེགས་པ་ [517A]༄༅། །གྲགས་པ་ཆེན་པོ་ལ། །སྐུད་པ་སྲང་གཅིག་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡེ་ཤེས་བརྙེས་པ་ཆང་ ཚོང་ཚེ༑ ༑དེ་བཞིན་གཤེགས་པ་གཤེགས་པར་དགྱེས་དེ་ལ། །བཅུད་ཁུའི་བཏུང་བ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་ པ་གྲུབ་པ་ཚོང་དཔོན་ཚེ། །དེ་བཞིན་གཤེགས་པ་བདུད་རྩི་རྣམ་གནོན་ལ། །གྲོང་གི་མཆོག་མ་བཅུ་ཞིག་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ རྨ་བྱ་འབྲུ་མར་མཁན་གྱི་ཚེ། །དེ་བཞིན་གཤེགས་པ་ཉི་མའི་ཕུང་པོ་ལ། །མེ་ཏོག་བརིཤས་བསྒོས་པའི་འབྲུ་མར་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་ གཤེགས་པ་ཆོས་སྦྱིན་རྒྱལ་བུའི་ཚེ། །དེ་བཞིན་གཤེགས་པ་ཟླ་བའི་དབྱངས་དེ་ལ། །སིལ་སྙན་བརྒྱ་ཡིས་མཆོད་པ་བྱས་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་ དོ༑ ༑དེ་བཞིན་གཤེགས་པ་ཕན་བཞེད་མགར་པའི་ཚེ། །དེ་བཞིན་གཤེགས་པ་ལྷ་ཡི་མེ་ཏོག་ལ། །དྲ་གྲི་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །བདེ་གཤེགས་ཡེ་ཤེས་ལྡན་པ་དུད་འབུད་ཚེ། །དུང་སྒྲ་དག་ནི་འབུད་པ་བྱས་ནས་ཀྱང། །དེ་བཞིན་གཤེགས་པ་རྣམ་དག་འོད་དེ་ལ། །དང་པོར་བྱང་ཆུབ་ཏུ་ [517B] །དེ་བཞིན་གཤེགས་པ་གྲངས་པ་ཚོང་པའི་ཚེ། །དེ་བཞིན་གཤེགས་པ་སྟོན་ཀའི་ཉི་མ་ལ། །ནོར་བུ་བཻ་ཌཱུརྱ་དག་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །བདེ་གཤེགས་འོད་ཟེར་དྲ་པ་ལོ་མའི་ཁུར་འཁྱེར་ཚེ་།དེ་བཞིན་གཤེགས་པ་སྣང་བ་བལྟ་ན་སྡུག་དེ་ལ། །ཧི་མིན་ཛ་ལའི་མེ་ཏོག་དབུལ་བ་བྱས་ནས་ཀྱང། །དང་པོ་ཉིད་དུ་བྱང་ ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བཻ་ཌཱུརྱ་སྙིང་ཤིང་སྲུང་ཚེ། །དེ་བཞིན་གཤེགས་པ་བརྟེན་པའི་བློ་དེ་ལ། །ཨ་མྲ་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །དེ་བཞིན་གཤེགས་པ་མེ་ཏོག་ཤིང་སྲུང་ཚེ། །དེ་བཞིན་གཤེགས་པ་ལྗོན་པའི་མེ་ཏོག་ལ། །ཏངྒའི་མེ་ཏོག་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། ། བདེ་གཤེགས་པ་ལྷ་ཡི་རྒྱལ་པོ་དེད་དཔོན་ཚེ། །དེ་བཞིན་གཤེགས་པ་འབར་བའི་དབྱངས་དེ་ལ། །སྐྱེད་མོས་ཚལ་ནི་བཅུ་སྙེད་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། ། དེ་བཞིན་གཤེགས་པ་ཟླ་བ་མགར་བའི་ཚེ། །དེ་བཞིན་གཤེགས་པ་བདུད་རྩིའི་གོ་ཆ་ལ། །རིལ་པ་སྤྱི་ལུགས་དག་ནི་ཕུལ་ནས་ཀྱང། དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་ གཤེགས་པ་དྲན་འོད་ལྕགས་མགར་ཚེ། །དེ་བཞིན་གཤེགས་པ་སེངྒེའི་སྒྲ་དེ་ལ། །སྣར་བླུག་པ་ཡི་སྤྱད་དག་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་ [518A]༄༅། །གཤེགས་པ་དགེ་འོད་དགེ་སློང་ཚེ། །དེ་བཞིན་གཤེགས་པ་དགེ་བའི་ལྷ་དེ་ལ། །ནོར་བུའི་སྒྲོན་མ་དག་ནི་ཕུལ་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡོན་ཏན་མཆོག་མ་ཀུན་གྱི་འོད་།ཚོང་པའི་ཚེ་ན་བདེ་གཤེགས་དབྱངས་མཆོག་ལ། །ཤིང་ན་ག་ཡི་མེ་ཏོག་གཏོར་ནས་ཀྱང། །དང་ པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་རིན་པོ་ཆེ་ཡི་དཔལ། །ཕྱག་དར་པ་ཚེ་བདེ་གཤེགས་དཔལ་དགྱེས་ལ། །གཙུག་ལག་ཁང་དང་ཕྲང་བ་ཕུལ་ནས་ཀྱང། ། དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྐྱེས་བུ་ཟླ་བ་བྲམ་ཟེའི་ཚེ། །གཅོད་རོང་དག་ཏུ་ཟམ་པ་བྱས་ནས་ཀྱང་།དེ་བཞིན་གཤེགས་པ་བདུད་རྩིའི་གྲགས་པ་ ལ༑ ༑དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་སྒྲ་ཅན་བྲམ་ཟེའི་ཚེ། །དེ་བཞིན་གཤེགས་པ་ཆོས་ཀྱི་མེ་ཏོག་གི་།གདན་དག་ཡུང་ཙམ་གདིང་བ་བྱས་ ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བདུད་རྩིའི་འོད་ནི་གཞན་བྲན་ཚེ། །དེ་བཞིན་གཤེགས་པ་བཀོད་པ་ཆེན་པོ་ལ། །ཉིན་མོ་བཞུགས་ པའི་གནས་སུ་གདན་བཏིང་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འཇིག་རྟེན་མཆོག་མ་ཚོང་དཔོན་གྱི། །པུ་ཚེ་བདེ་གཤེགས་འཇིག་རྟེན་བླ་ [518B] ༑དྷ་ནུ་ཀ་རའི་མེ་ཏོག་གཏོར་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་སྐར་འོད་དེང་དཔོན་ཚེ། །བདེ་གཤེགས་པ་བློ་མཆོག་ལམ་དུ་ཞུགས་པ་ ན༑ ༑མཚན་མོ་རྩྭ་སྒྲོན་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཞི་བའི་སྟབས་ནི་རྒྱལ་པོའི་བུ། །ཁང་བཟང་འཛེག་ཚེ་བདེ་གཤེགས་ ལྷུན་འོད་ལ། །མེ་ཏོག་དག་གི་ཆུན་པོ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡེ་ཤེས་རྒྱ་མཚོ་མི་བཀྲེན་ཚེ། །དེ་བཞིན་གཤེགས་པ་བདུད་རྩིའི་འོད་ གཟི་ལ༑ ༑སྐྱུ་རུ་མ་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རི་དབང་ཕྲེང་རྒྱུད་བུ་མོའི་ཚེ། །དེ་བཞིན་གཤེགས་པ་བྱང་ཆུབ་གཟི་བརྗིད་ ལ༑ ༑མེ་ཏོག་ཕྲེང་བ་ཁྲུ་གང་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རབ་ནི་སྨན་པའི་ཁྱེའུ་ཚེ། །དེ་བཞིན་གཤེགས་པ་དགོངས་པ་སྦྱངས་པ་ ལ༑ ༑སྙུན་གྱི་གསོས་སྨན་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡོན་ཏན་མཐུ་སྟོབས་སྤྱད་རྫིའི་ཚེ། །དེ་བཞིན་གཤེགས་པ་ཏོག་གི་ འོད་དེ་ལ། །ཙན་ཙ་དི་ཀ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ལྷ་དབང་རྩིས་པའི་ཁྱེའུ་ཚེ། །དེ་བཞིན་གཤེགས་པ་དགྲ་ཐུལ་དེ་ལ་ [519A]༄༅། །ནི༑ ༑མེ་ཏོག་མྱ་ངན་འཚང་གི་ཆུན་པོ་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དབྱངས་སྙན་སྤོས་ཚོང་ཚེ། །དེ་བཞིན་གཤེགས་ པ་བདུད་རྩིའི་མེ་ཏོག་གི་བཞུགས་ཁང་སྤོས་ཀྱི་བྱུག་པས་བྱུགས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ངོས་བཟང་རྩལ་ཆེན་བྲམ་ཟའི་ཚེ། །དེ་ བཞིན་གཤེགས་པ་གྲགས་པ་ཆེན་པོ་ལ། །འདུན་ཁང་དག་ནི་བྱས་ཏེ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དོན་གནས་མི་ བཀྲེན་ཚེ། །དེ་བཞིན་གཤེགས་པ་ངན་པར་དགོངས་དེ་ལ། །སྣོད་དག་ཆུ་ཡིས་བཀང་སྟེ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡོན་ ཏན་གཟི་བརྗིད་དཔལ་ནི་ཁྱིམ་བདག་ཚེ། །དགེ་འདུན་དག་ལ་རྙེད་པ་སྣུམ་པ་ཕུལ་ནས་ཀྱང། །དེ་བཞིན་གཤེགས་པ་བྱང་ཆུབ་དམ་པ་དེ་ལ་ནི། །དང་པོ་ཉིད་དུ་བྱང་ ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མཁྱེན་ལྡན་ཟླ་མེད་རྩིས་པའི་ཚེ། །དེ་བཞིན་གཤེགས་པ་ལྷ་ཡིས་མཆོད་དེ་ལ། །གུར་གུམ་བྱུག་བ་ལག་གྱིས་ཕུལ་ནས་ ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རོ་དཔག་མེད་ཕྱུགས་རྫིའི་ཚེ། །དེ་བཞིན་གཤེགས་པ་འདམ་ལས་རྒལ་བ་ལ། །ཧ་རི་ནི་ཀའི་མེ་ [519B] །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་འོད་བཟངས་སྤོས་ཚོང་ཚེ། །དེ་བཞིན་གཤེགས་པ་སྲིད་པ་གསལ་བ་ལ། །ཀུན་ཏུ་རི་ཀའི་བདུག་ པས་གདུགས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ་།བདེ་གཤེགས་ཤིན་ཏུ་ཐུགས་གཞུངས་མི་བཀྲེན་ཚེ། །དེ་བཞིན་གཤེགས་པ་ཆོས་ཀྱི་མེ་ཏོག་ལ། །ཐལ་མོ་ སྦྱར་བ་བྱས་ཏེ་ཕྱག་འཚལ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དོན་དགོངས་གཏི་མུག་བྲལ། །འཁོར་ལོས་བསྒྱུར་ཚེ་བདེ་གཤེགས་དཔལ་ ཆེན་ལ༑ ༑གྲོང་ཁྱེར་དཔག་ཚད་བཅུ་པ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དབྱངས་ཀྱི་ཡན་ལག་ཁྱད་པར་འཕགས། །ཤིང་སྲུང་ཚེ་ན་ བདེ་གཤེགས་འོད་བྱེད་ལ། །ཕ་གུའི་འབྲས་བུ་དག་ནི་ཕུལ་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མཆོག་ཏུ་མཛེས་གཤེགས་རྩིས་པ་ཡི། ། བྲན་མོའི་ཚེ་ན་བདེ་གཤེགས་མེ་འོད་ལ། །མེ་ཏོག་ཀར་ནི་ཀ་རས་གཏོར་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཞི་དོན་རྒྱལ་པོའི་ཕོ་ཉ་ཚེ། ། དེ་བཞིན་གཤེགས་པ་བལྟ་ན་སྡུག་པ་ལ། །ལན་གྲངས་བརྒྱ་སྙེད་བསྐོར་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་སྐྱོན་མེད་རྟེན་ [520A]༄༅། །བཅས་ཚེ། །དེ་བཞིན་གཤེགས་པ་སྣང་བར་དགྱེས་པ་ལ་།མོན་སྲན་སྡེ་འུའི་ཡི་འབྲས་བུ་ཕུལ་ནས་ཀྱང། །དང། །པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། ། བདེ་གཤེགས་བློ་སྦྱངས་དགེ་བ་ཤིང་ཚོང་ཚེ། །སྒོ་གང་དག་ནི་དབུལ་བ་བྱས་ནས་ཀྱང། །དེ་བཞིན་གཤེགས་པ་དགའ་བའི་དབྱངས་དེ་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །བདེ་གཤེགས་པདྨའི་མཛོད་ནི་དགེ་སློང་ཚེ། །དེ་བཞིན་གཤེགས་པ་མཆོད་སྦྱིན་བྱིན་པ་ལ། །སྐུ་ཡི་ཁྲུས་དག་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་ སེམས་བསྐྱེད་དོ། །བདེ་གཤེགས་འོད་ཟེར་བཟང་པོ་དབུལ་བའི་ཚེ། །དེ་བཞིན་གཤེགས་པ་བདེན་པའི་མཐུ་རྩལ་ལ། །བསོད་སྙོམས་དག་ནི་དབུལ་བ་བྱས་ནས་ཀྱང། ། དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྤོབས་པའི་མཆོག་ནི་ཤིང་སྲུང་ཚེ། །དེ་བཞིན་གཤེགས་པ་ཐོགས་མེད་བློ་དེ་ལ། །ཤུ་ཏིའི་མེ་ཏོག་དག་ནི་ཕུལ་ནས་ ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་སྟེགས་བཟང་སྒོ་བའི་ཚེ། །བདེ་གཤེགས་མདངས་འོད་གྲོང་ཁྱེར་གཤེགས་པ་ནི། །ཐལ་མོ་སྦྱར་ཏེ་ ཕྱག་དག་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཚོགས་དབང་ཚོང་དཔོན་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་ཟླ་བའི་སྙིང་པོ་ལ། །རྣ་ [520B] །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་བསྙེངས་བྲལ་བྲམ་ཟེའི་ཚེ། །དེ་བཞིན་གཤེགས་པ་ཚངས་པའི་འོད་དེ་ལ། །མེ་ ཏོག་ཏ་ར་ནི་ཡིས་གཏོར་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡེ་ཤེས་བཞེང་པ་དབུལ་པོའི་ཚེ། །དེ་བཞིན་གཤེགས་པ་བཀོད་པ་ཆེན་པོ་ནི། །ཕོངས་པ་ མེད་པས་སྤྱན་དག་དྲངས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྤོས་ཅན་དཀའ་ཐུབ་ཅན་གྱི་ཚེ། །དེ་བཞིན་གཤེགས་པ་བདེ་བའི་འོད་དེ་ལ། །ལོ་མའི་ སྤྱིལ་བུ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་བློ་མཆོག་ཚོང་པའི་ཚེ། །དེ་བཞིན་གཤེགས་པ་འོད་མཆོག་དེ་ལ་ནི། །ཨ་ག་རུ་ཡི་བདུག་ པ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཟླ་བ་ཤིང་ཐུན་ཚེ། །དེ་བཞིན་གཤེགས་པ་ཞི་བའི་འོད་དེ་ལ། །བ་རུ་ར་ཡི་འབྲས་བུ་ ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རི་ནི་ཟླ་འོད་ཚོང་པའི་ཚེ། །བདེ་གཤེགས་ཡིད་གཉིས་ལས་ནི་འདས་པ་ལ། །ནོར་བུ་རིན་ ཆེན་མེ་ཤེལ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བསྙེངས་མེད་མདུན་འདོན་བུར་གྱུར་ཚེ། །བདེ་གཤེགས་འཁྲུལ་བ་མེད་པའི་བློ་ [521A]༄༅། །ལྡན་ལ༑ ༑སིནྡྷུ་བ་རའི་མེ་ཏོག་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གཟུགས་པ་ཆེན་པོ་རྩྭ་ཐུན་ཚེ། །དེ་ བཞིན་གཤེགས་པ་བརྟུལ་ཞུགས་འབྱོར་དེ་ལ། །ཨ་ག་རུ་ཡི་འབྲས་བུའི་ཕྱེ་མ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཚངས་ དབྱངས་སྨན་པའི་ཚེ། །དེ་བཞིན་གཤེགས་པ་ཡན་ལག་མཛེས་པ་ལ་།རྒྱ་ཤུག་འབྲས་བུའི་ཕྱེ་མ་ཕུལ་ནས་ཀྱང། དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་ གཤེགས་དབྱངས་བཟང་ལྷ་རིས་པ་ཡི་ཚེ། །བུ་ཡུག་ལངས་ཚེ་ཁང་བ་ཕྱགས་ནས་ཀྱང། །དེ་བཞིན་གཤེགས་པ་བསྙེངས་མེད་དགྱེས་པ་ལ། །དང་པོར་བྱང་ཆུབ་ཏུ་ ནི་སེམས་བསྐྱེད་དོ། །བདེ་གཤེགས་ཤེས་རབ་ཚེ་སྟེགས་ནད་པའི་ཚེ་།དེ་བཞིན་གཤེགས་པ་རྣམ་གྲངས་དབྱངས་དེ་ལ། །པི་པི་ལིང་གི་འབྲས་བུ་ཕུལ་ནས་ཀྱང། ། དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བློ་གྲོས་ཟླ་མེད་ཚོང་པའི་ཚེ། །དེ་བཞིན་གཤེགས་པ་དབྱངས་ནི་ཆེན་པོ་དེ། །ཉི་མ་འགའ་ཞིག་བཞུགས་ པར་གསོལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ་།བདེ་གཤེགས་རྡོ་རྗེ་མཁྲེགས་ནི་བྱིས་པའི་ཚེ། །དེ་བཞིན་གཤེགས་པ་རྣམ་པར་འབྱེད་ལྡན་ལ། ། [521B] །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་བློ་གྲོས་རྫ་མཁན་ཚེ། །དེ་བཞིན་གཤེགས་པ་དགོངས་པ་ ཆེན་པོ་ལ། །མེ་ཏོག་བརཤི་ཀ་དག་གཏོར་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ལྗོན་ཤིང་དབང་པོ་རྒྱལ་པོ་ཡི། །ཕོ་ཉའི་ཚེ་ན་བདེ་གཤེགས་གཟུགས་ གསལ་ལ། །སྐུ་རིགས་གཅིག་ཅིག་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་གདངས་སྙན་འགྲོན་པའི་ཚེ། །དེ་བཞིན་ གཤེགས་པ་མཐུ་རྩལ་ཆེན་པོ་དེ། །འཇིགས་པ་མེད་པས་ལམ་ཀར་སྤྱན་དྲངས་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བསོད་ནམས་སྟོབས་ནི་ཚོང་ དཔོན་ཚེ། །དེ་བཞིན་གཤེགས་པ་བདེ་བར་གཟིགས་དེ་ལ། །ཞུན་མར་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། དེ་བཞིན་གཤེགས་པ་མཐུ་དཔལ་དགེ་ སློང་ཚེ༑ ༑བཟོད་པ་དག་ནི་བསྒོམས་པ་བྱས་ནས་ཀྱང། །དེ་བཞིན་གཤེགས་པ་གནོད་པ་སྤངས་པ་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འཕགས་དགྱེས་དགོན་པའི་ དགེ་སློང་ཚེ། །དེ་བཞིན་གཤེགས་པ་ཞི་བ་གསལ་དེ་ལ། །སྲན་གྱི་ཕྱེད་ཙམ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་མཐུ་སྟོབས་ཕྲེང་རྒྱུད་ཚེ། ། [522A]༄༅། །དེ་བཞིན་གཤེགས་པ་རིམས་མེད་བློ་ལྡན་ལ། །འབྲས་བུས་རབ་མཆོག་དག་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་ གཤེགས་སྐར་དགྱེས་བཅའ་བ་མཁན་གྱི་ཚེ། །དེ་བཞིན་གཤེགས་པ་དགྲ་བཅོམ་སྟེགས་དེ་ལ། །སྣོད་དག་སྦྲང་རྩིས་བཀང་སྟེ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །བདེ་གཤེགས་སྤྲིན་གྱི་རྔ་སྒྲ་སྤོས་ཚོང་ཚེ། །དེ་བཞིན་གཤེགས་པ་བློ་ལྡན་ལེགས་བསགས་ལ། །ཨུ་ཤི་ར་ཡི་ཕྱེ་མ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་སྤྱན་དག་སྡུག་པའི་ཞལ། །ཕྱག་དར་པ་ཚེ་རྔ་ཆེན་བརྡུངས་ནས་ཀྱང། །དེ་བཞིན་གཤེགས་པ་ཀུན་ཏུ་གསལ་དེ་ལ། །དང་ པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡེ་ཤེས་བཟང་པོ་འདུན་དཔོན་ཚེ། །དེ་བཞིན་གཤེགས་པ་ཟླ་བའི་གཟི་བརྗིད་ལ། །སྣོད་དག་འོ་མས་བཀང་སྟེ་ ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་འབྱོར་ལྡན་རྟེན་བཅས་ཚེ། །དེ་བཞིན་གཤེགས་པ་ལྷ་ཡི་མཆོད་ནས་ལ། །ལ་དུ་ དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡོན་ཏན་ཕུང་པོ་ཀུན་ཏུ་རྒྱུ་རྒྱུའི་ཚེ་།དེ་བཞིན་གཤེགས་པ་ལྷ་ཡི་དབྱངས་དེ་ལ། ། [522B] །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གསལ་བ་རྒྱལ་པོའི་བུ་མོའི་ཚེ་།དེ་བཞིན་གཤེགས་པ་མེ་ ཏོག་ཉི་མ་ལ། །གསེར་གྱི་ཕྲེང་བ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཆོས་ཀྱི་རྒྱལ་མཚན་སློང་བའི་ཚེ། །དེ་བཞིན་ གཤེགས་པ་ལེགས་གནས་ཞབས་དེ་ལ། །གོས་ཀྱི་རས་མ་སོར་བཞི་ཙམ་ཕུལ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡེ་ཤེས་ང་རོ་ཚོང་ དཔོན་གྱི། །བུ་ཚེ་དེ་བཞིན་གཤེགས་པ་ཏོག་དེ་ལ། །ཚེམས་ཤིང་དག་ནི་དབུལ་བ་བྱས་ཞེས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་ པ་ནམ་མཁའ་ཤིང་ཐུན་ཚེ། །བདེ་གཤེགས་སྣ་མའི་མེ་ཏོག་གསལ་དེ་ལ། །རྒྱ་ཤུག་དག་གི་འབྲས་བུ་ཕུལ་ནས་ཀྱང། །དང་པོར་བྱང་ཆབ་ཏུ་ནི་སེམས་བསྐྱེད་དོ། །བདེ་ གཤེགས་མཆོད་སྦྱིན་ང་རོ་རྟེན་བཅས་ཚེ། །དེ་བཞིན་གཤེགས་པ་སྟོབས་ཀྱི་འོད་དེ་ལ། །བལ་སྲིན་གྲེའུ་དང་སྦྱར་བའི་འབྲུ་མར་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །བདེ་གཤེགས་ཤེས་རབ་རྣམ་འགོང་ང་རོ་ནི། །རལ་པ་ཅན་ཚེ་བདེ་གཤེགས་ཡོན་ཏན་བཞེས། །དེ་ལ་དཀའ་ཐུབ་གནས་དག་ཕུལ་ནས་ཀྱང། །དང་པོར་ [523A]༄༅། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡོན་ཏན་འོད་ཟེར་གཟི་བརྗིད་བཟང་མཁན་ཚེ། །དེ་བཞིན་གཤེགས་པ་ཆོས་ཀྱི་མེ་ཏོག་དེ་ཡི་ནི། ། ཆོས་གོས་སྣམ་སྦྱར་དག་ནི་དྲུབ་པ་བྱས་ནས་ཀྱང། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དྲང་སྲོང་དབང་པོ་བསོད་སྙོམས་ཚེ། །དེ་བཞིན་ གཤེགས་པ་གཟི་བརྗིད་མཛེས་པ་ལ། །ཁབ་རལ་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བློ་ལྡན་ཕྱུགས་རྫིའི་ དཔོན་པོའི་ཚེ། །དེ་བཞིན་གཤེགས་པ་ཟླ་བ་སྣང་མཛད་ལ། །ལྷུང་བཟེད་འོ་མས་བཀང་སྟེ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ སྤོབས་པའི་ཚོགས་ནི་རྒྱལ་བུའི་ཚེ། །དེ་བཞིན་གཤེགས་པ་ཞི་བའི་འོད་དེ་ལ། །ཙམྤ་ཀ་ཡི་ཚལ་དག་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་ གཤེགས་མཆོད་སྦྱིན་བཟང་པོ་ཤིང་ཐུན་ཚེ། །བདེ་གཤེགས་ཀུན་ཏུ་ཡོན་ཏན་མཆོག་དེ་ལ། །ཤིང་བིལ་བ་དག་དབུལ་བ་བྱས་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་ སེམས་བསྐྱེད་དོ། །བདེ་བཞིན་གཤེགས་པ་ཟླ་ཞལ་མར་ཚོང་ཚེ། །བདེ་བཞིན་གཤེག་པ་གཟི་བརྗིད་རྣམ་རྒྱལ་ལ། །ཞུན་མར་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་ [523B] །བདེ་གཤེགས་ཤིན་ཏུ་གཟིགས་པ་ད་ནུར་མཁན། བྱད་ཚེ་དེ་བཞིན་གཤེགས་པ་ལྷས་མཆོད་ལ། །བག་ཚོས་དག་ནི་དབུལ་བ་བྱས་ནས་ཀྱང། ། དང་པོར་བྱང་ཏུ་ནི་སེམས་བསྐྱེད་དོ། །འཕགས་པ་བསྐལ་པ་བཟང་པོ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་ཉི་ཤུ་དྲུག་པ་སྟེ་ཐ་མ། དེ་ བཞིན་གཤེགས་པ་རྡུལ་བྲལ་འབྲེག་མཁན་ཚེ། །དེ་བཞིན་གཤེགས་པ་ལྷ་ཡི་དབྱངས་དེ་ལ། །སྤུ་གྲི་དག་ནི་དབུལ་བ་བྱས་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །བདེ་གཤེགས་ཡོན་ཏན་ཚོགས་ནི་ཁྲུས་པའི་ཚེ། །བདེ་གཤེགས་འཁྲུལ་པ་མེད་པར་སྦྱོར་བ་ལ། །ཀྲུས་ཁང་དག་ནི་བྱས་ཏེ་བྱས་ཏེ་ཕུལ་ནས་ཀྱང། །དང་པོར་བྱང་ ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཏོག་ལྡན་ཁྱིམ་བདག་ཚེ་ན་དེ་བཞིན་གཤེགས། །བརྩོན་འགྲུས་ཆེན་པོ་འཁོར་དང་བཅས་པ་བྱེ་བ་དག་དབྱར་གནས་ཟླ་ གསུམ་ཞལ་ཟས་རོ་བརྒྱ་པ་གསོལ་ནས། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡུལ་འཁོར་སྤོབས་པ་དབུལ་པོའི་ཚེ། །ད་བཞིན་གཤེགས་ པ་ཡིད་འོང་དབྱངས་དེ་ལ། །མར་མེའི་སྙིང་པོ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རིན་ཆེན་རབ་སྦྱིན་བྱི་བོ་བྱེད་པའི་ཚེ། ། [524A]༄༅། །ཉི་མ་འགའ་ཞིག་ཚངས་པར་སྤྱོད་པ་མནོས་ནས་ཀྱང་།དེ་བཞིན་གཤེགས་པ་ཀུན་ཏུ་དབྱངས་ཅན་དེ་ལ་ནི། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་ སེམས་བསྐྱེད་དོ། །བདེ་གཤེགས་ཟླ་བ་དབྱེས་པ་རྒྱལ་བུའི་ཚེ། །དེ་བཞིན་གཤེགས་པ་སྨོན་ལམ་སྦྱངས་པ་ལ། །སྒེའུ་གཤེར་མེ་ཏོག་དག་གིས་གཏོར་ནས་ཀྱང། །དང་ པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཁེངས་མེད་བཅའ་པ་མཁན་གྱི་ཚེ། །དེ་བཞིན་གཤེགས་པ་ལྷ་འདོད་དེ་ལ་ནི། །མར་མེ་དག་ནི་དབུལ་བ་བྱས་ ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སེངྒེའི་སྟོབས་ནི་བྲམ་ཟེའི་ཚེ། །དེ་བཞིན་གཤེགས་པ་ཤེས་རབ་སྟོབས་དེ་ལ། །ཨ་མྲའི་ འབྲས་བུ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དབང་བསྒྱུར་རྒྱལ་པོ་ཁྱིམ་བདག་གི་བུ་ཚེ་བདེ་གཤེགས་ཀུན་ཏུ་ གཟིགས་དེ་ལ། །སླེ་ཏྲེས་ལོ་མ་དག་གིས་གཏོར་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བདུད་རྩི་གསལ་བ་ཚོང་མཁན་ཚེ། །དེ་བཞིན་ གཤེགས་པ་ཚངས་པས་མཆོད་དེ་ལ། །གསེར་སྣམ་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བསམ་གཏན་ [524B] །དེ་བཞིན་གཤེགས་པ་ཐུབ་པའི་མེ་ཏོག་ལ། །མེ་ཏོག་དག་གིས་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ འཁྲུག་མེད་ཚོང་དཔོན་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་ནམ་མཁའི་བློ་དེ་ལ། །ནོར་བུ་རིན་ཆེན་གླེགས་མ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། ། བདེ་གཤེགས་དྲི་མར་བཞི་ཕྱུག་པོ་ཡི། །བུ་ཚེ་དེ་བཞིན་གཤེགས་པ་རླབས་འཇོམས་ལ། །གདུ་བུ་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། ། བདེ་གཤེགས་ཕྱོགས་མ་སླད་པ་ཁྱིམ་བདག་གི་བུ་ཚེ་བདེ་གཤེགས་ཤེས་རབ་རྫོགས་པ་ལ། །མར་འཁུར་དག་ནི་དབུལ་བ་བྱས་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་ སེམས་བསྐྱེད་དོ། །བདེ་གཤེགས་མཛེས་པ་བུ་རམ་ཤིང་སྲུང་ཚེ། །དེ་བཞིན་གཤེགས་པ་ཚེར་མ་དཀྲུགས་པ་ལ། །བུ་རམ་ཤིང་དག་དབུལ་བ་བྱས་ནས་ཀྱང། །དང་ པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཞལ་བཟང་ཚོང་བའི་ཚེ། །དེ་བཞིན་གཤེགས་པ་དགྲ་འདུལ་དེ་ལ་ནི། །མུ་ཏིག་དམར་པོ་དག་གིས་ གཏོར་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཤུགས་གནས་ཡེ་ཤེས་རྫ་མཁན་ཚེ། །དེ་བཞིན་གཤེགས་པ་དགྲ་བཅོམ་དགྱེས་པ་ལ། ། [525A]༄༅། །བུམ་པ་ཆུ་ཡིས་བཀང་སྟེ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གསུང་དབང་བཅའ་བ་མཁན་གྱི་ཚེ། །དེ་ བཞིན་གཤེགས་པ་ཚུལ་ཁྲིམས་མཆོག་གནས་ལ། །བཅའ་བ་དག་ནི་ད་བུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱད་དོ་།བདེ་གཤེགས་ གཟི་བརྗིད་ཆེན་པོ་སྨན་པའི་ཚེ། །དེ་བཞིན་གཤེགས་བ་ཕྱོགས་མཉམ་དགོངས་པ་ལ། །སྐྱུ་རུ་ར་ཡི་འབྲས་བུ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །བདེ་གཤེགས་བློ་གྲོས་ཟབ་མོ་ཁྱིམ་བདག་ཚེ། །དེ་བཞིན་གཤེགས་པ་དགོངས་པ་སྙོམས་མེད་ལ། །མུ་ཏིག་འབྲུམ་བུ་གསུམ་དག་ཕུལ་ནས་ཀྱང། ། དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བདུད་རྩི་གཞན་གྱི་ཁོལ་པོའི་ཚེ། །དེ་བཞིན་གཤེགས་པ་བརྩོན་འགྲུས་གསལ་བ་དེའི། །འཆག་སར་ལྗོན་ ཤིང་རིག་བྱེད་བསྐྲུན་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཆོས་སྟོབས་ཚལ་གྱི་ལས་བྱད་ཚེ། །དེ་བཞིན་གཤེགས་པ་གསལ་བ་བརྒྱ་ ཆེན་ལ༑ ༑འོད་མའི་ཚལ་དག་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་མཆོད་ལྡན་རྒན་པོའི་ཚེ། །དེ་བཞིན་ [525B] །ཚྭ་ཡི་རོ་བཅུ་དག་ནི་དབུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མེ་ཏོག་འོད་ནི་ལམ་སྟོན་ཚེ། །དེ་བཞིན་གཤེགས་པ་སྒྲིབ་མེད་ དགོངས་པ་དེའི། །ལམ་དག་ཉེ་བར་མཆོད་པ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཁམས་མ་སུམ་མཚེད་གནས་གསེར་རྟོག་ཚེ། །དེ་བཞིན་གཤེགས་པ་བསྙེངས་ མེད་འོད་ཟེར་ལ། །གསེར་སྲང་གཅིག་ཅིག་དབུལ་བ་བྱས་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྒྲ་གཅན་ཉི་མའི་སྙིང་པོ་ཕྱེ་ཚོང་ཚེ། །དེ་བཞིན་གཤེགས་པ་ བདུད་རྩིའི་དབྱངས་ཅན་དེ་ལ་ནི། །ཀརཤ་བ་ནི་རི་བའི་ཕྱེད་དག་ཕུལ་ནས་ཀྱང། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ་།དེ་བཞིན་གཤེགས་པ་ལྷས་མཆོད་སྩལ་ཆེན་བྲམ་ཟེའི་ཚེ། །དེ་བཞིན་ གཤེགས་པ་ལེགས་པར་གསུངས་པ་དེ་ཡི་ནི། །འཁོར་གྱི་ཁྱམས་དག་གསེར་གྱི་སྣམ་བུ་གཏིང་ནས་ཀྱང། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཐར་པའི་རྒྱལ་ མཚན་རས་བལ་མཁན། །བྱེད་ཚེ་བདེ་གཤེགས་མཁས་བ་མཆོག་དེ་ལ་།རས་བལ་དག་ནི་གཏོར་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བདུད་ རྩིའི་འོད་ནི་གཙང་སྦྲ་ཅན་གྱི་ཚེ། །དེ་བཞིན་གཤེགས་པ་ཡོན་ཏན་རྒྱལ་པོ་དེ་ལ་ནི། །སུ་དར་ཤ་ནའི་མེ་ཏོག་གཏོར་བ་བྱས་ནས་ཀྱང། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་ [526A]༄༅། །པ་རྡོ་རྗེ་མི་བཀྲེན་ཚེ། །དེ་བཞིན་གཤེགས་པ་དབང་པོ་སྦས་པ་ལ། །རྒྱ་སྲན་དག་གི་ཕྱེ་དག་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་ བཞིན་གཤེགས་པ་བརྟན་པ་ཕྲེང་རྒྱུད་ཚེ། །དེ་བཞིན་གཤེགས་པ་ཐར་པའི་བསམ་གཏན་ལ། །སཔྟ་བ་རྣའི་མེ་ཏོག་གཏོར་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །བདེ་གཤེགས་སྣང་ལྡན་ཆེན་པོ་ལམ་དུ་ཞུགས་པ་ན་།བདེ་གཤེགས་རིན་ཆེན་ཕུང་པོ་འདྲེན་པོ་བྱེད་པ་ཡིས། །ནམ་གྱི་གུང་ཐུན་དག་ལ་མེལ་ཚེ་བྱས་ནས་ཀྱང། ། དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མཛེས་གཤེགས་རྩིས་པའི་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་ཙནྡན་སྤོས་དེ་ལ། །ཙམྤ་ཀ་ཡི་མེ་ཏོག་ཕུལ་ནས་ ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཉི་མ་ལྟར་གཤེགས་མར་ཚོང་ཚེ། །དེ་བཞིན་གཤེགས་པ་གཟིགས་པ་གསལ་དེ་ལ། །མར་ཁུའི་བཏུང་བ་དག་ ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ་།བདེ་གཤེགས་པའི་འོད་ནི་དགེ་སློང་ཚེ། །བདེ་གཤེགས་མངོན་འཕགས་སྟོབས་དེའི་འཆགས་དག་ཆག་ ཆག་ཕྱག་དང་བྱས་ཏེ་སྟན་བཏིང་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་འོད་ཤུགས་ཚོང་དཔོན་ཚེ་།དེ་བཞིན་གཤེགས་པ་བསྟན་སྡུག་དེ་ [526B] ༑སྣང་སྒྲོན་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡོན་ཏན་གཙུག་ནི་ཚོང་པའི་ཚེ། །དེ་བཞིན་གཤེགས་པ་དཔག་མེད་བློ་ དེ་ལ༑ ༑ཙནྡན་དང་ནི་འབྲས་བུ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་བཞིན་གཤེགས་དཔལ་རྫོགས་བཙོ་བླག་མཁན་གྱི་ཚེ། །བདེ་གཤེགས་ཉི་མ་སྟོང་ལྡན་གཟི་ བརྗིད་ལ། །སོས་ཀ་ཚ་བའི་དུས་སུ་སྐྱོ་མ་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སེང་སྟོབས་རྒྱལ་པོའི་བུ་མོའི་ཚེ། །དེ་བཞིན་གཤེགས་པ་ཁུར་བོར་དེ་ལ་ནི། ། ཆོས་ཀྱི་གདན་དག་གདིང་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གྱེན་དུ་འཕགས་པ་ཤིང་སྲུང་ཚེ། །དེ་བཞིན་གཤེགས་པ་གསལ་བར་གྲགས་དེ་ ལ༑ ༑ཡུངས་དཀར་སྤར་བ་བཀང་སྟེ་གཏོར་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མེ་ཏོག་བྱིན་ནི་ཤིང་སྲུང་ཚེ། །དེ་བཞིན་གཤེགས་པ་ཕྱོགས་སུ་རྣམ་ གྲགས་ལ། །ཨེ་རནྜ་ཡི་འབྲས་བུ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་འོད་འགྱེད་ཚོང་པའི་ཚེ། །དེ་བཞིན་གཤེགས་པ་དབང་བསྒྱུར་རྒྱལ་ པོ་ལ༑ ༑མུ་ཏིག་སྤར་བ་བཀང་སྟེ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་པདྨ་ཞིང་པའི་ཚེ། །དེ་བཞིན་གཤེགས་པ་མཐའ་ཡས་བློ་དེ་ལ། ། [527A]༄༅། །ལྷུང་བཟེད་ལོ་ཐོག་སར་པས་བཀང་སྟེ་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡེ་ཤེས་དགྱེས་པ་ཚོང་པའི་ ཚེ༑ ༑དེ་བཞིན་གཤེགས་པ་འོད་ཟེར་ཡངས་པ་ལ། །བུ་རམ་གོང་བུ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ་།བདེ་གཤེགས་བཀོད་པ་མཛེས་ པ་ཤིང་སྲུང་ཚེ། །དེ་བཞིན་གཤེགས་པ་བཀོད་པ་གསལ་དེ་ལ། །སོའུ་གནྡྷི་དག་སྙིམ་པ་བཀང་སྟེ་གཏོར། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་ གཤེགས་པ་གཏི་མུག་མེད་གནས་བྲམ་ཟེའི་ཚེ། །དེ་བཞིན་གཤེགས་པ་སྤྱན་མཆོག་དེ་ལ་ནི། །མིག་མི་འཛུམས་པས་བལྟ་བ་བྱས་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་ སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་རྨ་མང་ལྷམ་མཁན་ཚེ། །དེ་བཞིན་གཤེགས་པ་ཐར་པའི་བརྟུལ་ཞུགས་ལ། །མཆིལ་ལྷམ་དག་ནི་དབུལ་བ་བྱས་ནས་ ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཏོག་གི་རྒྱལ་མཚན་གྲོང་རྡལ་གྱི། །ཁྱེའུ་ཚེ་བདེ་གཤེགས་ཡིད་འོང་གཟིགས་དེ་ལ། །མེ་ཏོག་ པརིཤཱི་ཕྲེང་བ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བདེ་བར་དགོངས་པ་ཤིང་ཐུན་ཚེ། །དེ་བཞིན་གཤེགས་པ་འོད་ [527B] །ཨུཏྤལ་དམར་པོ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གཏི་མུག་མེད་རྒྱལ་འཁོར་བསྒྱུར་ཚེ། །དེ་བཞིན་ གཤེགས་པ་བྱང་ཆེན་དེ་ལ་ནི། །ན་བཟའ་རིན་པོ་ཆེ་དག་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཆོ་ག་མཁྱེན་པ་བློན་ཆེའི་ཚེ། ། འོབས་སུ་སྟེགས་དག་གཟུགས་པ་བྱས་ནས་ཀྱང། །བདེ་གཤེགས་འོད་ཕུང་གཟི་བརྗིད་ཆེན་པོ་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ་།བདེ་གཤེགས་དག་ པའི་རྒྱ་མཚོ་ཚོང་དཔོན་ཚེ། །དེ་བཞིན་གཤེགས་པ་ཏོག་གི་འོད་དེ་ལ། །ཁྲུས་ཁང་དག་ནི་བྱས་ཏེ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་ གཤེགས་རིན་ཆེན་མངའ་བ་རྩིས་པའི་ཚེ། །དེ་བཞིན་གཤེགས་པ་དགྲ་བཅོམ་མཆོད་གནས་ལ། །མཆིལ་ལྷམ་དག་ནི་དབུལ་བ་བྱས་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་ སེམས་བསྐྱེད་དོ། །བདེ་གཤེགས་མི་དམའ་བ་ནི་ཤིང་སྲུང་ཚེ། །བདེ་གཤེགས་ཡོན་ཏན་གཟི་བརྗིད་ཕུང་པོ་ལ། །རྒུན་ཆབ་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་ བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྐྱེ་བོ་དགའ་མཛད་དགེ་སློང་ཚེ། །དེ་བཞིན་གཤེགས་པ་མཚན་གསལ་དེ་ལ་ནི། །སྤོས་ནི་སྲང་གི་བཞི་ཆ་ཕུལ་ [528A]༄༅། །ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ་།བདེ་གཤེགས་རྨ་བྱའི་ང་རོ་རྩིས་པའི་ཚེ། །དེ་བཞིན་གཤེགས་པ་འོད་ འཕྲོ་ཆེན་པོ་ལ། །སྐྱེད་མོས་ཚལ་དག་དབུལ་བ་བྱས་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མ་ཞུམ་པ་ནི་རྔོན་པའི་ཚེ། །དེ་བཞིན་ གཤེགས་པ་དགྲ་བཅོམ་གསལ་དེ་ལ། །སྐྱོ་མ་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྲིད་སྲེད་དྲི་སྤངས་ཤིང་ སྲུང་ཚེ། །དེ་བཞིན་གཤེགས་པ་དགོངས་པ་ལེགས་གནས་ལ། །ཤི་ཤ་པ་ཡི་མེ་ཏོག་གཏོར་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་ གཤེགས་སྤྱོད་པའི་སྟེགས་ནི་ཚོང་པའི་ཚེ། །དེ་བཞིན་གཤེགས་པ་སྟེགས་ནི་བཟང་པོ་ལ། །སྲན་ཆུང་དང་ནི་འབྲས་ཆེན་གཟིགས་མ་ཕུལ། །དང་པོར་བྱང་ཆུབ་ ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ལྷ་མང་སྙན་བསྒྲགས་རིམ་གྲོ་པ། །བྱེད་ཚེ་བདེ་གཤེགས་ཡེ་ཤེས་འབྱུང་གནས་ལ། །རྡོ་ཡི་དན་ཁྲི་དག་ནི་ཕུལ་ནས་ ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རིན་ཆེན་སྟོབས་ནི་ཞིང་པའི་ཚེ། །དེ་བཞིན་གཤེགས་པ་ཀུན་ཏུ་རིན་ཆེན་ལ། །གྲོ་ཡིས་སྤར་བ་བཀང་ [528B] །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་པད་བསྣམས་བཙོ་བླག་མཁན་གྱི་ཚེ། །དེ་བཞིན་གཤེགས་པ་ཉི་མའི་ཕུང་པོ་དེའི། ། ན་བཟའ་དག་ནི་བཀྲུ་བཤལ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དཔལ་ནི་ཁྱིམ་བདག་ཚེ་།དེ་བཞིན་གཤེགས་པ་ སྟོན་པའི་སྟེགས་དེ་ལ། །བཞུགས་གདན་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དགྲ་རྒྱལ་བྲམ་ཟེའི་ཆུང་མའི་ ཚེ༑ ༑བདེ་གཤེགས་ཁྲོ་འཇོམས་བྱང་ཆུབ་སྙིང་པོར་ནི། །གཤེགས་ཚེ་སྦྲང་རྩིར་བསྲེས་པའི་འོ་མ་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ འབྱོར་ལྡན་གྲགས་པ་སློང་བའི་ཚེ། །དེ་བཞིན་གཤེགས་པ་སེངྒེའི་སྐུ་དེ་ལ། །ཨུ་དུམ་ཝ་རའི་འབྲས་བུ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། ། བདེ་གཤེགས་ཡུལ་འཁོར་བཟང་པོ་ཕྲེང་རྒྱུད་བུ་མོའི་ཚེ། །དེ་བཞིན་གཤེགས་པ་བཤེས་གཉེན་གྲགས་པའི་འོད་དེ་ལ། །ཤིང་ཛམྦུ་ཡི་འབྲས་བུ་དབུལ་བ་བྱས་ནས་ ཀྱང། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མེ་ཏོག་འོད་ནི་ཕྱུགས་རྫིའི་ཚེ། །དེ་བཞིན་གཤེགས་པ་ང་རོ་རྣམ་དག་ལ། །ལྷུང་བཟེད་དར་ [529A]༄༅། །བས་བཀང་སྟེ་ཕུལ་ནས་ཀྱང། དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སེངྒེའི་ང་རོ་བྲམ་ཟེའི་ཚེ། །དེ་བཞིན་ གཤེགས་པ་བཟང་པོ་བཞེད་དེ་ལ། །བསྟོད་པ་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཟླ་ལྟར་ཤར་པ་ཚོང་པའི་ ཚེ༑ ༑དེ་བཞིན་གཤེགས་པ་རབ་བཞི་བདག་པོ་ལ། །དངུལ་ལས་བྱས་པའི་ལྷུང་བཟེད་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འཇོམས་ པའི་མདོག་ནི་ཚོང་དཔོན་ཚེ། །དེ་བཞིན་གཤེགས་པ་དུལ་བའི་གཟི་བརྗིད་ཀྱི། །གཙུག་ལག་ཁང་ནི་ཙནྡན་དམར་པོས་བྱུགས། །དང་པོར་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །དེ་བཞིན་གཤེགས་པ་མི་གཡོ་ཕྲེང་རྒྱུད་ཚེ། །དེ་བཞིན་གཤེགས་པ་གཟི་བརྗིད་ལེགས་མཆོད་ལ། །མེ་ཏོག་བླ་བྲེ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཕན་ལྡན་གཤེགས་པ་ཚོང་པའི་ཚེ། །དེ་བཞིན་གཤེགས་པ་འཇིག་རྟེན་འོད་དེ་ལ། །དངུལ་ལས་བྱས་པའི་མེ་ཏོག་གཏོར་ ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བསོད་ནམས་སྒྲོན་མ་རྒྱལ་པོའི་འཁོར་བསྒྱུར་ཚེ། །དེ་བཞིན་གཤེགས་པ་འཇིག་རྟེན་ [529B] །གདུགས་ཚོད་ལོ་གྲངས་བདུན་སྟོང་བར་དུ་སྦྱར་ནས་ཀྱང། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དབྱངས་ཀྱི་སྐུལ་བ་དེད་ དཔོན་ཚེ། །དེ་བཞིན་གཤེགས་པ་སྤྱོད་པ་དག་པ་དེའི། །གཙུག་ལག་ཁང་ནི་ཙནྡན་དམར་པོས་བྱས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གཽ་ཏ་མ་ ནི་ལམ་སྟོན་ཚེ། །དེ་བཞིན་གཤེགས་པ་སྟེགས་བཟང་གཟི་བརྗིད་ལ་།གདུགས་ཚོད་དག་ནི་སྦྱར་ཏེ་གསོལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་ གཤེགས་མདངས་སྟོབས་བྲམ་ཟེའི་ཁྱེའུ་ཚེ། །དེ་བཞིན་གཤེགས་པ་སྤྱན་མཆོག་དེ་ཡི་ནི། །ལམ་སྲང་དག་ནི་ཕྱག་དར་བྱས་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །བདེ་གཤེགས་བློ་གནས་རང་བཞིན་ཤིང་རྟ་མཁན། །བྱེད་ཚེ་བདེ་གཤེགས་མཐུ་རྩལ་ཆེན་པོ་ལ། །ཤིང་རྟ་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཟླ་བ་བཟང་པོ་མི་བཀྲེན་ཚེ་།དེ་བཞིན་གཤེགས་པ་བདུད་རྩིའི་གཟུགས་དེ་ལ། །མར་མེ་ཁ་ཅིག་གཅིག་ནི་ཕུལ་ནས་ཀྱང། །དང་པོར་ བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་བྱང་ཆུབ་ཡན་ལག་མེ་ཏོག་ནི། །ཤིང་ཐོག་ཚོང་ཚེ་བདེ་གཤེགས་ཤེས་རབ་མངའ་བ་ལ། །ཨ་མྲའི་འབྲས་བུ་ [530A]༄༅། །གསུམ་ནི་དབུལ་བ་བྱས་ནས་ཀྱང། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བཀྲ་ཤིས་སྤོས་ཚོང་བུར་གྱུར་ཚེ། །དེ་ བཞིན་གཤེགས་པ་ཡོན་ཏན་སྟེགས་དེ་ལ། །ཙམྤ་ཀ་ཡི་མེ་ཏོག་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ལེགས་པར་སྟོན་ པ་འཁོར་ལོས་བསྒྱུར་བ་ཡི། །བློན་པོའི་ཚེ་ན་བདེ་གཤེགས་ལྷུན་པོའི་འོད་དེ་ཡི། །འཆགས་དག་ནི་བཻ་ཌཱུརྱ་ལས་བྱས་ནས་ཀྱང། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་ སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཡེ་ཤེས་གཟི་བརྗིད་སྟོབས་།ཤིང་སྲུང་ཚེ་ན་བདེ་གཤེགས་ཞི་བ་ཡི། །བློ་གྲོས་དེ་ལ་སེའུ་འབྲུ་གཅིག་ཕུལ་ནས། ། དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དགེ་བའི་སྒྲོན་མ་ཚོང་པའི་ཚེ། །དེ་བཞིན་གཤེགས་པ་མཐུ་རྩལ་ཆེ་དེ་ལ། །བ་སོའི་གཟིམས་ཁྲི་དག་ནི་ ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མཐུ་རྩལ་བརྟན་པོ་བྲམ་ཟེའི་ཚེ། །དེ་བཞིན་གཤེགས་པ་དམ་བཅས་བརྟན་པ་ལ། །ཨ་མྲའི་ཁུ་བ་ དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ་།དེ་བཞིན་གཤེགས་པ་ལྷ་སྒྲ་ཚོང་པའི་ཚེ། །དེ་བཞིན་གཤེགས་པ་དོན་གྲུབ་དེ་ལ་ནི། །པ་ལ་ཤི་ཀ་ [530B] །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་རབ་ཞི་གོས་ཚོང་ཚེ། །དེ་བཞིན་གཤེགས་པ་ཕན་པར་དགྱེས་དེ་ལ། །ན་བཟའ་ དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཉི་མའི་ཞལ་ནི་ཁྱིམ་བདག་ཚེ། །དེ་བཞིན་གཤེགས་པ་ལྷ་ཡིས་མཆོད་དེ་ ལ༑ ༑རྫིང་བུ་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཐར་པའི་བརྟུལ་ཞུགས་མི་བཀྲེན་ཚེ། །དེ་བཞིན་གཤེགས་ པ་སྤོང་བའི་ཤུགས་དེ་ལ། །པྲི་ཡང་ཀུ་ཡི་བསོད་སྙོམས་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཚུལ་ཁྲིམས་འོད་ནི་དབུལ་པོའི་ ཚེ༑ ༑དེ་བཞིན་གཤེགས་པ་རིན་ཆེན་གཏོང་དེ་ལ། །ཚོང་མའི་ཁུ་བ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ་།བདེ་གཤེགས་བརྟུལ་ ཞུགས་གནས་པ་ཁྱིམ་བདག་གི་བུ་མོའི་ཚེ་ན་བདེ་གཤེགས་ཡེ་ཤེས་ཤུགས། །དེ་ལ་ཨུཏྤལ་ལྡ་ལྡི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་ གཤེགས་རྡུལ་མེད་ཕྲེང་རྒྱུད་བུ་མོའི་ཚེ། །དེ་བཞིན་གཤེགས་པ་ཟམ་པ་དེ་ལ་ནི། །པདྨ་འདབ་བརྒྱ་པ་དག་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་ [531A]༄༅། །དོ༑ ༑བདེ་གཤེགས་སྙིང་པོ་འཕགས་པ་ཚོང་པའི་ཚེ་།དེ་བཞིན་གཤེགས་པ་ཐར་པ་བཟང་པོ་ལ། །རས་ཡུག་གཅིག་གིས་ དགབ་པ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་མིག་སྨན་ལམ་སྟོན་ཚེ། །དེ་བཞིན་གཤེགས་པ་ཚོགས་ནི་རྣམ་གནོན་ལ། ། ཨ་མྲའི་འབྲས་བུ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་འཕེལ་མཛད་རྒྱལ་པོའི་ཚེ། །དེ་བཞིན་གཤེགས་པ་ གཟི་བརྗིད་སྣང་བ་ལ། །གསེར་གདུགས་ཡུ་བ་བཻ་ཌཱུརྱས་བྱས་པ་།ཕུལ་ནས་དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྤོས་འོད་ཚོང་དཔོན་བུར་ གྱུར་ཚེ། །དེ་བཞིན་གཤེགས་པ་བྱམས་པའི་སྟོབས་དེ་ལ། །བྱུག་པ་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་ གཤེགས་དུས་མཁྱེན་འོད་ནི་རྫ་མཁན་ཚེ། །དེ་བཞིན་གཤེགས་པ་ཟླ་བའི་དཔལ་དེ་ལ། །ཁམ་པ་དག་ལས་བྱས་པའི་ལྷུང་བཟེད་ཕུལ་།དང་པོར་བྱང་ཆུབ་ ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དྲན་པའི་དབང་པོ་ཚོང་དཔོན་ཚེ། །དེ་བཞིན་གཤེགས་པ་ཞི་བའི་འོད་དེ་ཡི། །ལམ་དུ་ཟམ་པ་དག་ནི་བཙུགས་ [531B] །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཞལ་བཟང་ཕྲེང་རྒྱུད་ཚེ། །དེ་བཞིན་གཤེགས་པ་སྤྱན་ནི་སྡུག་དེ་ལ། །མེ་ཏོག་ ཀུ་མུ་ད་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཐོགས་མེད་རྒྱལ་མཚན་འབྲེག་མཁན་ཚེ། །དེ་བཞིན་གཤེགས་པ་ ཟླ་ལྡན་དབྱངས་དེ་ཡི། །ཕྱག་གི་སེན་མོ་དག་ནི་བཅད་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་མཆོག་བགྲོད་ལམ་སྟོན་ཚེ། ། དེ་བཞིན་གཤེགས་པ་བདུད་རྩིའི་གཟུགས་དེ་ཡི། །སྤྱན་སྔར་ལམ་དག་མཚོན་པ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ སྤྱོད་གསལ་ཚོང་དཔོན་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་ཆོས་ཀྱི་བློ་གྲོས་ལ། །མུ་ཏིག་དོ་ཤལ་དག་ནི་གཏོར་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །བདེ་གཤེགས་རིན་ཆེན་དབྱེས་པ་ཕྱག་དར་བ། །བྱེད་ཚེ་བདེ་གཤེགས་ཟླ་བ་ཆེན་པོ་ལ། །མཆོད་ཕྱིར་གླིང་བུ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཆོས་ཀྱི་དབང་ཕྱུག་དགེ་སློང་ཚེ། །ཆོས་རྣམ་ཡང་དག་བཟུང་ཕྱིར་སེམས་བཏུད་ནས། །དེ་བཞིན་གཤེགས་པ་ཐོགས་མེད་ [532A]༄༅། །དབྱངས་དེ་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ལྷ་ཐམས་ཅད་པ་གསེར་རྟོག་ཚེ། །དེ་བཞིན་གཤེགས་པ་ལྷ་ཡི་མེ་ ཏོག་ལ། །གསེར་གྱིས་སྤར་བ་བཀང་སྟེ་གཏོར་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བཤེས་གཉེན་ཆེན་པོ་ཤིང་རྟ་མཁན། །བྱེད་ཚེ་ བདེ་གཤེགས་སྙོམས་པར་གཟིགས་དེ་ལ། །ཁང་བཟང་དག་ནི་བྱས་ཏེ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བཤེས་གཉེན་ བཟང་པོ་ཚོང་པའི་ཚེ། །དེ་བཞིན་གཤེགས་པ་ཟླ་བ་ཆེན་པོ་ལ་།སྣོད་དག་ཆུ་ཡིས་བཀང་སྟེ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་ གཤེགས་རབ་ཏུ་ཞི་སྟབས་ལམ་སྟོན་ཚོ། །དེ་བཞིན་གཤེགས་པ་བསོད་ནམས་བཞེད་དེ་ལ། །རྩ་བ་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །བདེ་གཤེགས་བདུད་རྩིའི་བདག་པོ་ཤིང་ཏོག་ཁེར་བའི་ཚེ། །དེ་བཞིན་གཤེགས་པ་ཕུང་པོ་བཅུ་པ་དེ་ལ་ནི། །ལྷུང་བཟེད་ཨ་མྲ་དག་གིས་བཀང་སྟེ་ཕུལ་ ནས་ཀྱང། །དང་པོར་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ་།བདེ་ །དེ་བཞིན་གཤེགས་པ་སྣ་ཚོགས་འོད་དེ་ཡི། །གྲོང་ཁྱེར་དག་ [532B] །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འཕགས་པས་བསྟོད་པ་ལམ་སྟོན་ཚེ། །དེ་བཞིན་གཤེགས་པ་ཀླུ་ཡིས་བྱིན་པ་ དེའི༑ ༑ལམ་སྲ་དང་ནི་མཚོན་པ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་སྣང་ལྡན་ཁྱིམ་བདག་ཚེ། །དེ་བཞིན། །གཤེགས་པ་ སྤྲིན་གྱི་དབྱངས་དེ་ལ། །གསེར་ལས་བྱས་པའི་པད་མ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གཟི་བརྗིད་འབར་བ་རྩྭ་ཐུན་ཚེ། །དེ་བཞིན་ གཤེགས་པ་ཡོན་ཏན་མཐུ་རྩལ་ལ། །རྩ་ལྟན་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ ཚེ༑ ༑དེ་བཞིན་གཤེགས་པ་ཡོན་ཏན་སེམས་དེ་ལ། །རིན་ཆེན་དྲ་བ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ་།བདེ་གཤེགས་ལེགས་ སྤྱད་རྣམ་སྨིན་བཅའ་བ་མཁན། །བྱེད་ཚེ་བདེ་གཤེགས་སྤྲིན་གྱི་དབྱངས་དེ་ལ། །ལྷུང་བཟེད་བཅའ་བས་བཀང་སྟེ་ཕུལ་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་ དོ༑ ༑བདེ་གཤེགས་ལེགས་པར་དགྱེས་པ་དཔའ་བོའི་ཆ། །དེ་བཞིན་གཤེགས་པ་གསལ་བའི་དབྱངས་དེ་ལ། །རྒྱལ་མཚན་དག་ནི་དབུལ་བ་བྱས་ནས་ཀྱང། །དང་ [533A]༄༅། །པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མྱ་ངན་བྲལ་བ་རྩིས་པའི་ཚེ། །དེ་བཞིན་གཤེགས་པ་ངན་སོང་སྤོང་བ་ལ། །མེ་ ཏོག་རྣ་རྒྱལ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རིན་ཆེན་འོད་ནི་དགེ་སློང་བསྙེན་བཀུར་བ། །བྱེད་ཚེ་དེ་བཞིན་ གཤེགས་པ་ལྷ་ཡི་མེ་ཏོག་ལ། །མར་མེ་དག་ནི་རབ་ཏུ་དབུལ་བ་བྱས་ནས་ཀྱང། །དང་པོར་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་སྤྱོད་ ལྡན་ཁྱིམ་བདག་ཚེ། །བསླབ་པའི་གཞི་ལྔ་དག་ནི་གཟུང་ནས་ཀྱང། །དེ་བཞིན་གཤེགས་པ་སྤྱན་མཛས་ལྡན་པ་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། ། བདེ་གཤེགས་བསོད་ནམས་སྟོབས་ནི་ཁྱིམ་བདག་ཚེ། །དེ་བཞིན་གཤེགས་པ་སྒྲོན་མ་ཆེན་པོ་ལ། །མལ་སྟན་ཤིང་བལ་ཅན་ནི་ཕུལ་ནས་ཀྱང་།དང་པོར་བྱང་ཆུབ་ ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡོན་ཏན་རྒྱ་མཚོ་ཤིང་རྟ་མཁན། །བྱེད་ཚེ་བདེ་གཤེགས་བརྟུལ་ཞུགས་ཆེན་པོ་དིའི། །གནས་ཁང་དག་ནི་བྱུག་པས་བྱུགས་ ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རྨད་བྱུང་སྣང་མ་པ་ཡི་ཚེ། །དེ་བཞིན་གཤེགས་པ་གཟིགས་པ་བརྟན་དེ་ལ། །སྣང་མ་དག་ནི་བལྟམ་ [533B] །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ངན་སྤོང་རྒྱལ་པོའི་བཙུན་མོའི་ཚེ། །དེ་བཞིན་གཤེགས་པ་མྱོས་པ་སྤོང་བ་ལ། །མེ་ཏོག་ལྡ་ལྡི་དག་ནི་ ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བདུད་བརླག་མཛད་པ་དམག་མིའི་ཚེ། །དེ་བཞིན་གཤེགས་པ་མཚན་གྱི་མེ་ཏོག་ལ། །མཆིལ་ལྷམ་ དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བག་ཆགས་རྒལ་སྟབས་ཚོང་པའི་ཚེ། །བདེ་གཤེགས་བསམ་གྱིས་མི་ཁྱབ་འོང་དེ་ ལ༑ ༑ཕྲེང་བ་དག་ལས་བྱེས་པའི་བླ་བྲེ་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མི་བྱེད་བློ་མངའ་བཤན་པའི་ཚེ། །དེ་བཞིན་གཤེགས་པ་ཀུན་ཏུ་འོད་དེ་ ལ༑ ༑ཤིར་ཤའི་ཕྲེང་བ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་རྒྱ་མཚོ་དྲང་པོའི་ཚེ། །དེ་ ། སྤྱན་སྔར་གླུ་དབྱངས་དག་ནི་དབྱངས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དག་མཛད་གྲོང་དཔོན་ཚེ། །དེ་བཞིན་གཤེགས་པ་ཡིད་འོད་ ཟླ་བ་ལ༑ ༑གསེར་གྱི་མེ་ཏོག་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཚོགས་ཅན་གྲོལ་རྒྱལ་ཚོང་པའི་ཚེ། །དེ་བཞིན་ [534A]༄༅། །གཤེགས་པ་མཛེས་པའི་དབྱངས་དེ་ལ། །ཁ་ཟས་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་ གཤེགས་དགའ་འོད་པདྨ་མཁན་གྱི་ཚེ། །དེ་བཞིན་གཤེགས་པ་བློ་གྲོས་མཆོག་དེ་ལ། །ཀ་རནྟ་ཀ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་ དོ༑ ༑བདེ་གཤེགས་བྱང་ཆུབ་རྒྱལ་མཚན་མདུན་འདོན་ཚེ། །དེ་བཞིན་གཤེགས་པ་ཟླ་བའི་འོད་དེ་ལ། །ཆོས་ལ་དགབ་པའི་ན་བཟའ་ཕུལ་ནས་ཀྱང། །དང་པོར་ བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡེ་ཤེས་རིན་ཆེན་ཕྲེང་རྒྱུད་ཚེ། །དེ་བཞིན་གཤེགས་པ་མེ་ཏོག་སྙིང་པོ་ལ། །མེ་ཏོག་དག་ལས་བྱས་པའི་རྒྱལ་ མཚན་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཤིན་ཏུ་བསིལ་བ་ཁྱིམ་བདག་གི་བུ་ཚེ་དེ་བཞིན་གཤེགས་པ་ཡིད་གཏོང་ལ། །ནོར་བུ་ རིན་ཆེན་མཆིལ་ལྷམ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཚངས་རྒྱལ་དེད་དཔོན་ཚེ་།དེ་བཞིན་གཤེགས་པ་མཆོད་ སྦྱིན་བྱིན་པ་ལ། །གསེར་ལས་བྱས་པའི་གོས་དག་ཕུལ་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡེ་ཤེས་དགྱེས་པ་ཤིང་རྟ་མཁན། །བྱེད་ [534B] །བཞུགས་ཁྲིའུ་དག་ནི་དབུལ་བ་བྱས་ན་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ་།བདེ་གཤེགས་རྫུ་འཕྲུལ་ཏོག་ནི་གར་ མཁན་ཚེ། །དེ་བཞིན་གཤེགས་པ་ཐར་པ་དགྱེས་དེ་ཡི། །སྤྱན་སྔར་བྲོ་གར་དག་ནི་བྱས་ནས་སོ་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྐྱེ་དབང་མཚུངས་ པ་ཚོང་དཔོན་གྱི། བུ་ཚེ་དད་པས་བདེ་གཤེགས་སྟབས་འཇོག་ལ། །གསེར་སྐུད་དག་གིས་གཏོང་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ས་ ཡི་དབང་ཕྱུག་རྔོན་པའི་ཚེ། །དེ་བཞིན་གཤེགས་པ་དགྲ་དག་འདུལ་པ་ལ། །རྩྭ་ལས་བྱས་པའི་མཆིལ་ལྷམ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་ གཤེགས་ཉི་མ་དགྱེས་པ་ཕྱེ་མ་མཁན། །བྱེད་ཆེ་བདེ་གཤེགས་ཡུལ་མེད་སྤོང་བ་ལ། །ཨུཏྤལ་ཞལ་སྤོས་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་ གཤེགས་སྐྲག་ཅན་ཟླ་བ་གཞན་བྲན་ཚེ། །དེ་བཞིན་གཤེགས་པ་བདུད་རྩིའི་འོད་དེ་ལ། །རྩྭ་ཡི་ཁང་བཟང་བྱས་ཏེ་ཕུལ་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་ གཤེགས་མེ་ཏོག་འོད་ནི་དགེ་སློང་ཚེ། །དེ་བཞིན་གཤེགས་པ་ངར་མི་སེམས་པ་ལ། །མཆིལ་སྣོད་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ་ [535A]༄༅། །བདེ་གཤེགས་སྨན་པའི་བདག་པོ་བྲམ་ཟེའི་ཚེ། །དེ་བཞིན་གཤེགས་པ་ཡང་དག་སྒྲ་སྒྲོག་ལ། །བཻ་ཌཱུརྱ་ལས་བྱས་པའི་གདུགས་ཕུལ་ནས། ། དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་མདངས་མངའ་བཟང་མཁན་ཚེ། །དེ་བཞིན་གཤེགས་པ་དཔག་མེད་སྤྱན་དི་ཡ། །ན་བཟའ་དག་ ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བསོད་ནམས་དགྱེས་པ་བྲམ་ཟེའི་ཚེ། །དེ་བཞིན་གཤེགས་པ་བརྟུལ་ཞུགས་ དཔའ་བོ་ལ། །མེ་ཏོག་ཟད་མི་ཤེས་པས་གཏོར་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དགའ་སྟོབས་རྔ་མཁན་ཚེ། །དེ་ བཞིན་གཤེགས་པ་འོད་འབར་དེ་ལ་ནི། །རྔ་བོ་ཆེ་དག་བརྡུང་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དབྱངས་སྙན་ ཕྱུག་པོའི་ཚེ། །དེ་བཞིན་གཤེགས་པ་ཡོན་ཏན་ཚོགས་དེ་ལ། །གླིང་བུ་དག་ནི་འབུད་པ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ ཆོས་ཀྱི་དབང་ཕྱུག་བྲམ་ཟེའི་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་ཡིད་དུ་འོང་བའི་དབྱངས་དེ་ལ། །ཀུ་ཤ་དག་ལས་བྱས་པའི་ན་བཟའ་ཕུལ་ནས་ཀྱང། །དང་པོ་ཉིད་དུ་བྱང་ [535B] །དེ་བཞིན་གཤེགས་པ་ཚངས་དབྱངས་ཞིང་བའི་ཚེ། །བསོད་ནམས་འདོད་ཕྱིར་ཁྲོན་དྲུང་ཆུ་ཐོམ་བཞག་དེ་བཞིན་གཤེགས་པ་དགོངས་ པ་ཆེན་པོ་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྤྱོད་བཟང་པ་ལང་རྫི་ཡི་ཚེ། །དེ་བཞིན་གཤེགས་པ་གསལ་བའི་ལྷ་དེ་ལ། །སྣོད་དག་ ཞོ་ཡིས་བཀང་སྟེ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འཁྲུལ་མེད་བློ་ནི་གླིང་བུ་མཁན། །བྱེད་ཚེ་བདེ་གཤེགས་སེམས་ སྤྱོད་བདུད་རྩི་ལ། །ཡིད་དུ་འོང་བའི་སྒྲ་དག་བསྒྲགས་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དབྱངས་ཆེན་ཁྱིམ་བདག་ཚེ། ། གཙུག་ལག་ཁང་ནི་སྟོང་སྙེད་བྱས་ནས་ཀྱང། །དེ་བཞིན་གཤེགས་པ་བློ་གྲོས་གསལ་བ་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྙན་ གྲགས་ཚོང་དཔོན་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་སྒྲོན་མ་མཆོག་དེ་ལ། །ཕྲེང་བ་བརྒྱུས་པ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། ། དེ་བཞིན་གཤེགས་པ་ཏོག་ལྡན་ཤིང་ཐུན་ཚེ། །དེ་བཞིན་གཤེགས་པ་བློ་གྲོས་བརྟན་པ་ལ། །ཨུཏྤལ་གསུམ་ཞིག་གཏོར་བ་བྱས་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་ [536A]༄༅། །སེམས་བསྐྱེད་དོ། །བདེ་བཞིན་གཤེགས་པ་གཟི་བརྗིད་རྣམ་གྲངས་ཚོང་དཔོན་གྱི། །བུ་ཚེ་བདེ་གཤེགས་མཐུ་རྩལ་སྟོབས་དེ་ལ་།མེ་ཏོག་དག་གི་ཕུར་ མ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ་།བདེ་གཤེགས་འགྲོ་བའི་དབང་ཕྱུག་དེད་དཔོན་ཚེ། །དེ་བཞིན་གཤེགས་པ་པད་འདབ་སྤྱན་དེ་ལ། ། ནོར་བུའི་སྒྲོན་མ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ལྗོན་པ་དབུལ་པོའི་ཚེ། །དེ་བཞིན་གཤེགས་པ་བྱང་ཆུབ་ འོད་དེ་ལ། །མ་ཥའི་སྒྲོན་མ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གཏི་མུག་རབ་ཟད་བྱ་བའི་ཚེ། །དེ་བཞིན་གཤེགས་པ་སྒྲ་ དབྱངས་མཆོག་དེ་ལ། །ཤ་སྲང་གཅིག་ཅིག་དབུལ་པ་བྱས་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དཔག་མེད་ལྷ་རིས་པ་ཡི་ཚེ། །དེ་ བཞིན་གཤེགས་པ་མངོན་ཤེས་དྲུག་སྒྲ་ལ། །ཚེམས་ཤིང་དག་ནི་དབུལ་བ་བྱས་ན་སྐྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ་།བདེ་གཤེགས་ཟླ་བ་བཟང་པོ་ དགེ་སློང་ཚེ། །དེ་བཞིན་གཤེགས་པ་མདངས་སྟོབས་དེ་ལ་ནི། །གདིང་བདག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་ [536B]ཚོང་དཔོན་བུ་ཚེ་བདེ་གཤེགས་མི་ཡི་གྲགས། །མར་མེའི་ཕྲེང་བ་དངར་ཏེ་ཕུལ་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ༑ ༑བདེ་གཤེགས་བརྟུལ་ཞུགས་བསྟར་བ་ཚོང་པའི་ཚེ། །བདེ་གཤེགས་རྒྱལ་བའི་མེ་ཏོག་ཚོགས་དེ་ཡི། །སྐུ་ལ་ཙནྡན་དམར་པོས་བྱུགས་ནས་ཀྱང། །དང་པོར་ བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མཆོད་གནས་ལྷ་ཡི་རིམ་གྲོ་པ། །བྱེད་ཚེ་དེ་བཞིན་གཤེགས་པ་གཙུག་ཆེན་ལ། །མེ་ཏོག་རྙིང་པ་དག་ནི་ཕུལ་ནས་ཀྱང། །དང་ པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མྱ་ངན་རྒལ་བ་སྨྱིག་མ་མཁན། །བྱེད་ཚེ་བདེ་གཤེགས་ལྷ་ཡི་བདག་པོ་ལ། །ཏ་ལ་མུ་ཏི་དག་ནི་ཕུལ་ནས་ཀྱང། དང་ པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དགེ་དགྱེས་འབྲུ་མར་མཁན་གྱི་ཚེ། །བདེ་གཤེགས་བག་མི་ཚེ་བར་གནས་པ་ལ། །འབྲུ་མར་སྲང་གཅིག་ཅིག་ནི་ ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འགྲོ་བའི་བློ་གྲོས་འབྲུ་མར་མཁན། །བྱེད་ཚེ་བདེ་གཤེགས་དགྲ་བཅོམ་བྱང་ཆུབ་ལ། །ཡུངས་ མར་སྲང་བརྒྱད་སྙེད་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དགྱེས་གཤེགས་རྒྱལ་བུའི་ཚེ། །བདེ་གཤེགས་མྱ་ངན་ [537A]༄༅། །མུན་པ་སེལ་བ་ལ། །རྨ་བྱ་དག་ལས་བྱས་པའི་བསིལ་ཡབ་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ ཞབས་མཛེས་དེད་དཔོན་ཚེ། །དེ་བཞིན་གཤེགས་པ་ཆུ་བོ་མ་དག་ལ་།མུ་ཏིག་དག་གིས་གཏོར་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་ བཞིན་གཤེགས་པ་ཨུཏྤལ་བརྒྱ་བྱིན་ཚེ། །དེ་བཞིན་གཤེགས་པ་ཟླ་བའི་འོད་དེ་ལ། །སྐུ་ཚེའི་འདུ་བྱེད་གཟུང་བར་གསོལ་བཏབ་ནས་།དང་པོར་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །བདེ་གཤེགས་དུལ་གནས་མེ་ཏོག་གསེར་རྟོག་ཚེ། །དེ་བཞིན་གཤེགས་པ་དཔའ་བའི་སེམས་དེ་ལ། །གསེར་དག་གིས་ནི་གཏོར་བ་བྱས་ནས་ཀྱང། །དང་ པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྤོབས་པ་མཐའ་ཡས་འོད་ཟེར་པདྨ་མཁན། །བྱེད་ཚེ་དེ་བཞིན་གཤེགས་པ་ཐར་པའི་ཤེས་རབ་ལ། །ཤིང་ལས་བྱས་ པའི་ལྷུང་བཟེད་དག་ནི་ཕུལ་ནས་ཀྱང། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དྲང་སྲོང་གསལ་བ་ཕྲེང་རྒྱུད་ཚེ། །དེ་བཞིན་གཤེགས་པ་དཔའ་བོའི་ སེམས་དེ་ལ། །མེ་ཏོག་དག་ལས་བྱས་པའི་གདུགས་ཕུལ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡོན་ཏན་བརྩོན་འགྲུས་ [537B] །དེ་བཞིན་གཤེགས་པ་ཙམ་པའི་སྒྲོན་མ་ལ་།འཇམས་གང་ཞིག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ སྙིང་པོ་མར་ཚོང་ཚེ། །དེ་བཞིན་གཤེགས་པ་མཆོད་གནས་དཔལ་དེ་ལ། །ཞུན་མར་སྲང་བརྒྱད་སྙེད་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ ལྷ་བདག་ཀ་རན་ཛ་བྱེད་ཚེ། །དེ་བཞིན་གཤེགས་པ་བློ་གྲོས་ལེགས་སེམས་ལ། །བཀྵ་ཀ་དག་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ རིན་ཆེན་མཐོན་པ་རྒྱལ་བུའི་ཚེ། །དེ་བཞིན་གཤེགས་པ་གཟི་བརྗིད་དཔལ་དེ་ལ། །སྤོས་དང་ཕྲེང་བ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་ བཞིན་གཤེགས་པ་གསལ་བའི་ཚོང་པའི་ཚེ། དེ་བཞིན་གཤེགས་པ་སྐྱེ་བོ་དད་པ་ལ། །སྦྲང་རྩི་བལྡག་པར་བྱ་བ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་ བཞིན་གཤེགས་པ་སྐལ་ལྡན་ཤིང་རྟག་ཅན། །ལྷ་མ་མཁན་ཚེ་ན་བདེ་གཤེགས་བློ་མཆོག་ལ། །མཆིལ་ལྷམ་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །བདེ་གཤེགས་བསོད་ནམས་བློ་གྲོས་ཕྲེང་རྒྱུད་ཚེ། །དེ་བཞིན་གཤེགས་པ་རབ་དགྱེས་གསལ་བ་ལ། །མེ་ཏོག་དག་གི་ཚུན་པོ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ [538A]༄༅། །ནི་སེམས་བསྐྱེད་དོ། །བདེ་གཤེགས་སྦྱིན་སྲེག་འོད་འཕྲོ་ཐགས་མཁན་ཚེ། །དེ་བཞིན་གཤེགས་པ་བདག་ཉིད་སྣང་བ་ལ། །རས་ཀྱི་ཁ་ཚར་དག་ ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ་།བདེ་གཤེགས་ཡོན་ཏན་མཐའ་ཡས་གཟི་བརྗིད་ཕུང་པོ་ནི། །ཚོང་པ་བྱེད་ཚེ་བདེ་གཤེགས་མི་ཡི་པདྨ་ ལ༑ ༑རས་ཡུག་ཟུང་དུ་སྦྱར་ཏེ་དབུལ་བ་བྱས་ནས་ཀྱང། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སེངྒེའི་སྟབས་ནི་ཤིང་སྲུང་ཚེ། །དེ་བཞིན་གཤེགས་པ་སྤོས་ དྲི་ཞིམ་པ་ལ། །སེའུ་འབྲུའི་བཅུད་ཁུ་དག་ནི་ཕུལ་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་མི་གཡོ་ཤིང་སྲུངས་ཚེ། །དེ་བཞིན་གཤེགས་ པ་མཆོད་པ་མཆོག་དེ་ལ། །ཨ་ཏི་མུཀྟའི་མེ་ཏོག་གཏོར་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་རབ་གསལ་སྨན་པའི་ཚེ། །དེ་ བཞིན་གཤེགས་པ་མེ་ཏོག་སྣ་ཚོགས་ལ། །མར་འཁུར་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འོད་སྤྱོད་ཁྱིམ་ བདག་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་འཕགས་པའི་དཔལ་དེ་ལ་།ཕྲེང་བ་བརྒྱུས་པ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ [538B] །དེ་བཞིན་གཤེགས་པ་ནམ་མཁའ་མཚུངས་དེ་ལ། །གཟིམས་ཁྲི་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་ བཞིན་གཤེགས་པ་གླུ་དབྱངས་སྨན་པའི་ཚེ། །དེ་བཞིན་གཤེགས་པ་པདྨའི་འོད་ཟེར་ལ། །མེ་ཏོག་སིལ་མ་དག་ནི་གཏོར་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་ གཤེགས་འཁོར་ལོ་འཛིན་པ་ཕྲེང་རྒྱུད་ཚེ། །དེ་བཞིན་གཤེགས་པ་གསལ་བའི་ལྷ་དེ་ལ། །མེ་ཏོག་སེལ་མ་དག་གིས་གཏོར་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། ། བདེ་གཤེགས་དབྱིག་མཆོག་རལ་པ་ཅན་གྱི་ཚེ། །བདེ་གཤེགས་བསམ་གྱིས་མི་ཁྱབ་སྟེགས་དེ་ལ། །རྩྭ་ཡི་མལ་སྟན་དག་ནི་ཕུལ་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །བདེ་གཤེགས་འཇིག་རྟེན་དགའ་བ་ཚོང་དཔོན་ཚེ། །དེ་བཞིན་གཤེགས་པ་ཟླ་བའི་འོད་དེ་ལ། །ཕྲེང་བ་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །བདེ་གཤེགས་ཆེས་ཀྱི་ཟླ་བ་ལག་བླའི་ཚེ། །དེ་བཞིན་གཤེགས་པ་ཕུང་པོ་ཆེན་པོ་ལ། །ཤིང་མཆོག་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །བདེ་གཤེགས་མཐའ་ཡས་གྲགས་པ་ཕྱུགས་རྫི་ཡི། །དཔོན་པོའི་ཚེ་ན་བདེ་གཤེགས་སྟོབས་ཆེན་ལ། །འོ་མ་དག་ནི་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ [539A]༄༅། །ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་སྤྲིན་ཏོག་གོས་ཚོང་ཚེ། །དེ་བཞིན་གཤེགས་པ་ཡུལ་འཁོར་ཡེ་ཤེས་ལ། །རས་ཡུག་དག་ནི་དབུལ་བ་ བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཤེས་རབ་འགྲོས་ནི་ཁྱིམ་བདག་ཚེ། །འཁོར་གྱི་ཁྱམས་དག་ཕྱག་དར་བྱས་ནས་ཀྱང། །དེ་བཞིན་ གཤེགས་པ་དྲག་ཤུལ་བློ་གྲོས་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་སྤོས་བཟང་དབུལ་པོའི་ཚེ། །དེ་བཞིན་གཤེགས་པ་རི་དབང་བློ་དེ་ ལ༑ ༑མར་མེའི་སྙིང་པོ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ནམ་མཁའི་དབྱིངས་ནི་ཚོང་པའི་ཚེ། །དེ་བཞིན་གཤེགས་པ་ ཡན་ལག་མཇེས་པ་ལ། །ན་གཟའ་ཕྲུགས་གཅིག་ཅིག་ནི་ཕུལ་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ལྷ་ནི་ལྷ་རིས་པ་ཡི་ཚེ། །ཕྱག་ དར་དག་ནི་བྱ་བ་བྱས་ནས་ཀྱང། །དེ་བཞིན་གཤེགས་པ་དཔལ་གྱི་མཆོག་དེ་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ལྷ་རྒྱལ་ཕྱུགས་རྫིའི་ དཔོན་པོའི་ཚེ། །དེ་བཞིན་གཤེགས་པ་དཔལ་གྱི་བཤེས་གཉེན་ལ། །འོ་མ་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ [539B] །བྱེད་ཚེ་བདེ་གཤེགས་ཡིད་གཉིས་སྤོང་བ་པོ། །དེ་ལ་གདུགས་དག་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་ བཞིན་གཤེགས་པ་ནོར་བཟང་སྤོས་ཚོང་ཚེ། །དེ་བཞིན་གཤེགས་པ་དགྲ་བཅོམ་ལྡན་དེ་ལ། །ཀརཤ་པ་ནི་གཅིག་རིའི་འབྲུ་མར་དང་།སྤོས་ཕུལ་དང་པོར་བྱང་ཆུབ་སེམས་ བསྐྱེད་དོ། །དེ་བཞིན་གཤེགས་པ་སྒྲོན་ནི་གཽ་ཏམ་ཚེ། །དབྱར་གནས་པ་དག་དབུལ་བ་བྱས་ནས་ཀྱང། །དེ་བཞིན་གཤེགས་པ་སྤོས་ཀྱི་དཔལ་དེ་ལ། །དང་པོར་བྱང་ཆུབ་ཏུ་ནི་ སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་རིན་ཆེན་ང་རོའི་དབྱངས་།ཚོང་དུས་པ་ཚ་བདེ་གཤེགས་དགྲ་བཅོམ་གནས། །དེ་ལ་ཞུན་མར་བྲེ་གང་ཕུལ་ནས་ཀྱང། །དང་པོར་ བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྐྱེ་དབང་རྒྱལ་པོ་ཚོང་དཔོན་ཚེ། །དེ་བཞིན་གཤེགས་པ་ཡོན་ཏན་གནས་དེ་ལ། །ཀུན་དགའ་རབ་དག་ནི་ཕུལ་ནས་ཀྱང། ། དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྒྲ་གཅན་སྦེད་པ་ཤིང་སྲུང་ཚེ། །དེ་བཞིན་གཤེགས་པ་བརྩོན་འགྲུས་ཆེར་དགོངས་ལ། །སྒེའུ་གཤེར་དག་ གི་དུམ་བུ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དགེ་མཛད་ཆུ་ཆུན་ཚེ། །དེ་བཞིན་གཤེགས་པ་འོད་ནི་འབར་བ་ལ། ། [540A]༄༅། །ཆུ་གྲང་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སེངྒེའི་བློ་གྲོས་ཁྱིམ་བདག་ཚེ། །དེ་བཞིན་གཤེགས་ པ་མཐུ་རྩལ་སྡུད་པ་ལ། །མེ་ཏོག་བལྟ་ན་སྡུག་བ་ཕུལ་ནས་ཀྱང་།དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རིན་ཆེན་གྲགས་པ་ཤིང་སྲུང་ཚེ། །དེ་ བཞིན་གཤེགས་པ་དགོངས་པ་ཟབ་བསྒོམས་ལ། །སྒྲ་དབྱངས་དག་གི་མཆོད་པ་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ དོན་མཛད་ཕྱུག་པའི་ཚེ། །དེ་བཞིན་གཤེགས་པ་སྤོས་སྲེག་དེ་ལ་ནི་།རྔ་བོ་ཆེ་དག་བརྡུང་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ མཛད་མཐའ་གཟིགས་པ་ཁྱིམ་བདག་ཚེ། །གཙུག་ལག་ཁང་ཏེ་ཕུལ་ནས་ཀྱང། །དེ་བཞིན་གཤེགས་པ་སྤོས་ཀྱི་གླང་པོ་ལ་།དང་པོར་བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དོ། །བདེ་གཤེགས་སྲིད་པའི་མེ་ཏོག་ཁྲུས་པའི་ཚེ། །དེ་བཞིན་གཤེགས་པ་རྣམ་པར་འབྱེད་བློ་ལ། །ཁྲུས་རས་དག་ནི་དབུལ་བ་བྱས་ནས་ཀྱང། །དང་པོར་ བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མཛོད་སྤུ་ལྡན་པ་དྲང་སྲོང་ཚེ། །དེ་བཞིན་གཤེགས་པ་བློ་གྲོས་མཆོག་དེ་ལ། །ཀུ་ཤ་དག་ལས་བྱས་པའི་ན་བཟའ་ [540B] ༑དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྤོབས་པ་མཚུངས་མེད་རྒྱལ་པོ་རི་མོ་མཁན། །བྱེད་ཚེ་དེ་བཞིན་གཤེགས་པ་ཡོན་ཏན་བཀོད་པ་པོ། ། དེ་ལ་མེ་ཏོག་དག་གི་ཕྲེང་བ་ཕུལ་ནས་ཀྱང། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡེ་ཤེས་རྣམ་འབྱེད་ང་རོ་འགྲོན་པོའི་ཚེ། །དེ་བཞིན་གཤེགས་པ་བརྟུལ་ ཞུགས་སེངྒེའི་དེ་ཡི་ནི། །ལམ་སྲང་དག་ཏུ་དབུལ་བ་གདིང་བ་བྱས་ནས་ཀྱང། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སེངྒེའི་མཆེ་བ་དགེ་སློང་ཚེ། །དེ་ བཞིན་གཤེགས་པ་ཡེ་ཤེས་བློ་གྲོས་ལ། །ལྷུང་བཟེད་ཆུང་དུ་སྐྱུ་རུ་རས་བཀང་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མཛད་པར་གཤེགས་ པ་དེད་དཔོན་ཚེ། །དེ་བཞིན་གཤེགས་པ་ཡོན་ཏན་ལྷུན་པོ་ལ་།སེངྒེའི་གདན་ཁྲི་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ བསོད་ནམས་འཁོར་ལོས་བསྒྱུར་རྒྱལ་ཚེ། །དེ་བཞིན་གཤེགས་པ་ང་རོ་སྦྱངས་པ་ལ། །རིན་པོ་ཆེ་ལས་བྱས་པའི་བླ་བྲེ་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་ དོ༑ ༑བདེ་གཤེགས་ཆོས་སྒྲོན་གདུགས་ནི་ཚོང་པའི་ཚེ། །དེ་བཞིན་གཤེགས་པ་བསྡུ་བ་རྣམ་འབྱེད་ལ། །ལྷུང་བཟེད་རིན་པོ་ཆེ་དག་ཕུལ་ནས་ཀྱང། །དང་པོར་བྱང་ [541A]༄༅། །ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བཀྲ་ཤིས་ལྡན་པ་ཚོང་དཔོན་ཚེ། །དེ་བཞིན་གཤེགས་པ་གསལ་བའི་དཔལ་དེ་ལ། །ཀུན་ དགའ་ར་བ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡུལ་འཁོར་མྱ་ངན་མེད་པ་པོ། །ཚོང་དཔོན་བུ་ཚེ་སྟན་རིངས་ཕུལ་ ནས་ཀྱང། །དེ་བཞིན་གཤེགས་པ་ཟླ་བ་སྣང་བ་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བློ་གྲོས་སེམས་དཔའ་ཁྱིམ་བདག་ཚེ། །གནས་ དང་ཟས་ཀྱི་རྐྱེན་རིས་བཅད་ནས་ཀྱང། །བདེ་གཤེགས་ཡོན་ཏན་ཕུང་པོ་འོད་དེ་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་བློ་ལྡན་ འུག་པའི་ཚེ། །གོས་དང་ཤིང་ནི་བཞག་པ་བྱས་ནས་ཀྱང། །དེ་བཞིན་གཤེགས་པ་ཆོས་ཀྱི་སྟོབས་དེ་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ ཆོས་སྒྲོན་སྤྱན་ནི་དབུལ་པོའི་ཚེ། །དེ་བཞིན་གཤེགས་པ་བློ་གྲོས་ལྡན་དེ་ལ། །རྒྱ་སྲན་དྲུས་པ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་ གཤེགས་ཤུགས་འདོར་བུར་མ་ཆང་མཁན་ཚེ། །དེ་བཞིན་གཤེགས་པ་རྣམས་གྲགས་རྒྱལ་པོ་ལ། །བུ་རམ་ཤིང་གི་བཅུད་ཁུ་བཏུང་བ་ཕུལ་།དང་པོར་བྱང་ཆུབ་ [541B] །བདེ་གཤེགས་སྟོབས་ཆེན་ཚོང་པའི་ཆུང་མའི་ཚེ། །ཕྱེ་ཁལ་གསུམ་ནི་གཉུག་མར་བཞག་ནས་ཀྱང། །དེ་བཞིན་གཤེགས་པ་དབང་པོ་ཐུལ་ བ་ལ༑ ༑དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཤེས་རབ་མེ་ཏོག་དེད་དཔོན་ཚེ། །དེ་བཞིན་གཤེགས་པ་སྟབས་ཀྱི་མཆོག་མ་དེའི། །ལམ་སྲང་དག་ནི་ ཕྱག་དར་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བརྟན་པའི་དབྱངས་ནི་དེད་དཔོན་ཚེ། །དེ་བཞིན་གཤེགས་པ་བདུད་རྩིའི་འོད་ཟེར་ ལ༑ ༑གོས་ཀྱི་བླ་བྲེ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་བདེ་ལྡན་སྨད་ཚོང་ཚེ། །དེ་བཞིན་གཤེགས་པ་བདུད་རྩི་ སེམས་པ་ལ། །ཤ་ཡི་བུར་མ་དག་ནི་ཕུལ་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དོན་གསུང་ཚོང་པའི་ཚེ། །དེ་བཞིན་གཤེགས་ པ་ཚོགས་ཅན་རབ་མཆོག་ལ། །ཤ་ཁའི་གདན་དག་དབུལ་བ་བྱས་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དགྱེས་གསལ་གྲོང་རྡལ་ བའི་ཚེ། །དེ་བཞིན་གཤེགས་པ་གཙུག་ཕུད་དགྱེས་དེ་ལ། །ཁར་དག་དང་སྦྱར་བའི་བཏུང་བ་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སེངྒེའི་ [542A]༄༅། །ཞལ་ནི་ཕྲེང་རྒྱུད་ཚེ། །བདེ་གཤེགས་ཁ་དོག་ཟིལ་གྱིས་མི་ནོན་ལ། །མེ་ཏོག་ཁལ་བཅུ་དག་གིས་གཏོར་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་གཙུག་ཕུང་ཤིང་སྲུང་ཚེ། །དེ་བཞིན་གཤེགས་པ་ཀུན་ཏུ་གསལ་བ་ལ། །སྤོས་དང་ཨ་མྲའི་འབྲས་བུ་ཕུལ་ནས་ཀྱང། ། དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་སྣང་མཛད་སློང་བའི་ཚེ། །དེ་བཞིན་གཤེགས་པ་བཀོད་པའི་རྒྱལ་པོ་ཡི། །བཤོས་དག་བདག་ ཉིད་བཙོངས་ཏེ་སྦྱར་ནས་ཀྱང། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །སངས་རྒྱས་སྟོང་གི་སྔོན་གྱི་སྨོན་ལམ་གྱི་ཚུལ་རྫོགས་སོ།། །།དེ་ནས་བཅོམ་ ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ་།དེ་ལྟར་སངས་རྒྱས་དག་ལ་ཆུང་བ་ཡི། །ཡོན་ཕུལ་རྣམ་པར་སྨིན་པ་འདི་དག་ཡིན། །འཁོར་ཚེ་ དེ་ཡི་འབྲས་བུ་དེ་འདྲ་ན། །མཁས་པ་སུ་ཞིག་བྱང་ཆུབ་སེམས་མི་བསྐྱེད། །ནམ་མཁའ་དག་གི་ཚད་དག་བཟུང་བ་དང། །རྒྱ་མཚོ་ཆེན་པོ་མཐར་གྱིས་བགྲང་ནས་ཀྱི། །སངས་ རྒྱས་དག་ལ་དད་པ་ཤས་ཙམ་གྱི། །བསོད་ནམས་ཚད་བཟུང་བར་ནི་ནུས་པར་དཀའ། །ཇི་སྲིད་མྱ་ངན་འདས་བདེ་མ་རེག་པར། །དེ་སྲིད་མི་ཁོམ་སྡུག་བསྔལ་མྱོང་མི་འགྱུར། ། [542B] །བག་ཡོད་མི་ཡིས་བཀུར་སྟི་མཆོད་པ་གྱིས། །སངས་རྒྱས་དག་ལ་ལྷག་པར་མོས་པའི་ཚེ། །བདེ་གཤེགས་མྱ་ངན་འདས་པའི་ སྐུ་གདུང་ལ། །མཆོད་པ་ཆུང་ཤས་བྱེད་པའི་ཡོན་ཏན་མཐའ། །བསམ་པར་ནུས་མ་ཡིན་ན་དེ་ལྟ་ཞོག་བྱང་ཆུབ་སེམས་ཀྱི་རྒྱལ་བར་ཡོན་ཕུལ་དང། །གང་དག་ཚད་ མེད་ཆོས་འདི་བཞི་པོ་དང། །ནམ་མཁའི་ཁམས་དང་སེམས་ཅན་ཁམས་རྣམས་དག་སྟོན་པ་མ་གཏོགས་ཤེས་པར་ནུས་པ་མེད། །གང་ཕྱིར་སེམས་ཅན་ཐམས་ ཅད་རྗེས་བཟུང་ཕྱིར། །བྱང་ཆུབ་སེམས་བསྐྱེད་གནས་པ་ཇི་ལྟ་བར་།དབུལ་པོས་དཔག་ཚད་ཁོར་ཡུག་གཅིག་ཙམ་གྱི། །གཏེར་དག་རྙེད་པ་དེ་ལྟར་དགའ་མ་ཡིན། ། སངས་རྒྱས་བྱང་ཆུབ་ཕྱིར་ནི་རྒྱལ་བ་ཡི། །རྣམ་པར་རོལ་པ་བརྒྱད་དང་སྟོབས་བཅུ་དང། །སེམས་ཅན་སྡུད་པ་ལྔ་བརྒྱ་དགའ་མཛད་བཞི། །རྟོགས་བྱེད་འཇུག་པ་དག་ནི་ བརྒྱད་ཁྲི་དང། །རྟོགས་པར་བྱེད་པ་བརྒྱད་ཅུ་རྩ་བཞི་དང་།བླ་ན་མེད་པའི་སྒོ་མོ་དྲུག་ཁྲི་དང། །ས་རྣམ་འབྱེད་དང་ཡེ་ཤེས་བདུན་ཅུ་དྲུག་སངས་རྒྱས་མཚོན་པ་ སྤྱོད་པ་བཅོ་བརྒྱད་དང། །ཕ་རོལ་གནོན་པ་ལྔ་དང་བརྟན་པ་བཅུ། །སྤྱོད་ཡུལ་ཐེར་འབུམ་ཕྲག་ནི་བཅུ་གཅིག་དང། །གཞན་ཡང་སངས་རྒྱས་དག་གི་ཡོན་ཏན་ [543A]༄༅། །གང། །མཆན་དང་དཔེ་བྱད་དག་དང་སྤྱོད་ལམ་དག་།རང་སངས་རྒྱས་ཀྱི་སྤྱོད་ཡུལ་མ་ཡིན་ན། །ཉན་ཐོས་སྒྲ་རྗེས་འབྲང་བའི་སྨོས་ཅི་ དགོས༑ ༑མཚུངས་པ་མེད་པ་འདྲ་བ་ཡོན་མིན་པས། །དེས་ན་སངས་རྒྱས་བསམ་མི་ཁྱབ་ཅེས་བརྗོད། །།གང་དག་བྱང་ཆུབ་མཆོག་རབ་སེམས་ཡོད་པ། །དེ་དང་དེ་ དག་མི་དམན་མཚུངས་མེད་སྤྱོད། །དེ་དག་དེ་རིང་འཇིག་རྟེན་ནོར་ཆེན་རྙེད། །དེ་དག་འཇིག་རྟེན་ལེགས་པར་འཚོ་བས་འཚོ། །བདུད་རྣམས་བཅོམ་སྟེ་བདུད་ རྩི་རེག་བྱས་ནས། །ཆར་སྤྲིན་ལྷུན་སྟུག་ལྟ་བུར་ཚིམ་པར་བྱེད་།གང་དེ་བྱང་ཆུབ་ལ་ཞུགས་འཇིག་རྟེན་སྐྱོབ། །དེ་དག་ནོར་བདུན་དག་གིས་སྡུད་པར་བྱེད། ། གལ་ཏེ་སྡུག་བསྔལ་བརྒྱ་མང་བཟོད་བྱེད་པ། །དེ་བས་བྱང་ཆུབ་གང་ཞུགས་སྐྱོ་མི་འགྱུར། །དེ་ཡིས་ཡོན་ཏན་དེ་དག་མྱུར་འཐོབ་ལ་།འཇིག་རྟེན་ཀུན་གྱི་ མཆོག་མ་དག་ཏུའང་འགྱུར། །འདོད་པའི་རྒྱུ་ཡིས་སྡུག་བསྔལ་མང་པོ་མྱོང་བར་འགྱུར། །གང་གི་རྣམ་པར་སྨིན་པས་ངན་འགྲོར་ལྷུང་བར་འགྱུར། །མཐོ་ རིས་འགྲོ་དང་བྱང་ཆུབ་ཡོན་ཏན་དོན་གྱི་ཕྱིར། །མཁས་པ་སུ་ཞིག་བྱིས་པ་དག་ལྟར་འགལ་བར་བྱེད། །བྱིས་པ་འགལ་བྱེད་མཁས་པ་འགལ་མི་བྱེད། །མི་ [543B] །བླུན་པོ་འདམ་བྱིང་མཁས་པ་ཐང་ལ་གནས། །གང་དག་ཆོས་སྤྱོད་པ་ནི་དེ་ལ་བཟོད་།དེ་བས་རིགས་པ་ཅན་མིན་སྤང་བྱ་ཞིང་ །གང་དག་ཤེས་ཡུལ་རིགས་ལྡན་སྟེན་པར་བྱ། །དཔལ་དང་གྲགས་པ་རྙེད་པ་སྤངས་ནས་ཀྱང། །ཏིང་ངེ་འཛིན་འདི་ལ་ནི་རྣལ་འབྱོར་བྱ། །སངས་རྒྱས་རེ་རེའི་ཡོན་ ཏན་དྲན་པ་ཡང། །བསྐལ་བ་ཁྲི་ཕྲག་ཚད་མེད་བཟོད་བྱས་ན་།སངས་རྒྱས་ཡོན་ཏན་བསམ་མེད་སྨོས་ཅི་དགོས། །དེ་བས་སྡུག་བསྔལ་ཉམ་ཐག་དང་དུ་ལོངས། །བཟོད་ དང་ཏིང་འཛིན་དག་གི་གོ་བགོས་ལ། །བརྩོན་འགྲུས་རྒྱལ་མཚན་ཚུལ་ཁྲིམས་ཤིང་རྟ་ཞོན། །སྦྱིན་སྟོབས་ཤེས་རབ་མདའ་ཡིས་བདུད་བཅོམ་སྟེ། །ཕམ་བྱས་བྱང་ ཆུབ་དག་ལ་རེག་པར་གྱིས། །བྱམས་པའི་གྲོགས་དང་སྒྲུབ་པའི་བཤེས་གཉེན་དང། །དབྱེར་མེད་ཕ་རོལ་ཕྱིན་པ་སྤྲོ་བྱད་དང། །སྟོང་པའི་གནས་བཅས་ཤུགས་ ཀྱི་ཟས་བསྟེན་ཚེ། །ཐམས་ཅད་མཁྱེན་པའི་ཡོན་ཏན་ཐོབ་པར་གྱིས་།དེ་བས་ཇི་སྐད་འདིར་གསུངས་རྣམ་ངེས་ལ། །བག་དང་ལྡན་པས་རྟག་ཏུ་སྦྱོང་བར་གྱིས། ། མཁའ་ལ་ངང་པ་སྐད་འབྱིན་དགའ་བ་ལྟར། །ཐམས་ཅད་མཁྱེན་པ་མྱུར་དུ་ཐོག་པར་གྱིས། །མཆོག་ཏུ་དགའ་བའི་རྒྱལ་པོ། སྔོན་བྱུང་བ་འདས་པའི་དུས་ན་ད་ [544A]༄༅། །བཞིན་གཤེགས་པ་བརྩོན་འགྲུས་མཐའ་ཡས་ཞེས་བྱ་བ་འཁོར་ཐེར་འབུམ་རྙེད་དང་བཅས་པ་ཞིག་བྱུང་བར་གྱུར་ཏེ། །དེ་ཏིང་ ངེ་འཛིན་འདི་སྟོན་ཏོ། །དེ་ཏིང་ངེ་འཛིན་འདི་སྟོན་པ་ན་དེའི་ཚེ་རྒྱལ་པོ་བསོད་ནམས་མེ་ཏོག་ཅེས་བྱ་བ་ཞིག་བྱུང་བས་ཐོས་ནས་དེས་བཙུན་མོ་སྟོང་དང་སྲས་སྟོང་ ལ་སྨྲས་པ། །ཏིང་ངེ་འཛིན་ཟད་པར་སྣང་བ་འདིའི་དོན་ཀྱང་མི་ཤེས་སོ། །མ་ཤེས་པས་རྟོགས་པར་བྱར་ཡང་མི་ནུས་སོ། །དེ་ལྟ་ཡིན་གྱིས་ཀྱང་དེ་བཞིན་གཤེགས་པས་ ལེགས་པར་གསུངས་པ་ལ་བདག་ཅག་གིས་རྗེས་སུ་ཡི་རང་བར་ནི། བྱའོ་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་ཤིང་བཤད་པའི་ཏིང་ངེ་འཛིན་འདི་ལ་ རྗེས་སུ་ཡི་རང་བ་བྱས་པས། དེ་དག་རྗེས་སུ་ཡི་རང་བའི། །མོང་ལ་སྐལ་པ་བརྒྱད་ཁྲིར་འཁོར་བ་བསྙིལ་ནས་དེ་ལས་ཁ་ཕྱིར་ཕྱོགས་པར་གྱུར་ཏོ། །ཁྱིམ་ ཅན་ཞེས་བྱ་བའི་གཟུགས་ཀྱང་ཐོབ་པར་གྱུར་ཏོ། །བྱང་ཆུབ་ཇི་སྐད་བསྟན་པ་ལའང་ཐེ་ཚོམ་མེད་པར་གྱུར་ཏོ། །དགེ་བའི་རྩ་བ་དེས་ན། སངས་རྒྱས་ སུམ་འབུམ་དག་མཉེས་པར་བྱས་པར་གྱུར་ཏོ། །ཐམས་ཅད་དུའང་ཏིང་ངེ་འཛིན་འདི་ཐོབ་པར་གྱུར་ཏོ། །ལོག་པར་ལྟུང་བ་དང། མི་ཁོམ་དག་ཏུ་ནམ་ [544B] །རྒྱུ་དེ་ཁོ་ནས་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །མཆོག་ཏུ་དགའ་བའི་ རྒྱལ་པོ། ཁྱོད་དེའི་ཚེ་དེའི་དུས་ན་རྒྱལ་པོ་བསོད་ནམས་མེ་ཏོག་ཅེས་བྱ་བ་དེ་ཁྱོད་ཀྱིས་གཞན་ཡིན་ནོ་སྙམ་པ་དེ་ལྟར་བལྟ་བར་མི་བྱ་སྟེ། དེ་བཞིན་གཤེགས་པ་ ཚེ་དཔག་མེད་དེ། དེའི་ཚེ་དེའི་དུས་ན་རྒྱལ་པོ་བསོད་ནམས་མེ་ཏོག་ཅེས་བྱ་བར་གྱུར་ཏོ། །བསྐལ་པ་བཟང་པོ་པའི་དེ་བཞིན་གཤེགས་པ་དེ་དག་ནི། དེའི་ཚེ་དེའི་ དུས་ན་སྲས་སྟོང་དུ་གྱུར་ཏོ། །དེ་ལྟར་རྗེས་སུ་ཡི་རང་བ་ཙམ་གྱིས་ཀྱང་ཏིང་ངེ་འཛིན་འདི་མཐུ་ཆེ་བ་ཡིན་ན། ཀློག་པ་དང་།ལུང་འབོག་པ་དང། སྒྲུབ་པ་ལྟ་སྨོས་ ཀྱང་ཅི་དགོས། མཆོག་ཏུ་དགའ་བའི་རྒྱལ་པོ། སྔོན་བྱུང་བ་འདས་པའི་དུས་ན་དེ་བཞིན་གཤེགས་པ་བདུད་རྩི་དགའ་ཞེས་བྱ་བའི་ཁོར་འབུམ་སྙེད་དང་བཅས་ པ་ཞིག་བྱུང་བར་གྱུར་ཏེ། དེ་ལ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་བློ་ཡངས་ཞེས་བྱ་བས་ཁང་བཟང་གསེར་གྱི་འོད་དང་ལྡན་པ་ཙནྡན་དམར་པོའི་ཆུས་བཏབ་པ། ། ཨ་ག་རུའི་བདུགས་པས་བདུགས་པ་ཞིག་ཕུལ་ལོ། །ལོངས་སྤྱད་པའི་ཕྱིར་དགེ་སློང་གི་དགེ་འདུན་ཐམས་ཅད་ལའང། དེ་ཁོ་ན་དང་འདྲ་བ་ཞིག་ཕུལ་བར་གྱུར་ [545A]༄༅། །ཏོ༑ ༑དེ་དག་ཐམས་ཅད་ལའང་བསྐྱེད་མོས་ཚལ་རེ་རེའང་ཕུལ་བར་གྱུར་ཏོ། །དེས་བཅོམ་ལྡན་འདས་དེ་ལས་ཏིང་ངེ་འཛིན་ བསྟན་པ་འདི་ཡང་ཐོས་སོ། །དེ་ནས་བཅོམ་ལྡན་འདས་དེ་ཉིད་ཀྱི་རིམ་གྲོ་པ་མང་དུ་ཐོས་པ་རྣམས་ཀྱི་མཆོག་ཤེས་རབ་རྫོགས་ཞེས་བྱ་བ་ཞིག་བྱུང་བར་གྱུར་པ་དེ་ལ་དེས་ འདི་སྐད་དུ། འདི་ལྟར་བདག་གིས་ཏིང་ངེ་འཛིན་འདི་ཤེས་པར་བྱ་ན། ཁྱིམ་ན་གནས་པས་ནི་འདི་རྟོགས་པར་དཀའ་ཡིས། ཅི་ནས་ཀྱང་བདག་གིས་སྐྲ་དང་ཁ་ སྤུ་བྲེགས་ལ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བར་བྱ་བ་གོར་ཆག་གོ། ཞེས་སྨྲས་སོ། །དེ་ནས་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ་ཁྱིམ་ནས་ ཁྱིམ་མེད་པར་རབ་ཏུ་བྱུང་ནས་སྲས་ཁྲི་དང། བཙུན་མོ་བརྒྱད་ཁྲི་བཞི་སྟོང་པོ་དེ་དག་ཐམས་ཅད་དང་ལྷན་ཅིག་ཏུ་རབ་ཏུ་བྱུང་སྟེ་ཏིང་ངེ་འཛིན་འདིའི་རྣམ་པ་ དག་ཞུས་པ་དང། བཅོམ་ལྡན་འདས་དེས་དེ་དག་གི་བསམ་པ་ཐུགས་སུ་ཆུད་ནས། །ཏིང་ངེ་འཛིན་འདི་ཞག་བདུན་གྱི་བར་དུ་རྒྱ་ཆེར་ཡང་དག་པར་བསྟན་ཏོ། ། དེ་དག་གིས་ཐོས་ནས་ཀྱང་གཅིག་ལ་གཅིག་འདི་སྐད་དུ། ཀྱེ་མ་ཏིང་ངེ་འཛིན་ནི་མཐོང་བར་དཀའ་མོད་ཀྱི། །འོན་ཀྱང་ཏིང་ངེ་འཛིན་འདི་ལེགས་པར་བྲིས་ཏེ་བཅང་ [545B] །ཞེས་འཛེར་ཏོ། །དེ་དག་ཐམས་ཅད་ཀྱི་ཏིང་ངེ་འཛིན་འདི་བྲིས་ནས་ཀྱང་མཆོད་པ་བྱས་སོ། །བཟུང་ངོ། །ལུང་ཡང་ཕོག་གོ་དེ་ནས་དེ་དག་ཐམས་ ཅད་དུས་ལས་འདས་ནས་སླར་དེ་དག་ཚེགས་པར་གྱུར་པས་སངས་རྒྱས་དྲུག་འབུམ་མཉེས་པར་བྱས་པར་གྱུར་ཏོ། །ཐམས་ཅད་དུ་ཏིང་ངེ་འཛིན་འདི་ཐོས་པར་གྱུར་ཏོ། །ཐམས་ ཅད་དུ་རབ་ཏུ་བྱུང་ནས་ཏིང་ངེ་འཛིན་འདི་ཐོབ་པར་གྱུར་ཏོ་།སྨོན་ལམ་ཇི་ལྟར་བཏབ་པ་བཞིན་དགེ་བའི་རྩ་བ་འདི་ཁོ་ནས་ཐམས་ཅད་ཀྱིས་བྱང་ཆུབ་རབ་ཏུ་ཐོབ་གྱུར་ཏོ། ། མཆོག་ཏུ་དགའ་བའི་རྒྱལ་པོ། ཁྱོད་དེའི་ཚེ་དེའི་དུས་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་བློ་ཡངས་དེ་ཁྱོད་ཀྱིས་གཞན་ཡིན་ནོ་སྙམ་པ་དེ་ལྟར་བལྟ་བར་མི་བྱ་སྟེ། ། དེ་བཞིན་གཤེགས་པ་མར་མེ་མཛད་དེ། དེའི་ཚེ་དེའི་དུས་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་བློ་ཡངས་ཞེས་བྱ་བར་གྱུར་ཏོ། །དེ་བཞིན་གཤེགས་པ་རྣམ་པར་གཟིགས་ དེ་ནི་དགེ་སློང་རིམ་གྲོ་བ་ཤེས་རབ་རྫོགས་ཞེས་བྱ་བར་གྱུར་ཏོ་།གང་དག་སྲས་ཁྲི་པོ་དེ་དག་ནི། བསྐལ་པ་འདི་ནས་གཟུང་སྟེ་བསྐལ་པ་དྲུག་ཅུ་རྩ་ལྔའི་ བར་དུ་འཚང་རྒྱ་བར་མི་འགྱུར་རོ། །དེའི་འོག་ཏུ་བསྐལ་པ་གྲགས་པ་ཆེན་པོ་ཞེས་བྱ་བ་ཞིག་འབྱུང་བར་འགྱུར་ཏེ། བསྐལ་པ་གཅིག་པོ་དེ་ལ་དེ་ [546A]༄༅། །དག་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །གང་དག་བློན་པོ་བརྒྱད་ཁྲི་པོ་དེ་དག་ནི། བསྐལ་པ་ གྲགས་པ་ཆེན་པོ་འདས་ནས་བསྐལ་པ་བརྒྱད་བཅུའི་བར་དུ་འཚང་རྒྱ་བར་མི་འགྱུར་རོ། །དེའི་འོག་ཏུ་བསྐལ་པ་སྐར་མ་ལྟ་བུ་ཞེས་བྱ་བ་ཞིག་འབྱུང་བར་འགྱུར་ཏེ། ། དེ་ལ་བློན་པོ་བརྒྱད་ཁྲི་པོ་དེ་དག་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །བསྐལ་པ་སྐར་མ་ལྟ་བུ་འདས་ནས་བསྐལ་པ་གསུམ་བརྒྱར་སངས་ རྒྱས་འབྱུང་བར་འགྱུར་རོ། །དེའི་འོག་ཏུ་བསྐལ་པ་ཡོན་ཏན་བཀོད་པ་ཞེས་བྱ་བ་ཞིག་འབྱུང་བར་འགྱུར་ཏེ། དེ་ལ་བཙུན་མོ་བརྒྱད་ཁྲི་བཞི་སྟོང་པོ་དེ་དག་བྱང་ ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །མཆོད་ཏུ་དགའ་བའི་རྒྱལ་པོ། བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་འདི་ནི་དེ་ལྟར་འབྲས་བུ་ ཆེ་བ་ཡིན་ནོ། །མཆོག་ཏུ་དགའ་བའི་རྒྱལ་པོ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པ་རྫོགས་པ་ལུས་དང་སྲོག་ལ་མི་ལྟ་བར་གྱུར་པས་ཏིང་ངེ་ འཛིན་འདི་བཙལ་བར་བྱའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འོད་པས་ཏིང་ངེ་འཛིན་འདི་ལ་རྣལ་ [546B] །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །སངས་རྒྱས་བྱང་ཆུབ་དོན་དུ་གཉེར་བ་གང། །དེ་དག་རྒྱལ་པོ་དེ་ ཡི་རྗེས་སུ་སློབ། །ཡང་དག་སྒྲུབ་ལ་གནས་པ་མ་གཏོགས་པར། །གཞན་གྱིས་བྱང་ཆུབ་མཆོག་ནི་འཐོབ་མི་འགྱུར། །དེ་ལྟར་འདི་ནི་དང་པ་ཆུད་བསྐྱེད་ཀྱང། །དེ་ བཞིན་རྣམ་སྨིན་གྱ་ནོམ་ཐོབ་པར་འགྱུར། །དེ་བས་གཡོ་མེད་ལྷག་པའི་བསམ་པ་ཡིས། །འདིར་ནི་ཅི་རིགས་བཀུར་སྟིས་རྣལ་འབྱོར་གྱིས་།རྒྱལ་བ་གང་དེ་བདག་ གིས་འདིར་བསྒྲགས་པ། །དེ་དག་གང་ཞིག་མཐོང་བར་འདོད་པ་དང་།བསྟན་པ་རྒྱ་ཆེར་འཆད་པར་འདོད་པ་དང། །ཇི་སྐད་བསྟན་བཞིན་འདི་ལ་རྣལ་འབྱོར་གྱིས། ། ཡི་རང་ཉིད་ཀྱིས་ཕུན་སུམ་ཚོགས་འགྱུར་ན། །འཆང་དང་ཀློག་པ་ལྟ་ཞིག་ཅི་སྨོས་ཏེ། །ཡོན་ཏན་མཐའ་ནི་འགྲོ་བས་བསམ་མི་ནུས། །འདི་ཐོས་སུ་ཞིག་རྣལ་འབྱོར་ སྦྱོར་མི་བྱེད། །བྱང་ཆུབ་སོ་སོ་ཡང་དག་རིག་མཚན་དང། །སྟོན་དང་ཕ་རོལ་སེམས་ནི་གླེང་བ་དང། །སྒྲུབ་དང་སྣང་བ་གང་དག་སངས་རྒྱས་ཆོས། །ཏིང་ངེ་འཛིན་ འདི་ལས་ནི་བཙལ་བར་བྱ། །ལས་སྦྱོང་དེ་བཞིན་བདུད་རྣམས་འཇོམས་པ་དང། །ལྟ་སྦྱོང་དེ་བཞིན་སྲེད་པ་ཟད་བྱེད་དང། །རྣམ་པར་རོལ་དང་ཞིང་བཀོད་འབྱོར་ [547A]༄༅། །པ་དག་འདི་དང་རབ་ཏུ་ལྡན་ལ་དཀོན་མ་ཡིན། །དེ་བཞིན་རྣམ་གྲོལ་སྤོབས་པ་ཕུན་ཚོགས་པ། །བྱ་བ་ཐམས་ཅད་སྤྱོད་བྱེད་གཟུངས་ དག་དང། །བསམ་པ་ཇི་བཞིན་བྱང་ཆུབ་འཚང་རྒྱ་བ། །དེ་དག་ཐམས་ཅད་འདིར་གནས་མོད་པ་ཡིན། །ང་ཡིས་དེ་སྙེད་ཚིག་གིས་བརྗོད་ནུས་རྣམས། །དེ་ ལྟ་བས་ན་དེ་དག་འདིར་སྒྲུབས་ཤིག། །ཀུན་མཁྱེན་ཆོས་ལ་དགའ་བར་མ་བྱེས་ན། །ཕྱི་དུས་དག་ན་འགྱོད་པར་གྱུར་ཏ་རེ། །ཕ་རོལ་ཕྱིན་པ་ཇི་སྙེད་ངས་ བསྟན་དང། །གང་དག་ཡེ་ཤེས་རྒྱ་མཚོ་སྦྱོར་ལམ་དག་ལུས་རྟེན་བྱིས་པའི་སྤྱོད་ལ་གནས་པ་ཡིས། །ཤེས་བར་བྱ་བ་རབ་ཏུ་ནུས་མ་ཡིན། །དུས་ངན་ པ་དང་སེམས་ཅན་མ་རུངས་དང། །ཆོས་ནུབ་མཐའ་དང་ངན་སོང་འཕེལ་བ་ནི། །མཁས་པས་ཤིན་ཏུ་ཡིད་བྱུང་བྱས་ཞེས་ཀྱང། །བག་ཡོད་རི་དགས་ བཞིན་དུ་སྐྲག་པར་འགྱུར། །མཆོག་ཏུ་དགའ་བའི་རྒྱལ་པོ། བྱང་ཆུབ་སེམས་དཔའ་གང་ཞིག་གིས་བསྐལ་པ་སྟོང་དུ་ཐབས་མཁས་པ་མ་གཏོགས་ པར་ཕ་རོལ་ཏུ་ཕྱིན་པ་དྲུག་དག་ལ་སྤྱད་པས་ནི། ཏིང་ངེ་འཛིན་འདི་ཐོས་ནས་རྗེས་སུ་ཡི་རང་བའི་བསོད་ནམས་ཀྱིས་ཕུང་པོ་འདི་ལ་བསོད་ནམས་ཀྱི་ཕུང་པོ་ [547B]བར་དུའང་ཉེ་བར་མེ་འགྲོའོ། །ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་ན་བྱང་ཆུབ་སེམས་དཔའ་གྲངས་མེད་པ་ དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ ཕྱིར་མི་ལྡོག་པར་གྱུར་ཏོ། །ལྷ་དང་མིའི་སྐྱེ་དགུའི་ཚོགས་བརྒྱད་འབུམ་སྙེད་ཀྱང་རྡུལ་མེད་ཅིང་དྲི་མ་དང་བྲལ་ལ་ཆོས་རྣམས་ལ་ཆོས་ཀྱི་མིག་རྣམ་པར་དག་ གོ་ལྷ་དེ་དག་ཆོས་ཀྱི་མིག་རྣམ་པར་དག་པས་བཅོམ་ལྡན་འདས་ཀྱི་ཆོས་ལ་མངོན་པར་དགའ་བའི་ཕྱིར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ དག་མེ་ཏོག་གིས་ཆལ་བར་བཀྲམ་པར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འྡིའང་རྣམ་པ་དྲུག་དུ་གཡོས་སོ་།བར་སྣང་ལས་ཀྱང་ ལྷའི་རྔ་སྒྲ་དག་བསྒྲགས་སོ། །མཆོག་ཏུ་དགའ་བའི་རྒྱལ་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བྱེ་བ་སྙེད་ཐམས་ཅད་ཀྱིས་ཀྱང་ཏིང་ངེ་འཛིན་འདི་ཐོབ་བོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་མཆོག་ཏུ་དགའ་བའི་རྒྱལ་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་དང། ། [548A]༄༅། །ལྷ་དང། མི་དང། ལྷ་མ་ཡིན་དང། །དྲི་ཟར་བཅས་པའི་འཇིག་རྟེན་ཐམས་ཅད་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རང་སྟེ་མངོན་ པར་བསྟོད་དོ། །འཕགས་པ་བསྐལ་པ་བཟང་པོ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བིདྱ་ཀ་ར་སིངྷ་དང། ལོ་ ཙཱ་བ་བནྡྷེ་དཔལ་གྱི་དབྱངས་ཀྱིས་བསྒྱུར། ཞུ་ཆེན་གྱི་ལོ་ཙཱ་བ་བནྡྷེ་དཔལ་བརྩེགས་ཀྱིས་ཞུས་ཏེ་གཏན་ལ་ཕབ་པ་